དཏ་མིསྶིང་ཧེརེབ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་བམ་པོ་ཉིས་བརྒྱ་ སུམ་ཅུ་པ། གཟུགས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ དོ༑ ༑དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་གཟུགས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ ན་གཟུགས་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་ [2A] །སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཚོར་བའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཚོར་བའི་དེ་བཞིན་ཉིད་དེ། །དེ་ལྟར་ ན་ཚོར་བའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་ སུ་བྱར་མེད་དོ། །འདུ་ཤེས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་ཀྱིས་འདུ་ཤེས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་འདུ་ཤེས་ཀྱི་དེ་བཞིན་ [2B] དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །འདུ་བྱེད་ཀྱི་དེ་ བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་འདུ་བྱེད་ཀྱི་ དེ་བཞིན་ཉིད་དེ། དེ་ལྟར་ན་འདུ་བྱེད་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་ མེད་དེ་གཉིས་སུ་བྱར་མེད་དོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་རྣམ་པར་ཤེས་པའི་ དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མིག་ [3A] །གི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་ བཞིན་ཉིད་ཀྱིས་མིག་གི་དེ་བཞིན་ཉིད་དེ། དེ་ལྟར་ན་མིག་གི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །རྣ་བའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་ བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རྣ་བའི་དེ་བཞིན་ཉིད་དེ་དེ་ལྟར་ན་རྣ་བའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་།སྣའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་ བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སྣའི་དེ་བཞིན་ཉིད་དེ། དེ་ལྟར་ན་སྣའི་དེ་བཞིན་ཉིད་དང། དེ་ [3B]སུ་བྱར་མེད་དོ། །ལྕེའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་ བཞིན་ཉིད་ཀྱིས་ལྕེའི་དེ་བཞིན་ཉིད་དེ། དེ་ལྟར་ན་ལྕེའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ལུས་ཀྱི་དེ་བཞིན་ ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ལུས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་ལུས་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་།ཡིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ ཡིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་ཡིད་ཀྱི་དེ་བཞིན་ཉིད་དང་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །གཟུགས་ཀྱི་དེ་བཞིན་ཉིད་ཀྱིས་ དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་གཟུགས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་གཟུགས་ཀྱི་དེ་བཞིན་ཉིད་དང། དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །སྒྲའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ [4A]༄༅། །ཉིད་ཀྱིས་སྒྲའི་དེ་བཞིན་ཉིད་དེ། དེ་ལྟར་ན་སྒྲའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་ མེད་དོ། །དྲིའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་དྲིའི་དེ་བཞིན་ཉིད་དེ། དེ་ལྟར་ན་དྲིའི་དེ་བཞིན་ཉིད་ དང༑ དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །རོའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་ཀྱིས་རོའི་དེ་བཞིན་ཉིད་དེ། དེ་ལྟར་ན་རོའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །རེག་གི་ དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རེག་གི་དེ་བཞིན་ཉིད་དེ། དེ་ལྟར་ན་རེག་གི་དེ་བཞིན་ཉིད་དང། དེ་ བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཆོས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་ཀྱིས་ཆོས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་ཆོས་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་ [4B] །མིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་མིག་གི་རྣམ་པར་ཤེས་པའི་དེ་ བཞིན་ཉིད་དེ། དེ་ལྟར་ན་མིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །རྣ་བའི་རྣམ་པར་ཤེས་ པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ་།དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་རྣ་བའི་རྣམ་པར་ཤེས་ པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་ བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་།ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་ བཞིན་ཉིད་ཀྱིས་ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་ [5A]༄༅། །གཉིས་སུ་བྱར་མེད་དོ། །ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ ཀྱིས་ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་ བྱར་མེད་དོ། །ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཡིད་ཀྱི་རྣམ་པར་ཤེས་པའི་དེ་ བཞིན་ཉིད་དེ། དེ་ལྟར་ན་ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མིག་གི་འདུས་ཏེ་ རེག་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་མིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ། དེ་ལྟར་དམིག་གི་ འདུས་ཏེ་རེག་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ [5B] དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་ཀྱིས་སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་ མེད་དེ་གཉིས་སུ་བྱར་མེད་དོ། །ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ལྕེའི་འདུས་ཏེ་རེག་པའི་ དེ་བཞིན་ཉིད་དེ། དེ་ལྟར་ན་ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པའི་ དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་ལུས་ཀྱི་འདུས་ཏེ་རེག་ པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་ དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཡིད་ཀྱིས་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་ [6A]༄༅། །པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་དེ་དེ་ལྟར་ན་མིག་གི་འདུས་ཏེ་རེག་པ་ལས་ བྱུང་བའི་ཚོར་བའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་ བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་དེ། དེ་ལྟར་ ན་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །སྣའི་འདུས་ཏེ་རེག་ པ་ལས་བྱུང་བའི་ཚོར་བ་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་ བའི་དེ་བཞིན་ཉིད་དེ། དེ་ལྟར་ན་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་ [6B] །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ།།དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ལྕེའི་འདུས་ ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་དེ། དེ་ལྟར་ན་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་དང་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་ སུ་མེད་དེ་གཉིས་སུ་བྱར་མེད་དོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ ཉིད་ཀྱིས་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་དེ། དེ་ལྟར་ན་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་།ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་དེ། དེ་ལྟར་ན་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་ བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །སའི་ཁམས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ [7A]༄༅། །དོ༑ ༑དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སའི་ཁམས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་སའི་ཁམས་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་ དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཆུའི་ཁམས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ ཀྱིས་ཆུའི་ཁམས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་ཆུའི་ཁམས་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མེའི་ ཁམས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་མེའི་ཁམས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་མེའི་ཁམས་ ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་ བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རླུང་གི་ཁམས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་རླུང་གི་ཁམས་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་ བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ [7B] དེ་ལྟར་ན་ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་ མེད་དོ། །རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རྣམ་པར་ཤེས་པའི་ཁམས་ཀྱི་དེ་ བཞིན་ཉིད་དེ། དེ་ལྟར་ན་རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ།། མ་རིག་པའི་དེ་ བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་མ་རིག་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་མ་རིག་པའི་དེ་བཞིན་ཉིད་དང། དེ་ བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་ཀྱིས་འདུ་བྱེད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་འདུ་བྱེད་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་ དོ༑ ༑རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ། དེ་ལྟར་ [8A]༄༅། །ན་རྣམ་པར་ཤེས་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་།མིང་དང་གཟུགས་ཀྱི་དེ་ བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་མིང་དང་གཟུགས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་མིང་དང་གཟུགས་ཀྱི་དེ་ བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་དེ། དེ་ལྟར་ན་སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །རེག་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རེག་པའི་ དེ་བཞིན་ཉིད་དེ། དེ་ལྟར་ན་རེག་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཚོར་བའི་དེ་བཞིན་ཉིད་ཀྱིས་ དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཚོར་བའི་དེ་བཞིན་ཉིད་དེ། དེ་ལྟར་ན་ཚོར་བའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་ [8B]དོ། །སྲེད་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ སྲེད་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་སྲེད་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ལེན་པའི་དེ་བཞིན་ཉིད་ ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ལེན་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་ལེན་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་།སྲིད་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ ཀྱིས་སྲིད་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་སྲིད་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །སྐྱེ་བའི་དེ་བཞིན་ཉིད་ ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སྐྱེ་བའི་དེ་བཞིན་ཉིད་དེ། དེ་ལྟར་ན་སྐྱེ་བའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་།རྒ་ཤིའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ [9A]༄༅། །ཉིད་ཀྱིས་རྒ་ཤིའི་དེ་བཞིན་ཉིད་དེ། དེ་ལྟར་ན་རྒ་ཤིའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་ མེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ དེ་བཞིན་ཉིད་དེ། དེ་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ དེ༑ དེ་ལྟར་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་ པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ་།དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་བཟོད་ པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་།བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ [9B] །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་བརྩོན་འགྲུས་ཀྱི་ཕ་རོལ་ ཏུ་ཕྱིན་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་ བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དང་ དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་ཀྱིས་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་ [10A]༄༅། །དེ་གཉིས་སུ་བྱར་མེད་དོ། །ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཕྱི་ སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཕྱི་ནང་སྟོང་པ་ ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་ཕྱི་ནང་སྟོང་ པ་ཉིད་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང། དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་ཀྱིས་ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་ [10B] །དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་དོན་ དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། ། འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ ལྟར་ན་འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་འདུས་མ་བྱས་སྟོང་པ་ཉིད་ཀྱི་ དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ [11A]༄༅། །ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་ཐོག་མ་དང་ཐ་ མ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་།དོར་བ་མེད་པ་སྟོང་པ་ཉིད་ཀྱི་དེ་ བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་དོར་བ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་དོར་ བ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་།རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་དེ་ལྟར་ན་རང་བཞིན་སྟོང་པ་ ཉིད་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་ [11B] །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང་ དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མི་དམིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་ཀྱིས་མི་དམིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་མི་དམིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ ཀྱིས་དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་ [12A]༄༅། །གཉིས་སུ་བྱར་མེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ ཉིད་ཀྱིས་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་ སུ་བྱར་མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་དངོས་པོ་ མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་ སུ་མེད་དེ་གཉིས་སུ་བྱར་མེད་དོ། །དྲན་པ་ཉེ་བར་བཞག་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་དྲན་པ་ ཉེ་བར་བཞག་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་དྲན་པ་ཉེ་བར་བཞག་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་ མེད་དོ། །ཡང་དག་པར་སྤོང་བའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཡང་དག་པར་སྤོང་བའི་དེ་བཞིན་ [12B] དེ་ལྟར་ན་ཡང་དག་པར་སྤོང་བའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །རྫུ་འཕྲུལ་གྱི་རྐང་པའི་དེ་བཞིན་ཉིད་ ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རྫུ་འཕྲུལ་གྱི་རྐང་པའི་དེ་བཞིན་ཉིད་དེ་དེ་ལྟར་ན་རྫུ་འཕྲུལ་གྱི་རྐང་པའི་དེ་བཞིན་ཉིད་ དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །དབང་པོའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་ཀྱིས་དབང་པོའི་དེ་བཞིན་ཉིད་དེ། དེ་ལྟར་ན་དབང་པོའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་ མེད་དོ། །སྟོབས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སྟོབས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་སྟོབས་ཀྱི་དེ་ བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །བྱང་ཆུབ་ཀྱི་ཡན་ལག་གི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་བྱང་ཆུབ་ཀྱི་ཡན་ལག་གི་དེ་བཞིན་ཉིད་དེ། དེ་ལྟར་ན་བྱང་ཆུབ་ཀྱི་ཡན་ལག་གི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་ [13A]༄༅། །པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་འཕགས་པའི་ལམ་ཡན་ལག་བརྒྱད་ པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །འཕགས་པའི་བདེན་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་འཕགས་པའི་བདེན་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་འཕགས་པའི་བདེན་པའི་དེ་བཞིན་ཉིད་དང། དེ་ བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །བསམ་གཏན་གྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་ཀྱིས་བསམ་གཏན་གྱི་དེ་བཞིན་ཉིད་དེ། དེ་ལྟར་ན་བསམ་གཏན་གྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་ མེད་དེ་གཉིས་སུ་བྱར་མེད་དོ། །ཚད་མེད་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཚད་མེད་པའི་དེ་ [13B] དེ་ལྟར་ན་ཚད་མེད་པའི་དེ་བཞིན་ཉིད་དང་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་ པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ་།དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་གཟུགས་མེད་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་ གཟུགས་མེད་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །རྣམ་པར་ཐར་པའི་དེ་བཞིན་ཉིད་ ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རྣམ་པར་ཐར་པའི་དེ་བཞིན་ཉིད་དང། དེ་ལྟར་ན་རྣམ་པར་ཐར་པའི་དེ་བཞིན་ཉིད་དང། དེ་ བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་དེ་བཞིན་ ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །རྣམ་པ་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་དེ་ [14A]༄༅། །བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ་།དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་ མ་མེད་པ་དང། སྨོན་པ་མེད་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང་སྨོན་པ་མེད་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་།མངོན་པར་ཤེས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་ བཞིན་ཉིད་ཀྱིས་མངོན་པར་ཤེས་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་མངོན་པར་ཤེས་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་ སུ་བྱར་མེད་དོ། །ཏིང་ངེ་འཛིན་གྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཏིང་ངེ་འཛིན་གྱི་དེ་བཞིན་ཉིད་དེ། དེ་ ལྟར་ན་ཏིང་ངེ་འཛིན་གྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་།གཟུངས་ཀྱི་སྒོའི་དེ་བཞིན་ཉིད་ཀྱིས་དེ་བཞིན་ གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་གཟུངས་ཀྱི་སྒོའི་དེ་བཞིན་ཉིད་དེ། དེ་ལྟར་ན་གཟུངས་ཀྱི་སྒོའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་ [14B]དོ། །དེ་བཞིན་གཤེགས་པའི་སྟོབས་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་སྟོབས་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་དེ་བཞིན་གཤེགས་པའི་སྟོབས་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་ གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །མི་འཇིགས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་མི་འཇིགས་པའི་དེ་ བཞིན་ཉིད་དེ། དེ་ལྟར་ན་མི་འཇིགས་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །སོ་སོ་ཡང་དག་པར་རིག་པའི་དེ་ བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སོ་སོ་ཡང་དག་པར་རིག་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་སོ་སོ་ཡང་དག་པར་ རིག་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །བྱམས་པ་ཆེན་པོའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་ བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་བྱམས་པ་ཆེན་པོའི་དེ་བཞིན་ཉིད་དེ། དེ་ལྟར་ན་བྱམས་པ་ཆེན་པོའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ [15A]༄༅། །ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་ དེ་བཞིན་ཉིད་ཀྱིས་སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་དོ། དེ་ལྟར་ན་སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་ དོ༑ ༑སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ དེ་བཞིན་ཉིད་དེ། དེ་ལྟར་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །རྒྱུན་དུ་ ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་དེ་ དེ་ལྟར་ན་རྒྱུན་དུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་ བུ་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་དེ། དེ་ལྟར་ན་ [15B] དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ཕྱིར་མི་འོང་བའི་འབྲས་བུའི་དེ་བཞིན་ ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ཕྱིར་མི་འོང་བའི་འབྲས་བུའི་དེ་བཞིན་ཉིད་དེ། དེ་ལྟར་ན་ཕྱིར་མི་འོང་བའི་འབྲས་བུའི་ དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །དགྲ་བཅོམ་པའི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ དོ༑ ༑དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་དགྲ་བཅོམ་པའི་དེ་བཞིན་ཉིད་དེ། དེ་ལྟར་ན་དགྲ་བཅོམ་པའི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་ སུ་མེད་དེ་གཉིས་སུ་བྱར་མེད་དོ། །རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རང་བྱང་ཆུབ་ཀྱི་དེ་བཞིན་ ཉིད་དེ། དེ་ལྟར་ན་རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་ལམ་གྱི་རྣམ་པ་ཤེས་ [16A]༄༅། །པ་ཉིད་ཀྱི་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཀྱི་དེ་བཞིན་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་དེ། དེ་ལྟར་ན་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱིས་དེ་བཞིན་ཉིད་དང། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་།འདི་ནི། རབ་འབྱོར། དེ་བཞིན་གཤེགས་ པའི་དེ་བཞིན་ཉིད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་བཞིན་ཉིད་དེ་མངོན་པར་རྫོགས་པར་སངས་རྒྱས་ནས། དེ་བཞིན་གཤེགས་པ་ཞེས་བྱ་བའི་མིང་ཐོབ་ པར་འགྱུར་བའོ། །དེ་བཞིན་ཉིད་ཀྱི་ལེའུ་འདི་བཤད་པའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། གཡོས་སོ། །རབ་ཏུ་གཡོས་ སོ༑ ༑ཀུན་ཏུ་གཡོས་སོ། །འགུལ་ཏོ། །རབ་ཏུ་འགུལ་ཏོ། །ཀུན་ཏུ་འགུལ་ཏོ་།ལྡེག་གོ་རབ་ཏུ་ལྡེག་གོ་ཀུན་ཏུ་ལྡེག་གོ་ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་ཆེམ་ཆེམ་ མོ༑ ༑འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་འུར་འུར་རོ། །ཤིག་ཤིག། རབ་ཏུ་ཤིག་ཤིག་ཀུན་ཏུ་ཤིག་ཤིག་གོ་ཤར་ཕྱོགས་མཐོ་ན་ནི་ནུབ་ཕྱོགས་དམའ། ཤར་ [16B] བྱང་ཕྱོགས་མཐོ་ན་ནི་ལྷོ་ཕྱོགས་དམའ། བྱང་ཕྱོགས་དམའ་ན་ནི་ལྷོ་ཕྱོགས་མཐོ། དབུས་མཐོ་ན་ནི་མཐའ་དམའ། དབུས་དམའ་ན་ནི་མཐའ་ མཐོ་བར་གྱུར་ཏོ། །དེ་ནས་འདོད་པ་ན་སྤྱོད་པ་དང། གཟུགས་ཡོད་པ་ན་སྤྱོད་པའི་ལྷའི་བུ་དེ་དག་གིས། བཅོམ་ལྡན་འདས་དང། གནས་བརྟན་རབ་འབྱོར་ལ་ལྷ་རྫས་ཀྱི་ཙནྡན་གྱི་ཕྱེ་ མས་གཏོར། མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་ནས། འདི་སྐད་དུ་བཅོམ་ལྡན་འདས། དེ་ལྟར་གནས་བརྟན་རབ་འབྱོར་འདི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱིས་ དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ངོ་མཚར་ཏོ་ཞེས་ཚིག་ཏུ་བརྗོད་དོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་ལྷའི་བུ་དེ་དག་གི་གཏམ་དེ་ཉིད་ཀྱི་རྒྱུད་ནས་བཟུང་སྟེ། ལྷའི་བུ་དེ་ དག་ལ་འདི་སྐད་ཅེས་སྨྲས་སོ། །དེ་ལྟར་ན། ལྷའི་བུ་དག། གནས་བརྟན་རབ་འབྱོར་ནི་གཟུགས་ཀྱི་རྗེས་སུ་མ་སྐྱེས། གཟུགས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །གཟུགས་ཀྱི་དེ་ བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཚོར་བའི་རྗེས་སུ་མ་སྐྱེས། ཚོར་བ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཚོར་བའི་དེ་ བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཚོར་བའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུ་ཤེས་ཀྱི་རྗེས་སུ་མ་སྐྱེས་འདུ་ཤེས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུ་ཤེས་ [17A]༄༅། །ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། འདུ་ཤེས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུ་བྱེད་ཀྱི་རྗེས་སུ་མ་སྐྱེས། འདུ་བྱེད་ལས་གཞན་ གྱི་རྗེས་སུ་མ་སྐྱེས་སོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། འདུ་བྱེད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣམ་པར་ཤེས་པའི་རྗེས་སུ་མ་སྐྱེས། རྣམ་པར་ ཤེས་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མིག་ གི་རྗེས་སུ་མ་སྐྱེས། མིག་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མིག་གི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། མིག་གི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣ་བའི་ རྗེས་སུ་མ་སྐྱེས། རྣ་བ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣ་བའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣ་བའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྣའི་རྗེས་སུ་ མ་སྐྱེས། སྣ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྣའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སྣའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལྕེའི་རྗེས་སུ་མ་སྐྱེས། ལྕེ་ ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལྕེའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ལྕེའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལུས་ཀྱི་རྗེས་སུ་མ་སྐྱེས། ལུས་ལས་ [17B] །ལུས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ལུས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཡིད་ཀྱི་རྗེས་སུ་མ་སྐྱེས། ཡིད་ལས་གཞན་གྱི་རྗེས་ སུ་མ་སྐྱེས་སོ། །ཡིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཡིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །གཟུགས་ཀྱི་རྗེས་སུ་མ་སྐྱེས། གཟུགས་ལས་གཞན་གྱི་རྗེས་སུ་མ་ སྐྱེས་སོ། །གཟུགས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། གཟུགས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྒྲའི་རྗེས་སུ་མ་སྐྱེས། སྒྲ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། ། སྒྲའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སྒྲའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དྲིའི་རྗེས་སུ་མ་སྐྱེས། དྲི་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དྲིའི་དེ་བཞིན་ཉིད་ཀྱི་རྗེས་ སུ་མ་སྐྱེས། དྲིའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རོའི་རྗེས་སུ་མ་སྐྱེས། རོ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ་།རོའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རོའི་དེ་བཞིན་ ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རེག་གི་རྗེས་སུ་མ་སྐྱེས་རེག་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རེག་གི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རེག་གི་དེ་བཞིན་ཉིད་ལས་ གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཆོས་ཀྱི་རྗེས་སུ་མ་སྐྱེས། ཆོས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཆོས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཆོས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་ [18A]༄༅། །རྗེས་སུ་མ་སྐྱེས་སོ། །མིག་གི་རྣམ་པར་ཤེས་པའི་རྗེས་སུ་མ་སྐྱེས། མིག་གི་རྣམ་པར་ཤེས་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མིག་གི་རྣམ་པར་ ཤེས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། མིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣ་བའི་རྣམ་པར་ཤེས་པའི་རྗེས་སུ་མ་སྐྱེས། རྣ་བའི་རྣམ་ པར་ཤེས་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་ མ་སྐྱེས་སོ། །སྣའི་རྣམ་པར་ཤེས་པའི་རྗེས་སུ་མ་སྐྱེས། སྣའི་རྣམ་པར་ཤེས་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས་ སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལྕེའི་རྣམ་པར་ཤེས་པའི་རྗེས་སུ་མ་སྐྱེས། ལྕེའི་རྣམ་པར་ཤེས་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། ། ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས་ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལུས་ཀྱི་རྣམ་པར་ཤེས་པའི་རྗེས་སུ་མ་ སྐྱེས། ལུས་ཀྱི་རྣམ་པར་ཤེས་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ [18B] །ཡིད་ཀྱི་རྣམ་པར་ཤེས་པའི་རྗེས་སུ་མ་སྐྱེས། ཡིད་ཀྱི་རྣམ་པར་ཤེས་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཡིད་ཀྱི་རྣམ་པར་ཤེས་པའི་དེ་ བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མིག་གི་འདུས་ཏེ་རེག་པའི་རྗེས་སུ་མ་སྐྱེས། མིག་གི་འདུས་ཏེ་རེག་ པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། མིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣ་ བའི་འདུས་ཏེ་རེག་པའི་རྗེས་སུ་མ་སྐྱེས། རྣ་བའི་འདུས་ཏེ་རེག་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣ་བའི་འདུས་ཏེ་རེག་ པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྣའི་འདུས་ཏེ་རེག་པའི་རྗེས་སུ་མ་སྐྱེས། སྣའི་འདུས་ཏེ་རེག་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྣའི་འདུས་ཏེ་རེག་པའི་དེ་ བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལྕེའི་འདུས་ཏེ་རེག་པའི་རྗེས་སུ་མ་སྐྱེས། ལྕེའི་འདུས་ཏེ་རེག་པ་ལས་ གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལུས་ཀྱི་འདུས་ [19A]༄༅། །ཏེ་རེག་པའི་རྗེས་སུ་མ་སྐྱེས། ལུས་ཀྱི་འདུས་ཏེ་རེག་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས་ ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྗེས་སུ་མ་སྐྱེས། ཡིད་ཀྱི་འདུས་ཏེ་རེག་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། ། ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་ བའི་རྗེས་སུ་མ་སྐྱེས། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་ སྐྱེས། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རྗེས་སུ་མ་སྐྱེས། རྣ་བའི་ འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣ་བའི་འདུས་ཏེ་རེག་ པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རྗེས་སུ་མ་སྐྱེས། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ [19B] །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལས་ གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རྗེས་སུ་མ་སྐྱེས། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལྕེའི་འདུས་ཏེ་ རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལུས་ཀྱི་འདུས་ཏེ་རེག་པ་ ལས་བྱུང་བའི་ཚོར་བའི་རྗེས་སུ་མ་སྐྱེས། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ ཉིད་ཀྱི་རྗེས་སུ་མ་སྐྱེས། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རྗེས་སུ་མ་ སྐྱེས༑ ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཡིད་ཀྱི་འདུས་ ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སའི་ཁམས་ཀྱི་རྗེས་སུ་མ་སྐྱེས། སའི་ཁམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སའི་ཁམས་ཀྱི་ [20A]༄༅། །དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སའི་ཁམས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཆུའི་ཁམས་ཀྱི་རྗེས་སུ་མ་སྐྱེས། ཆུའི་ཁམས་ལས་ གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཆུའི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཆུའི་ཁམས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མེའི་ཁམས་ཀྱི་རྗེས་སུ་མ་སྐྱེས། ། མེའི་ཁམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མེའི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། མེའི་ཁམས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རླུང་གི་ཁམས་ ཀྱི་རྗེས་སུ་མ་སྐྱེས། རླུང་གི་ཁམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས་རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་ མ་སྐྱེས་སོ། །ནམ་མཁའི་ཁམས་ཀྱི་རྗེས་སུ་མ་སྐྱེས། ནམ་མཁའི་ཁམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། །ནམ་ མཁའི་ཁམས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ་།རྣམ་པར་ཤེས་པའི་ཁམས་ཀྱི་རྗེས་སུ་མ་སྐྱེས། རྣམ་པར་ཤེས་པའི་ཁམས་ལས་གཞན་གྱི་རྗེས་སུ་མ་ སྐྱེས་སོ། །རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མ་རིག་པའི་ [20B] མ་རིག་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མ་རིག་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། མ་རིག་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུ་བྱེད་ཀྱི་ རྗེས་སུ་མ་སྐྱེས། འདུ་བྱེད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ་།འདུ་བྱེད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། འདུ་བྱེད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣམ་པར་ཤེས་ པའི་རྗེས་སུ་མ་སྐྱེས། རྣམ་པར་ཤེས་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་ མ་སྐྱེས་སོ། །མིང་དང་གཟུགས་ཀྱི་རྗེས་སུ་མ་སྐྱེས། མིང་དང་གཟུགས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མིང་དང་གཟུགས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། མིང་དང་གཟུགས་ཀྱི་ དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྐྱེ་མཆེད་དྲུག་གི་རྗེས་སུ་མ་སྐྱེས། སྐྱེ་མཆེད་དྲུག་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་ སྐྱེས༑ སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རེག་པའི་རྗེས་སུ་མ་སྐྱེས། རེག་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རེག་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་ མ་སྐྱེས། རེག་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཚོར་བའི་རྗེས་སུ་མ་སྐྱེས། ཚོར་བ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཚོར་བའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་ [21A]༄༅། །སྐྱེས༑ ཚོར་བའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྲེད་པའི་རྗེས་སུ་མ་སྐྱེས། སྲེད་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྲེད་པའི་དེ་ བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སྲེད་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལེན་པའི་རྗེས་སུ་མ་སྐྱེས། ལེན་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལེན་པའི་དེ་ བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ལེན་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྲིད་པའི་རྗེས་སུ་མ་སྐྱེས། སྲིད་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྲིད་པའི་དེ་ བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སྲིད་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྐྱེ་བའི་རྗེས་སུ་མ་སྐྱེས། སྐྱེ་བ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྐྱེ་བའི་དེ་ བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སྐྱེ་བའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྒ་ཤིའི་རྗེས་སུ་མ་སྐྱེས། རྒ་ཤི་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྒ་ཤིའི་དེ་ བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྒ་ཤིའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་ བརྒྱ་སོ་གཅིག་པ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་མ་སྐྱེས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱི་ [21B] སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་མ་སྐྱེས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །བཟོད་ པའི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་མ་སྐྱེས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། བཟོད་ པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་མ་སྐྱེས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་གྱི་ རྗེས་སུ་མ་སྐྱེས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་མ་སྐྱེས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་ སྐྱེས༑ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་མ་སྐྱེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ [22A]༄༅། །གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ནང་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། ནང་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་ སྐྱེས༑ ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཕྱི་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། ཕྱི་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཕྱི་སྟོང་པ་ ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཕྱི་ནང་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། ཕྱི་ནང་སྟོང་པ་ཉིད་ལས་ གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྟོང་པ་ ཉིད་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། སྟོང་པ་ཉིད་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སྟོང་པ་ཉིད་ སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཆེན་པོ་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། ཆེན་པོ་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཆེན་པོ་ [22B] ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དོན་དམ་པ་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། དོན་དམ་པ་སྟོང་པ་ ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། ། འདུས་བྱས་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། འདུས་བྱས་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། འདུས་བྱས་སྟོང་ པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ་།འདུས་མ་བྱས་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། འདུས་མ་བྱས་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུས་མ་ བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་རྗེས་སུ་མ་ སྐྱེས། མཐའ་ལས་འདས་པ་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། མཐའ་ལས་འདས་པ་སྟོང་པ་ ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་ [23A]༄༅། །སྐྱེས་སོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་ རྗེས་སུ་མ་སྐྱེས་སོ། །དོར་བ་མེད་པ་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། དོར་བ་མེད་པ་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དོར་བ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་ རྗེས་སུ་མ་སྐྱེས། དོར་བ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རང་བཞིན་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། རང་བཞིན་སྟོང་པ་ཉིད་ལས་གཞན་གྱི་ རྗེས་སུ་མ་སྐྱེས་སོ། །རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཆོས་ཐམས་ཅད་ སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། ཆོས་ཐམས་ཅད་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཆོས་ཐམས་ ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས་རང་གི་མཚན་ཉིད་སྟོང་པ་ཉིད་ལས་གཞན་གྱི་རྗེས་ སུ་མ་སྐྱེས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མི་ [23B] མི་དམིགས་པ་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མི་དམིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། མི་དམིགས་པ་ སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། དངོས་པོ་མེད་པ་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དངོས་པོ་ མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས་དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། ངོ་བོ་ཉིད་ སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དངོས་ པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་ཀྱི་རྗེས་སུ་མ་སྐྱེས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་རྗེས་སུ་མ་སྐྱེས། དྲན་པ་ཉེ་ བར་བཞག་པ་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དྲན་པ་ཉེ་བར་བཞག་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། དྲན་པ་ཉེ་བར་བཞག་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་ [24A]༄༅། །མ་སྐྱེས་སོ། །ཡང་དག་པར་སྤོང་བ་རྣམས་ཀྱི་རྗེས་སུ་མ་སྐྱེས། ཡང་དག་པར་སྤོང་བ་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཡང་དག་པར་སྤོང་བའི་དེ་ བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཡང་དག་པར་སྤོང་བའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་རྗེས་སུ་མ་སྐྱེས། རྫུ་འཕྲུལ་གྱི་རྐང་པ་རྣམས་ ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྫུ་འཕྲུལ་གྱི་རྐང་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྫུ་འཕྲུལ་གྱི་རྐང་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དབང་པོ་རྣམས་ ཀྱི་རྗེས་སུ་མ་སྐྱེས། དབང་པོ་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དབང་པོ་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། དབང་པོའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། ། སྟོབས་རྣམས་ཀྱི་རྗེས་སུ་མ་སྐྱེས། སྟོབས་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྟོབས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས་སྟོབས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་ སྐྱེས་སོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་རྗེས་སུ་མ་སྐྱེས་བྱང་ཆུབ་ཀྱི་ཡན་ལག་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ་།བྱང་ཆུབ་ཀྱི་ཡན་ལག་གི་དེ་བཞིན་ཉིད་ཀྱི་རྗེས་སུ་ མ་སྐྱེས། བྱང་ཆུབ་ཀྱི་ཡན་ལག་གི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་རྗེས་སུ་མ་སྐྱེས། འཕགས་པའི་ལམ་ཡན་ [24B] །འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འཕགས་པའི་བདེན་པ་རྣམས་ཀྱི་རྗེས་སུ་མ་སྐྱེས། འཕགས་པའི་བདེན་པ་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འཕགས་པའི་བདེན་པའི་ དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། འཕགས་པའི་བདེན་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །བསམ་གཏན་རྣམས་ཀྱི་རྗེས་སུ་མ་སྐྱེས། བསམ་གཏན་རྣམས་ལས་གཞན་ གྱི་རྗེས་སུ་མ་སྐྱེས་སོ། །བསམ་གཏན་གྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། བསམ་གཏན་གྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཚད་མེད་པ་རྣམས་ཀྱི་རྗེས་སུ་མ་སྐྱེས་ ཚད་མེད་པ་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཚད་མེད་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཚད་མེད་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །གཟུགས་མེད་ པའི་སྙོམས་པར་འཇུག་པ་རྣམས་ཀྱི་རྗེས་སུ་མ་སྐྱེས། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ་།གཟུགས་མེད་པའི་སྙོམས་པར་འཇུག་ པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། གཟུགས་མེད་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ་།རྣམ་པར་ཐར་པ་རྣམས་ཀྱི་རྗེས་སུ་མ་སྐྱེས་ [25A]༄༅། །རྣམ་པར་ཐར་པ་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣམ་པར་ཐར་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣམ་པར་ཐར་པའི་དེ་བཞིན་ཉིད་ལས་ གཞན་གྱི་རྗེས་སུ་མ་སྐྱེས་སོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་རྗེས་སུ་མ་སྐྱེས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལས་གཞན་གྱི་རྗེས་སུ་ མ་སྐྱེས་སོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། མཐར་གྱ་[*GYI?]གནས་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་ མ་སྐྱེས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་རྗེས་སུ་མ་སྐྱེས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང་ སྨོན་པ་མེད་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣམ་པར་ ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མངོན་པར་ཤེས་པ་རྣམས་ཀྱི་རྗེས་སུ་མ་སྐྱེས། མངོན་ པར་ཤེས་པ་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མངོན་པར་ཤེས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། མངོན་པར་ཤེས་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་ [25B] །ཏིང་ངེ་འཛིན་རྣམས་ཀྱི་རྗེས་སུ་མ་སྐྱེས་ཏིང་ངེ་འཛིན་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཏིང་ངེ་འཛིན་གྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཏིང་ངེ་འཛིན་གྱི་དེ་བཞིན་ ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །གཟུངས་ཀྱི་སྒོ་རྣམས་ཀྱི་རྗེས་སུ་མ་སྐྱེས། གཟུངས་ཀྱི་སྒོ་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །གཟུངས་ཀྱི་སྒོའི་དེ་བཞིན་ཉིད་ཀྱི་རྗེས་སུ་ མ་སྐྱེས། གཟུངས་ཀྱི་སྒོའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་རྗེས་སུ་མ་སྐྱེས་དེ་བཞིན་གཤེགས་བའི་སྟོབས་རྣམས་ལས་ གཞན་གྱི་རྗེས་སུ་མ་སྐྱེས་སོ། །དེ་བཞིན་གཤེགས་པའི་སྟོབས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། དེ་བཞིན་གཤེགས་པའི་སྟོབས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་ སོ༑ ༑མི་འཇིགས་པ་རྣམས་ཀྱི་རྗེས་སུ་མ་སྐྱེས། མི་འཇིགས་པ་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །མི་འཇིགས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། མི་འཇིགས་པའི་དེ་ བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་རྗེས་སུ་མ་སྐྱེས། སོ་སོ་ཡང་དག་པར་རིག་པ་རྣམས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སོ་སོ་ ཡང་དག་པར་རིག་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སོ་སོ་ཡང་དག་པར་རིག་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །བྱམས་པ་ཆེན་པོའི་རྗེས་སུ་མ་སྐྱེས་ [26A]༄༅། །བྱམས་པ་ཆེན་པོ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ་།བྱམས་པ་ཆེན་པོའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། བྱམས་པ་ཆེན་པོའི་དེ་བཞིན་ཉིད་ལས་ གཞན་གྱི་རྗེས་སུ་མ་སྐྱེས་སོ། །སྙིང་རྗེ་ཆེན་པོའི་རྗེས་སུ་མ་སྐྱེས། སྙིང་རྗེ་ཆེན་པོ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ་།སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སྙིང་རྗེ་ ཆེན་པོའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་རྗེས་སུ་མ་སྐྱེས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་གཞན་ གྱི་རྗེས་སུ་མ་སྐྱེས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་ སོ༑ ༑རྒྱུན་དུ་ཞུགས་པའི་འབྲས་བུའི་རྗེས་སུ་མ་སྐྱེས། རྒྱུན་དུ་ཞུགས་པའི་འབྲས་བུ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྒྱུན་དུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་ཀྱི་རྗེས་ སུ་མ་སྐྱེས། རྒྱུན་དུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་རྗེས་སུ་མ་སྐྱེས། ལན་ཅིག་ཕྱིར་ འོང་བའི་འབྲས་བུ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་ [26B] །ཕྱིར་མི་འོང་བའི་འབྲས་བུའི་རྗེས་སུ་མ་སྐྱེས། ཕྱིར་མི་འོང་བའི་འབྲས་བུ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ཕྱིར་མི་འོང་བའི་འབྲས་ བུའི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ཕྱིར་མི་འོང་བའི་འབྲས་བུའི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དགྲ་བཅོམ་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། དགྲ་བཅོམ་པ་ཉིད་ལས་ གཞན་གྱི་རྗེས་སུ་མ་སྐྱེས་སོ། །དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རང་བྱང་ཆུབ་ཀྱི་རྗེས་སུ་ མ་སྐྱེས། རང་བྱང་ཆུབ་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ་།རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ་།ལམ་གྱི་ རྣམ་པ་ཤེས་པ་ཉིད་ཀྱི་རྗེས་སུ་མ་སྐྱེས། ལམ་གྱི་རྣམ་པར་ཤེས་པ་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། ལམ་གྱི་ རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྗེས་སུ་མ་སྐྱེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གཞན་གྱི་རྗེས་ སུ་མ་སྐྱེས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། འདུས་ [27A]༄༅། །བྱས་ཀྱི་རྗེས་སུ་མ་སྐྱེས། འདུས་བྱས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུས་བྱས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། འདུས་བྱས་ཀྱི་དེ་བཞིན་ཉིད་ལས་ གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུས་མ་བྱས་ཀྱི་རྗེས་སུ་མ་སྐྱེས། འདུས་མ་བྱས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །འདུས་མ་བྱས་ཀྱི་དེ་བཞིན་ཉིད་ཀྱི་རྗེས་སུ་མ་སྐྱེས། འདུས་མ་ བྱས་ཀྱི་དེ་བཞིན་ཉིད་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གང་རྗེས་སུ་སྐྱེས་པ་དང་གང་གིས་རྗེས་སུ་སྐྱེད་པ་དང། གང་རྗེས་སུ་བསྐྱེད་པ་ དང༑ གང་གིས་རྗེས་སུ་བསྐྱེད་པ་དང། གང་རྗེས་སུ་སྐྱེ་བར་འགྱུར་བའམ། གང་གིས་རྗེས་སུ་སྐྱེ་བར་འགྱུར་བའི་ཆོས་དེ་དག་ཐམས་ཅད་མེད་ཅིང་མི་དམིགས་སོ། །དེ་ནས་ཚེ་དང་ ལྡན་པ་ཤཱ་རད་ཏིའི་བུས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་ དང༑ ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་ནི་ཟབ་པ་སྟེ། དེ་ལ་གཟུགས་མི་དམིགས། གཟུགས་ཀྱི་དེ་ བཞིན་ཉིད་མི་དམིགས་ཏེ། གཟུགས་ཉིད་ཀྱང་མི་དམིགས་ན། གཟུགས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཚོར་བ་མི་དམིགས་ཚོར་བའི་དེ་བཞིན་ཉིད་ [27B] ཚོར་བ་ཉིད་ཀྱང་མི་དམིགས་ན། ཚོར་བའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་འདུ་ཤེས་མི་དམིགས་འདུ་ཤེས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ་ འདུ་ཤེས་ཉིད་ཀྱང་མི་དམིགས་ན། འདུ་ཤེས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་འདུ་བྱེད་མི་དམིགས། འདུ་བྱེད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། འདུ་བྱེད་ཉིད་ ཀྱང་མི་དམིགས་ན། འདུ་བྱེད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རྣམ་པར་ཤེས་པ་མི་དམིགས། རྣམ་པར་ཤེས་པའི་དེ་བཞིན་ཉིད་མི་དམིགས་ཏེ། རྣམ་པར་ ཤེས་པ་ཉིད་ཀྱང་མི་དམིགས་ན། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་མིག་མི་དམིགས། མིག་གི་དེ་བཞིན་ཉིད་མི་དམིགས་ཏེ། མིག་ཉིད་ ཀྱང་མི་དམིགས་ན། མིག་གི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རྣ་བ་མི་དམིགས། རྣ་བའི་དེ་བཞིན་ཉིད་མི་དམིགས་ཏེ་རྣ་བ་ཉིད་ཀྱང་མི་དམིགས་ན། རྣ་བའི་ དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་སྣ་མི་དམིགས་སྣའི་དེ་བཞིན་ཉིད་མི་དམིགས་ཏེ། སྣ་ཉིད་ཀྱང་མི་དམིགས་ན་སྣའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་ འགྱུར། དེ་ལ་ལྕེ་མི་དམིགས། ལྕེའི་དེ་བཞིན་ཉིད་མི་དམིགས་ཏེ། ལྕེ་ཉིད་ཀྱང་མི་དམིགས་ན། ལྕེའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ལུས་མི་དམིགས་ [28A]༄༅། །ལུས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། ལུས་ཉིད་ཀྱང་མི་དམིགས་ན། ལུས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཡིད་མི་དམིགས་ ཡིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། ཡིད་ཉིད་ཀྱང་མི་དམིགས་ན་ཡིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་གཟུགས་མི་དམིགས། གཟུགས་ཀྱི་དེ་བཞིན་ ཉིད་མི་དམིགས་ཏེ། གཟུགས་ཉིད་ཀྱང་མི་དམིགས་ན། གཟུགས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་སྒྲ་མི་དམིགས། སྒྲའི་དེ་བཞིན་ཉིད་མི་དམིགས་ཏེ། སྒྲ་ ཉིད་ཀྱང་མི་དམིགས་ན། སྒྲའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་དྲི་མི་དམིགས། དྲིའི་དེ་བཞིན་ཉིད་མི་དམིགས་ཏེ། དྲི་ཉིད་ཀྱང་མི་དམིགས་ན། དྲིའི་དེ་བཞིན་ཉིད་ ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རོ་མི་དམིགས། རོའི་དེ་བཞིན་ཉིད་མི་དམིགས་ཏེ། རོ་ཉིད་ཀྱང་མི་དམིགས་ན། རོའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རེག་མི་ དམིགས། རེག་གི་དེ་བཞིན་ཉིད་མི་དམིགས་ཏེ། རེག་ཉིད་ཀྱང་མི་དམིགས་ན། རེག་གི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཆོས་མི་དམིགས། ཆོས་ཀྱི་དེ་བཞིན་ ཉིད་མི་དམིགས་ཏེ། ཆོས་ཉིད་ཀྱང་མི་དམིགས་ན། ཆོས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་མིག་གི་རྣམ་པར་ཤེས་པ་མི་དམིགས། མིག་གི་རྣམ་པར་ཤེས་ [28B] མིག་གི་རྣམ་པར་ཤེས་པ་ཉིད་ཀྱང་མི་དམིགས་ན། མིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རྣ་བའི་རྣམ་ པར་ཤེས་པ་མི་དམིགས། རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མི་དམིགས་ཏེ། རྣ་བའི་རྣམ་པར་ཤེས་པ་ཉིད་ཀྱང་མི་དམིགས་ན་རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་ དམིགས་པར་ག་ལ་འགྱུར། དེ་ལ་སྣའི་རྣམ་པར་ཤེས་པ་མི་དམིགས་སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མི་དམིགས་ཏེ། སྣའི་རྣམ་པར་ཤེས་པ་ཉིད་ཀྱང་མི་དམིགས་ན། སྣའི་ རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ལྕེའི་རྣམ་པར་ཤེས་པ་མི་དམིགས། ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མི་དམིགས་ཏེ། ལྕེའི་རྣམ་པར་ ཤེས་པ་ཉིད་ཀྱང་མི་དམིགས་ན། ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ལུས་ཀྱི་རྣམ་པར་ཤེས་པ་མི་དམིགས། ལུས་ཀྱི་རྣམ་པར་ཤེས་པའི་ དེ་བཞིན་ཉིད་མི་དམིགས་ཏེ། ལུས་ཀྱི་རྣམ་པར་ཤེས་པ་ཉིད་ཀྱང་མི་དམིགས་ན། ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། །དེ་ལ་ཡིད་ཀྱི་རྣམ་པར་ ཤེས་པ་མི་དམིགས། ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མི་དམིགས་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཀྱང་མི་དམིགས་ན། ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་ [29A]༄༅། །དམིགས་པར་ག་ལ་འགྱུར། དེ་ལ་མིག་གི་འདུས་ཏེ་རེག་པ་མི་དམིགས། མིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་མི་དམིགས་ཏེ། མིག་གི་འདུས་ཏེ་རེག་ པ་ཉིད་ཀྱང་མི་དམིགས་ན། མིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རྣ་བའི་འདུས་ཏེ་རེག་པ་མི་དམིགས། རྣ་བའི་འདུས་ཏེ་རེག་པའི་དེ་ བཞིན་ཉིད་མི་དམིགས་ཏེ། རྣ་བའི་འདུས་ཏེ་རེག་པ་ཉིད་ཀྱང་མི་དམིགས་ན། རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར་དེ་ལ་སྣའི་འདུས་ཏེ་རེག་ པ་མི་དམིགས། སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་མི་དམིགས་ཏེ་སྣའི་འདུས་ཏེ་རེག་པ་ཉིད་ཀྱང་མི་དམིགས་ན། སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལྟ་དམིགས་པར་ ག་ལ་འགྱུར། དེ་ལ་ལྕེའི་འདུས་ཏེ་རེག་པ་མི་དམིགས། ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་མི་དམིགས་ཏེ། ལྕེའི་འདུས་ཏེ་རེག་པ་ཉིད་ཀྱང་མི་དམིགས་ན། ལྕའི་འདུས་ཏེ་ རེག་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ལུས་ཀྱི་འདུས་ཏེ་རེག་པ་མི་དམིགས། ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་མི་དམིགས་ཏེ། ལུས་ཀྱི་འདུས་ ཏེ་རེག་པ་ཉིད་ཀྱང་མི་དམིགས་ན། ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཡིད་ཀྱི་འདུས་ཏེ་རེག་པ་མི་དམིགས། ཡིད་ཀྱི་འདུས་ཏེ་ [29B] ཡིད་ཀྱི་འདུས་ཏེ་རེག་པ་ཉིད་ཀྱང་མི་དམིགས་ན། ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་མིག་གི་འདུས་ ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་དམིགས། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་མི་དམིགས་ཏེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཉིད་ཀྱང་ མི་དམིགས་ན། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་དམིགས་ རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་མི་དམིགས་ཏེ། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཉིད་ཀྱང་མི་དམིགས་ན། རྣ་བའི་འདུས་ཏེ་རེག་པ་ལས་ བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་དམིགས། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་ བཞིན་ཉིད་མི་དམིགས་ཏེ། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཉིད་ཀྱང་མི་དམིགས་ན། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ ལ་འགྱུར། དེ་ལ་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་དམིགས། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་མི་དམིགས་ཏེ། ལྕེའི་འདུས་ཏེ་རེག་པ་ [30A]༄༅། །ལས་བྱུང་བའི་ཚོར་བ་ཉིད་ཀྱང་མི་དམིགས་ན། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ལུས་ ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་དམིགས། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་མི་དམིགས་ཏེ། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ ཚོར་བ་ཉིད་ཀྱང་མི་དམིགས་ན། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ ཚོར་བ་མི་དམིགས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་མི་དམིགས་ཏེ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཉིད་ཀྱང་མི་དམིགས་ན། ཡིད་ ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་སའི་ཁམས་མི་དམིགས། སའི་ཁམས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། སའི་ ཁམས་ཉིད་ཀྱང་མི་དམིགས་ན། སའི་ཁམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཆུའི་ཁམས་མི་དམིགས། ཆུའི་ཁམས་ཀྱི་དེ་བཞིན་ཉིད་མི་དམིགས་ ཏེ༑ ཆུའི་ཁམས་ཉིད་ཀྱང་མི་དམིགས་ན། ཆུའི་ཁམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་མེའི་ཁམས་མི་དམིགས། མེའི་ཁམས་ཀྱི་དེ་བཞིན་ཉིད་ [30B] མེའི་ཁམས་ཉིད་ཀྱང་མི་དམིགས་ན། མེའི་ཁམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རླུང་གི་ཁམས་མི་དམིགས། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ མི་དམིགས་ཏེ། རླུང་གི་ཁམས་ཉིད་ཀྱང་མི་དམིགས་ན། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ནམ་མཁའི་ཁམས་མི་དམིགས། ནམ་མཁའི་ཁམས་ ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། ནམ་མཁའི་ཁམས་ཉིད་ཀྱང་མི་དམིགས་ན། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རྣམ་པར་ཤེས་པའི་ཁམས་ མི་དམིགས། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ་རྣམ་པར་ཤེས་པའི་ཁམས་ཉིད་ཀྱང་མི་དམིགས་ན། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལྟ་ དམིགས་པར་ག་ལ་འགྱུར། དེ་ལ་མ་རིག་པ་མི་དམིགས། མ་རིག་པའི་དེ་བཞིན་ཉིད་མི་དམིགས་ཏེ། མ་རིག་པ་ཉིད་ཀྱང་མི་དམིགས་ན། མ་རིག་པའི་དེ་བཞིན་ཉིད་ལྟ་དམིགས་པར་ ག་ལ་འགྱུར། དེ་ལ་འདུ་བྱེད་མི་དམིགས། འདུ་བྱེད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། འདུ་བྱེད་ཉིད་ཀྱང་མི་དམིགས་ན། འདུ་བྱེད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར་ དེ་ལ་རྣམ་པར་ཤེས་པ་མི་དམིགས། རྣམ་པར་ཤེས་པའི་དེ་བཞིན་ཉིད་མི་དམིགས་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་མི་དམིགས་ན། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམིགས་ [31A]༄༅། །པར་ག་ལ་འགྱུར། དེ་ལ་མིང་དང་གཟུགས་མི་དམིགས། མིང་དང་གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། མིང་དང་གཟུགས་ཉིད་ཀྱང་མི་དམིགས་ན་ མིང་དང་གཟུགས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་སྐྱེ་མཆེད་དྲུག་མི་དམིགས། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་མི་དམིགས་ཏེ། སྐྱེ་མཆེད་དྲུག་ཉིད་ཀྱང་ མི་དམིགས་ན། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རེག་པ་མི་དམིགས། རེག་པའི་དེ་བཞིན་ཉིད་མི་དམིགས་ཏེ་རེག་པ་ཉིད་ཀྱང་མི་ དམིགས་ན། རེག་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཚོར་བ་མི་དམིགས། ཚོར་བའི་དེ་བཞིན་ཉིད་མི་དམིགས་ཏེ། ཚོར་བ་ཉིད་ཀྱང་མི་དམིགས་ན་ ཚོར་བའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་སྲེད་པ་མི་དམིགས། སྲེད་པའི་དེ་བཞིན་ཉིད་མི་དམིགས་ཏེ། སྲེད་པ་ཉིད་ཀྱང་མི་དམིགས་ན། སྲེད་པའི་དེ་ བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ལེན་པ་མི་དམིགས། ལེན་པའི་དེ་བཞིན་ཉིད་མི་དམིགས་ཏེ། ལེན་པ་ཉིད་ཀྱང་མི་དམིགས་ན་ལེན་པའི་དེ་བཞིན་ཉིད་ལྟ་ དམིགས་པར་ག་ལ་འགྱུར། དེ་ལ་སྲིད་པ་མི་དམིགས། སྲིད་པའི་དེ་བཞིན་ཉིད་མི་དམིགས་ཏེ། སྲིད་པ་ཉིད་ཀྱང་མི་དམིགས་ན། སྲིད་པའི་དེ་བཞིན་ཉིད་ལྟ་དམིགས་ [31B] དེ་ལ་སྐྱེ་བ་མི་དམིགས། སྐྱེ་བའི་དེ་བཞིན་ཉིད་མི་དམིགས་ཏེ། སྐྱེ་བ་ཉིད་ཀྱང་མི་དམིགས་ན། སྐྱེ་བའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རྒ་ཤི་མི་ དམིགས། རྒ་ཤིའི་དེ་བཞིན་ཉིད་མི་དམིགས་ཏེ། རྒ་ཤི་ཉིད་ཀྱང་མི་དམིགས་ན། རྒ་ཤིའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་མི་དམིགས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མི་དམིགས་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་ འགྱུར། དེ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་མི་དམིགས་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མི་ དམིགས་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་ བཞིན་ཉིད་མི་དམིགས་ཏེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མི་དམིགས་ན། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་མི་དམིགས་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མི་དམིགས་ན། བརྩོན་འགྲུས་ཀྱི་ [32A]༄༅། །ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས། བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པའི་དེ་བཞིན་ཉིད་མི་དམིགས་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མི་དམིགས་ན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་ འགྱུར། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་མི་དམིགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མི་དམིགས་ ན༑ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ནང་སྟོང་པ་ཉིད་མི་དམིགས། ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། ནང་སྟོང་པ་ཉིད་ཀྱང་མི་དམིགས་ན། ནང་སྟོང་ པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཕྱི་སྟོང་པ་ཉིད་མི་དམིགས། ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ་ ཕྱི་སྟོང་པ་ཉིད་ཀྱང་མི་དམིགས་ན། ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཕྱི་ནང་སྟོང་པ་ཉིད་མི་དམིགས། ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་མི་དམིགས་ཏེ། ཕྱི་ནང་སྟོང་པ་ཉིད་ཀྱང་མི་དམིགས་ན། ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར་དེ་ལ་སྟོང་པ་ཉིད་སྟོང་པ་ཉིད་མི་ [32B] སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་མི་དམིགས་ན། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་ དམིགས་པར་ག་ལ་འགྱུར། དེ་ལ་ཆེན་པོ་སྟོང་པ་ཉིད་མི་དམིགས། ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། ཆེན་པོ་སྟོང་པ་ཉིད་ཀྱང་མི་དམིགས་ན། ཆེན་པོ་སྟོང་པ་ཉིད་ཀྱི་དེ་ བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་དོན་དམ་པ་སྟོང་པ་ཉིད་མི་དམིགས། དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། དོན་དམ་པ་སྟོང་པ་ཉིད་ཀྱང་མི་དམིགས་ན་ དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་འདུས་བྱས་སྟོང་པ་ཉིད་མི་དམིགས། འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། འདུས་བྱས་ སྟོང་པ་ཉིད་ཀྱང་མི་དམིགས་ན། འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་འདུས་མ་བྱས་སྟོང་པ་ཉིད་མི་དམིགས། འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་ བཞིན་ཉིད་མི་དམིགས་ཏེ། འདུས་མ་བྱས་སྟོང་པ་ཉིད་ཀྱང་མི་དམིགས་ན། འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་མཐའ་ལས་འདས་པ་སྟོང་ པ་ཉིད་མི་དམིགས། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་མི་དམིགས་ན། མཐའ་ལས་འདས་པ་སྟོང་པ་ཉིད་ [33A]༄༅། །ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མི་དམིགས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་དེ་ བཞིན་ཉིད་མི་དམིགས་ཏེ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱང་མི་དམིགས་ན། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ དོར་བ་མེད་པ་སྟོང་པ་ཉིད་མི་དམིགས། དོར་བ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། དོར་བ་མེད་པ་སྟོང་པ་ཉིད་ཀྱང་མི་དམིགས་ན། དོར་བ་མེད་པ་སྟོང་པ་ཉིད་ཀྱི་དེ་ བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རང་བཞིན་སྟོང་པ་ཉིད་མི་དམིགས། རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། རང་བཞིན་སྟོང་པ་ཉིད་ཀྱང་མི་ དམིགས་ན། རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཆོས་ཐམས་ཅད་སྟོང་པ་ཉིད་མི་དམིགས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་མི་དམིགས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་མི་དམིགས་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རང་གི་མཚན་ཉིད་སྟོང་ པ་ཉིད་མི་དམིགས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་མི་དམིགས་ན། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་ [33B] དེ་ལ་མི་དམིགས་པ་སྟོང་པ་ཉིད་མི་དམིགས། མི་དམིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། མི་དམིགས་པ་སྟོང་པ་ཉིད་ཀྱང་ མི་དམིགས་ན། མི་དམིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་དངོས་པོ་མེད་པ་སྟོང་པ་ཉིད་མི་དམིགས། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་དེ་ བཞིན་ཉིད་མི་དམིགས་ཏེ། དངོས་པོ་མེད་པ་སྟོང་པ་ཉིད་ཀྱང་མི་དམིགས་ན། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ངོ་བོ་ཉིད་སྟོང་པ་ཉིད་ མི་དམིགས། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མི་དམིགས་ན། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ ལ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་དམིགས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མི་དམིགས་ ན༑ དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་དྲན་པ་ཉེ་བར་བཞག་པ་རྣམས་མི་དམིགས། དྲན་པ་ཉེ་བར་བཞག་པའི་དེ་བཞིན་ ཉིད་མི་དམིགས་ཏེ། དྲན་པ་ཉེ་བར་བཞག་པ་ཉིད་ཀྱང་མི་དམིགས་ན། དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཡང་དག་པར་སྤོང་བ་ [34A]༄༅། །རྣམས་མི་དམིགས། ཡང་དག་པར་སྤོང་བའི་དེ་བཞིན་ཉིད་མི་དམིགས་ཏེ། ཡང་དག་པར་སྤོང་བ་ཉིད་ཀྱང་མི་དམིགས་ན། ཡང་དག་པར་སྤོང་བ་རྣམས་ ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རྫུ་འཕྲུལ་གྱི་རྐང་པ་རྣམས་མི་དམིགས། རྫུ་འཕྲུལ་གྱི་རྐང་པའི་དེ་བཞིན་ཉིད་མི་དམིགས་ཏེ། རྫུ་འཕྲུལ་གྱི་རྐང་པ་ཉིད་ཀྱང་ མི་དམིགས་ན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་དབང་པོ་རྣམས་མི་དམིགས། དབང་པོའི་དེ་བཞིན་ཉིད་མི་དམིགས་ཏེ། དབང་ པོ་ཉིད་ཀྱང་མི་དམིགས་ན། དབང་པོ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་སྟོབས་རྣམས་མི་དམིགས། སྟོབས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། སྟོབས་ ཉིད་ཀྱང་མི་དམིགས་ན། སྟོབས་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་བྱང་ཆུབ་ཀྱི་ཡན་ལག་རྣམས་མི་དམིགས་བྱང་ཆུབ་ཀྱི་ཡན་ལག་གི་དེ་བཞིན་ ཉིད་མི་དམིགས་ཏེ། བྱང་ཆུབ་ཀྱི་ཡན་ལག་ཉིད་ཀྱང་མི་དམིགས་ན་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་འཕགས་པའི་ལམ་ ཡན་ལག་བརྒྱད་པ་མི་དམིགས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་མི་དམིགས་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉིད་ཀྱང་མི་དམིགས་ན་ [34B]པར་ག་ལ་འགྱུར། དེ་ལ་འཕགས་པའི་བདེན་པ་རྣམས་མི་དམིགས། འཕགས་པའི་བདེན་པའི་དེ་བཞིན་ཉིད་མི་ དམིགས་ཏེ། འཕགས་པའི་བདེན་པ་ཉིད་ཀྱང་མི་དམིགས་ན། འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་བསམ་གཏན་རྣམས་མི་དམིགས་ བསམ་གཏན་གྱི་དེ་བཞིན་ཉིད་མི་དམིགས་ཏེ། བསམ་གཏན་ཉིད་ཀྱང་མི་དམིགས་ན། བསམ་གཏན་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཚད་མེད་པ་རྣམས་ མི་དམིགས། ཚད་མེད་པའི་དེ་བཞིན་ཉིད་མི་དམིགས་ཏེ། ཚད་མེད་པ་ཉིད་ཀྱང་མི་དམིགས་ན། ཚད་མེད་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་གཟུགས་ མེད་པའི་སྙོམས་པར་འཇུག་པ་རྣམས་མི་དམིགས། གཟུགས་མེད་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་མི་དམིགས་ཏེ། གཟུགས་མེད་པའི་སྙོམས་པར་འཇུག་པ་ཉིད་ ཀྱང་མི་དམིགས་ན། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རྣམ་པར་ཐར་པ་རྣམས་མི་དམིགས། རྣམ་པར་ ཐར་པའི་དེ་བཞིན་ཉིད་མི་དམིགས་ཏེ། རྣམ་པར་ཐར་པ་ཉིད་ཀྱང་མི་དམིགས་ན། རྣམ་པར་ཐར་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་མཐར་གྱིས་ [35A]༄༅། །གནས་པའི་སྙོམས་པར་འཇུག་པ་རྣམས་མི་དམིགས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་མི་དམིགས་ཏེ། མཐར་ གྱིས་གནས་པའི་སྙོམས་པར་འཇུག་པ་ཉིད་ཀྱང་མི་དམིགས་ན། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང་སྨོན་པ་མེད་པ་མི་དམིགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ དེ་བཞིན་ཉིད་མི་དམིགས་ཏེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ཉིད་ཀྱང་མི་དམིགས་ན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་ མཚན་མ་མེད་པ་དང། སྨོན་པ་མེད་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་མངོན་པར་ཤེས་པ་རྣམས་མི་དམིགས། མངོན་པར་ཤེས་པའི་དེ་བཞིན་ཉིད་མི་ དམིགས་ཏེ། མངོན་པར་ཤེས་པ་ཉིད་ཀྱང་མི་དམིགས་ན། མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཏིང་ངེ་འཛིན་རྣམས་མི་དམིགས་ ཏིང་ངེ་འཛིན་གྱི་དེ་བཞིན་ཉིད་མི་དམིགས་ཏེ། ཏིང་ངེ་འཛིན་ཉིད་ཀྱང་མི་དམིགས་ན། ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་གཟུངས་ཀྱི་སྒོ་ [35B] གཟུངས་ཀྱི་སྒོའི་དེ་བཞིན་ཉིད་མི་དམིགས་ཏེ་གཟུངས་ཀྱི་སྒོ་ཉིད་ཀྱང་མི་དམིགས་ན། གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར་ དེ་ལ་དེ་བཞིན་གཤེགས་པའི་སྟོབས་རྣམས་མི་དམིགས། དེ་བཞིན་གཤེགས་པའི་སྟོབས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། དེ་བཞིན་གཤེགས་པའི་སྟོབས་ཉིད་ཀྱང་མི་དམིགས་ ན༑ དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་མི་འཇིགས་པ་རྣམས་མི་དམིགས། མི་འཇིགས་པའི་དེ་བཞིན་ཉིད་མི་དམིགས་ ཏེ༑ མི་འཇིགས་པ་ཉིད་ཀྱང་མི་དམིགས་ན། མི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་སོ་སོ་ཡང་དག་པར་རིག་པ་རྣམས་མི་དམིགས། སོ་སོ་ ཡང་དག་པར་རིག་པའི་དེ་བཞིན་ཉིད་མི་དམིགས་ཏེ། སོ་སོ་ཡང་དག་པར་རིག་པ་ཉིད་ཀྱང་མི་དམིགས་ན། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ ལ་འགྱུར། དེ་ལ་སྙིང་རྗེ་ཆེན་པོ་མི་དམིགས། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་མི་དམིགས་ཏེ། སྙིང་རྗེ་ཆེན་པོ་ཉིད་ཀྱང་མི་དམིགས་ན། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ལྟ་དམིགས་ པར་ག་ལ་འགྱུར། དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མི་དམིགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་དེ་བཞིན་ཉིད་མི་དམིགས་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ [36A]༄༅། །ཉིད་ཀྱང་མི་དམིགས་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ མི་དམིགས། རྒྱུན་དུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་མི་དམིགས་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཉིད་ཀྱང་མི་དམིགས་ན། རྒྱུན་དུ་ཞུགས་པའི་འབྲས་བུའི་དེ་བཞིན་ ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མི་དམིགས། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་མི་དམིགས་ཏེ། ལན་ ཅིག་ཕྱིར་འོང་བའི་འབྲས་བུ་ཉིད་ཀྱང་མི་དམིགས་ན། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཕྱིར་མི་འོང་བའི་འབྲས་ བུ་མི་དམིགས། ཕྱིར་མི་འོང་བའི་འབྲས་བུའི་དེ་བཞིན་ཉིད་མི་དམིགས་ཏེ། ཕྱིར་མི་འོང་བའི་འབྲས་བུ་ཉིད་ཀྱང་མི་དམིགས་ན། ཕྱིར་མི་འོང་བའི་འབྲས་བུའི་དེ་བཞིན་ ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་དགྲ་བཅོམ་པ་ཉིད་མི་དམིགས་དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། དགྲ་བཅོམ་པ་ཉིད་ཀྱང་མི་དམིགས་ན་ དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རང་བྱང་ཆུབ་མི་དམིགས། རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། རང་བྱང་ཆུབ་ཉིད་ཀྱང་ [36B] རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་མི་དམིགས། ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་མི་ དམིགས་ཏེ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་མི་དམིགས་ན། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར་དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་མི་དམིགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མི་དམིགས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དེ་བཞིན་ཉིད་འདི་ནི་ཟབ་པ་སྟེ། དེ་ལ་ གཟུགས་མི་དམིགས། གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། གཟུགས་ཉིད་ཀྱང་མི་དམིགས་ན། གཟུགས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཚོར་ བ་མི་དམིགས། ཚོར་བའི་དེ་བཞིན་ཉིད་མི་དམིགས་ཏེ། ཚོར་བ་ཉིད་ཀྱང་མི་དམིགས་ན། ཚོར་བའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་འདུ་ཤེས་མི་དམིགས་ འདུ་ཤེས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། འདུ་ཤེས་ཉིད་ཀྱང་མི་དམིགས་ན། འདུ་ཤེས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར་དེ་ལ་འདུ་བྱེད་མི་དམིགས། འདུ་བྱེད་ [37A]༄༅། །ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། འདུ་བྱེད་ཉིད་ཀྱང་མི་དམིགས་ན། འདུ་བྱེད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར་དེ་ལ་རྣམ་པར་ཤེས་པ་ མི་དམིགས། རྣམ་པར་ཤེས་པའི་དེ་བཞིན་ཉིད་མི་དམིགས་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་མི་དམིགས་ན། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ ལ་མིག་མི་དམིགས། མིག་གི་དེ་བཞིན་ཉིད་མི་དམིགས་ཏེ། མིག་ཉིད་ཀྱང་མི་དམིགས་ན། མིག་གི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རྣ་བ་མི་དམིགས། རྣ་ བའི་དེ་བཞིན་ཉིད་མི་དམིགས་ཏེ། རྣ་བ་ཉིད་ཀྱང་མི་དམིགས་ན་རྣ་བའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་སྣ་མི་དམིགས། སྣའི་དེ་བཞིན་ཉིད་མི་དམིགས་ཏེ་ སྣ་ཉིད་ཀྱང་མི་དམིགས་ན། སྣའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ལྕེ་མི་དམིགས། ལྕེའི་དེ་བཞིན་ཉིད་མི་དམིགས་ཏེ་ལྕེ་ཉིད་ཀྱང་མི་དམིགས་ན། ལྕེའི་ དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ལུས་མི་དམིགས། ལུས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། ལུས་ཉིད་ཀྱང་མི་དམིགས་ན། ལུས་ཀྱི་དེ་བཞིན་ཉིད་ལྟ་དམིགས་ པར་ག་ལ་འགྱུར། དེ་ལ་ཡིད་མི་དམིགས། ཡིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། ཡིད་ཉིད་ཀྱང་མི་དམིགས་ན། ཡིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ [37B] གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། གཟུགས་ཉིད་ཀྱང་མི་དམིགས་ན། གཟུགས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་སྒྲ་མི་དམིགས་ སྒྲའི་དེ་བཞིན་ཉིད་མི་དམིགས་ཏེ། སྒྲ་ཉིད་ཀྱང་མི་དམིགས་ན་སྒྲའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་དྲི་མི་དམིགས། དྲིའི་དེ་བཞིན་ཉིད་མི་དམིགས་ཏེ། དྲི་ཉིད་ ཀྱང་མི་དམིགས་ན། དྲིའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར་དེ་ལ་རོ་མི་དམིགས། རོའི་དེ་བཞིན་ཉིད་མི་དམིགས་ཏེ། རོ་ཉིད་ཀྱང་མི་དམིགས་ན། རོའི་དེ་བཞིན་ཉིད་ ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རེག་མི་དམིགས། རེག་གི་དེ་བཞིན་ཉིད་མི་དམིགས་ཏེ། རེག་ཉིད་ཀྱང་མི་དམིགས་ན། རེག་གི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར་ དེ་ལ་ཆོས་མི་དམིགས། ཆོས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། ཆོས་ཉིད་ཀྱང་མི་དམིགས་ན། ཆོས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་མིག་གི་རྣམ་པར་ཤེས་པ་ མི་དམིགས། མིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མི་དམིགས་ཏེ་མིག་གི་རྣམ་པར་ཤེས་པ་ཉིད་ཀྱང་མི་དམིགས་ན། མིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་ དམིགས་པར་ག་ལ་འགྱུར། དེ་ལ་རྣ་བའི་རྣམ་པར་ཤེས་པ་མི་དམིགས་རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མི་དམིགས་ཏེ། རྣ་བའི་རྣམ་པར་ཤེས་པ་ཉིད་ཀྱང་མི་ [38A]༄༅། །དམིགས་ན། རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་སྣའི་རྣམ་པར་ཤེས་པ་མི་དམིགས་སྣའི་རྣམ་པར་ཤེས་ པའི་དེ་བཞིན་ཉིད་མི་དམིགས་ཏེ། སྣའི་རྣམ་པར་ཤེས་པ་ཉིད་ཀྱང་མི་དམིགས་ན། སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ལྕེའི་རྣམ་ པར་ཤེས་པ་མི་དམིགས། ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མི་དམིགས་ཏེ། ལྕེའི་རྣམ་པར་ཤེས་པ་ཉིད་ཀྱང་མི་དམིགས་ན། ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ལུས་ཀྱི་རྣམ་པར་ཤེས་པ་མི་དམིགས། ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་མི་དམིགས་ཏེ། ལུས་ཀྱི་རྣམ་པར་ཤེས་པ་ཉིད་ཀྱང་ མི་དམིགས་ན། ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་མི་དམིགས། ཡིད་ཀྱི་རྣམ་པར་ཤེས་པའི་དེ་ བཞིན་ཉིད་མི་དམིགས་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ཉིད་ཀྱང་མི་དམིགས་ན། ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་མིག་གི་ འདུས་ཏེ་རེག་པ་མི་དམིགས། མིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་མི་དམིགས་ཏེ། མིག་གི་འདུས་ཏེ་རེག་པ་ཉིད་ཀྱང་མི་དམིགས་ན། མིག་གི་འདུས་ཏེ་རེག་པའི་དེ་ [38B] དེ་ལ་རྣ་བའི་འདུས་ཏེ་རེག་པ་མི་དམིགས། རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་མི་དམིགས་ཏེ། རྣ་བའི་འདུས་ཏེ་རེག་པ་ཉིད་ཀྱང་ མི་དམིགས་ན། རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་སྣའི་འདུས་ཏེ་རེག་པ་མི་དམིགས། སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་མི་དམིགས་ ཏེ། སྣའི་འདུས་ཏེ་རེག་པ་ཉིད་ཀྱང་མི་དམིགས་ན། སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ལྕེའི་འདུས་ཏེ་རེག་པ་མི་དམིགས། ལྕེའི་འདུས་ ཏེ་རེག་པའི་དེ་བཞིན་ཉིད་མི་དམིགས་ཏེ། ལྕེའི་འདུས་ཏེ་རེག་པ་ཉིད་ཀྱང་མི་དམིགས་ན། ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ལུས་ཀྱི་ འདུས་ཏེ་རེག་པ་མི་དམིགས། ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་མི་དམིགས་ཏེ། ལུས་ཀྱི་འདུས་ཏེ་རེག་པ་ཉིད་ཀྱང་མི་དམིགས་ན། ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཡིད་ཀྱི་འདུས་ཏེ་རེག་པ་མི་དམིགས། ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་མི་དམིགས་ཏེ། ཡིད་ཀྱི་འདུས་ཏེ་རེག་པ་ཉིད་ཀྱང་མི་ དམིགས་ན། ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་དམིགས། མིག་གི་འདུས་ཏེ་ [39A]༄༅། །རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་མི་དམིགས་ཏེ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཉིད་ཀྱང་མི་དམིགས་ན། མིག་གི་ འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་དམིགས། རྣ་བའི་འདུས་ཏེ་ རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་མི་དམིགས་ཏེ། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཉིད་ཀྱང་མི་དམིགས་ན། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ ཚོར་བའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་དམིགས། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་ དེ་བཞིན་ཉིད་མི་དམིགས་ཏེ། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཉིད་ཀྱང་མི་དམིགས་ན། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལྟ་ དམིགས་པར་ག་ལ་འགྱུར། དེ་ལ་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་དམིགས། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་མི་ དམིགས་ཏེ། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཉིད་ཀྱང་མི་དམིགས་ན། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ [39B] དེ་ལ་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་དམིགས། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་མི་དམིགས་ཏེ། ལུས་ཀྱི་འདུས་ཏེ་ རེག་པ་ལས་བྱུང་བའི་ཚོར་བ་ཉིད་ཀྱང་མི་དམིགས་ན། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཡིད་ཀྱི་འདུས་ཏེ་རེག་ པ་ལས་བྱུང་བའི་ཚོར་བ་མི་དམིགས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་མི་དམིགས་ཏེ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཉིད་ཀྱང་ མི་དམིགས་ན། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་སའི་ཁམས་མི་དམིགས་སའི་ཁམས་ཀྱི་དེ་བཞིན་ཉིད་ མི་དམིགས་ཏེ། སའི་ཁམས་ཉིད་ཀྱང་མི་དམིགས་ན། སའི་ཁམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཆུའི་ཁམས་མི་དམིགས་ཆུའི་ཁམས་ཀྱི་དེ་ བཞིན་ཉིད་མི་དམིགས་ཏེ། ཆུའི་ཁམས་ཉིད་ཀྱང་མི་དམིགས་ན། ཆུའི་ཁམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་མེའི་ཁམས་མི་དམིགས། མེའི་ཁམས་ ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། མེའི་ཁམས་ཉིད་ཀྱང་མི་དམིགས་ན་མེའི་ཁམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རླུང་གི་ཁམས་མི་དམིགས། རླུང་ [40A]༄༅། །གི་ཁམས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། རླུང་གི་ཁམས་ཉིད་ཀྱང་མི་དམིགས་ན། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར་ དེ་ལ་ནམ་མཁའི་ཁམས་མི་དམིགས། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། ནམ་མཁའི་ཁམས་ཉིད་ཀྱང་མི་དམིགས་ན། ནམ་མཁའི་ཁམས་ཀྱི་དེ་བཞིན་ ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རྣམ་པར་ཤེས་པའི་ཁམས་མི་དམིགས། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ་རྣམ་པར་ཤེས་པའི་ ཁམས་ཉིད་ཀྱང་མི་དམིགས་ན། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་མ་རིག་པ་མི་དམིགས་མ་རིག་པའི་དེ་བཞིན་ ཉིད་མི་དམིགས་ཏེ། མ་རིག་པ་ཉིད་ཀྱང་མི་དམིགས་ན། མ་རིག་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་འདུ་བྱེད་མི་དམིགས་འདུ་བྱེད་ཀྱི་དེ་ བཞིན་ཉིད་མི་དམིགས་ཏེ། འདུ་བྱེད་ཉིད་ཀྱང་མི་དམིགས་ན། འདུ་བྱེད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རྣམ་པར་ཤེས་པ་མི་དམིགས་རྣམ་ པར་ཤེས་པའི་དེ་བཞིན་ཉིད་མི་དམིགས་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་མི་དམིགས་ན། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་མིང་ [40B] མིང་དང་གཟུགས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། མིང་དང་གཟུགས་ཉིད་ཀྱང་མི་དམིགས་ན། མིང་དང་གཟུགས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ ག་ལ་འགྱུར། དེ་ལ་སྐྱེ་མཆེད་དྲུག་མི་དམིགས། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་མི་དམིགས་ཏེ། སྐྱེ་མཆེད་དྲུག་ཉིད་ཀྱང་མི་དམིགས་ན། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རེག་པ་མི་དམིགས། རེག་པའི་དེ་བཞིན་ཉིད་མི་དམིགས་ཏེ། རེག་པ་ཉིད་ཀྱང་མི་དམིགས་ན། རེག་པའི་དེ་བཞིན་ཉིད་ལྟ་དམིགས་ པར་ག་ལ་འགྱུར། དེ་ལ་ཚོར་བ་མི་དམིགས། ཚོར་བའི་དེ་བཞིན་ཉིད་མི་དམིགས་ཏེ། ཚོར་བ་ཉིད་ཀྱང་མི་དམིགས་ན། ཚོར་བའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར་ དེ་ལ་སྲེད་པ་མི་དམིགས། སྲེད་པའི་དེ་བཞིན་ཉིད་མི་དམིགས་ཏེ། སྲེད་པ་ཉིད་ཀྱང་མི་དམིགས་ན། སྲེད་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ལེན་པ་མི་ དམིགས། ལེན་པའི་དེ་བཞིན་ཉིད་མི་དམིགས་ཏེ། ལེན་པ་ཉིད་ཀྱང་མི་དམིགས་ན། ལེན་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་སྲིད་པ་མི་དམིགས་ སྲིད་པའི་དེ་བཞིན་ཉིད་མི་དམིགས་ཏེ། སྲིད་པ་ཉིད་ཀྱང་མི་དམིགས་ན། སྲིད་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་སྐྱེ་བ་མི་དམིགས། སྐྱེ་བའི་དེ་བཞིན་ [41A]༄༅། །ཉིད་མི་དམིགས་ཏེ། སྐྱེ་བ་ཉིད་ཀྱང་མི་དམིགས་ན། སྐྱེ་བའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རྒ་ཤི་མི་དམིགས། རྒ་ཤིའི་དེ་ བཞིན་ཉིད་མི་དམིགས་ཏེ། རྒ་ཤི་ཉིད་ཀྱང་མི་དམིགས་ན། རྒ་ཤིའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས། སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་མི་དམིགས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མི་དམིགས་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ ལ་འགྱུར། དེ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་མི་དམིགས་ཏེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཉིད་ཀྱང་མི་དམིགས་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས། བཟོད་པའི་ ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་མི་དམིགས་ཏེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མི་དམིགས་ན། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལྟ་དམིགས་པར་ ག་ལ་འགྱུར། དེ་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་མི་དམིགས་ཏེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ [41B] བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས། བསམ་གཏན་གྱི་ཕ་ རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་མི་དམིགས་ཏེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མི་དམིགས་ན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལྟ་དམིགས་པར་ ག་ལ་འགྱུར། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་མི་དམིགས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མི་ དམིགས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ནང་སྟོང་པ་ཉིད་མི་དམིགས། ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ ཏེ༑ ནང་སྟོང་པ་ཉིད་ཀྱང་མི་དམིགས་ན། ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཕྱི་སྟོང་པ་ཉིད་མི་དམིགས། ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་ དམིགས་ཏེ། ཕྱི་སྟོང་པ་ཉིད་ཀྱང་མི་དམིགས་ན། ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཕྱི་ནང་སྟོང་པ་ཉིད་མི་དམིགས། ཕྱི་ནང་སྟོང་པ་ཉིད་ཀྱི་ དེ་བཞིན་ཉིད་མི་དམིགས་ཏེ། ཕྱི་ནང་སྟོང་པ་ཉིད་ཀྱང་མི་དམིགས་ན། ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་སྟོང་པ་ཉིད་སྟོང་པ་ཉིད་མི་ [42A]༄༅། །དམིགས། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་མི་དམིགས་ན། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཆེན་པོ་སྟོང་པ་ཉིད་མི་དམིགས། ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། ཆེན་པོ་སྟོང་པ་ཉིད་ཀྱང་མི་དམིགས་ན། ཆེན་པོ་ སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་དོན་དམ་པ་སྟོང་པ་ཉིད་མི་དམིགས། དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། དོན་དམ་པ་སྟོང་པ་ ཉིད་ཀྱང་མི་དམིགས་ན། དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་འདུས་བྱས་སྟོང་པ་ཉིད་མི་དམིགས། འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ མི་དམིགས་ཏེ། འདུས་བྱས་སྟོང་པ་ཉིད་ཀྱང་མི་དམིགས་ན། འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་འདུས་མ་བྱས་སྟོང་པ་ཉིད་མི་དམིགས་ འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། འདུས་མ་བྱས་སྟོང་པ་ཉིད་ཀྱང་མི་དམིགས་ན། འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་ འགྱུར། དེ་ལ་མཐའ་ལས་འདས་པ་སྟོང་པ་ཉིད་མི་དམིགས། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་མི་དམིགས་ [42B] མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མི་དམིགས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་མི་དམིགས་ཏེ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱང་མི་དམིགས་ན། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་དོར་བ་མེད་པ་སྟོང་ པ་ཉིད་མི་དམིགས། དོར་བ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། དོར་བ་མེད་པ་སྟོང་པ་ཉིད་ཀྱང་མི་དམིགས་ན། དོར་བ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ ག་ལ་འགྱུར། དེ་ལ་རང་བཞིན་སྟོང་པ་ཉིད་མི་དམིགས། རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། རང་བཞིན་སྟོང་པ་ཉིད་ཀྱང་མི་དམིགས་ན། རང་བཞིན་སྟོང་པ་ཉིད་ཀྱི་དེ་ བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཆོས་ཐམས་ཅད་སྟོང་པ་ཉིད་མི་དམིགས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ ཀྱང་མི་དམིགས་ན། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རང་གི་མཚན་ཉིད་སྟོང་པ་ཉིད་མི་དམིགས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ དེ་བཞིན་ཉིད་མི་དམིགས་ཏེ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་མི་དམིགས་ན། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་མི་དམིགས་པ་ [43A]༄༅། །སྟོང་པ་ཉིད་མི་དམིགས། མི་དམིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། མི་དམིགས་པ་སྟོང་པ་ཉིད་ཀྱང་མི་དམིགས་ན། མི་དམིགས་པ་སྟོང་པ་ ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་དངོས་པོ་མེད་པ་སྟོང་པ་ཉིད་མི་དམིགས། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། དངོས་པོ་མེད་པ་ སྟོང་པ་ཉིད་ཀྱང་མི་དམིགས་ན། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ངོ་བོ་ཉིད་སྟོང་པ་ཉིད་མི་དམིགས། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་ བཞིན་ཉིད་མི་དམིགས་ཏེ། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མི་དམིགས་ན། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་དངོས་པོ་མེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་མི་དམིགས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མི་དམིགས་ན། དངོས་པོ་མེད་ པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་དྲན་པ་ཉེ་བར་བཞག་པ་རྣམས་མི་དམིགས། དྲན་པ་ཉེ་བར་བཞག་པའི་དེ་བཞིན་ཉིད་མི་ དམིགས་ཏེ། དྲན་པ་ཉེ་བར་བཞག་པ་ཉིད་ཀྱང་མི་དམིགས་ན། དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཡང་དག་པར་སྤོང་བ་ [43B] ཡང་དག་པར་སྤོང་བའི་དེ་བཞིན་ཉིད་མི་དམིགས་ཏེ། ཡང་དག་པར་སྤོང་བ་ཉིད་ཀྱང་མི་དམིགས་ན། ཡང་དག་པར་སྤོང་བ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ ག་ལ་འགྱུར། དེ་ལ་རྫུ་འཕྲུལ་གྱི་རྐང་པ་རྣམས་མི་དམིགས། རྫུ་འཕྲུལ་གྱི་རྐང་པའི་དེ་བཞིན་ཉིད་མི་དམིགས་ཏེ། རྫུ་འཕྲུལ་གྱི་རྐང་པ་ཉིད་ཀྱང་མི་དམིགས་ན། རྫུ་འཕྲུལ་གྱི་རྐང་པ་རྣམས་ ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་དབང་པོ་རྣམས་མི་དམིགས། དབང་པོའི་དེ་བཞིན་ཉིད་མི་དམིགས་ཏེ། དབང་པོ་ཉིད་ཀྱང་མི་དམིགས་ན། དབང་པོ་རྣམས་ཀྱི་དེ་ བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་སྟོབས་རྣམས་མི་དམིགས་སྟོབས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། སྟོབས་ཉིད་ཀྱང་མི་དམིགས་ན། སྟོབས་རྣམས་ཀྱི་དེ་བཞིན་ ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་བྱང་ཆུབ་ཀྱི་ཡན་ལག་རྣམས་མི་དམིགས། བྱང་ཆུབ་ཀྱི་ཡན་ལག་གི་དེ་བཞིན་ཉིད་མི་དམིགས་ཏེ། བྱང་ཆུབ་ཀྱི་ཡན་ལག་ཉིད་ཀྱང་མི་དམིགས་ ན༑ བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་འཕགས་པའི་ལམ་ཡན་ལག་བརྒྱད་པ་མི་དམིགས་འཕགས་པའི་ལམ་ཡན་ལག་བརྒྱད་ པའི་དེ་བཞིན་ཉིད་མི་དམིགས་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཉིད་ཀྱང་མི་དམིགས་ན། འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ [44A]༄༅། །ལ་འགྱུར། དེ་ལ་འཕགས་པའི་བདེན་པ་རྣམས་མི་དམིགས་འཕགས་པའི་བདེན་པའི་དེ་བཞིན་ཉིད་མི་དམིགས་ཏེ། འཕགས་པའི་བདེན་པ་ཉིད་ ཀྱང་མི་དམིགས་ན། འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་བསམ་གཏན་རྣམས་མི་དམིགས། བསམ་གཏན་གྱི་དེ་བཞིན་ ཉིད་མི་དམིགས་ཏེ། བསམ་གཏན་ཉིད་ཀྱང་མི་དམིགས་ན། བསམ་གཏན་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཚད་མེད་པ་རྣམས་མི་དམིགས་ ཚད་མེད་པའི་དེ་བཞིན་ཉིད་མི་དམིགས་ཏེ། ཚད་མེད་པ་ཉིད་ཀྱང་མི་དམིགས་ན། ཚད་མེད་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་གཟུགས་མེད་པའི་སྙོམས་ པར་འཇུག་པ་རྣམས་མི་དམིགས། གཟུགས་མེད་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་མི་དམིགས་ཏེ། གཟུགས་མེད་པའི་སྙོམས་པར་འཇུག་པ་ཉིད་ཀྱང་མི་དམིགས་ ན༑ གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རྣམ་པར་ཐར་པ་རྣམས་མི་དམིགས་རྣམ་པར་ཐར་པའི་དེ་བཞིན་ ཉིད་མི་དམིགས་ཏེ། རྣམ་པར་ཐར་པ་ཉིད་ཀྱང་མི་དམིགས་ན། རྣམ་པར་ཐར་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་མཐར་གྱིས་གནས་པའི་སྙོམས་ [44B] མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་མི་དམིགས་ཏེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ཉིད་ཀྱང་མི་དམིགས་ ན༑ མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་ མེད་པ་མི་དམིགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་དེ་བཞིན་ཉིད་མི་དམིགས་ཏེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་ མ་མེད་པ་དང། སྨོན་པ་མེད་པ་ཉིད་ཀྱང་མི་དམིགས་ན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར་ དེ་ལ་མངོན་པར་ཤེས་པ་རྣམས་མི་དམིགས། མངོན་པར་ཤེས་པའི་དེ་བཞིན་ཉིད་མི་དམིགས་ཏེ། མངོན་པར་ཤེས་པ་ཉིད་ཀྱང་མི་དམིགས་ན་མངོན་པར་ཤེས་པ་རྣམས་ ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཏིང་ངེ་འཛིན་རྣམས་མི་དམིགས། ཏིང་ངེ་འཛིན་གྱི་དེ་བཞིན་ཉིད་མི་དམིགས་ཏེ་ཏིང་ངེ་འཛིན་ཉིད་ཀྱང་མི་དམིགས་ན་ ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར་དེ་ལ་གཟུངས་ཀྱི་སྒོ་རྣམས་མི་དམིགས། གཟུངས་ཀྱི་སྒོའི་དེ་བཞིན་ཉིད་མི་དམིགས་ཏེ། གཟུངས་ཀྱི་སྒོ་ [45A]༄༅། །ཉིད་ཀྱང་མི་དམིགས་ན། གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་དེ་བཞིན་གཤེགས་པའི་སྟོབས་རྣམས་མི་ དམིགས། དེ་བཞིན་གཤེགས་པའི་སྟོབས་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ་དེ་བཞིན་གཤེགས་པའི་སྟོབས་ཉིད་ཀྱང་མི་དམིགས་ན། དེ་བཞིན་གཤེགས་པའི་སྟོབས་རྣམས་ ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་མི་འཇིགས་པ་རྣམས་མི་དམིགས། མི་འཇིགས་པའི་དེ་བཞིན་ཉིད་མི་དམིགས་ཏེ། མི་འཇིགས་པ་ཉིད་ཀྱང་མི་དམིགས་ ན༑ མི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་སོ་སོ་ཡང་དག་པར་རིག་པ་རྣམས་མི་དམིགས། སོ་སོ་ཡང་དག་པར་རིག་པའི་དེ་བཞིན་ ཉིད་མི་དམིགས་ཏེ། སོ་སོ་ཡང་དག་པར་རིག་པ་ཉིད་ཀྱང་མི་དམིགས་ན། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་བྱམས་ པ་ཆེན་པོ་མི་དམིགས། བྱམས་པ་ཆེན་པོའི་དེ་བཞིན་ཉིད་མི་དམིགས་ཏེ། བྱམས་པ་ཆེན་པོ་ཉིད་ཀྱང་མི་དམིགས་ན། བྱམས་པ་ཆེན་པོའི་དེ་བཞིན་ཉིད་ལྟ་དམིགས་པར་ ག་ལ་འགྱུར། དེ་ལ་སྙིང་རྗེ་ཆེན་པོ་མི་དམིགས། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་མི་དམིགས་ཏེ། སྙིང་རྗེ་ཆེན་པོ་ཉིད་ཀྱང་མི་དམིགས་ན། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ [45B] དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མི་དམིགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་དེ་བཞིན་ཉིད་མི་དམིགས་ཏེ། སངས་རྒྱས་ཀྱི་ཆོས་མ་ འདྲེས་པ་ཉིད་ཀྱང་མི་དམིགས་ན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་མི་དམིགས། རྒྱུན་དུ་ ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་མི་དམིགས་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཉིད་ཀྱང་མི་དམིགས་ན། རྒྱུན་དུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་ འགྱུར། དེ་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་མི་དམིགས། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་མི་དམིགས་ཏེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཉིད་ཀྱང་མི་ དམིགས་ན། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་ཕྱིར་མི་འོང་བའི་འབྲས་བུ་མི་དམིགས། ཕྱིར་མི་འོང་བའི་འབྲས་བུའི་དེ་བཞིན་ ཉིད་མི་དམིགས་ཏེ། ཕྱིར་མི་འོང་བའི་འབྲས་བུ་ཉིད་ཀྱང་མི་དམིགས་ན། ཕྱིར་མི་འོང་བའི་འབྲས་བུའི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་དགྲ་བཅོམ་པ་ཉིད་མི་དམིགས་ དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། དགྲ་བཅོམ་པ་ཉིད་ཀྱང་མི་དམིགས་ན། དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རང་བྱང་ཆུབ་ [46A]༄༅། །མི་དམིགས། རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ་རང་བྱང་ཆུབ་ཉིད་ཀྱང་མི་དམིགས་ན། རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ ག་ལ་འགྱུར། དེ་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་མི་དམིགས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་མི་དམིགས་ཏེ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་མི་དམིགས་ ན༑ ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར། དེ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་ བཞིན་ཉིད་མི་དམིགས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མི་དམིགས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལྟ་དམིགས་པར་ག་ལ་འགྱུར།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་སོ་གཉིས་པ། །ཤཱ་རད་ཏིའི་བུ། དེ་བཞིན་ཉིད་དང་མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་ དེ་བཞིན་ཉིད་ཀྱི་ལེའུ་འདི་བཤད་པའི་ཚེ། དགེ་སློང་ཉིས་བརྒྱ་ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །དགེ་སློང་མ་ལྔ་བརྒྱ་ནི། ཆོས་རྣམས་ལ་ ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །བྱང་ཆུབ་སེམས་དཔའ་ལྔ་སྟོང་དང། ལྷ་དང་མི་རྣམས་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་བོ། །བྱང་ཆུབ་ [46B] ཉེ་བར་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ཏེ། ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ དག་གིས་ནི་སངས་རྒྱས་ལྔ་བརྒྱ་བསྙེན་བཀུར་ཏེ། ཐམས་ཅད་དུའང་སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས། བཟོད་པ་བསྒོམས། བརྩོན་འགྲུས་བརྩམས། བསམ་གཏན་བསྒྲུབས། ཤེས་ རབ་བསྒོམས་ཀྱང། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་མ་བཟུང་ཞིང། ཐབས་མཁས་པས་ཡོངས་སུ་མ་བཟུང་བས། སྦྱིན་པ་བྱིན་ཏེ། འདི་ནི་སྦྱིན་པའོ། །འདི་ལ་བདག་ གིས་སྦྱིན་པར་བྱའོ། །འདི་ནི་ཚུལ་ཁྲིམས་སོ། །བདག་གིས་ནི་བསྲུང་བར་བྱའོ། །འདི་ནི་བཟོད་པའོ། །བདག་གིས་ནི་བསྒོམ་པར་བྱའོ། །འདི་ནི་བརྩོན་འགྲུས་སོ། །བདག་གིས་ནི་བརྩམ་ པར་བྱའོ། །འདི་ནི་བསམ་གཏན་ནོ། །བདག་གིས་ནི་མཉམ་པར་བཞག་པར་བྱའོ། །འདི་ནི་ཤེས་རབ་བོ། །བདག་གིས་ནི་བསྒོམ་པར་བྱའོ། ཞེས་ཐ་དད་པར་སྤྱོད་པས། དེ་དག་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང། ཐབས་མཁས་པས་ཡོངས་སུ་མ་བཟུང་བར་སྦྱིན་པ་གཏོང། ཚུལ་ཁྲིམས་སྲུང། བཟོད་པ་སྒོམ། བརྩོན་འགྲུས་རྩོམ། བསམ་གཏན་ལ་མཉམ་ པར་གཞོག་ཤེས་རབ་སྒོམ་པར་བྱེད་ཅིང། དེ་དག་འདུ་ཤེས་སྣ་ཚོགས་ཀྱིས་སྤྱོད་པས། ཐ་མི་དད་པ་མི་དམིགས་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་མ་ཞུགས་སོ། །དེ་ [47A]༄༅། །དག་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་མ་ཞུགས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ། ཕྱིར་མི་འོང་ བའི་འབྲས་བུ་ཐོབ། དགྲ་བཅོམ་པ་ཉིད་ཐོབ་བོ། །ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་སྟོང་པ་ཉིད་དམ། མཚན་མ་མེད་པའམ། སྨོན་པ་ མེད་པ་ཡོད་མོད་ཀྱི། དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང། ཐབས་མཁས་པས་ཡོངས་སུ་མ་བཟུང་ན། ཡང་དག་པའི་མཐའ་མངོན་དུ་བྱས་ནས། ཉན་ཐོས་སམ་ རང་སངས་རྒྱས་སུ་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ་སྟོང་པ་ཉིད་དང། མཚན་མ་མ་མཆིས་པ་དང། སྨོན་པ་མ་མཆིས་པའི་ཆོས་དེ་དག་ཉིད་ལ་སྒོམ་དུ་ འྡྲའང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང། ཐབས་མཁས་པ་དང་བྲལ་བ་རྣམས་ནི་ཡང་དག་པའི་མཐའ་མངོན་དུ་བགྱིས་ཤིང། ཉན་ཐོས་དང། རང་སངས་རྒྱས་ སུ་འགྱུར་ལ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་ཐབས་མཁས་པས་ཡོངས་སུ་བཟུང་བ་དག་ནི་སྟོང་པ་ཉིད་དང། མཚན་མ་མ་མཆིས་པ་དང། སྨོན་པ་མ་མཆིས་ པའི་ཆོས་དེ་དག་ཉིད་ལ་སྒོམ་དུ་བས་ཀྱང་ཐབས་མཁས་པ་ལ་བརྟེན་ཅིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ [47B] ཤཱ་རད་ཏིའི་བུ། འདི་ལ་ཁ་ཅིག་རྣམ་པ་ཐམས་ཅད་མཁྱེན་པའི་སེམས་དང་བྲལ་བ། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ ཆོས་འབའ་ཤིག་སྒོམ་པ་ནི་ཐབས་མཁས་པ་མ་ཐོབ་པས། ཉན་ཐོས་དང་རང་སངས་རྒྱས་དག་ཏུ་འགྱུར་རོ། །ཤཱ་རད་ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མ་བྲལ་བ་རྣམས་ནི། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ཆོས་རྣམས་ལ་སྒོམ་ཞིང། ཐབས་མཁས་པ་ཐོབ་པས་བྱང་ཆུབ་ སེམས་དཔའི་སྐྱོན་མེད་པར་འཇུག་ཅིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་།ཤཱ་རད་ཏིའི་བུ། འདི་ལྟ་སྟེ། དཔེར་ན། བྱ་ཞིག་ལ་ ལུས་དཔག་ཚད་བརྒྱ་པའམ། དཔག་ཚད་ཉིས་བརྒྱ་པའམ། དཔག་ཚད་སུམ་བརྒྱ་པའམ། དཔག་ཚད་བཞི་བརྒྱ་པའམ། དཔག་ཚད་ལྔ་བརྒྱ་པ་ཞིག་ཡོད་ལ། དེ་སུམ་ཅུ་རྩ་གསུམ་ གྱི་ལྷའི་རིས་ནས་འདིར་འོང་བར་འདོད་ལ། བྱ་དེ་ལ་འདབ་མ་མེད་པ་ཞིག་སྟེ། དེ་ཛམྦུའི་གླིང་དུ་གནས་སོ་སྙམ་ནས། སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་ནས་བདག་ཉིད་མཆོངས་ན་ ཤཱ་རད་ཏིའི་བུ། དེ་ལ་ཇི་སྙམ་དུ་སེམས། གལ་ཏེ་བྱ་དེ་ལམ་ནས་མལ་བདག་གིས་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་སུ་གནས་པར་བྱའོ་སྙམ་དུ་སེམས་ན། ཤཱ་རད་ཏིའི་བུ། དེ་ལ་ [48A]༄༅། །ཇི་སྙམ་དུ་སེམས། བྱ་དེས་ཕྱིར་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་སུ་གནས་པར་ནུས་སམ། གསོལ་པ། བཅོམ་ལྡན་འདས། དེ་ལྟ་མ་ལགས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ལམ་ནས་འདི་སྙམ་དུ་མ་ལ་བདག་གིས་ཅི་ནས་ཀྱང་མ་སྨས་མ་སྣད་པར་ཛམྦུའི་གླིང་དུ་འདུག་པར་བྱའོ་སྙམ་ན། ཤཱ་རད་ཏིའི་བུ། དེ་ལ་ ཇི་སྙམ་དུ་སེམས། བྱ་དེ་ཛམྦུའི་གླིང་དུ་མ་སྨས་མ་སྣད་པར་འདུག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། དེ་ནི་མ་ལགས་སོ་།བཅོམ་ལྡན་འདས། དེ་ནི་ཛམྦུའི་གླིང་དུ་ ལྷུང་ནས། སྨས་པ་འམ་སྣད་པར་ཡང་འགྱུར། འགུམ་པའམ་གུམ་ལ་ཐུག་པར་སྡུག་བསྔལ་བར་ཡང་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན་བཅོམ་ལྡན་འདས། དེ་ལྟར་ལུས་ཆེ་ལ་ འདབ་མ་མ་མཆིས་པ་དེ་ནི། དེ་ལྟར་འགྱུར་དུ་གདོན་མི་འཚལ་ལོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རད་ཏིའི་བུ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བསྐལ་པ་ གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སྦྱིན་པ་གཏོང་ཞིང། ཚུལ་ཁྲིམས་སྲུང། བཟོད་པ་སྒོམ། བརྩོན་འགྲུས་རྩོམ། བསམ་གཏན་ལ་མཉམ་པར་གཞོག་ཅིང། བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཕྱིར་དེའི་སྨོན་པའང་ཆེ། དེའི་སེམས་བསྐྱེད་པའང་ཆེ། ཡོངས་སུ་འཛིན་པའང་ཚད་མེད་དུ་ཟིན་ཀྱང་ [48B]པས་ཡོངས་སུ་མ་བཟུང་ན། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྟུང་ངོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་ སེམས་དཔའ་དེས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་དང་མི་ལྡན་པར་སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས། བཟོད་པ་བསྒོམས་བརྩོན་འགྲུས་བརྩམས། བསམ་གཏན་ བསྒྲུབས་པས། བྱང་ཆུབ་སེམས་དཔའ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང། ཐབས་མཁས་པས་ཡོངས་སུ་མ་བཟུང་བའི་ཕྱིར། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ སར་ལྟུང་ངོ། །ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང་ ཤེས་རབ་དང། རྣམ་པར་གྲོལ་བ་དང། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་སེམས་ཤིང། འཛིན་ལ་མཚན་མར་བྱེད་ཀྱང། དེ་བཞིན་གཤེགས་པ་རྣམས་ཀྱི་ཚུལ་ཁྲིམས་ མི་ཤེས། ཏིང་ངེ་འཛིན་མི་ཤེས། ཤེས་རབ་མི་ཤེས། རྣམ་པར་གྲོལ་བ་མི་ཤེས། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་མི་ཤེས་ན། དེ་མི་ཤེས། ཁོང་དུ་མ་ཆུད་པས་སྟོང་པ་ ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་སྒྲ་ཐོས་ནས་དེ་ནི་དེ་དག་ལ་ཞི་བར་མཚན་མར་འཛིན་ཏེ། དེས་དེ་དག་ལ་ཞི་བར་མཚན་མར་བཟུང་ཞིང། བླ་ན་མེད་པ་ཡང་ [49A]༄༅། །དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ། །དེ་ལྟར་ཡོངས་སུ་བསྔོ་བའི་བྱང་ཆུབ་སེམས་དཔའ་ནི། ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་ས་ལ་ གནས་པར་འགྱུར་རོ། །ཤཱ་རད་ཏིའི་བུ། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་མཁས་པ་དང་བྲལ་བས་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་དེ་ནི་དེ་ལྟར་འགྱུར་དུ་གདོན་མི་ཟའོ། །ཤཱ་རད་ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐོག་མ་སེམས་བསྐྱེད་པ་ནས་ཉེ་ བར་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་བར་སྦྱིན་པ་གཏོང་ཞིང། ཚུལ་ཁྲིམས་སྲུང་བ་དང། བཟོད་པ་སྒྲུབ་པ་དང། བརྩོན་འགྲུས་རྩོམ་པ་དང། བསམ་ གཏན་ལ་མཉམ་པར་གཞོག་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་མཁས་པ་དང་མ་བྲལ་པ་སྟེ། འདས་པ་དང། མ་བྱོན་པ་དང། ད་ལྟར་བྱུང་བའི་སངས་རྒྱས་ བཅོམ་ལྡན་འདས་རྣམས་ཀྱི་ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང་ཤེས་རབ་དང། རྣམ་པར་གྲོལ་བ་དང། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དེ་ལ་མཚན་མར་མི་བྱེད་དེ་ སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དེ་ལ་མཚན་མར་མི་འཛིན། མཚན་མ་མེད་པའི་ཏིང་ངེ་འཛིན་ལ་མཚན་མར་མི་འཛིན། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་མཚན་མར་མི་འཛིན་ན། ཤཱ་ [49B] བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཉན་ཐོས་ཀྱི་ས་དང། རང་སངས་རྒྱས་ཀྱི་ས་ལ་གནས་པར་མི་འགྱུར་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཐོག་མ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྦྱིན་པ་བྱིན་ཡང་མཚན་མར་མ་བཟུང་ཚུལ་ཁྲིམས་བསྲུངས་ཀྱང་མཚན་མར་མ་ བཟུང། བཟོད་པ་བསྒྲུབས་ཀྱང་མཚན་མར་མ་བཟུང། བརྩོན་འགྲུས་བརྩམས་ཀྱང་མཚན་མར་མ་བཟུང། བསམ་གཏན་ལ་མཉམ་པར་བཞག་ཀྱང་མཚན་མར་མ་བཟུང། ཤེས་རབ་ བསྒོམས་ཀྱང་མཚན་མར་མ་བཟུང། འདས་པ་དང། མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཚུལ་ཁྲིམས་དང། ཏིང་ངེ་འཛིན་དང། ཤེས་རབ་དང་ རྣམ་པར་གྲོལ་བ་དང། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་མཚན་མར་མ་བཟུང། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ཏིང་ངེ་འཛིན་རྣམས་བསྒོམས་ཀྱང་ མཚན་མར་མ་བཟུང་ངོ། །ཤཱ་རད་ཏིའི་བུ། དེ་ལྟར་མཚན་མ་དང་བྲལ་བའི་སེམས་ཀྱིས་སྦྱིན་པ་ཡོངས་སུ་གཏོང་བ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་ཚུལ་ཁྲིམས་སྲུང་བ་ དང༑ མཚན་མ་དང་བྲལ་བའི་སེམས་ཀྱིས་བཟོད་པ་སྒྲུབ་པ་དང་མཚན་མ་དང་བྲལ་བའི་སེམས་ཀྱིས་བརྩོན་འགྲུས་རྩོམ་པ་དང་མཚན་མ་དང་བྲལ་བའི་སེམས་ཀྱིས་བསམ་ [50A]༄༅། །གཏན་ལ་མཉམ་པར་གཞོག་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་ཤེས་རབ་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་ནང་སྟོང་པ་ ཉིད་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་ཕྱི་སྟོང་པ་ཉིད་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་ཕྱི་ནང་སྟོང་པ་ཉིད་སྒོམ་པ་དང། མཚན་མ་དང་བྲལ་བའི་ སེམས་ཀྱིས་སྟོང་པ་ཉིད་སྟོང་པ་ཉིད་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་ཆེན་པོ་སྟོང་པ་ཉིད་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་དོན་དམ་པ་སྟོང་པ་ ཉིད་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་འདུས་བྱས་སྟོང་པ་ཉིད་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་འདུས་མ་བྱས་སྟོང་པ་ཉིད་སྒོམ་པ་དང། མཚན་ མ་དང་བྲལ་བའི་སེམས་ཀྱིས་མཐའ་ལས་འདས་པ་སྟོང་པ་ཉིད་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྒོམ་པ་དང། མཚན་མ་ དང་བྲལ་བའི་སེམས་ཀྱིས་དོར་བ་མེད་པ་སྟོང་པ་ཉིད་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་རང་བཞིན་སྟོང་པ་ཉིད་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་རང་གི་མཚན་ཉིད་སྟོང་པ་ཉིད་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་མི་ [50B] མཚན་མ་དང་བྲལ་བའི་སེམས་ཀྱིས་དངོས་པོ་མེད་པ་སྟོང་པ་ཉིད་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པ་དང་ མཚན་མ་དང་བྲལ་བའི་སེམས་ཀྱིས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་དྲན་པ་ཉེ་བར་བཞག་པ་རྣམས་སྒོམ་པ་དང། མཚན་མ་ དང་བྲལ་བའི་སེམས་ཀྱིས་ཡང་དག་པར་སྤོང་བ་རྣམས་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་རྫུ་འཕྲུལ་གྱི་རྐང་པ་རྣམས་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་ དབང་པོ་རྣམས་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་སྟོབས་རྣམས་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་བྱང་ཆུབ་ཀྱི་ཡན་ལག་རྣམས་སྒོམ་པ་དང། མཚན་ མ་དང་བྲལ་བའི་སེམས་ཀྱིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་འཕགས་པའི་བདེན་པ་རྣམས་སྒོམ་པ་དང། མཚན་མ་དང་ བྲལ་བའི་སེམས་ཀྱིས་བསམ་གཏན་རྣམས་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་ཚད་མེད་པ་རྣམས་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་གཟུགས་མེད་ པའི་སྙོམས་པར་འཇུག་པ་རྣམས་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་རྣམ་པར་ཐར་པ་རྣམས་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་མཐར་གྱིས་ [51A]༄༅། །གནས་པའི་སྙོམས་པར་འཇུག་པ་རྣམས་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་ པ་དང། སྨོན་པ་མེད་པ་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་མངོན་པར་ཤེས་པ་རྣམས་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་ཏིང་ངེ་འཛིན་རྣམས་ སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་གཟུངས་ཀྱི་སྒོ་རྣམས་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་དེ་བཞིན་གཤེགས་པའི་སྟོབས་རྣམས་སྒོམ་པ་དང་ མཚན་མ་དང་བྲལ་བའི་སེམས་ཀྱིས་མི་འཇིགས་པ་རྣམས་སྒོམ་པ་དང་མཚན་མ་དང་བྲལ་བའི་སེམས་ཀྱིས་སོ་སོ་ཡང་དག་པར་རིག་པ་རྣམས་སྒོམ་པ་དང། མཚན་མ་དང་ བྲལ་བའི་སེམས་ཀྱིས་སྙིང་རྗེ་ཆེན་པོ་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་ ཕྱིར་མི་འོང་བའི་འབྲས་བུ་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་དགྲ་བཅོམ་པ་ཉིད་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་རང་བྱང་ཆུབ་སྒོམ་པ་དང་ [51B]ཉིད་སྒོམ་པ་དང། མཚན་མ་དང་བྲལ་བའི་སེམས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྒོམ་པ་འདི་ནི། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་ཐབས་མཁས་པའོ། །གསོལ་པ། བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་མཁས་པ་དང་མ་བྲལ་ན་དེའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐེ་ཚོམ་མ་ མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། གང་མངོན་པར་རྫོགས་ པར་འཚང་རྒྱ་བ་དང། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་དང། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བའི་གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ་ རྣམ་པར་ཤེས་པའམ། མིག་གམ། རྣ་བའམ། སྣའམ། ལྕེའམ། ལུས་སམ་ཡིད་དམ། གཟུགས་སམ། སྒྲའམ། དྲིའམ། རོའམ། རེག་གམ། ཆོས་སམ་མིག་གི་རྣམ་པར་ཤེས་ པའམ། རྣ་བའི་རྣམ་པར་ཤེས་པའམ། སྣའི་རྣམ་པར་ཤེས་པའམ་ལྕེའི་རྣམ་པར་ཤེས་པའམ། ལུས་ཀྱི་རྣམ་པར་ཤེས་པ་འམ། ཡིད་ཀྱི་རྣམ་པར་ཤེས་པའམ། མིག་གི་འདུས་ཏེ་ [52A]༄༅། །རེག་པའམ། རྣ་བའི་འདུས་ཏེ་རེག་པའམ། སྣའི་འདུས་ཏེ་རེག་པའམ། ལྕེའི་འདུས་ཏེ་རེག་པའམ། ལུས་ཀྱི་འདུས་ཏེ་རེག་པའམ། ཡིད་ཀྱི་འདུས་ཏེ་རེག་པ་འམ་ མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའམ། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའམ། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའམ། ལྕེའི་འདུས་ཏེ་རེག་པ་ལས་བྱུང་ བའི་ཚོར་བའམ། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའམ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འམ། སའི་ཁམས་སམ། ཆུའི་ཁམས་སམ། མེའི་ཁམས་སམ་ རླུང་གི་ཁམས་སམ། ནམ་མཁའི་ཁམས་སམ། རྣམ་པར་ཤེས་པའི་ཁམས་སམ། མ་རིག་པའམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། མིང་དང་གཟུགས་སམ། སྐྱེ་མཆེད་ དྲུག་གམ། རེག་པའམ། ཚོར་བའམ། སྲེད་པ་འམ། ལེན་པའམ། སྲིད་པའམ། སྐྱེ་བའམ། རྒ་ཤི་འམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འམ་ བཟོད་པའི་ཕ་རོལ་ཏུ་ཕྱིན་པའམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ། ནང་སྟོང་པ་ཉིད་དམ། ཕྱི་ སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་དམ། འདུས་མ་བྱས་ [52B] མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དམ། དོར་བ་མེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ་ ཆོས་ཐམས་ཅད་སྟོང་པ་ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ། མི་དམིགས་པ་སྟོང་པ་ཉིད་དམ། དངོས་པོ་མེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མེད་ པའི་ངོ་བོ་ཉིད་སྟོང་པ་ཉིད་དམ། དྲན་པ་ཉེ་བར་བཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་ སམ༑ བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པའམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ་ཚད་མེད་པ་རྣམས་སམ་ གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ་རྣམ་པར་ཐར་པའི་སྒོ་སྟོང་ པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་ སྟོབས་རྣམས་སམ། མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ [53A]༄༅། །སམ༑ རྒྱུན་དུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ་ ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམ། ཆོས་གང་ཡང་དམིགས་པ་མ་མཆིས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་ བུའམ། རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དང་བྲལ་བ་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐེ་ཚོམ་མཆིས་པར་རིག་པར་བགྱི་ བ་སྟེ༑ དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་དག་གིས་སྦྱིན་པ་ཅི་དང་ཅི་བཏང་བ་དེ་ཐམས་ ཅད་མཚན་མར་བཟུང་སྟེ་བཏང། དེ་བཞིན་དུ་ཚུལ་ཁྲིམས་གང་དང་གང་བསྲུངས་པ་དང། བཟོད་པ་ཅི་དང་ཅི་བསྒྲུབས་པ་དང། བརྩོན་འགྲུས་གང་དང་གང་བརྩམས་པ་དང། བསམ་ གཏན་གང་དང་གང་ལ་མཉམ་པར་བཞག་པ་དང། ཤེས་རབ་གང་དང་གང་བསྒོམས་པ་དེ་དག་ཐམས་ཅད་མཚན་མར་བཟུང་སྟེ་བསྒོམས་པས། དེའི་སླད་དུ་བྱང་ཆུབ་སེམས་དཔའི་ ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཐེ་ཚོམ་མཆིས་པར་རིག་པར་བགྱིའོ། །བཅོམ་ལྡན་འདས། དེའི་སླད་དུ་ [53B]དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་ མཁས་པ་དང་བྲལ་བར་རིག་པར་བགྱིའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་ལ་གནས་ཏེ། མི་དམིགས་པའི་ཚུལ་གྱིས་མཚན་མ་མེད་པ་དང་ལྡན་པའི་སེམས་ཀྱིས་སྦྱིན་པ་ ཡོངས་སུ་གཏང་བར་བགྱིའོ། །ཚུལ་ཁྲིམས་བསྲུང་བར་བགྱིའོ། །བཟོད་པ་བསྒྲུབ་པར་བགྱིའོ། །བརྩོན་འགྲུས་བརྩམ་པར་བགྱིའོ། །བསམ་གཏན་ལ་མཉམ་པར་བཞག་པར་བགྱིའོ། ། ཤེས་རབ་བསྒོམ་པར་བགྱིའོ། །ནང་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །ཕྱི་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །ཕྱི་ནང་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱད་པར་ བགྱིའོ། །ཆེན་པོ་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །དོན་དམ་པ་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །འདུས་བྱས་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །འདུས་མ་བྱས་སྟོང་པ་ཉིད་ལ་སྤྱད་པར་ བགྱིའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ་།ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ་།དོར་བ་མེད་པ་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །རང་བཞིན་ སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །མི་དམིགས་པ་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། ། [54A]༄༅། །དངོས་པོ་མེད་པ་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱད་པར་བགྱིའོ། ། དྲན་པ་ཉེ་བར་བཞག་པ་རྣམས་ལ་སྤྱད་པར་བགྱིའོ། །ཡང་དག་པར་སྤོང་བ་རྣམས་ལ་སྤྱད་པར་བགྱིའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱད་པར་བགྱིའོ། །དབང་པོ་རྣམས་ལ་སྤྱད་ པར་བགྱིའོ། །སྟོབས་རྣམས་ལ་སྤྱད་པར་བགྱིའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱད་པར་བགྱིའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱད་པར་བགྱིའོ། །འཕགས་ པའི་བདེན་པ་རྣམས་ལ་སྤྱད་པར་བགྱིའོ། །བསམ་གཏན་རྣམས་ལ་སྤྱད་པར་བགྱིའོ། །ཚད་མེད་པ་རྣམས་ལ་སྤྱད་པར་བགྱིའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ ལ་སྤྱད་པར་བགྱིའོ། །རྣམ་པར་ཐར་པ་རྣམས་ལ་སྤྱད་པར་བགྱིའོ་།མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱད་པར་བགྱིའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་སྤྱད་པར་བགྱིའོ་།མངོན་པར་ཤེས་པ་རྣམས་ལ་སྤྱད་པར་བགྱིའོ། །ཏིང་ངེ་འཛིན་རྣམས་ལ་སྤྱད་པར་བགྱིའོ། །གཟུངས་ཀྱི་སྒོ་ རྣམས་ལ་སྤྱད་པར་བགྱིའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སྤྱད་པར་བགྱིའོ། །མི་འཇིགས་པ་རྣམས་ལ་སྤྱད་པར་བགྱིའོ། །སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱད་ [54B] །བྱམས་པ་ཆེན་པོ་ལ་སྤྱད་པར་བགྱིའོ། །སྙིང་རྗེ་ཆེན་པོ་ལ་སྤྱད་པར་བགྱིའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱད་པར་བགྱིའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ ལ་སྤྱད་པར་བགྱིའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སྤྱད་པར་བགྱིའོ། །ཕྱིར་མི་འོང་བའི་འབྲས་བུ་ལ་སྤྱད་པར་བགྱིའོ་།དགྲ་བཅོམ་པ་ཉིད་ལ་སྤྱད་པར་བགྱིའོ། །རང་བྱང་ཆུབ་ ལ་སྤྱད་པར་བགྱིའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱད་པར་བགྱིའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱད་པར་བགྱིའོ་།དེ་ནས་འདོད་པ་ན་སྤྱད་པ་དང། གཟུགས་ཡོད་པ་ ན་སྤྱོད་པའི་ལྷའི་བུ་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཆོས་ཐམས་ཅད་ མངོན་པར་རྫོགས་པར་འཚང་རྒྱ་བར་བགྱིད་ལ། ཆོས་དེ་དག་ཀྱང་མ་མཆིས་ཤིང་མི་དམིགས་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འབྱུང་བར་དཀའོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་དག། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ལྷའི་བུ་དག། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འབྱུང་བར་དཀའོ། །ལྷའི་ བུ་དག། ངས་ཀྱང་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དོན་དམ་པར་ན་གང་མངོན་པར་རྫོགས་པར་འཚང་རྒྱ་བའམ། གང་གིས་ [55A]༄༅། །མངོན་པར་རྫོགས་པར་འཚང་རྒྱ་བའམ། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཆོས་གང་ཡང་མི་དམིགས་སོ་།དེ་ཅིའི་ཕྱིར་ཞེ་ན། ལྷའི་བུ་ དག༑ ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་གང་འདི་ སྐད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་འབྱུང་བར་དཀའོ་ཞེས་གསུངས་པ། བཅོམ་ལྡན་འདས་ཀྱིས་ཇི་ལྟར་གསུངས་པའི་དོན་བདག་གིས་འཚལ་བ་དང། བདག་ སེམས་པ་ལྟར་ན། བཅོམ་ལྡན་འདས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བ་ནི་མི་དཀའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་ འདས། དེ་ནི་འདི་ལྟར་གང་ཡང་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས། གང་གིས་ཀྱང་མངོན་པར་རྫོགས་པར་འཚང་རྒྱ་བ་མ་མཆིས། གང་ཡང་མངོན་པར་རྫོགས་པར་ འཚང་རྒྱ་བར་བགྱི་བའང་མ་མཆིས་ཏེ། ཆོས་ཐམས་ཅད་ནི་སྟོང་པའོ། །ཆོས་ཐམས་ཅད་སྟོང་པ་ལ་ནི་གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང། གང་གིས་མངོན་པར་རྫོགས་ པར་འཚང་རྒྱ་བ་དང། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བའི་ཆོས་དེ་ལྟ་བུ་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི་འདི་ལྟར་ཆོས་ཐམས་ཅད་ [55B] ཆོས་གང་ཡང་འཕེལ་བར་བགྱི་བའི་སླད་དུའམ། ཡོངས་སུ་འགྲིབ་པར་བགྱི་བའི་སླད་དུ་སྦྱིན་པ་ཡོངས་སུ་གཏོང་བའམ། ཚུལ་ཁྲིམས་སྲུང་བའམ། བཟོད་པ་བསྒོམ་ པའམ། བརྩོན་འགྲུས་རྩོམ་པའམ། བསམ་གཏན་ལ་མཉམ་པར་བཞག་པའམ། ཤེས་རབ་བསྒོམ་པའམ། ནང་སྟོང་པ་ཉིད་བསྒོམ་པའམ། ཕྱི་སྟོང་པ་ཉིད་བསྒོམ་པའམ། ཕྱི་ནང་ སྟོང་པ་ཉིད་བསྒོམ་པའམ། སྟོང་པ་ཉིད་སྟོང་པ་ཉིད་བསྒོམ་པའམ། ཆེན་པོ་སྟོང་པ་ཉིད་བསྒོམ་པའམ། དོན་དམ་པ་སྟོང་པ་ཉིད་བསྒོམ་པའམ། འདུས་བྱས་སྟོང་པ་ཉིད་བསྒོམ་པའམ་ འདུས་མ་བྱས་སྟོང་པ་ཉིད་བསྒོམ་པ་འམ། མཐའ་ལས་འདས་པ་སྟོང་པ་ཉིད་བསྒོམ་པའམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་བསྒོམ་པའམ། དོར་བ་མེད་པ་སྟོང་པ་ཉིད་བསྒོམ་ པའམ། རང་བཞིན་སྟོང་པ་ཉིད་བསྒོམ་པའམ། ཆོས་ཐམས་ཅད་སྟོང་པ་ཉིད་བསྒོམ་པའམ། རང་གི་མཚན་ཉིད་སྟོང་པ་ཉིད་བསྒོམ་པའམ། མི་དམིགས་པ་སྟོང་པ་ཉིད་བསྒོམ་ པའམ། དངོས་པོ་མེད་པ་སྟོང་པ་ཉིད་བསྒོམ་པའམ། ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་པའམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྒོམ་པའམ། དྲན་པ་ཉེ་བར་བཞག་པ་རྣམས་ བསྒོམ་པའམ། ཡང་དག་པར་སྤོང་བ་རྣམས་བསྒོམ་པའམ། རྫུ་འཕྲུལ་གྱི་རྐང་པ་རྣམས་བསྒོམ་པའམ། དབང་པོ་རྣམས་བསྒོམ་པའམ། སྟོབས་རྣམས་བསྒོམ་པའམ། བྱང་ཆུབ་ [56A]༄༅། །ཀྱི་ཡན་ལག་རྣམས་བསྒོམ་པའམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པའམ། འཕགས་པའི་བདེན་པ་རྣམས་བསྒོམ་པའམ་བསམ་ གཏན་རྣམས་བསྒོམ་པའམ། ཚད་མེད་པ་རྣམས་བསྒོམ་པའམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པའམ། རྣམ་པར་ཐར་པ་རྣམས་བསྒོམ་པའམ་ མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པའམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་བསྒོམ་པ་འམ། མངོན་ པར་ཤེས་པ་རྣམས་བསྒོམ་པའམ། ཏིང་ངེ་འཛིན་རྣམས་བསྒོམ་པའམ་གཟུངས་ཀྱི་སྒོ་རྣམས་བསྒོམ་པའམ། དེ་བཞིན་གཤེགས་པའི་སྟོབས་རྣམས་བསྒོམ་པའམ། མི་ འཇིགས་པ་རྣམས་བསྒོམ་པའམ། སོ་སོ་ཡང་དག་པར་རིག་པ་རྣམས་བསྒོམ་པའམ། བྱམས་པ་ཆེན་པོ་བསྒོམ་པའམ། སྙིང་རྗེ་ཆེན་པོ་བསྒོམ་པའམ། སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་རྣམས་བསྒོམ་པའམ། རྒྱུན་དུ་ཞུགས་པའི་འབྲས་བུ་བསྒོམ་པའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་བསྒོམ་པ་འམ་ཕྱིར་མི་འོང་བའི་འབྲས་བུ་ བསྒོམ་པའམ། དགྲ་བཅོམ་པ་ཉིད་བསྒོམ་པའམ། རང་བྱང་ཆུབ་བསྒོམ་པའམ། ལམ་གྱི་རྣམ་པ་ཤེས་པ་ཉིད་བསྒོམ་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དུ་ [56B] གང་མངོན་པར་རྫོགས་པར་འཚང་རྒྱ་བའམ། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་འམ། གང་མངོན་པར་རྫོགས་པར་འཚང་རྒྱ་བར་ བགྱི་པའི་ཆོས་དེ་དག་ཐམས་ཅད་ཀྱང་སྟོང་པ་སྟེ། བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་འཚང་རྒྱ་བར་སླའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི་འདི་ལྟར་གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས་སྟོང་ངོ། །ཚོར་བ་ནི་ཚོར་བའི་རང་བཞིན་གྱིས་ སྟོང་ངོ། །འདུ་ཤེས་ནི་འདུ་ཤེས་ཀྱི་རང་བཞིན་གྱིས་སྟོང་ངོ་།འདུ་བྱེད་ནི་འདུ་བྱེད་ཀྱི་རང་བཞིན་གྱིས་སྟོང་ངོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་རང་བཞིན་གྱིས་སྟོང་ངོ། །མིག་ནི་མིག་ གི་རང་བཞིན་གྱིས་སྟོང་ངོ། །རྣ་བ་ནི་རྣ་བའི་རང་བཞིན་གྱིས་སྟོང་ངོ། །སྣ་ནི་སྣའི་རང་བཞིན་གྱིས་སྟོང་ངོ། །ལྕེ་ནི་ལྕེའི་རང་བཞིན་གྱིས་སྟོང་ངོ། །ལུས་ནི་ལུས་ཀྱི་རང་བཞིན་གྱིས་སྟོང་ངོ། ། ཡིད་ནི་ཡིད་ཀྱི་རང་བཞིན་གྱིས་སྟོང་ངོ། །གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས་སྟོང་ངོ། །སྒྲ་ནི་སྒྲའི་རང་བཞིན་གྱིས་སྟོང་ངོ། །དྲི་ནི་དྲིའི་རང་བཞིན་གྱིས་སྟོང་ངོ། །རོ་ནི་རོའི་རང་བཞིན་ གྱིས་སྟོང་ངོ། །རེག་ནི་རེག་གི་རང་བཞིན་གྱིས་སྟོང་ངོ། །ཆོས་ནི་ཆོས་ཀྱི་རང་བཞིན་གྱིས་སྟོང་ངོ། །མིག་གི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པའི་རང་བཞིན་གྱིས་སྟོང་ངོ། །རྣ་ [57A]༄༅། །བའི་རྣམ་པར་ཤེས་པ་ནི་རྣ་བའི་རྣམ་པར་ཤེས་པའི་རང་བཞིན་གྱིས་སྟོང་ངོ། །སྣའི་རྣམ་པར་ཤེས་པ་ནི་སྣའི་རྣམ་པར་ཤེས་པའི་རང་བཞིན་གྱིས་སྟོང་ངོ། །ལྕེའི་ རྣམ་པར་ཤེས་པ་ནི་ལྕེའི་རྣམ་པར་ཤེས་པའི་རང་བཞིན་གྱིས་སྟོང་ངོ། །ལུས་ཀྱི་རྣམ་པར་ཤེས་པ་ནི་ལུས་ཀྱི་རྣམ་པར་ཤེས་པའི་རང་བཞིན་གྱིས་སྟོང་ངོ། །ཡིད་ཀྱི་རྣམ་པར་ཤེས་ པ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་གྱིས་སྟོང་ངོ། །མིག་གི་འདུས་ཏེ་རེག་པ་ནི་མིག་གི་འདུས་ཏེ་རེག་པའི་རང་བཞིན་གྱིས་སྟོང་ངོ། །རྣ་བའི་འདུས་ཏེ་རེག་པ་ནི་རྣ་བའི་འདུས་ ཏེ་རེག་པའི་རང་བཞིན་གྱིས་སྟོང་ངོ། །སྣའི་འདུས་ཏེ་རེག་པ་ནི་སྣའི་འདུས་ཏེ་རེག་པའི་རང་བཞིན་གྱིས་སྟོང་ངོ། །ལྕེའི་འདུས་ཏེ་རེག་པ་ནི་ལྕེའི་འདུས་ཏེ་རེག་པའི་རང་བཞིན་གྱིས་ སྟོང་ངོ། །ལུས་ཀྱི་འདུས་ཏེ་རེག་པ་ནི་ལུས་ཀྱི་འདུས་ཏེ་རེག་པའི་རང་བཞིན་གྱིས་སྟོང་ངོ། །ཡིད་ཀྱི་འདུས་ཏེ་རེག་པ་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རང་བཞིན་གྱིས་སྟོང་ངོ། །མིག་གི་ འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རང་བཞིན་གྱིས་སྟོང་ངོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་རྣ་བའི་འདུས་ ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རང་བཞིན་གྱིས་སྟོང་ངོ་།སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རང་བཞིན་གྱིས་སྟོང་ངོ། ། [57B]རེག་པ་ལས་བྱུང་བའི་ཚོར་བའི་རང་བཞིན་གྱིས་སྟོང་ངོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་ལུས་ཀྱི་འདུས་ཏེ་རེག་པ་ ལས་བྱུང་བའི་ཚོར་བའི་རང་བཞིན་གྱིས་སྟོང་ངོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནི་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་རང་བཞིན་གྱིས་སྟོང་ངོ། །སའི་ཁམས་ ནི་སའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ། །ཆུའི་ཁམས་ནི་ཆུའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ། །མེའི་ཁམས་ནི་མེའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ། །རླུང་གི་ཁམས་ནི་རླུང་གི་ ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ། །ནམ་མཁའི་ཁམས་ནི་ནམ་མཁའི་ཁམས་ཀྱི་རང་བཞིན་གྱིས་སྟོང་ངོ། །རྣམ་པར་ཤེས་པའི་ཁམས་ནི་རྣམ་པར་ཤེས་པའི་ཁམས་ཀྱི་རང་བཞིན་ གྱིས་སྟོང་ངོ། །མ་རིག་པ་ནི་མ་རིག་པའི་རང་བཞིན་གྱིས་སྟོང་ངོ། །འདུ་བྱེད་ནི་འདུ་བྱེད་ཀྱི་རང་བཞིན་གྱིས་སྟོང་ངོ། །རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་རང་བཞིན་གྱིས་སྟོང་ངོ། ། མིང་དང་གཟུགས་ནི་མིང་དང་གཟུགས་ཀྱི་རང་བཞིན་གྱིས་སྟོང་ངོ་།སྐྱེ་མཆེད་དྲུག་ནི་སྐྱེ་མཆེད་དྲུག་གི་རང་བཞིན་གྱིས་སྟོང་ངོ་།རེག་པ་ནི་རེག་པའི་རང་བཞིན་གྱིས་སྟོང་ངོ། །ཚོར་བ་ནི་ ཚོར་བའི་རང་བཞིན་གྱིས་སྟོང་ངོ། །སྲེད་པ་ནི་སྲེད་པའི་རང་བཞིན་གྱིས་སྟོང་ངོ། །ལེན་པ་ནི་ལེན་པའི་རང་བཞིན་གྱིས་སྟོང་ངོ། །སྲིད་པ་ནི་སྲིད་པའི་རང་བཞིན་གྱིས་སྟོང་ངོ། །སྐྱེ་བ་ནི་སྐྱེ་ [58A]༄༅། །བའི་རང་བཞིན་གྱིས་སྟོང་ངོ། །རྒ་ཤི་ནི་རྒ་ཤིའི་རང་བཞིན་གྱིས་སྟོང་ངོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་སྟོང་ ངོ༑ ༑ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་སྟོང་ངོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་ སྟོང་ངོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་སྟོང་ངོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ རང་བཞིན་གྱིས་སྟོང་ངོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་སྟོང་ངོ་།ནང་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ། ། ཕྱི་སྟོང་པ་ཉིད་ནི་ཕྱི་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ། །ཕྱི་ནང་སྟོང་པ་ཉིད་ནི་ཕྱི་ནང་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་སྟོང་པ་ཉིད་སྟོང་པ་ ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ། །ཆེན་པོ་སྟོང་པ་ཉིད་ནི་ཆེན་པོ་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ། །དོན་དམ་པ་སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་ སྟོང་ངོ། །འདུས་བྱས་སྟོང་པ་ཉིད་ནི་འདུས་བྱས་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ། །འདུས་མ་བྱས་སྟོང་པ་ཉིད་ནི་འདུས་མ་བྱས་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ། ། [58B]པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་ སྟོང་ངོ། །དོར་བ་མེད་པ་སྟོང་པ་ཉིད་ནི་དོར་བ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ། །རང་བཞིན་སྟོང་པ་ཉིད་ནི་རང་བཞིན་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ། །ཆོས་ཐམས་ཅད་ སྟོང་པ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ། །མི་དམིགས་པ་སྟོང་པ་ ཉིད་ནི་མི་དམིགས་པ་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ་།དངོས་པོ་མེད་པ་སྟོང་པ་ཉིད་ནི་དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་ངོ་བོ་ཉིད་ སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ། །དྲན་པ་ཉེ་བར་བཞག་པ་རྣམས་ནི་ དྲན་པ་ཉེ་བར་བཞག་པའི་རང་བཞིན་གྱིས་སྟོང་ངོ། །ཡང་དག་པར་སྤོང་བ་རྣམས་ནི་ཡང་དག་པར་སྤོང་བའི་རང་བཞིན་གྱིས་སྟོང་ངོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་རྫུ་འཕྲུལ་གྱི་རྐང་ པའི་རང་བཞིན་གྱིས་སྟོང་ངོ། །དབང་པོ་རྣམས་ནི་དབང་པོའི་རང་བཞིན་གྱིས་སྟོང་ངོ། །སྟོབས་རྣམས་ནི་སྟོབས་ཀྱི་རང་བཞིན་གྱིས་སྟོང་ངོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་བྱང་ [59A]༄༅། །ཆུབ་ཀྱི་ཡན་ལག་གི་རང་བཞིན་གྱིས་སྟོང་ངོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་རང་བཞིན་ གྱིས་སྟོང་ངོ། །འཕགས་པའི་བདེན་པ་རྣམས་ནི་འཕགས་པའི་བདེན་པའི་རང་བཞིན་གྱིས་སྟོང་ངོ། །བསམ་གཏན་རྣམས་ནི་བསམ་གཏན་གྱི་རང་བཞིན་གྱིས་སྟོང་ངོ། །ཚད་མེད་ པ་རྣམས་ནི་ཚད་མེད་པའི་རང་བཞིན་གྱིས་སྟོང་ངོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་གཟུགས་མེད་པའི་སྙོམས་པར་འཇུག་པའི་རང་བཞིན་གྱིས་སྟོང་ངོ། །རྣམ་ པར་ཐར་པ་རྣམས་ནི་རྣམ་པར་ཐར་པའི་རང་བཞིན་གྱིས་སྟོང་ངོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་རང་ བཞིན་གྱིས་སྟོང་ངོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་ མེད་པའི་རང་བཞིན་གྱིས་སྟོང་ངོ། །མངོན་པར་ཤེས་པ་རྣམས་ནི་མངོན་པར་ཤེས་པའི་རང་བཞིན་གྱིས་སྟོང་ངོ། །ཏིང་ངེ་འཛིན་རྣམས་ནི་ཏིང་ངེ་འཛིན་གྱི་རང་བཞིན་གྱིས་སྟོང་ ངོ༑ ༑གཟུངས་ཀྱི་སྒོ་རྣམས་ནི་གཟུངས་ཀྱི་སྒོའི་རང་བཞིན་གྱིས་སྟོང་ངོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་དེ་བཞིན་གཤེགས་པའི་སྟོབས་ཀྱི་རང་བཞིན་གྱིས་སྟོང་ངོ། ། [59B]ངོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་སོ་སོ་ཡང་དག་པར་རིག་པའི་རང་བཞིན་གྱིས་སྟོང་ངོ། །བྱམས་པ་ཆེན་པོ་ནི་ བྱམས་པ་ཆེན་པོའི་རང་བཞིན་གྱིས་སྟོང་ངོ། །སྙིང་རྗེ་ཆེན་པོ་ནི་སྙིང་རྗེ་ཆེན་པོའི་རང་བཞིན་གྱིས་སྟོང་ངོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ རང་བཞིན་གྱིས་སྟོང་ངོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ནི་རྒྱུན་དུ་ཞུགས་པའི་འབྲས་བུའི་རང་བཞིན་གྱིས་སྟོང་ངོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་ལན་ཅིག་ཕྱིར་འོང་བའི་ འབྲས་བུའི་རང་བཞིན་གྱིས་སྟོང་ངོ། །ཕྱིར་མི་འོང་བའི་འབྲས་བུ་ནི་ཕྱིར་མི་འོང་བའི་འབྲས་བུའི་རང་བཞིན་གྱིས་སྟོང་ངོ་།དགྲ་བཅོམ་པ་ཉིད་ནི་དགྲ་བཅོམ་པ་ཉིད་ཀྱི་རང་བཞིན་གྱིས་ སྟོང་ངོ། །རང་བྱང་ཆུབ་ནི་བྱང་ཆུབ་ཀྱི་རང་བཞིན་གྱིས་སྟོང་ངོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ། །རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་གྱིས་སྟོང་ངོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་ འབྱོར་རྣམ་གྲངས་དེས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་དཀའ་བ་སྟེ་དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་རབ་འབྱོར་ [60A]༄༅། །དེ་ནི་འདི་ལྟར་ནམ་མཁའ་ནི་འདི་སྙམ་དུ་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་ མི་སེམས་སོ། ཚེ་དང་ལྡན་པ་རབ་འབྱོར། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའང་འདི་སྙམ་དུ་བདག་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པའི་ཕྱིར་ཏེ། འོན་ཀྱང་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་མོས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་ རྒྱའོ༑ ༑གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་མོས་པར་བྱེད་ཀྱང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་འཚང་རྒྱ་བར་སླ་སྟེ། མངོན་པར་རྫོགས་པར་འཚང་རྒྱ་བར་དཀའ་བ་མེད་ན་ནི། བྱང་ཆུབ་སེམས་དཔའ་གངྒཱའི་ཀླུང་གི་བྱེ་མ་སྙེད་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་ཡང་མི་འགྱུར་རོ་།ཚེ་དང་ལྡན་པ་རབ་འབྱོར། རྣམ་གྲངས་དེས་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ [60B] མངོན་པར་རྫོགས་པར་འཚང་རྒྱ་བར་སླ་བ་མ་ཡིན་པར་ཤེས་སོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས་ གཟུགས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་ཅི་ཚོར་བ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་འདུ་ཤེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ གམ༑ སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་ཅི་འདུ་བྱེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་ འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་རྣམ་པར་ཤེས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། ། སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། མིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་ མ་ཡིན་ནོ། །སྨྲས་པ། འོ་ན་ཅི་རྣ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་ [61A]༄༅། །སྣ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་ལྕེ་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་ལུས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་སྲབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་ཅི་ཡིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་ རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། གཟུགས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་ དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན། ཅི་སྒྲ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། ། སྨྲས་པ། འོ་ན་ཅི་དྲི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་རོ་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་རེག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ [61B] སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་ཆོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། མིག་གི་རྣམ་པར་ཤེས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ གམ༑ སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་ཅི་རྣ་བའི་རྣམ་པར་ཤེས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་སྣའི་རྣམ་པར་ཤེས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་ འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་ལྕེའི་རྣམ་པར་ཤེས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ ནོ༑ ༑སྨྲས་པ། འོ་ན་ཅི་ལུས་ཀྱི་རྣམ་པར་ཤེས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ་ འོ་ན་ཅི་ཡིད་ཀྱི་རྣམ་པར་ཤེས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ [62A]༄༅། །ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། མིག་གི་འདུས་ཏེ་རེག་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་རྣ་བའི་འདུས་ཏེ་རེག་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་ འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་སྣའི་འདུས་ཏེ་རེག་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་ལྕེའི་འདུས་ཏེ་རེག་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་ སྨྲས་པ། འོ་ན་ཅི་ལུས་ཀྱི་འདུས་ཏེ་རེག་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ་ འོ་ན་ཅི་ཡིད་ཀྱི་འདུས་ཏེ་རེག་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་ [62B] དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་ པ༑ ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་ སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་ཅི་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། སའི་ཁམས་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་ཆུའི་ཁམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ [63A]༄༅། །ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་མེའི་ཁམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ གམ༑ སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་ཅི་རླུང་གི་ཁམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་ པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་ནམ་མཁའི་ཁམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། །དེ་ནི་མ་ ཡིན་ནོ། །སྨྲས་པ། འོ་ན་ཅི་རྣམ་པར་ཤེས་པའི་ཁམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་ པ༑ ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། མ་རིག་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ ཡིན་ནོ། །སྨྲས་པ། འོ་ན་ཅི་འདུ་བྱེད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་རྣམ་ པར་ཤེས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་ཅི་མིང་དང་གཟུགས་བླ་ [63B]སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་སྐྱེ་མཆད་དྲུག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་རེག་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་ཚོར་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། ། སྨྲས་པ། འོ་ན་ཅི་སྲེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་ལེན་པ་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་སྲིད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་ཅི་སྐྱེ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་ རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་རྒ་ཤི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ་ [64A]༄༅། །ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་ འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་ མ་ཡིན་ནོ། །སྨྲས་པ། འོ་ན་ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། ནང་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ [64B] །སྨྲས་པ། འོ་ན་ཅི་ཕྱི་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ ནོ༑ ༑སྨྲས་པ། འོ་ན་ཅི་ཕྱི་ནང་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་ སྟོང་པ་ཉིད་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་ཆེན་པོ་སྟོང་པ་ཉིད་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་དོན་དམ་པ་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་འདུས་བྱས་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་འདུས་མ་བྱས་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་ཅི་མཐའ་ལས་འདས་པ་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ [65A]༄༅། །ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་དོར་བ་མེད་པ་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་རང་བཞིན་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་ཆོས་ཐམས་ཅད་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་རང་གི་མཚན་ཉིད་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་མི་དམིགས་པ་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་དངོས་པོ་མེད་པ་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ [65B] སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་ངོ་བོ་ཉིད་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ་ ཚེ་དང་ལྡན་པ་རབ་འབྱོར། དེ་ན་མི་ཡིན་ནོ། །སྨྲས་པ། འོ་ན་ཅི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་ དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་སོ་གསུམ་པ་།སྨྲས་པ། ཚེ་དང་ལྡན་པ་ཤ་རད་ ཏིའི་བུ། དེ་ཇི་སྙམ་དུ་སེམས། དྲན་པ་ཉེ་བར་བཞག་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ ནོ༑ ༑སྨྲས་པ། འོ་ན་ཅི་ཡང་དག་པར་སྤོང་བ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ་ འོ་ན་ཅི་རྫུ་འཕྲུལ་གྱི་རྐང་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་དབང་ པོ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་ཅི་སྟོབས་རྣམས་བླ་ན་མེད་པ་ [66A]༄༅། །ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་བྱང་ཆུབ་ཀྱི་ཡན་ལག་རྣམས་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་འཕགས་པའི་ལམ་ཡན་ལག་ བརྒྱད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་ཅི་འཕགས་པའི་བདེན་པ་ རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་ཅི་བསམ་གཏན་རྣམས་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་ཚད་མེད་པ་རྣམས་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་རྣམ་པར་ཐར་པ་རྣམས་བླ་ན་མེད་ [66B] སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ཅི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་ མ་མེད་པ་དང། སྨོན་པ་མེད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་མངོན་པར་ཤེས་པ་ རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་ཅི་ཏིང་ངེ་འཛིན་རྣམས་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་གཟུངས་ཀྱི་སྒོ་རྣམས་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་དེ་བཞིན་གཤེགས་པའི་སྟོབས་རྣམས་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་མི་འཇིགས་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ [67A]༄༅། །ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་སོ་སོ་ཡང་དག་པར་རིག་པ་རྣམས་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་བྱམས་པ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་སྙིང་རྗེ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་ པ༑ ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་ པ༑ ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ།འོ་ན་ཅི་ཐམས་ཅད་ཤེས་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་ པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་ལམ་གྱི་རྣམ་པ་ཤེས་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་ འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཅི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་ [67B] དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། གཟུགས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་ དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཚོར་བ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་འདུ་ཤེས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་འདུ་བྱེད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་རྣམ་པར་ཤེས་པ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་ སེམས། མིག་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། ། [68A]༄༅། །སྨྲས་པ། འོ་ན་རྣ་བ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་ རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་སྣ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་ པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ལྕེ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། །སྨྲས་པ། ཚེ་དང་ལྡན་པ་ རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ལུས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་ པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཡིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། གཟུགས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་སྒྲ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ [68B] སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་དྲི་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་རོ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་རེག་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲ་པ། འོ་ན་ཆོས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པར་རབ་འབྱོར། དེ་ནི་མ་ཡིན་ནི། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། མིག་གི་ རྣམ་པར་ཤེས་པ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། ། སྨྲས་པ། འོ་ན་རྣ་བའི་རྣམ་པར་ཤེས་པ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་ [69A]༄༅། །འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་སྣའི་རྣམ་པར་ཤེས་པ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ལྕེའི་རྣམ་པར་ཤེས་པ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ལུས་ཀྱི་རྣམ་པར་ཤེས་པ་ལས་གུད་ན་གང་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་ཡིད་ཀྱི་རྣམ་པར་ཤེས་པ་ལས་ གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་ པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། མིག་གི་དུས་ཏེ་རེག་པ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ་ སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་རྣ་བའི་འདུས་ཏེ་རེག་པ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་ [69B] སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་སྣའི་འདུས་ཏེ་རེག་པ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ལྕེའི་འདུས་ཏེ་རེག་པ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ལུས་ཀྱི་འདུས་ཏེ་རེག་པ་ལས་གུད་ན་གང་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཡིད་ཀྱི་འདུས་ཏེ་རེག་པ་ལས་གུད་ན་ གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ ཏིའི་བུ། དེ་ཇི་སྙམ་དུ་སེམས། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་ སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ [70A]༄༅། །བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་སྣའི་འདུས་ཏེ་རེག་པ་ ལས་བྱུང་བའི་ཚོར་བ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་ མ་ཡིན་ནོ། །སྨྲས་པ། འོ་ན་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་ སམ༑ སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་ བ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ་ ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། སའི་ཁམས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་ [70B] སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་ཆུའི་ཁམས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་ སམ༑ སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་མེའི་ཁམས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་ སམ༑ སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་རླུང་གི་ཁམས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་ནམ་མཁའི་ཁམས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་རྣམ་པར་ཤེས་པའི་ཁམས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས་ མ་རིག་པ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་ [71A]༄༅། །པ༑ འོ་ན་འདུ་བྱེད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་ རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་རྣམ་པར་ཤེས་པ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་ པ༑ ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས། །པ་འོ་ན་མིང་དང་གཟུགས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་ བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་སྐྱེ་མཆེད་དྲུག་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་རེག་པ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཚོར་བ་ལས་གུད་ན་གང་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་སྲེད་པ་ལས་ [71B]ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ལེན་པ་ ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ ན་སྲིད་པ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་ པ༑ འོ་ན་སྐྱེ་བ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། ། སྨྲས་པ། འོ་ན་རྒ་ཤི་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་གང་བླ་ན་མེད་པ་ཡང་ [72A]༄༅། །དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་ མ་ཡིན་ནོ། །སྨྲས་པ། འོ་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་ པ༑ ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་ སེམས། ནང་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ [72B] །སྨྲས་པ། འོ་ན་ཕྱི་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་ འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཕྱི་ནང་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་ དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་སྟོང་པ་ཉིད་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་ སམ༑ སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་ཆེན་པོ་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་དོན་དམ་པ་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་འདུས་བྱས་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་འདུས་མ་བྱས་སྟོང་པ་ཉིད་ལས་ [73A]༄༅། །གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ ཡིན་ནོ། །སྨྲས་པ། འོ་ན་མཐའ་ལས་འདས་པ་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་ པ༑ ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་དོར་བ་མེད་པ་སྟོང་པ་ཉིད་ལས་གུད་ན་གང་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་རང་བཞིན་སྟོང་པ་ ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་ པ༑ འོ་ན་ཆོས་ཐམས་ཅད་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་ [73B] དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་རང་གི་མཚན་ཉིད་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ་ སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་མི་དམིགས་པ་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་དངོས་པོ་མེད་པ་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ངོ་བོ་ཉིད་སྟོང་པ་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་ པ་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་ པ༑ ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས་དྲན་པ་ཉེ་བར་བཞག་པ་རྣམས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ [74A]༄༅། །ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཡང་དག་པར་སྤོང་བ་རྣམས་ལས་གུད་ན་གང་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་རྫུ་འཕྲུལ་གྱི་རྐང་པ་རྣམས་ ལས་གུད་ན་གང་བླ་ན། །མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ དབང་པོ་རྣམས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། ། སྨྲས་པ། འོ་ན་སྟོབས་རྣམས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ ནི་མ་ཡིན་ནོ། །སྨྲས་པ། འོ་ན་བྱང་ཆུབ་ཀྱི་ཡན་ལག་རྣམས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་ དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་ [74B] སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་འཕགས་པའི་བདེན་པ་རྣམས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་བསམ་གཏན་རྣམས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཚད་མེད་པ་རྣམས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་གཟུགས་མེད་པའི་སྙོམས་པར་འཇུག་པ་ རྣམས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ་ འོ་ན་རྣམ་པར་ཐར་པ་རྣམས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ ནི་མ་ཡིན་ནོ། །སྨྲས་པ། འོ་ན་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ [75A]༄༅། །དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་ པ་མེད་པ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ་ འོ་ན་མངོན་པར་ཤེས་པ་རྣམས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཏིང་ངེ་འཛིན་རྣམས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་གཟུངས་ཀྱི་སྒོ་རྣམས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་ སམ༑ སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་དེ་བཞིན་གཤེགས་པའི་སྟོབས་རྣམས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚད་དང་ལྡན་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་མི་འཇིགས་པ་རྣམས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་ [75B]སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། འོ་ན་སོ་སོ་ཡང་དག་པའི་རིག་པ་རྣམས་ལས་གུད་ན་ གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་བྱམས་པ་ཆེན་པོ་ ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་སྙིང་རྗེ་ ཆེན་པོ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་ འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ་ སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ་འོ་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ [76A]༄༅། །ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་ཕྱིར་མི་འོང་བའི་འབྲས་བུ་ལས་གུད་ན་གང་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་དགྲ་བཅོམ་པ་ཉིད་ལས་ གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་རང་བྱང་ ཆུབ་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ ན་ལམ་གྱི་རྣམ་པ་ཤེས་པ་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ དེ་ནི་མ་ཡིན་ནོ། །སྨྲས་པ། འོ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་དམིགས་སམ། སྨྲས་ པ༑ ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་ [76B] ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། འདུ་ཤེས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་འདུ་བྱེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རྣམ་པར་ ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་ པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། མིག་གི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རྣ་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྣའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ལྕེའི་དེ་བཞིན་ཉིད་ གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ལུས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཡིད་ ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་ [77A]༄༅། །རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྒྲའི་དེ་ བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། དྲིའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ལྡོག་གམ། རོའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རེག་གི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཆོས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་ འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། མིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྣའི་རྣམ་ པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་ [77B] ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཡིད་ཀྱི་རྣམ་ པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། མིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རྣ་བའི་འདུས་ཏེ་རེག་ པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལས་ལྡོག་གམ། ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ [78A]༄༅། །ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་ དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལས་ལྡོག་གམ། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཡིད་ ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། སའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ལྡོག་གམ། ཆུའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། མེའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ [78B] རླུང་གི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ནམ་མཁའི་ ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། མ་རིག་པའི་དེ་ བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། འདུ་བྱེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་གམ། རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། མིང་དང་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་ དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་ རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་ [79A]༄༅། །པའི་བྱང་ཆུབ་ལས་ལྡོག་གམ། སྲེད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ལེན་པའི་དེ་ བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྲིད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་གམ། སྐྱེ་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རྒ་ཤིའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་གམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། བསམ་ [79B]བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། ནང་ སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་གམ། ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་གམ། དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་།ལྡོག་གམ། འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ [80A]༄༅། །ལས་ལྡོག་གམ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཐོག་མ་ དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་དོར་བ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཆོས་ ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་མི་དམིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ གམ༑ དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་ དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ [80B] སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་དེ་ བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཡང་དག་པར་སྤོང་བ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་གམ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། དབང་པོ་རྣམས་ཀྱི་དེ་བཞིན་ ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྟོབས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ གམ༑ བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་ གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལས་ལྡོག་གམ། བསམ་གཏན་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ཚད་མེད་པ་རྣམས་ཀྱི་དེ་བཞིན་ཉིད་གང་ [81A]༄༅། །ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རྣམ་པར་ཐར་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། མཐར་ གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་ མ་མེད་པ་དང། སྨོན་པ་མེད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་ གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་ པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། མི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་ [81B]པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། བྱམས་པ་ཆེན་པོའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སངས་རྒྱས་ཀྱི་ ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རྒྱུན་དུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ གམ། ཕྱིར་མི་འོང་བའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། ལམ་གྱི་རྣམ་ པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་ [82A]༄༅། །མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་སོ་བཞི་པ་སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཚོར་བའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་ དེ་ལྟ་བུ་ཡོད་དམ། འདུ་ཤེས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། འདུ་བྱེད་ཀྱི་དེ་བཞིན་ཉིད་ལས་ གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། མིག་ གི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རྣ་བའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་ [82B]དམ། སྣའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ་ལྕེའི་ དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ལུས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཡིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་ པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྒྲའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། དྲིའི་དེ་ བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རོའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རེག་གི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ་ [83A]༄༅། །ཆོས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་དེ་ཇི་སྙམ་དུ་སེམས། མིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་ དམ༑ སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ལྕེའི་རྣམ་པར་ཤེས་པའི་དེ་ བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་གང་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས་ [83B]མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ ཆོས་དེ་ལྟ་བུ་ཡོད་དམ། ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། མིག་གི་འདུས་ཏེ་རེག་པ་ལས་ བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་ [84A]༄༅། །དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞི་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ ལྟ་བུ་ཡོད་དམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། སའི་ཁམས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཆུའི་ཁམས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ ཆོས་དེ་ལྟ་བུ་ཡོད་དམ། མེའི་ཁམས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རླུང་གི་ཁམས་ཀྱི་དེ་བཞིན་ ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་ [84B]རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ ཡོད་དམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། མ་རིག་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། འདུ་བྱེད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རྣམ་ པར་ཤེས་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། མིང་དང་གཟུགས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྐྱེས་ཆེད་དྲུག་གི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ ཆོས་དེ་ལྟ་བུ་ཡོད་དམ། རེག་བའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཚོར་བའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྲེད་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་ [85A]༄༅། །དེ་ལྟ་བུ་ཡོད་དམ། ལེན་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྲིད་པའི་དེ་ བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྐྱེ་བའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རྒ་ཤིའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་ དམ༑ སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གུད་ན་ གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ ལྟ་བུ་ཡོད་དམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ། །བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། བསམ་ [85B]བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ལས་ གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ དེ་ཇི་སྙམ་དུ་སེམས། ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ ལྟ་བུ་ཡོད་དམ། ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། དོན་དམ་པ་སྟོང་པ་ཉིད་ཀྱི་ དེ་བཞིན་ཉིད་ལས་གུད་ན་གླང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་ [86A]༄༅། །པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་ དེ་ལྟ་བུ་ཡོད་དམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། དོར་བ་མེད་པ་ སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ ལྟ་བུ་ཡོད་དམ། མི་དམིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། དངོས་པོ་མེད་པ་ [86B]པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། དྲན་པ་ཉེ་བར་བཞག་པའི་དེ་བཞིན་ ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཡང་དག་པར་སྤོང་བའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ་རྫུ་འཕྲུལ་གྱི་རྐང་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ ལྟ་བུ་ཡོད་དམ། དབང་པོའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྟོབས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། བྱང་ཆུབ་ཀྱི་ཡན་ལག་གི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ [87A]༄༅། །ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ པའི་ཆོས་དེ་ལྟ་བུ་ཡོད་དམ། འཕགས་པའི་བདེན་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། བསམ་གཏན་གྱི་ དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཚད་མེད་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། གཟུགས་མེད་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་ དེ་ལྟ་བུ་ཡོད་དམ། རྣམ་པ་ཐར་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། མཐར་གྱིས་གནས་པའི་ སྙོམས་པར་འཇུག་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་ མ་མེད་པ་དང། སྨོན་པ་མེད་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། མངོན་པར་ཤེས་པའི་དེ་བཞིན་ཉིད་ [87B]ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ཏིང་ངེ་འཛིན་གྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། གཟུངས་ཀྱི་སྒོའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། དེ་བཞིན་གཤེགས་ པའི་སྟོབས་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། མི་འཇིགས་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སོ་སོ་ཡང་དག་པར་རིག་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ པའི་ཆོས་དེ་ལྟ་བུ་ཡོད་དམ། བྱམས་པ་ཆེན་པོའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྙིང་རྗེ་ཆེན་པོའི་དེ་བཞིན་ ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རྒྱུན་དུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ [88A]༄༅། །ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ལན་གཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་ པའི་ཆོས་དེ་ལྟ་བུ་ཡོད་དམ། ཕྱིར་མི་འོང་བའི་འབྲས་བུའི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། དགྲ་བཅོམ་ པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ་རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ ཡོད་དམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། དེ་བཞིན་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། ཆོས་ཉིད་བླ་ན་མེད་པ་ཡང་དག་པར་ [88B] སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། ཆོས་ཀྱི་དབྱིངས་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། ཆོས་ཀྱི་གནས་ཉིད་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། ཆོས་སྐྱོན་མེད་པ་ཉིད་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། ཡང་ དག་པའི་མཐའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་ སེམས། བསམ་གྱིས་མི་ཁྱབ་པའི་དབྱིངས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། དེ་བཞིན་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ། ཚེ་དང་ལྡན་པ་རབ་ [89A]༄༅། །འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། ཆོས་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། ཆོས་ཀྱི་དབྱིངས་ལས་གུད་ ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་ བུ༑ དེ་ཇི་སྙམ་དུ་སེམས། ཆོས་ཀྱི་གནས་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་དེ་ཇི་སྙམ་དུ་སེམས། ཆོས་སྐྱོན་མེད་པ་ཉིད་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་ དེ་ལྟ་བུ་ཡོད་དམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། ཡང་དག་པའི་མཐའ་ལས་གུད་ན་གང་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ཇི་སྙམ་ [89B] བསམ་གྱིས་མི་ཁྱབ་པའི་དབྱིངས་ལས་གུད་ན་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་ཡོད་དམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ དེ་ནི་མ་ཡིན་ནོ། །སྨྲས་པ། དེ་ལྟར་བདེན་པའི་ཚུལ་བཞིན་དུ་ཆོས་དེ་དག་མི་དམིགས་ན། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པའི་ཆོས་དེ་ལྟ་བུ་གང་ཞིག་ཡོད་ སྨྲས་པ། གནས་བརྟན་རབ་འབྱོར་གྱིས་ཆོས་ཀྱི་ཚུལ་དང། རྣམ་པ་དེས་བསྟན་པ་ལྟར་ན། བྱང་ཆུབ་སེམས་དཔའ་གང་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པ་ མེད་དེ། དེ་ལྟར་ན་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གསུམ། དེ་བཞིན་གཤེགས་པས་བསྟན་པའི་བྱང་ཆུབ་སེམས་དཔའི་ཐེག་པ་བའི་གང་ཟག་གསུམ་པོ་དེ་དག་གི་བྱང་ ཆུབ་རྣམ་པར་དགོད་པར་ཡང་མི་འགྱུར་ཏེ། ཚེ་དང་ལྡན་པ་རབ་འབྱོར། འདིས་བྱང་ཆུབ་སེམས་དཔའ་བསྟན་པ་ལྟར་ན། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ནི་སངས་རྒྱས་ཀྱི་ཐེག་པ་བ་གཅིག་པུར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་བྱམས་མའི་བུས། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རད་ ཏིའི་བུ། གནས་བརྟན་རབ་འབྱོར་འདི་བྱང་ཆུབ་སེམས་དཔའ་གཅིག་ཏུའང་འདོད་དམ། གནས་བརྟན་རབ་འབྱོར་འདི་ལ་དྲི་དགོས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུས་ [90A]༄༅། །།ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་།ཚེ་དང་ལྡན་པ་རབ་འབྱོར། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཐེག་པ་པ་འདོད་དམ། རབ་ འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ཐེག་པ་པ་དང་རང་སངས་རྒྱས་ཀྱི་ཐེག་པ་པ་དང། སངས་རྒྱས་ཀྱི་ ཐེག་པ་པ་དང། བྱང་ཆུབ་སེམས་དཔའ་གསུམ་དུ་འདོད་དམ། སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་བཞིན་ཉིད་ ལ་བྱང་ཆུབ་སེམས་དཔའ་གསུམ་དུ་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། རྒྱུ་གཅིག་གམ། རྒྱུ་ གཉིས་སམ། རྒྱུ་གསུམ་གྱིས་དེ་བཞིན་ཉིད་དམིགས་སམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་བཞིན་ ཉིད་ལ་བྱང་ཆུབ་སེམས་དཔའ་གཅིག་ཡང་དག་པར་རྗེས་སུ་མཐོང་ངམ། སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དེ་ནི་མ་ཡིན་ནོ་།སྨྲས་པ། དེ་ལྟར་བདེན་པའི་ཚུལ་བཞིན་དུ་ཆོས་ དེ་དག་མི་དམིགས་ན། ཅི་ལས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་འདི་ནི་ཉན་ཐོས་ཀྱི་ཐེག་པ་པའོ། །བྱང་ཆུབ་སེམས་དཔའ་འདི་ནི་རང་སངས་རྒྱས་ [90B] །བྱང་ཆུབ་སེམས་དཔའ་འདི་ནི་སངས་རྒྱས་ཀྱི་ཐེག་པ་པའོ་ཞེས་བྱ་བར་སེམས་པར་གྱུར། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱིས་བྱེ་བྲག་མེད་པར་རབ་ཏུ་ཕྱེ་བ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་འཇུམ་ཞིང་འགོད་པ་མེད་ལ་ ཡིད་ལ་འགྱོད་པ་མེད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར། ལེགས་སོ། ལེགས་སོ། །འདི་ལྟར་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱི་ཕྱིར༑ ཁྱོད་ཀྱིས་ཚིག་བརྗོད་པ་ལེགས་པར་སྤོབས་སོ། །རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱིས་བྱེ་བྲག་མེད་པར་ རབ་ཏུ་ཕྱེ་བ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་འཇུམ་ཞིང་འགོང་བ་མེད་ལ་ཡིད་ལ་འགྱོད་པ་མེད་ཅིང། མི་འཇིགས་མི་དངང་སྐྲག་པར་མི་འགྱུར་ན། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་རོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། དེ་ལྟ་བུའི་ [91A]༄༅། །ཆོས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་གང་གིས་འབྱུང་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ༑ རབ་འབྱོར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འབྱུང་བར་འགྱུར་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་ འདས༑ འབྱུང་བར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཇི་ལྟར་གནས་པར་བགྱི། བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དུ་གནས་པར་བྱའོ། །སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་པར་བྱ་སྟེ། མི་མཉམ་པའི་ སེམས་བསྐྱེད་པར་མི་བྱའོ། །སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་ཀྱིས་དམིགས་པར་བྱ་སྟེ། མི་མཉམ་པའི་སེམས་ཀྱིས་དམིགས་པར་མི་བྱའོ། །སེམས་ཅན་ཐམས་ ཅད་ལ་བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་དམིགས་པར་བྱ་སྟེ། བརླང་བའི་སེམས་ཀྱིས་དམིགས་པར་ མི་བྱའོ༑ ༑སེམས་ཅན་ཐམས་ཅད་ལ་ང་རྒྱལ་མེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་གཡོ་མེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་བསྐྱེད་པར་བྱ་སྟེ་ [91B] །སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་ཀྱིས་དམིགས་པར་བྱ་སྟེ། གནོད་པའི་སེམས་ཀྱིས་དམིགས་པར་མི་བྱའོ། །སེམས་ཅན་ཐམས་ ཅད་ལ་ཁོང་ཁྲོ་བ་མེད་པའི་སེམས་བསྐྱེད་པར་བྱ་སྟེ། ཁོང་ཁྲོ་བའི་སེམས་མི་བསྐྱེད་དོ། །སེམས་ཅན་ཐམས་ཅད་ལ་མི་འཚེ་བའི་སེམས་བསྐྱེད་པར་བྱ་སྟེ། འཚེ་བའི་སེམས་མི་བསྐྱེད་ དོ༑ ༑སེམས་ཅན་ཐམས་ཅད་ལ་མི་འཚེ་བའི་སེམས་ཀྱིས་དམིགས་པར་བྱ་སྟེ། འཚེ་བའི་སེམས་ཀྱིས་དམིགས་པར་མི་བྱའོ། །སེམས་ཅན་ཐམས་ཅད་ལ་མའི་སེམས་དང། ཕའི་ སེམས་དང། ཕུ་ནུའི་སེམས་དང། སྲིང་མོའི་སེམས་དང། གྲོགས་པོ་དང། གཉེན་པ་དང། རུས་གཅིག་པའི་སེམས་བསྐྱེད་པར་བྱའོ། །སེམས་ཅན་ཐམས་ཅད་ལ་མ་དང། ཕའི་ སེམས་དང། ཕུ་ནུ་དང། སྲིང་མོའི་སེམས་དང། གྲོགས་པོ་དང་གཉེན་པ་དང། རུས་གཅིག་པའི་སེམས་ཀྱིས་དམིགས་པར་བྱའོ། །བདག་གིས་ཀྱང་སྲོག་གཅོད་པ་སྤང་བར་ བྱ༑ གཞན་ཡང་སྲོག་གཅོད་པ་སྤང་བ་ལ་ཡང་དག་པར་བསྐུལ་བར་བྱ། སྲོག་གཅོད་པ་སྤོང་བའི་ལེགས་པ་བརྗོད་པར་བྱ། གཞན་གང་གིས་སྲོག་གཅོད་པ་སྤངས་པ་དེ་དག་གི་ ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་མ་བྱིན་པར་ལེན་པ་སྤང་བར་བྱ། གཞན་ཡང་མ་བྱིན་པར་ལེན་པ་སྤང་བ་ལ་ཡང་དག་པར་བསྐུལ་བར་བྱ་ [92A]༄༅། །མ་བྱིན་པར་ལེན་པ་སྤོང་བའི་ལེགས་པ་བརྗོད་པར་བྱ་གཞན་གང་གིས་མ་བྱིན་པར་ལེན་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་ པས་དགའ་བར་བྱའོ། །བདག་གིས་ཀྱང་འདོད་པས་ལོག་པར་གཡེམ་པ་སྤང་བར་བྱ། གཞན་ཡང་འདོད་པས་ལོག་པར་གཡེམ་པ་སྤང་བ་ལ་ཡང་དག་པར་བསྐུལ་བར་བྱ་ འདོད་པས་ལོག་པར་གཡེམ་པ་སྤོང་བའི་ལེགས་པ་བརྗོད་པར་བྱ། གཞན་གང་གིས་འདོད་པས་ལོག་པར་གཡེམ་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་ བར་བྱའོ། །བདག་གིས་ཀྱང་བརྫུན་དུ་སྨྲ་བ་སྤང་བར་བྱ། གཞན་ཡང་བརྫུན་དུ་སྨྲ་བ་སྤང་བ་ལ་ཡང་དག་པར་བསྐུལ་བར་བྱ་བརྫུན་དུ་སྨྲ་བ་སྤོང་བའི་ལེགས་པ་བརྗོད་པར་ བྱ༑ གཞན་གང་གིས་བརྫུན་དུ་སྨྲ་བ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ཕྲ་མ་སྤང་བར་བྱ། གཞན་ཡང་ཕྲ་མ་སྤང་བ་ལ་ ཡང་དག་པར་བསྐུལ་བར་བྱ། ཕྲ་མ་སྤོང་བའི་ལེགས་པ་བརྗོད་པར་བྱ། གཞན་གང་གིས་ཕྲ་མ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་ གིས་ཀྱང་ཞེ་གཅོད་པ་སྤོང་བར་བྱ། གཞན་ཡང་ཞེ་གཅོད་པ་སྤོང་བ་ལ་ཡང་དག་པར་བསྐུལ་བར་བྱ། ཞེ་གཅོད་པ་སྤོང་བའི་ལེགས་པ་བརྗོད་པར་བྱ། གཞན་གང་གིས་ཞེ་གཅོད་ [92B]བར་བྱའོ། །བདག་གིས་ཀྱང་ཚིག་བཀྱལ་བ་སྤང་བར་བྱ། གཞན་ཡང་ཚིག་བཀྱལ་བ་སྤང་བ་ལ་ཡང་དག་པར་ བསྐུལ་བར་བྱ། ཚིག་བཀྱལ་བ་སྤོང་བའི་ལེགས་པ་བརྗོད་པར་བྱ་གཞན་གང་གིས་ཚིག་བཀྱལ་བ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ ཀྱང་ཆགས་སེམས་སྤང་བར་བྱ། གཞན་ཡང་ཆགས་སེམས་སྤང་བ་ལ་ཡང་དག་པར་བསྐུལ་བར་བྱ། ཆགས་སེམས་སྤོང་བའི་ལེགས་པ་བརྗོད་པར་བྱ། གཞན་གང་གིས་ཆགས་སེམས་ སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ་།བདག་གིས་ཀྱང་གནོད་སེམས་སྤང་བར་བྱ། གཞན་ཡང་གནོད་སེམས་སྤང་བ་ལ་ཡང་དག་པར་བསྐུལ་བར་ བྱ༑ གནོད་སེམས་སྤོང་བའི་ལེགས་པ་བརྗོད་པར་བྱ། །གཞན་གང་གིས་གནོད་སེམས་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ ལོག་པར་ལྟ་བ་སྤང་བར་བྱ། གཞན་ཡང་ལོག་པར་ལྟ་བ་སྤང་བ་ལ་ཡང་དག་པར་བསྐུལ་བར་བྱ། ལོག་པར་ལྟ་བ་སྤོང་བའི་ལེགས་པ་བརྗོད་པར་བྱ། གཞན་གང་གིས་ལོག་པར་ ལྟ་བ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ [93A]༄༅། །ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་དེ་མི་དམིགས་པའི་ཚུལ་གྱིས་གནས་པར་བྱའོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས། བདག་གིས་ཀྱང་བསམ་གཏན་དང་པོ་ལ་མཉམ་པར་བཞག་པར་བྱ། གཞན་ཡང་བསམ་གཏན་དང་པོ་ལ་ཡང་དག་པར་བསྐུལ་བར་བྱ། བསམ་ གཏན་དང་པོ་ལ་སྙོམས་པར་འཇུག་པའི་ལེགས་པ་བརྗོད་པར་བྱ། གཞན་གང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་ བྱའོ༑ ༑བདག་གིས་ཀྱང་བསམ་གཏན་གཉིས་པ་ལ་མཉམ་པར་གཞག་པར་བྱ། གཞན་ཡང་བསམ་གཏན་གཉིས་པ་ལ་ཡང་དག་པར་བསྐུལ་བར་བྱ་བསམ་གཏན་གཉིས་ པ་ལ་སྙོམས་པར་འཇུག་པའི་ལེགས་པ་བརྗོད་པར་བྱ། གཞན་གང་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་ བྱའོ༑ ༑བདག་གིས་ཀྱང་བསམ་གཏན་གསུམ་པ་ལ་མཉམ་པར་གཞག་པར་བྱ། གཞན་ཡང་བསམ་གཏང་གསུམ་པ་ལ་ཡང་དག་པར་བསྐུལ་བར་བྱ་བསམ་གཏན་གསུམ་པ་ལ་ སྙོམས་པར་འཇུག་པའི་ལེགས་པ་བརྗོད་པར་བྱ། གཞན་གང་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། ། [93B]གཞན་ཡང་བསམ་གཏན་བཞི་པ་ལ་ཡང་དག་པར་བསྐུལ་བར་བྱ། བསམ་གཏན་བཞི་པ་ལ་སྙོམས་པར་ འཇུག་པའི་ལེགས་པ་བརྗོད་པར་བྱ། གཞན་གང་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་དེ་མི་དམིགས་པའི་ཚུལ་གྱིས་གནས་པར་བྱའོ། །བདག་ གིས་ཀྱང་བྱམས་པ་ལ་མཉམ་པར་གཞག་པར་བྱ། གཞན་ཡང་བྱམས་པ་ལ་ཡང་དག་པར་བསྐུལ་བར་བྱ། བྱམས་པའི་ལེགས་པ་བརྗོད་པར་བྱ། གཞན་གང་བྱམས་པ་ལ་སྙོམས་ པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དཀའ་བར་བྱའོ། །བདག་གིས་ཀྱང་སྙིང་རྗེ་ལ་མཉམ་པར་གཞག་པར་བྱ་གཞན་ཡང་སྙིང་རྗེ་ལ་ཡང་དག་པར་བསྐུལ་ བར་བྱ། སྙིང་རྗེའི་ལེགས་པ་བརྗོད་པར་བྱ། གཞན་གང་སྙིང་རྗེ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་དགའ་ བ་ལ་མཉམ་པར་བཞག་པར་བྱ། གཞན་ཡང་དགའ་བ་ལ་ཡང་དག་པར་བསྐུལ་བར་བྱ། དགའ་བའི་ལེགས་པ་བརྗོད་པར་བྱ། གཞན་གང་དགའ་བ་ལ་སྙོམས་པར་འཇུག་ [94A]༄༅། །པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་བཏང་སྙོམས་ལ་མཉམ་པར་གཞག་པར་བྱ་གཞན་ཡང་ བཏང་སྙོམས་ལ་ཡང་དག་པར་བསྐུལ་བར་བྱ། བཏང་སྙོམས་ཀྱི་ལེགས་པ་བརྗོད་པར་བྱ། གཞན་གང་བཏང་སྙོམས་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་མཉམ་པར་གཞག་པར་བྱ། གཞན་ཡང་གཟུགས་མེད་པའི་སྙོམས་པར་འཇུག་ པ་ལ་ཡང་དག་པར་བསྐུལ་བར་བྱ། གཟུགས་མེད་པའི་སྙོམས་པར་འཇུག་པའི་ལེགས་པ་བརྗོད་པར་བྱ། གཞན་གང་གཟུགས་མེད་པའི་སྙོམས་པར་འཇུག་པ་ལ་སྙོམས་ པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ། གཞན་ཡང་སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་བར་བྱ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་ སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ། གཞན་ཡང་ [94B]བར་བྱ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ཚུལ་ཁྲིམས་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ། གཞན་ ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་བར་བྱ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་བཟོད་པའི་ཕ་རོལ་ཏུ་ཕྱིན་ པ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ། གཞན་ ཡང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་བར་བྱ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་ པར་བྱ། གཞན་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་བར་བྱ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་ [95A]༄༅། །གང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་བསྐུལ་བར་བྱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པར་བརྗོད་ཅིང་མཐུན་པས་དགའ་བར་བྱ་སྟེ། དེ་ ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་དེ་མི་དམིགས་པའི་ཚུལ་གྱིས་གནས་ པར་བྱའོ། །བདག་གིས་ཀྱང་ནང་སྟོང་པ་ཉིད་ལ་མཉམ་པར་བཞག་པར་བྱ། གཞན་ཡང་ནང་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། ནང་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་ པར་བྱ༑ སེམས་ཅན་གཞན་གང་ནང་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པར་བརྗོད་ཅིང་མཐུན་པས་དགའ་བར་བྱའོ་།བདག་གིས་ཀྱང་ཕྱི་སྟོང་པ་ཉིད་ལ་མཉམ་ པར་བཞག་པར་བྱ། གཞན་ཡང་ཕྱི་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། ཕྱི་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ཕྱི་སྟོང་པ་ཉིད་ལ་སྙོམས་ [95B]བྱའོ། །བདག་གིས་ཀྱང་ཕྱི་ནང་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་ཕྱི་ནང་སྟོང་པ་ཉིད་ལ་ ཡང་དག་པར་བསྐུལ་བར་བྱ། ཕྱི་ནང་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ཕྱི་ནང་སྟོང་པ་ཉིད་ལ་སྙོམ་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་ པས་དགའ་བར་བྱའོ། །བདག་གིས་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ལ་མཉམ་པར་བཞག་པར་བྱ། གཞན་ཡང་སྟོང་པ་ཉིད་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། སྟོང་པ་ཉིད་སྟོང་ པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་སྟོང་པ་ཉིད་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ཆེན་ པོ་སྟོང་པ་ཉིད་ལ་མཉམ་པར་བཞག་པར་བྱ། གཞན་ཡང་ཆེན་པོ་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། ཆེན་པོ་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ ཆེན་པོ་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་དོན་དམ་པ་སྟོང་པ་ཉིད་ལ་མཉམ་པར་བཞག་པར་བྱ། གཞན་ ཡང་དོན་དམ་པ་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། དོན་དམ་པ་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་དོན་དམ་པ་སྟོང་པ་ཉིད་ལ་སྙོམས་པར་འཇུག་ [96A]༄༅། །པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་འདུས་བྱས་སྟོང་པ་ཉིད་ལ་མཉམ་པར་བཞག་པར་བྱ། གཞན་ཡང་ འདུས་བྱས་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། འདུས་བྱས་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་འདུས་བྱས་སྟོང་པ་ཉིད་ལ་སྙོམས་པར་འཇུག་ པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་འདུས་མ་བྱས་སྟོང་པ་ཉིད་ལ་མཉམ་པར་བཞག་པར་བྱ་གཞན་ཡང་འདུས་མ་བྱས་སྟོང་པ་ཉིད་ལ་ ཡང་དག་པར་བསྐུལ་བར་བྱ། འདུས་མ་བྱས་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་འདུས་མ་བྱས་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་ པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་མཐའ་ལས་འདས་པ་སྟོང་པ་ཉིད་ལ་མཉམ་པར་བཞག་པར་བྱ། གཞན་ཡང་མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཡང་ དག་པར་བསྐུལ་བར་བྱ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་ གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་ཐོག་མ་དང་ཐ་མ་མེད་པ་སྟོང་ [96B] ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་སྙོམས་ པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་དོར་བ་མེད་པ་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་དོར་བ་མེད་པ་སྟོང་ པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། དོར་བ་མེད་པ་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་དོར་བ་མེད་པ་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་ པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་རང་བཞིན་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་རང་བཞིན་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་ བྱ༑ རང་བཞིན་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་རང་བཞིན་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་ བྱའོ༑ ༑བདག་གིས་ཀྱང་ཆོས་ཐམས་ཅད་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། ཆོས་ཐམས་ཅད་སྟོང་པ་ ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་ [97A]༄༅། །གིས་ཀྱང་རང་གི་མཚན་ཉིད་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ་ རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་ པས་དགའ་བར་བྱའོ། །བདག་གིས་ཀྱང་མི་དམིགས་པ་སྟོང་བ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་མི་དམིགས་པ་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། མི་ དམིགས་པ་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་མི་དམིགས་པ་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་ དགའ་བར་བྱའོ། །བདག་གིས་ཀྱང་དངོས་པོ་མེད་པ་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་དངོས་པོ་མེད་པ་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། དངོས་ པོ་མེད་པ་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་དངོས་པོ་མེད་པ་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་ དགའ་བར་བྱའོ། །བདག་གིས་ཀྱང་ངོ་བོ་ཉིད་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། ངོ་བོ་ཉིད་སྟོང་ [97B] སེམས་ཅན་གཞན་གང་ངོ་བོ་ཉིད་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་ གིས་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མཉམ་པར་གཞག་པར་བྱ། གཞན་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཡང་དག་པར་བསྐུལ་བར་བྱ། དངོས་པོ་ མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ལེགས་པ་བརྗོད་པར་བྱ་སེམས་ཅན་གཞན་གང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་ མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་དྲན་པ་ཉེ་བར་བཞག་པ་བཞི་བསྒོམ་པར་བྱ། གཞན་ཡང་དྲན་པ་ཉེ་བར་བཞག་པ་བཞི་ལ་ཡང་དག་པར་བསྐུལ་བར་བྱ། དྲན་པ་ཉེ་ བར་བཞག་པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་དྲན་པ་ཉེ་བར་བཞག་པ་བཞི་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། ། བདག་གིས་ཀྱང་ཡང་དག་པར་སྤོང་བ་བཞི་བསྒོམ་པར་བྱ། གཞན་ཡང་ཡང་དག་པར་སྤོང་བ་བཞི་ལ་ཡང་དག་པར་བསྐུལ་བར་བྱ་ཡང་དག་པར་སྤོང་བ་རྣམས་ཀྱི་ལེགས་པ་བརྗོད་ པར་བྱ། སེམས་ཅན་གཞན་གང་ཡང་དག་པར་སྤོང་བ་བཞི་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་རྫུ་འཕྲུལ་གྱི་རྐང་བ་བཞི་བསྒོམ་ [98A]༄༅། །པར་བྱ། གཞན་ཡང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་ཡང་དག་པར་བསྐུལ་བར་བྱ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ ཅན་གཞན་གང་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་དབང་པོ་ལྔ་བསྒོམ་པར་བྱ། གཞན་ཡང་དབང་ པོ་ལྔ་ལ་ཡང་དག་པར་བསྐུལ་བར་བྱ། དབང་པོ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་དབང་པོ་ལྔ་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་ བར་བྱའོ། །བདག་གིས་ཀྱང་སྟོབས་ལྔ་བསྒོམ་པར་བྱ། གཞན་ཡང་སྟོབས་ལྔ་ལ་ཡང་དག་པར་བསྐུལ་བར་བྱ། སྟོབས་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་ གང་སྟོབས་ལྔ་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པར་བྱ། གཞན་ཡང་བྱང་ཆུབ་ཀྱི་ ཡན་ལག་བདུན་ལ་ཡང་དག་པར་བསྐུལ་བར་བྱ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་ པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བྱ། གཞན་ཡང་འཕགས་པའི་ལམ་ [98B] འཕགས་པའི་ལམ་ཡན་ལག་བརྒྱད་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་འཕགས་པའི་ལམ་ཡན་ལག་ བརྒྱད་པ་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་འཕགས་པའི་བདེན་པ་བཞི་བསྒོམ་པར་བྱ། གཞན་ཡང་འཕགས་པའི་བདེན་པ་ བཞི་ལ་ཡང་དག་པར་བསྐུལ་བར་བྱ། འཕགས་པའི་བདེན་པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་འཕགས་པའི་བདེན་པ་བཞི་བསྒོམ་པ་དེ་དག་གི་ལེགས་ པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་བསམ་གཏན་བཞི་བསྒོམ་པར་བྱ། གཞན་ཡང་བསམ་གཏན་བཞི་ལ་ཡང་དག་པར་བསྐུལ་བར་བྱ། བསམ་གཏན་ རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་བསམ་གཏན་བཞི་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ཚད་མེད་ པ་བཞི་བསྒོམ་པར་བྱ། གཞན་ཡང་ཚད་མེད་པ་བཞི་ལ་ཡང་དག་པར་བསྐུལ་བར་བྱ། ཚད་མེད་པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ་སེམས་ཅན་གཞན་གང་ཚད་མེད་པ་བཞི་བསྒོམ་ པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྒོམ་པར་བྱ་གཞན་ཡང་གཟུགས་མེད་པའི་སྙོམས་པར་ [99A]༄༅། །འཇུག་པ་བཞི་ལ་ཡང་དག་པར་བསྐུལ་བར་བྱ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་ གང་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་རྣམ་པར་ཐར་པ་བརྒྱད་བསྒོམ་པར་ བྱ༑ གཞན་ཡང་རྣམ་པར་ཐར་པ་བརྒྱད་ལ་ཡང་དག་པར་བསྐུལ་བར་བྱ། རྣམ་པར་ཐར་པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་རྣམ་པར་ཐར་པ་བརྒྱད་ བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ་།བདག་གིས་ཀྱང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བསྒོམ་པར་བྱ། གཞན་ཡང་མཐར་ གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཡང་དག་པར་བསྐུལ་བར་བྱ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་ གང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པར་དགུ་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ དང། མཚན་མ་མེད་པ་དང། སྨོན་པ་མེད་པ་བསྒོམ་པར་བྱ། གཞན་ཡང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་ཡང་དག་པར་བསྐུལ་ [99B] རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་ མཚན་མ་མེད་པ་དང་སྨོན་པ་མེད་པ་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་མངོན་པར་ཤེས་པ་རྣམས་བསྒོམ་པར་བྱ། གཞན་ཡང་ མངོན་པར་ཤེས་པ་རྣམས་ལ་ཡང་དག་པར་བསྐུལ་བར་བྱ། མངོན་པར་ཤེས་པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་མངོན་པར་ཤེས་པ་རྣམས་བསྒོམ་པ་དེ་དག་ གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་ཏིང་ངེ་འཛིན་རྣམས་བསྒོམ་པར་བྱ། གཞན་ཡང་ཏིང་ངེ་འཛིན་རྣམས་ལ་ཡང་དག་པར་བསྐུལ་བར་བྱ། ཏིང་ངེ་ འཛིན་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ཏིང་ངེ་འཛིན་རྣམས་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་གཟུངས་ ཀྱི་སྒོ་རྣམས་བསྒོམ་པར་བྱ། གཞན་ཡང་གཟུངས་ཀྱི་སྒོ་རྣམས་ལ་ཡང་དག་པར་བསྐུལ་བར་བྱ། གཟུངས་ཀྱི་སྒོ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་གཟུངས་ཀྱི་ སྒོ་རྣམས་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱ། གཞན་ཡང་ [100A]༄༅། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ཡང་དག་པར་བསྐུལ་བར་བྱ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ ཅན་གཞན་གང་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ་།བདག་གིས་ཀྱང་མི་འཇིགས་ པ་བཞི་ཡོངས་སུ་རྫོགས་པར་བྱ། གཞན་ཡང་མི་འཇིགས་པ་བཞི་ལ་ཡང་དག་པར་བསྐུལ་བར་བྱ། མི་འཇིགས་པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་ གང་མི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་ སུ་རྫོགས་པར་བྱ། གཞན་ཡང་སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡང་དག་པར་བསྐུལ་བར་བྱ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་ གཞན་གང་སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ་བདག་གིས་ཀྱང་བྱམས་པ་ཆེན་པོ་ཡོངས་ སུ་རྫོགས་པར་བྱ། གཞན་ཡང་བྱམས་པ་ཆེན་པོ་ལ་ཡང་དག་པར་བསྐུལ་བར་བྱ། བྱམས་པ་ཆེན་པོའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་བྱམས་པ་ཆེན་པོ་ [100B]མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱ། གཞན་ཡང་སྙིང་རྗེ་ཆེན་པོ་ལ་ ཡང་དག་པར་བསྐུལ་བར་བྱ། སྙིང་རྗེ་ཆེན་པོའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་ པས་དགའ་བར་བྱའོ། །བདག་གིས་ཀྱང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱ། གཞན་ཡང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་ཡང་དག་པར་ བསྐུལ་བར་བྱ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པ་དེ་དག་ གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་དང་ལུགས་མ་ཡིན་པ་ལ་མཉམ་པར་བཞག་པར་བྱ། གཞན་ཡང་རྟེན་ཅིང་ འབྲེལ་པར་འབྱུང་བ་ལུགས་དང་ལུགས་མ་ཡིན་པའི་སྙོམས་པར་འཇུག་པ་ལ་ཡང་དག་པར་བསྐུལ་བར་བྱ། རྟེན་ཅིང་འབྲེལ་པར་འབྱུང་བའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་ གང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྙོམས་པར་འཇུག་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་ [101A]༄༅། །པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་དེ་མི་དམིགས་པའི་ཚུལ་གྱིས་གནས་པར་བྱའོ། ། བདག་གིས་ཀྱང་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ། ཀུན་འབྱུང་བ་རབ་ཏུ་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་གཞན་ཡང་སྡུག་བསྔལ་ཡོངས་སུ་ ཤེས་པར་བྱ་བ་དང། ཀུན་འབྱུང་བ་རབ་ཏུ་སྤང་བ་དང། འགོག་པ་མངོན་དུ་བྱ་བ་དང། ལམ་བསྒོམ་པ་ལ་ཡང་དག་པར་བསྐུལ་བར་བྱ་སྡུག་བསྔལ་ཡོངས་སུ་ཤེས་པ་དང་ ཀུན་འབྱུང་བ་རབ་ཏུ་སྤོང་བ་དང། འགོག་པ་མངོན་དུ་བྱེད་པ་དང། ལམ་བསྒོམ་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་སྡུག་བསྔལ་ཡོངས་སུ་ཤེས་པར་བྱེད་པ་ དང༑ ཀུན་འབྱུང་བ་རབ་ཏུ་སྤོང་བ་དང། འགོག་པ་མངོན་དུ་བྱེད་པ་དང། ལམ་བསྒོམ་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་རྒྱུན་དུ་ ཞུགས་པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ཕྱིར། ཤེས་པ་བསྐྱེད་དེ། ཡང་དག་པའི་མཐའ་མངོན་དུ་མི་བྱ། གཞན་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བ་ལ་ ཡང་དག་པར་བསྐུལ་བར་བྱ། རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་པ་མངོན་ [101B]བྱའོ། །བདག་གིས་ཀྱང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ཕྱིར་ཤེས་པ་བསྐྱེད་དེ། ཡང་ དག་པའི་མཐའ་མངོན་དུ་མི་བྱ། གཞན་ཡང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤེས་པ་མངོན་དུ་བྱ་བ་ལ་ཡང་དག་པར་བསྐུལ་པར་བྱ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤེས་པ་ མངོན་དུ་བྱ་བའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤེས་པ་མངོན་དུ་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། ། བདག་གིས་ཀྱང་ཕྱིར་མི་འོང་བའི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ཕྱིར་ཤེས་པ་བསྐྱེད་དེ། ཡང་དག་པའི་མཐའ་མངོན་དུ་མི་བྱ། གཞན་ཡང་ཕྱིར་མི་འོང་བའི་འབྲས་བུ་ཤེས་པ་མངོན་ དུ་བྱ་བ་ལ་ཡང་དག་པར་བསྐུལ་བར་བྱ། ཕྱིར་མི་འོང་བའི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ཕྱིར་མི་འོང་བའི་འབྲས་བུ་ཤེས་པ་མངོན་ དུ་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ་།བདག་གིས་ཀྱང་དགྲ་བཅོམ་པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ཕྱིར་ཤེས་པ་བསྐྱེད་དེ། ཡང་དག་པའི་ མཐའ་མངོན་དུ་མི་བྱ། གཞན་ཡང་དགྲ་བཅོམ་པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བ་ལ་ཡང་དག་པར་བསྐུལ་བར་བྱ། དགྲ་བཅོམ་པའི་འབྲས་བུ་ཤེས་པ་མངོན་དུ་བྱ་བའི་ལེགས་པ་བརྗོད་ [102A]༄༅། །པར་བྱ། སེམས་ཅན་གཞན་གང་དགྲ་བཅོམ་པའི་འབྲས་བུ་ཤེས་པ་མངོན་དུ་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། ། བདག་གིས་ཀྱང་རང་བྱང་ཆུབ་ཤེས་པ་མངོན་དུ་བྱ་བའི་ཕྱིར་ཤེས་པ་བསྐྱེད་དེ། ཡང་དག་པའི་མཐའ་མངོན་དུ་མི་བྱ། གཞན་ཡང་རང་བྱང་ཆུབ་ཤེས་པ་མངོན་དུ་བྱ་བ་ལ་ཡང་ དག་པར་བསྐུལ་བར་བྱ། རང་བྱང་ཆུབ་ཤེས་པ་མངོན་དུ་བྱ་བའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་རང་བྱང་ཆུབ་ཤེས་པ་མངོན་དུ་བྱེད་པ་དེ་དག་གི་ལེགས་པ་བརྗོད་ ཅིང་མཐུན་པས་དགའ་བར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་སོ་ལྔ་པ། །བདག་ཀྱང་བྱང་ཆུབ་སེམས་དཔའི་སྐྱོན་མེད་ པར་འཇུག་པར་བྱ། གཞན་ཡང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པ་ལ་ཡང་དག་པར་བསྐུལ་བར་བྱ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པའི་ལེགས་ པ་བརྗོད་པར་བྱ། སེམས་ཅན་གཞན་གང་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་དེ་དག་གི་ལེགས་པར་བརྗོད་ཅིང་མཐུན་པས་དགའ་བར་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འདོད་པས། དེ་མི་དམིགས་པའི་ཚུལ་གྱིས་གནས་པར་བྱའོ། །བདག་གིས་ཀྱང་སེམས་ [102B] གཞན་ཡང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ཡང་དག་པར་བསྐུལ་བར་བྱ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ལེགས་པ་བརྗོད་ པར་བྱ། སེམས་ཅན་གཞན་གང་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ་།བདག་གིས་ཀྱང་སངས་རྒྱས་ཀྱི་ཞིང་ ཡོངས་སུ་སྦྱང་བར་བྱ། གཞན་ཡང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བ་ལ་ཡང་དག་པར་བསྐུལ་བར་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བའི་ལེགས་པ་བརྗོད་པར་བྱ། སེམས་ ཅན་གཞན་གང་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་བསྐྱེད་པར་ བྱ༑ གཞན་ཡང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་བསྐྱེད་པ་ལ་ཡང་དག་པར་བསྐུལ་བར་བྱ། མངོན་པར་ཤེས་པ་བསྐྱེད་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་ གང་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་བསྐྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ བསྐྱེད་པར་བྱ། གཞན་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ལ་ཡང་དག་པར་བསྐུལ་བར་བྱ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་ལེགས་པ་བརྗོད་པར་བྱ། སེམས་ [103A]༄༅། །ཅན་གཞན་གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་བསྐྱེད་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ ཀྱང་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བར་བྱ། གཞན་ཡང་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་བ་ལ་ཡང་དག་པར་ བསྐུལ་བར་བྱ། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་མོངས་པ་ཐམས་ཅད་སྤང་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་ མོངས་པ་ཐམས་ཅད་སྤང་བ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་འབྱུང་བར་འདོད་པས། དེ་མི་དམིགས་པའི་ཚུལ་གྱིས་གནས་པར་བྱའོ། །བདག་གིས་ཀྱང་ཚེ་ཕུན་སུམ་ཚོགས་པ་ཡོངས་སུ་གཟུང་བར་བྱ། གཞན་ཡང་ཚེ་ཕུན་ སུམ་ཚོགས་པ་ལ་ཡང་དག་པར་བསྐུལ་བར་བྱ། ཚེ་ཕུན་སུམ་ཚོགས་པའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་ཚེ་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པ་དེ་དག་ གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱའོ། །བདག་གིས་ཀྱང་དམ་པའི་ཆོས་གནས་པ་ཡོངས་སུ་གཟུང་བར་བྱ། གཞན་ཡང་དམ་པའི་ཆོས་གནས་པ་ཡོངས་སུ་གཟུང་བ་ [103B] དམ་པའི་ཆོས་གནས་པ་ཡོངས་སུ་གཟུང་བའི་ལེགས་པ་བརྗོད་པར་བྱ། སེམས་ཅན་གཞན་གང་དམ་པའི་ཆོས་གནས་པ་ཡོངས་སུ་འཛིན་པ་དེ་དག་ གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱ་སྟེ། རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འདོད་ པས༑ དེ་མི་དམིགས་པའི་ཚུལ་གྱིས་གནས་པར་བྱའོ། །དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ཐབས་མཁས་པ་ལ་བསླབ་པར་ བྱའོ༑ ༑དེ་དེ་ལྟར་སློབ་ཅིང་དེ་དེ་ལྟར་གནས་པས། དེའི་གཟུགས་སྒྲིབ་པ་མེད་པར་འགྱུར་རོ། །ཚོར་བ་སྒྲིབ་པ་མེད་པར་འགྱུར་རོ་།འདུ་ཤེས་སྒྲིབ་པ་མེད་པར་འགྱུར་རོ། །འདུ་བྱེད་ སྒྲིབ་པ་མེད་པར་འགྱུར་རོ། །རྣམ་པར་ཤེས་པ་སྒྲིབ་པ་མེད་པར་འགྱུར་རོ། །མིག་སྒྲིབ་པ་མེད་པར་འགྱུར་རོ། །རྣ་བ་སྒྲིབ་པ་མེད་པར་འགྱུར་རོ། །སྣ་སྒྲིབ་པ་མེད་པར་འགྱུར་རོ། །ལྕེ་ སྒྲིབ་པ་མེད་པར་འགྱུར་རོ། །ལུས་སྒྲིབ་པ་མེད་པར་འགྱུར་རོ། །ཡིད་སྒྲིབ་པ་མེད་པར་འགྱུར་རོ། །གཟུགས་སྒྲིབ་པ་མེད་པར་འགྱུར་རོ་།སྒྲ་སྒྲིབ་པ་མེད་པ་འགྱུར་རོ། །དྲི་སྒྲིབ་པ་ མེད་པར་འགྱུར་རོ། །རོ་སྒྲིབ་པ་མེད་པ་འགྱུར་རོ། །རེག་སྒྲིབ་པ་མེད་པར་འགྱུར་རོ། །ཆོས་སྒྲིབ་པ་མེད་པར་འགྱུར་རོ། །མིག་གི་རྣམ་པར་ཤེས་པ་སྒྲིབ་པ་མེད་པར་འགྱུར་རོ། ། [104A]༄༅། །རྣ་བའི་རྣམ་པར་ཤེས་པ་སྒྲིབ་པ་མེད་པར་འགྱུར་རོ་།སྣའི་རྣམ་པར་ཤེས་པ་སྒྲིབ་པ་མེད་པར་འགྱུར་རོ། །ལྕེའི་རྣམ་པར་ཤེས་པ་སྒྲིབ་པ་མེད་པར་འགྱུར་ རོ༑ ༑ལུས་ཀྱི་རྣམ་པར་ཤེས་པ་སྒྲིབ་པ་མེད་པར་འགྱུར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་སྒྲིབ་པ་མེད་པར་འགྱུར་རོ། །མིག་གི་འདུས་ཏེ་རེག་པ་སྒྲིབ་པ་མེད་པར་འགྱུར་རོ། །རྣ་བའི་ འདུས་ཏེ་རེག་པ་སྒྲིབ་པ་མེད་པར་འགྱུར་རོ། །སྣའི་འདུས་ཏེ་རེག་པ་སྒྲིབ་པ་མེད་པར་འགྱུར་རོ། །ལྕེའི་འདུས་ཏེ་རེག་པ་སྒྲིབ་པ་མེད་པར་འགྱུར་རོ། །ལུས་ཀྱི་འདུས་ཏེ་རེག་པ་སྒྲིབ་པ་ མེད་པར་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པ་སྒྲིབ་པ་མེད་པར་འགྱུར་རོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྒྲིབ་པ་མེད་པར་འགྱུར་རོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ གྱིས་ཚོར་བ་སྒྲིབ་པ་མེད་པར་འགྱུར་རོ། །སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྒྲིབ་པ་མེད་པར་འགྱུར་རོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྒྲིབ་པ་མེད་པར་འགྱུར་རོ། ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྒྲིབ་པ་མེད་པར་འགྱུར་རོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྒྲིབ་པ་མེད་པར་འགྱུར་རོ། །སའི་ཁམས་སྒྲིབ་པ་མེད་པར་ འགྱུར་རོ། །ཆུའི་ཁམས་སྒྲིབ་པ་མེད་པར་འགྱུར་རོ། །མེའི་ཁམས་སྒྲིབ་པ་མེད་པར་འགྱུར་རོ། །རླུང་གི་ཁམས་སྒྲིབ་པ་མེད་པར་འགྱུར་རོ། །ནམ་མཁའི་ཁམས་སྒྲིབ་པ་མེད་ [104B] །རྣམ་པར་ཤེས་པའི་ཁམས་སྒྲིབ་པ་མེད་པར་འགྱུར་རོ། །མ་རིག་པ་སྒྲིབ་པ་མེད་པར་འགྱུར་རོ། །འདུ་བྱེད་སྒྲིབ་པ་མེད་པར་འགྱུར་རོ། །རྣམ་པར་ཤེས་པ་སྒྲིབ་པ་ མེད་པར་འགྱུར་རོ། །མིང་དང་གཟུགས་སྒྲིབ་པ་མེད་པར་འགྱུར་རོ་།སྐྱེ་མཆེད་དྲུག་སྒྲིབ་པ་མེད་པར་འགྱུར་རོ། །རེག་པ་སྒྲིབ་པ་མེད་པར་འགྱུར་རོ། །ཚོར་བ་སྒྲིབ་པ་མེད་པར་འགྱུར་རོ། ། སྲེད་པ་སྒྲིབ་པ་མེད་པར་འགྱུར་རོ། །ལེན་པ་སྒྲིབ་པ་མེད་པར་འགྱུར་རོ། །སྲིད་པ་སྒྲིབ་པ་མེད་པར་འགྱུར་རོ། །སྐྱེ་བ་སྒྲིབ་པ་མེད་པར་འགྱུར་རོ། །རྒ་ཤི་སྒྲིབ་པ་མེད་པར་འགྱུར་རོ། །སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་སྒྲིབ་པ་མེད་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲིབ་པ་མེད་པར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྒྲིབ་པ་མེད་པར་འགྱུར་རོ། །བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲིབ་པ་མེད་པར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྒྲིབ་པ་མེད་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲིབ་པ་མེད་པར་འགྱུར་རོ། ། ནང་སྟོང་པ་ཉིད་སྒྲིབ་པ་མེད་པར་འགྱུར་རོ། །ཕྱི་སྟོང་པ་ཉིད་སྒྲིབ་པ་མེད་པར་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་སྒྲིབ་པ་མེད་པར་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་སྒྲིབ་པ་མེད་པར་འགྱུར་ རོ༑ ༑ཆེན་པོ་སྟོང་པ་ཉིད་སྒྲིབ་པ་མེད་པར་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་སྒྲིབ་པ་མེད་པར་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་སྒྲིབ་པ་མེད་པར་འགྱུར་རོ། །འདུས་མ་བྱས་སྟོང་པ་ [105A]༄༅། །ཉིད་སྒྲིབ་པ་མེད་པར་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་སྒྲིབ་པ་མེད་པར་འགྱུར་རོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྒྲིབ་པ་མེད་པར་ འགྱུར་རོ། །དོར་བ་མེད་པ་སྟོང་པ་ཉིད་སྒྲིབ་པ་མེད་པར་འགྱུར་རོ་།རང་བཞིན་སྟོང་པ་ཉིད་སྒྲིབ་པ་མེད་པར་འགྱུར་རོ། །ཆོས་ཐམས་ཅད་སྟོང་པ་ཉིད་སྒྲིབ་པ་མེད་པར་འགྱུར་རོ། ། རང་གི་མཚན་ཉིད་སྟོང་པ་ཉིད་སྒྲིབ་པ་མེད་པར་འགྱུར་རོ། །མི་དམིགས་པ་སྟོང་པ་ཉིད་སྒྲིབ་པ་མེད་པར་འགྱུར་རོ། །དངོས་པོ་མེད་པ་སྟོང་པ་ཉིད་སྒྲིབ་པ་མེད་པར་འགྱུར་རོ། །ངོ་བོ་ཉིད་ སྟོང་པ་ཉིད་སྒྲིབ་པ་མེད་པར་འགྱུར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྒྲིབ་པ་མེད་པར་འགྱུར་རོ། །དྲན་པ་ཉེ་བར་བཞག་པ་རྣམས་སྒྲིབ་པ་མེད་པར་འགྱུར་རོ། །ཡང་དག་ པར་སྤོང་བ་རྣམས་སྒྲིབ་པ་མེད་པར་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་སྒྲིབ་པ་མེད་པར་འགྱུར་རོ། །དབང་པོ་རྣམས་སྒྲིབ་པ་མེད་པར་འགྱུར་རོ། །སྟོབས་རྣམས་སྒྲིབ་པ་མེད་པར་ འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སྒྲིབ་པ་མེད་པར་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྒྲིབ་པ་མེད་པར་འགྱུར་རོ་།འཕགས་པའི་བདེན་པ་རྣམས་སྒྲིབ་ པ་མེད་པར་འགྱུར་རོ། །བསམ་གཏན་རྣམས་སྒྲིབ་པ་མེད་པར་འགྱུར་རོ་།ཚད་མེད་པ་རྣམས་སྒྲིབ་པ་མེད་པར་འགྱུར་རོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ [105B] །རྣམ་པར་ཐར་པ་བརྒྱད་སྒྲིབ་པ་མེད་པར་འགྱུར་རོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྒྲིབ་པ་མེད་པར་འགྱུར་རོ། །རྣམ་པར་ཐར་པའི་སྒོ་ སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་སྒྲིབ་པ་མེད་པར་འགྱུར་རོ། །མངོན་པར་ཤེས་པ་རྣམས་སྒྲིབ་པ་མེད་པར་འགྱུར་རོ། །ཏིང་ངེ་འཛིན་རྣམས་སྒྲིབ་པ་མེད་པར་འགྱུར་ རོ༑ ༑གཟུངས་ཀྱི་སྒོ་རྣམས་སྒྲིབ་པ་མེད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་སྒྲིབ་བ་མེད་པར་འགྱུར་རོ། །མི་འཇིགས་པ་རྣམས་སྒྲིབ་པ་མེད་པར་འགྱུར་རོ། ། སོ་སོ་ཡང་དག་པར་རིག་པ་རྣམས་སྒྲིབ་པ་མེད་པར་འགྱུར་རོ། །བྱམས་པ་ཆེན་པོ་སྒྲིབ་པ་མེད་པར་འགྱུར་རོ། །སྙིང་རྗེ་ཆེན་པོ་སྒྲིབ་པ་མེད་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་ འདྲེས་པ་རྣམས་སྒྲིབ་པ་མེད་པར་འགྱུར་རོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་པ་སྒྲིབ་པ་མེད་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤེས་པ་སྒྲིབ་པ་མེད་པར་ འགྱུར་རོ། །ཕྱིར་མི་འོང་བའི་འབྲས་བུ་ཤེས་པ་སྒྲིབ་པ་མེད་པར་འགྱུར་རོ། །དགྲ་བཅོམ་པ་ཉིད་ཤེས་པ་སྒྲིབ་པ་མེད་པར་འགྱུར་རོ་།རང་སངས་རྒྱས་ཤེས་པ་སྒྲིབ་པ་མེད་པར་འགྱུར་ རོ༑ ༑བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པ་སྒྲིབ་པ་མེད་པར་འགྱུར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་སྒྲིབ་པ་མེད་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་ [106A]༄༅། །དག་པར་བྱ་བ་སྒྲིབ་པ་མེད་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་སྒྲིབ་པ་མེད་པར་འགྱུར་རོ་།བག་ཆགས་ཀྱི་མཚམས་སྦྱོར་ བའི་ཉོན་མོངས་པ་ཐམས་ཅད་སྤོང་བ་སྒྲིབ་པ་མེད་པར་འགྱུར་རོ་།ཚེ་ཕུན་སུམ་ཚོགས་པ་སྒྲིབ་པ་མེད་པར་འགྱུར་རོ། །དམ་པའི་ཆོས་གནས་པ་སྒྲིབ་པ་མེད་པར་འགྱུར་རོ། །དེ་ཅིའི་ ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས། སྔོན་གྱི་མཐའ་ནས་ཀྱང་གཟུགས་ཡོངས་སུ་མ་བཟུང། ཚོར་བ་ཡོངས་སུ་མ་བཟུང། འདུ་ཤེས་ཡོངས་ སུ་མ་བཟུང། འདུ་བྱེད་ཡོངས་སུ་མ་བཟུང། རྣམ་པར་ཤེས་པ་ཡོངས་སུ་མ་བཟུང། །མིག་ཡོངས་སུ་མ་བཟུང། རྣ་བ་ཡོངས་སུ་མ་བཟུང་སྣ་ཡོངས་སུ་མ་བཟུང། ལྕེ་ཡོངས་སུ་ མ་བཟུང། ལུས་ཡོངས་སུ་མ་བཟུང། ཡིད་ཡོངས་སུ་མ་བཟུང་ངོ་།གཟུགས་ཡོངས་སུ་མ་བཟུང། སྒྲ་ཡོངས་སུ་མ་བཟུང། དྲི་ཡོངས་སུ་མ་བཟུང། རོ་ཡོངས་སུ་མ་བཟུང། རེག་ ཡོངས་སུ་མ་བཟུང། ཆོས་ཡོངས་སུ་མ་བཟུང་ངོ། །མིག་གི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང། རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང། སྣའི་རྣམ་པར་ཤེས་པ་ཡོངས་ སུ་མ་བཟུང། ལྕེའི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང། ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང། ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་ངོ། །མིག་གི་འདུས་ཏེ་ [106B] རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང། སྣའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང། ལྕེའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང། ལུས་ཀྱི་འདུས་ཏེ་རེག་པ་ཡོངས་ སུ་མ་བཟུང། ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་ངོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡོངས་སུ་མ་བཟུང། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡོངས་སུ་ མ་བཟུང། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡོངས་སུ་མ་བཟུང། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡོངས་སུ་མ་བཟུང། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ ཡོངས་སུ་མ་བཟུང། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡོངས་སུ་མ་བཟུང་ངོ། །སའི་ཁམས་ཡོངས་སུ་མ་བཟུང། ཆུའི་ཁམས་ཡོངས་སུ་མ་བཟུང། མེའི་ཁམས་ཡོངས་སུ་མ་ བཟུང། རླུང་གི་ཁམས་ཡོངས་སུ་མ་བཟུང། ནམ་མཁའི་ཁམས་ཡོངས་སུ་མ་བཟུང། རྣམ་པར་ཤེས་པའི་ཁམས་ཡོངས་སུ་མ་བཟུང་ངོ། །མ་རིག་པ་ཡོངས་སུ་མ་བཟུང། འདུ་བྱེད་ ཡོངས་སུ་མ་བཟུང། རྣམ་པར་ཤེས་པ་ཡོངས་སུ་མ་བཟུང། མིང་དང་གཟུགས་ཡོངས་སུ་མ་བཟུང། སྐྱེ་མཆེད་དྲུག་ཡོངས་སུ་མ་བཟུང། རེག་པ་ཡོངས་སུ་མ་བཟུང། ཚོར་བ་ཡོངས་ སུ་མ་བཟུང། སྲེད་པ་ཡོངས་སུ་མ་བཟུང། ལེན་པ་ཡོངས་སུ་མ་བཟུང་སྲིད་པ་ཡོངས་སུ་མ་བཟུང། སྐྱེ་བ་ཡོངས་སུ་མ་བཟུང། རྒ་ཤི་ཡོངས་སུ་མ་བཟུང་ངོ། །སྦྱིན་པའི་ཕ་རོལ་ཏུ་ [107A]༄༅། །ཕྱིན་པ་ཡོངས་སུ་མ་བཟུང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང། བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་ངོ། །ནང་སྟོང་པ་ཉིད་ ཡོངས་སུ་མ་བཟུང། ཕྱི་སྟོང་པ་ཉིད་ཡོངས་སུ་མ་བཟུང། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་མ་བཟུང། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང། ཆེན་པོ་སྟོང་པ་ཉིད་ཡོངས་སུ་མ་བཟུང་ དོན་དམ་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང། འདུས་བྱས་སྟོང་པ་ཉིད་ཡོངས་སུ་མ་བཟུང། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་མ་བཟུང། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་ སུ་མ་བཟུང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང། དོར་བ་མེད་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང། རང་བཞིན་སྟོང་པ་ཉིད་ཡོངས་སུ་མ་བཟུང། ཆོས་ཐམས་ཅད་ སྟོང་པ་ཉིད་ཡོངས་སུ་མ་བཟུང། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང། མི་དམིགས་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་དངོས་པོ་མེད་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང། ངོ་ བོ་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་ངོ། །དྲན་པ་ཉེ་བར་བཞག་པ་རྣམས་ཡོངས་སུ་མ་བཟུང། ཡང་དག་པར་སྤོང་བ་ [107B] རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་མ་བཟུང། དབང་པོ་རྣམས་ཡོངས་སུ་མ་བཟུང། སྟོབས་རྣམས་ཡོངས་སུ་མ་བཟུང། བྱང་ཆུབ་ཀྱི་ཡན་ལག་རྣམས་ ཡོངས་སུ་མ་བཟུང། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་མ་བཟུང་ངོ། །འཕགས་པའི་བདེན་པ་རྣམས་ཡོངས་སུ་མ་བཟུང། བསམ་གཏན་རྣམས་ཡོངས་སུ་མ་བཟུང་ ཚད་མེད་པ་རྣམས་ཡོངས་སུ་མ་བཟུང། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་མ་བཟུང། རྣམ་པར་ཐར་པ་རྣམས་ཡོངས་སུ་མ་བཟུང། མཐར་གྱིས་གནས་པའི་སྙོམས་ པར་འཇུག་པ་རྣམས་ཡོངས་སུ་མ་བཟུང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ཡོངས་སུ་མ་བཟུང་ངོ། །མངོན་པར་ཤེས་པ་རྣམས་ཡོངས་སུ་མ་ བཟུང༑ ཏིང་ངེ་འཛིན་རྣམས་ཡོངས་སུ་མ་བཟུང། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་མ་བཟུང་ངོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་མ་བཟུང། མི་འཇིགས་པ་རྣམས་ཡོངས་ ཡོངས་སུ་མ་བཟུང། སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་མ་བཟུང། བྱམས་པ་ཆེན་པོ་ཡོངས་སུ་མ་བཟུང། སྙིང་རྗེ་ཆེན་པོ་ཡོངས་སུ་མ་བཟུང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ རྣམས་ཡོངས་སུ་མ་བཟུང་ངོ། །ཐམས་ཅད་ཤེས་པ་ཉིད་ཡོངས་སུ་མ་བཟུང། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་མ་བཟུང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་བཟུང་ངོ། ། [108A]༄༅། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་གཟུགས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། གཟུགས་མ་ཡིན། ཚོར་བ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་ པ་དེ་ནི། ཚོར་བ་མ་ཡིན། འདུ་ཤེས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། འདུ་ཤེས་མ་ཡིན། འདུ་བྱེད་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། འདུ་བྱེད་མ་ཡིན། རྣམ་ པར་ཤེས་པ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པ་མ་ཡིན། མིག་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི་མིག་མ་ཡིན། རྣ་བ་ཡོངས་སུ་གཟུང་དུ་མེད་ པ་གང་ཡིན་པ་དེ་ནི། རྣ་བ་མ་ཡིན། སྣ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། སྣ་མ་ཡིན། ལྕེ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ལྕེ་མ་ཡིན། ལུས་ཡོངས་སུ་གཟུང་ དུ་མེད་པ་གང་ཡིན་པ་དེ་ནི། ལུས་མ་ཡིན། ཡིད་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ཡིད་མ་ཡིན། གཟུགས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། གཟུགས་མ་ཡིན་ སྒྲ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། སྒྲ་མ་ཡིན། དྲི་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། དྲི་མ་ཡིན། རོ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། རོ་མ་ཡིན་ རེག་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། རེག་མ་ཡིན། ཆོས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ཆོས་མ་ཡིན། མིག་གི་རྣམ་པར་ཤེས་པ་ཡོངས་སུ་གཟུང་དུ་མེད་ [108B] མིག་གི་རྣམ་པར་ཤེས་པ་མ་ཡིན། རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི་རྣ་བའི་རྣམ་པར་ཤེས་པ་མ་ཡིན། སྣའི་རྣམ་པར་ ཤེས་པ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། སྣའི་རྣམ་པར་ཤེས་པ་མ་ཡིན། ལྕེའི་རྣམ་པར་ཤེས་པ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ལྕེའི་རྣམ་པར་ཤེས་པ་མ་ ཡིན༑ ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ལུས་ཀྱི་རྣམ་པར་ཤེས་པ་མ་ཡིན། ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ ནི༑ ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན། མིག་གི་འདུས་ཏེ་རེག་པ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། མིག་གི་འདུས་ཏེ་རེག་པ་མ་ཡིན། རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་ གཟུང་དུ་མེད་པ་གང་ཡིན་པ་དེ་ནི། རྣ་བའི་འདུས་ཏེ་རེག་པ་མ་ཡིན། སྣའི་འདུས་ཏེ་རེག་པ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། སྣའི་འདུས་ཏེ་རེག་པ་མ་ཡིན། ལྕེའི་འདུས་ཏེ་ རེག་པ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ལྕེའི་འདུས་ཏེ་རེག་པ་མ་ཡིན། ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པ་མ་ཡིན་ ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ཡིད་ཀྱི་འདུས་ཏེ་རེག་པ་མ་ཡིན། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ [109A]༄༅། །ནི༑ མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་ པ་དེ་ནི། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། སྣའི་འདུས་ཏེ་རེག་ པ་ལས་བྱུང་བའི་ཚོར་བ་མ་ཡིན། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན། ལུས་ ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་ བའི་ཚོར་བ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མ་ཡིན། སའི་ཁམས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། སའི་ ཁམས་མ་ཡིན། ཆུའི་ཁམས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ཆུའི་ཁམས་མ་ཡིན། མེའི་ཁམས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། མེའི་ཁམས་མ་ཡིན་ རླུང་གི་ཁམས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། རླུང་གི་ཁམས་མ་ཡིན། ནམ་མཁའི་ཁམས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ནམ་མཁའི་ཁམས་མ་ཡིན་ [109B]པ་དེ་ནི། རྣམ་པར་ཤེས་པའི་ཁམས་མ་ཡིན། མ་རིག་པ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། མ་རིག་པ་མ་ཡིན་ འདུ་བྱེད་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། འདུ་བྱེད་མ་ཡིན། རྣམ་པར་ཤེས་པ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན། མིང་དང་གཟུགས་ ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། མིང་དང་གཟུགས་མ་ཡིན། སྐྱེ་མཆེད་དྲུག་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི་སྐྱེ་མཆེད་དྲུག་མ་ཡིན། རེག་པ་ཡོངས་སུ་གཟུང་ དུ་མེད་པ་གང་ཡིན་པ་དེ་ནི། རེག་པ་མ་ཡིན། ཚོར་བ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ཚོར་བ་མ་ཡིན། སྲེད་པ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། སྲེད་པ་མ་ཡིན་ ལེན་པ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ལེན་པ་མ་ཡིན་སྲིད་པ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། སྲིད་པ་མ་ཡིན། སྐྱེ་བ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་ པ་དེ་ནི། སྐྱེ་བ་མ་ཡིན། རྒ་ཤི་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། རྒ་ཤི་མ་ཡིན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་ [110A]༄༅། །སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་དུ་མེད་པ་གང་ ཡིན་པ་དེ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ ཡིན༑ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ནང་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མེད་པ་གང་ ཡིན་པ་དེ་ནི། ནང་སྟོང་པ་ཉིད་མ་ཡིན། ཕྱི་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ཕྱི་སྟོང་པ་ཉིད་མ་ཡིན་ཕྱི་ནང་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མེད་པ་གང་ ཡིན་པ་དེ་ནི། ཕྱི་ནང་སྟོང་པ་ཉིད་མ་ཡིན། །སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། སྟོང་པ་ཉིད་སྟོང་པ་ཉིད་མ་ཡིན། ཆེན་པོ་སྟོང་པ་ཉིད་ཡོངས་སུ་ གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ཆེན་པོ་སྟོང་པ་ཉིད་མ་ཡིན་དོན་དམ་པ་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། དོན་དམ་པ་སྟོང་པ་ཉིད་མ་ཡིན། འདུས་ བྱས་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི་འདུས་བྱས་སྟོང་པ་ཉིད་མ་ཡིན། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། འདུས་མ་བྱས་ [110B] མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། མཐའ་ལས་འདས་པ་སྟོང་པ་ཉིད་མ་ཡིན། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡོངས་ སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མ་ཡིན། དོར་བ་མེད་པ་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། དོར་བ་མེད་པ་སྟོང་པ་ཉིད་མ་ ཡིན། རང་བཞིན་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། རང་བཞིན་སྟོང་པ་ཉིད་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ཆོས་ ཐམས་ཅད་སྟོང་པ་ཉིད་མ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། རང་གི་མཚན་ཉིད་སྟོང་པ་ཉིད་མ་ཡིན། མི་དམིགས་པ་སྟོང་པ་ཉིད་ཡོངས་སུ་ གཟུང་དུ་མེད་པ་གང་ཡིན་པ་དེ་ནི། མི་དམིགས་པ་སྟོང་པ་ཉིད་མ་ཡིན། དངོས་པོ་མེད་པ་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། དངོས་པོ་མེད་པ་སྟོང་པ་ཉིད་མ་ཡིན། ངོ་བོ་ ཉིད་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། དངོས་པོ་ མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ཡིན། དྲན་པ་ཉེ་བར་བཞག་པ་རྣམས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། དྲན་པ་ཉེ་བར་བཞག་པ་རྣམས་མ་ཡིན། ཡང་དག་པར་སྤོང་བ་རྣམས་ [111A]༄༅། །ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ཡང་དག་པར་སྤོང་བ་རྣམས་མ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་གཟུང་དུ་མེད་པ་གང་ ཡིན་པ་དེ་ནི། རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ཡིན། དབང་པོ་རྣམས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། དབང་པོ་རྣམས་མ་ཡིན། སྟོབས་རྣམས་ཡོངས་སུ་གཟུང་དུ་མེད་ པ་གང་ཡིན་པ་དེ་ནི། སྟོབས་རྣམས་མ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ཡིན། འཕགས་པའི་ ལམ་ཡན་ལག་བརྒྱད་པ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཡིན། འཕགས་པའི་བདེན་པ་རྣམས་ཡོངས་སུ་གཟུང་དུ་མེད་པ་ གང་ཡིན་པ་དེ་ནི། འཕགས་པའི་བདེན་པ་རྣམས་མ་ཡིན། བསམ་གཏན་རྣམས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། བསམ་གཏན་རྣམས་མ་ཡིན། ཚད་མེད་པ་རྣམས་ ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ཚད་མེད་པ་རྣམས་མ་ཡིན། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། གཟུགས་ མེད་པའི་སྙོམས་པར་འཇུག་པ་རྣམས་མ་ཡིན། རྣམ་པར་ཐར་པ་རྣམས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། རྣམ་པར་ཐར་པ་རྣམས་མ་ཡིན། མཐར་གྱིས་གནས་པའི་སྙོམས་ [111B]ནི། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མ་ཡིན། རྣམ་པ་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་ མ་མེད་པ་དང། སྨོན་པ་མེད་པ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་མ་ཡིན། མངོན་པར་ཤེས་པ་ རྣམས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། མངོན་པར་ཤེས་པ་རྣམས་མ་ཡིན། ཏིང་ངེ་འཛིན་རྣམས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ཏིང་ངེ་འཛིན་རྣམས་མ་ཡིན་ གཟུངས་ཀྱི་སྒོ་རྣམས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི་གཟུངས་ཀྱི་སྒོ་རྣམས་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། དེ་ བཞིན་གཤེགས་པའི་སྟོབས་རྣམས་མ་ཡིན། མི་འཇིགས་པ་རྣམས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། མི་འཇིགས་པ་རྣམས་མ་ཡིན། སོ་སོ་ཡང་དག་པར་རིག་པ་རྣམས་ ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། སོ་སོ་ཡང་དག་པར་རིག་པ་རྣམས་མ་ཡིན། བྱམས་པ་ཆེན་པོ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། བྱམས་པ་ཆེན་པོ་མ་ཡིན། སྙིང་ རྗེ་ཆེན་པོ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། སྙིང་རྗེ་ཆེན་པོ་མ་ཡིན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། སངས་རྒྱས་ཀྱི་ཆོས་ [112A]༄༅། །མ་འདྲེས་པ་རྣམས་མ་ཡིན། རྒྱུན་དུ་ཞུགས་པའི་འབྲས་བུ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། རྒྱུན་དུ་ཞུགས་པའི་འབྲས་བུ་མ་ཡིན། ལན་ གཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མ་ཡིན། ཕྱིར་མི་འོང་བའི་འབྲས་བུ་ཡོངས་སུ་གཟུང་དུ་མེད་པ་གང་ ཡིན་པ་དེ་ནི། ཕྱིར་མི་འོང་བའི་འབྲས་བུ་མ་ཡིན། དགྲ་བཅོམ་པ་ཉིད་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། དགྲ་བཅོམ་པ་ཉིད་མ་ཡིན། རང་བྱང་ཆུབ་ཡོངས་སུ་གཟུང་དུ་ མེད་པ་གང་ཡིན་པ་དེ་ནི། རང་བྱང་ཆུབ་མ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་མ་ཡིན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་གནས་འདི་བཤད་པའི་ཚེ། བྱང་ཆུབ་ སེམས་དཔའ་ཉིས་སྟོང་གིས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་སུམ་ཅུ་བརྒྱད་པའོ།། །། དེ་སྐད་ཅེས་བཀའ་སྩལ་པ་དང། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ [112B] ཚུལ་ནི་གང་ལགས། མཚན་མ་ནི་གང་ལགས། ཇི་ལྟར་བདག་ཅག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཕྱིར་ མི་ལྡོག་པའོ་ཞེས་བགྱི་བར་འཚལ་བར་བགྱི། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར། འདི་ ལ་སོ་སོའི་སྐྱེ་བོའི་ས་དང། ཉན་ཐོས་ཀྱི་ས་དང། རང་སངས་རྒྱས་ཀྱི་ས་དང། བྱང་ཆུབ་སེམས་དཔའི་ས་དང། དེ་བཞིན་གཤེགས་པའི་སར་བཤད་པ་དེ་དག་ཐམས་ཅད་ཀྱང་དེ་བཞིན་ ཉིད་ལ་འགྱུར་བ་མེད་ཅིང། རྣམ་པར་རྟོག་པ་མེད་ལ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ། །དེ་ནི་དེ་བཞིན་ཉིད་དེ་ཇི་ལྟ་བ་བཞིན་དུ་འཇུག་སྟེ། དེ་བཞིན་ཉིད་ལ་རྣམ་པར་མི་རྟོག་ ཅིང། དེ་ལྟར་རྣམ་པར་མི་རྟོག་པར་འཇུག་སྟེ། དེ་ལྟར་ཞུགས་པ་ནི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཐོས་ནས་དེ་ལས་འདས་ཏེ། དེ་དག་དེ་བཞིན་ཉིད་ལ་རེ་རེ་དང། གཉིས་ཀ་དང་ གཉིས་ཀ་མ་ཡིན་པར་ཐེ་ཙོམ་ཟབ་གང་ཡང་མེད་དོ། །དེ་ནི་བྱུང་རྒྱལ་དུ་སྨྲ་བ་མ་ཡིན་ཏེ། དོན་དང་ལྡན་པར་སྨྲའི། དོན་དང་མི་ལྡན་པར་སྨྲ་བ་མ་ཡིན། གཞན་གྱིས་བྱས་པ་དང་མ་ བྱས་པ་ལ་མི་ལྟ་ཞིང་ལེགས་པར་བརྗོད་པ་ཚོལ་བ་ཡིན་ཏོ། རབ་འབྱོར། རྣམ་པ་དེ་དག་དང། ཚུལ་དེ་དག་དང། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ [113A]༄༅། །ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །གསོལ་པ་བཅོམ་ལྡན་འདས། རྣམ་པ་གང་དག་དང། ཚུལ་གང་དག་དང། མཚན་མ་གང་དག་ དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པར་རིག་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཆོས་ཐམས་ཅད་ནི་རྣམ་པ་ མེད་པ། ཚུལ་མེད་པ། མཚན་མ་མེད་པའོ། །གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རྣམ་པ་མ་མཆིས་པ། ཚུལ་མ་མཆིས་པ་མཚན་མ་མ་མཆིས་པ་ ལགས་ན། ཆོས་གང་རྣམས་ལས་སླར་ལྡོག་པའི་སླད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཕྱིར་མི་ལྡོག་པ་ཞེས་བསྟན་པ་ལགས་བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཟུགས་ལས་ཕྱིར་ལོག་པ། ཚོར་བ་ལས་ཕྱིར་ལོག་པ། འདུ་ཤེས་ལས་ཕྱིར་ལོག་པ། འདུ་བྱེད་ ལས་ཕྱིར་ལོག་པ། རྣམ་པར་ཤེས་པ་ལས་ཕྱིར་ལོག་པ། མིག་ལས་ཕྱིར་ལོག་པ། རྣ་བ་ལས་ཕྱིར་ལོག་པ། སྣ་ལས་ཕྱིར་ལོག་པ། ལྕེ་ལས་ཕྱིར་ལོག་པ། ལུས་ལས་ཕྱིར་ ལོག་པ། ཡིད་ལས་ཕྱིར་ལོག་པ། གཟུགས་ལས་ཕྱིར་ལོག་པ། སྒྲ་ལས་ཕྱིར་ལོག་པ། དྲི་ལས་ཕྱིར་ལོག་པ། རོ་ལས་ཕྱིར་ལོག་པ། རེག་ལས་ཕྱིར་ལོག་པ། ཆོས་ [113B] མིག་གི་རྣམ་པར་ཤེས་པ་ལས་ཕྱིར་ལོག་པ་རྣ་བའི་རྣམ་པར་ཤེས་པ་ལས་ཕྱིར་ལོག་པ། སྣའི་རྣམ་པར་ཤེས་པ་ལས་ཕྱིར་ལོག་པ། ལྕེའི་རྣམ་པར་ ཤེས་པ་ལས་ཕྱིར་ལོག་པ། ལུས་ཀྱི་རྣམ་པར་ཤེས་པ་ལས་ཕྱིར་ལོག་པ། ཡིད་ཀྱི་རྣམ་པར་ཤེས་པ་ལས་ཕྱིར་ལོག་པ། མིག་གི་འདུས་ཏེ་རེག་པ་ལས་ཕྱིར་ལོག་པ། རྣ་བའི་འདུས་ ཏེ་རེག་པ་ལས་ཕྱིར་ལོག་པ། སྣའི་འདུས་ཏེ་རེག་པ་ལས་ཕྱིར་ལོག་པ། ལྕེའི་འདུས་ཏེ་རེག་པ་ལས་ཕྱིར་ལོག་པ། ལུས་ཀྱི་འདུས་ཏེ་རེག་པ་ལས་ཕྱིར་ལོག་པ། ཡིད་ཀྱི་འདུས་ཏེ་རེག་ པ་ལས་ཕྱིར་ལོག་པ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་ཕྱིར་ལོག་པ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་ཕྱིར་ལོག་པ། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ ཚོར་བ་ལས་ཕྱིར་ལོག་པ། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་ཕྱིར་ལོག་པ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་ཕྱིར་ལོག་པ། ཡིད་ཀྱི་འདུས་ཏེ་རེག་པའི་ རྐྱེན་གྱིས་ཚོར་བ་ལས་ཕྱིར་ལོག་པ། སའི་ཁམས་ལས་ཕྱིར་ལོག་པ་ཆུའི་ཁམས་ལས་ཕྱིར་ལོག་པ། མེའི་ཁམས་ལས་ཕྱིར་ལོག་པ། རླུང་གི་ཁམས་ལས་ཕྱིར་ལོག་པ། ནམ་མཁའི་ ཁམས་ལས་ཕྱིར་ལོག་པ། རྣམ་པར་ཤེས་པའི་ཁམས་ལས་ཕྱིར་ལོག་པ། མ་རིག་པ་ལས་ཕྱིར་ལོག་པ། འདུ་བྱེད་ལས་ཕྱིར་ལོག་པ། རྣམ་པར་ཤེས་པ་ལས་ཕྱིར་ལོག་པ། མིང་ [114A]༄༅། །དང་གཟུགས་ལས་ཕྱིར་ལོག་པ། སྐྱེ་མཆེད་དྲུག་ལས་ཕྱིར་ལོག་པ། རེག་པ་ལས་ཕྱིར་ལོག་པ། ཚོར་བ་ལས་ཕྱིར་ལོག་པ། སྲེད་པ་ལས་ཕྱིར་ ལོག་པ། ལེན་པ་ལས་ཕྱིར་ལོག་པ། སྲིད་པ་ལས་ཕྱིར་ལོག་པ། སྐྱེ་བ་ལས་ཕྱིར་ལོག་པ། རྒ་ཤི་ལས་ཕྱིར་ལོག་པ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་ལོག་པ། ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་ལོག་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་ལོག་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་ལོག་པ། བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པ་ལས་ཕྱིར་ལོག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཕྱིར་ལོག་པ། ནང་སྟོང་པ་ཉིད་ལས་ཕྱིར་ལོག་པ། ཕྱི་སྟོང་པ་ཉིད་ལས་ཕྱིར་ལོག་པ། ཕྱི་ནང་སྟོང་པ་ཉིད་ལས་ ཕྱིར་ལོག་པ། སྟོང་པ་ཉིད་སྟོང་པ་ཉིད་ལས་ཕྱིར་ལོག་པ། ཆེན་པོ་སྟོང་པ་ཉིད་ལས་ཕྱིར་ལོག་པ། དོན་དམ་པ་སྟོང་པ་ཉིད་ལས་ཕྱིར་ལོག་པ། འདུས་བྱས་སྟོང་པ་ཉིད་ལས་ ཕྱིར་ལོག་པ། འདུས་མ་བྱས་སྟོང་པ་ཉིད་ལས་ཕྱིར་ལོག་པ། མཐའ་ལས་འདས་པ་སྟོང་པ་ཉིད་ལས་ཕྱིར་ལོག་པ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལས་ཕྱིར་ལོག་པ། དར་བ་ མེད་པ་སྟོང་པ་ཉིད་ལས་ཕྱིར་ལོག་པ། རང་བཞིན་སྟོང་པ་ཉིད་ལས་ཕྱིར་ལོག་པ། ཆོས་ཐམས་ཅད་སྟོང་པ་ཉིད་ལས་ཕྱིར་ལོག་པ་རང་གི་མཚན་ཉིད་སྟོང་པ་ཉིད་ལས་ཕྱིར་ལོག་ [114B] མི་དམིགས་པ་སྟོང་པ་ཉིད་ལས་ཕྱིར་ལོག་པ། དངོས་པོ་མེད་པ་སྟོང་པ་ཉིད་ལས་ཕྱིར་ལོག་པ། ངོ་བོ་ཉིད་སྟོང་པ་ཉིད་ལས་ཕྱིར་ལོག་པ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་ པ་ཉིད་ལས་ཕྱིར་ལོག་པ། དྲན་པ་ཉེ་བར་བཞག་པ་རྣམས་ལས་ཕྱིར་ལོག་པ། ཡང་དག་པར་སྤོང་བ་རྣམས་ལས་ཕྱིར་ལོག་པ། རྫུ་འཕྲུལ་གྱི་རྐང་པ་རྣམས་ལས་ཕྱིར་ལོག་པ་ དབང་པོ་རྣམས་ལས་ཕྱིར་ལོག་པ། སྟོབས་རྣམས་ལས་ཕྱིར་ལོག་པ་བྱང་ཆུབ་ཀྱི་ཡན་ལག་རྣམས་ལས་ཕྱིར་ལོག་པ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་ཕྱིར་ལོག་ པ༑ འཕགས་པའི་བདེན་པ་རྣམས་ལས་ཕྱིར་ལོག་པ། བསམ་གཏན་རྣམས་ལས་ཕྱིར་ལོག་པ། ཚད་མེད་པ་རྣམས་ལས་ཕྱིར་ལོག་པ། གཟུགས་མེད་པའི་སྙོམས་པར་འཇུག་པ་ རྣམས་ལས་ཕྱིར་ལོག་པ། རྣམ་པར་ཐར་པ་བརྒྱད་ལས་ཕྱིར་ལོག་པ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལས་ཕྱིར་ལོག་པ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་ མཚན་མ་མེད་པ་དང། སྨོན་པ་མེད་པ་ལས་ཕྱིར་ལོག་པ། མངོན་པར་ཤེས་པ་རྣམས་ལས་ཕྱིར་ལོག་པ། ཏིང་ངེ་འཛིན་རྣམས་ལས་ཕྱིར་ལོག་པ། གཟུངས་ཀྱི་སྒོ་རྣམས་ལས་ཕྱིར་ ལོག་པ། དེ་བཞིན་གཤེགས་པའི་སྟོབས་བཅུ་ལས་ཕྱིར་ལོག་པ། མི་འཇིགས་པ་བཞི་ལས་ཕྱིར་ལོག་པ། སོ་སོ་ཡང་དག་པར་རིག་པ་བཞི་ལས་ཕྱིར་ལོག་པ། བྱམས་པ་ཆེན་པོ་ [115A]༄༅། །ལས་ཕྱིར་ལོག་པ། སྙིང་རྗེ་ཆེན་པོ་ལས་ཕྱིར་ལོག་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལས་ཕྱིར་ལོག་པ་ཉན་ཐོས་དང། རང་སངས་ རྒྱས་ཀྱི་ས་ལས་ཕྱིར་ལོག་པ། ལམ་གྱི་རྣམ་པ་ཤེས་པ་ཉིད་ལས་ཕྱིར་ལོག་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལོག་པ་དེ་ནི། རབ་འབྱོར། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པར་རིག་པར་བྱའོ་།དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། དེ་ནི་འདི་ལྟར་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་གནས་པར་འགྱུར་བའི་གཟུགས་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཚོར་བའི་ངོ་བོ་ཉིད་མེད་དོ། །གང་ལ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་འདུ་ཤེས་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་ འགྱུར་བའི་འདུ་བྱེད་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣམ་པར་ཤེས་པའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མིག་གི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣ་ [115B] །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྣའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ གནས་པར་འགྱུར་བའི་ལྕེའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ལུས་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཡིད་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་གཟུགས་ཀྱི་ངོ་བོ་ཉིད་མེད་ དོ༑ ༑གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྒྲའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་ བའི་དྲིའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རོའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་གནས་པར་འགྱུར་བའི་རེག་གི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཆོས་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མིག་གི་རྣམ་པར་ཤེས་པའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣ་ [116A]༄༅། །བའི་རྣམ་པར་ཤེས་པའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྣའི་རྣམ་པར་ཤེས་པའི་ ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ལྕེའི་རྣམ་པར་ཤེས་པའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་གནས་པར་འགྱུར་བའི་ལུས་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཡིད་ཀྱི་རྣམ་པར་ ཤེས་པའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མིག་གི་འདུས་ཏེ་རེག་པའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣ་བའི་འདུས་ཏེ་རེག་པའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་ བའི་སྣའི་འདུས་ཏེ་རེག་པའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ལྕེའི་འདུས་ཏེ་རེག་པའི་ངོ་བོ་ཉིད་མེད་དོ། །གང་ལ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ལུས་ཀྱི་འདུས་ཏེ་རེག་པའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་ [116B]།གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་ བའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་ པར་འགྱུར་པའི་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ལུས་ཀྱི་འདུས་ཏེ་རེག་པའི་ རྐྱེན་གྱིས་ཚོར་བའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ངོ་བོ་ཉིད་མེད་དོ། ། གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སའི་ཁམས་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་ འགྱུར་བའི་ཆུའི་ཁམས་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མེའི་ཁམས་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་ [117A]༄༅། །དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རླུང་གི་ཁམས་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་ པར་འགྱུར་བའི་ནམ་མཁའི་ཁམས་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣམ་པར་ཤེས་པའི་ཁམས་ཀྱི་ངོ་བོ་ཉིད་མེད་ དོ༑ ༑གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མ་རིག་པའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་ འགྱུར་བའི་འདུ་བྱེད་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྣམ་པར་ཤེས་པའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མིང་དང་གཟུགས་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྐྱེ་མཆེད་ དྲུག་གི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རེག་པའི་ངོ་བོ་ཉིད་མེད་དོ་།གང་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཚོར་བའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྲེད་པའི་ངོ་བོ་ཉིད་ [117B] །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ལེན་པའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་ པར་འགྱུར་བའི་སྲིད་པའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྐྱེ་བའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྒ་ཤིའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པའི་ངོ་བོ་ཉིད་མེད་དོ། གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་ འགྱུར་བའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་ [118A]༄༅། །སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་ པར་འགྱུར་བའི་ཕྱི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཕྱི་ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མེད་དོ། །གང་ ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ གནས་པར་འགྱུར་བའི་ཆེན་པོ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མེད་དོ་།གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་དོན་དམ་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་འདུས་བྱས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་གནས་པར་འགྱུར་བའི་འདུས་མ་བྱས་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མཐའ་ལས་འདས་ པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མེད་དོ། །གང་ [118B]བའི་དོར་བ་མེད་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་ཕར་[*PAR?] འགྱུར་བའི་རང་བཞིན་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མེད་དོ། ། གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མེད་དོ་།གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ གནས་པར་འགྱུར་བའི་མི་དམིགས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་ངོ་ བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་གནས་པར་འགྱུར་བའི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་དྲན་པ་ ཉེ་བར་བཞག་པ་རྣམས་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཡང་དག་པར་སྤོང་བ་རྣམས་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་ [119A]༄༅། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་དབང་པོ་རྣམས་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྟོབས་ རྣམས་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་འཕགས་པའི་ལམ་ཡན་ལག་བརྒྱད་པའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ གནས་པར་འགྱུར་བའི་འཕགས་པའི་བདེན་པ་རྣམས་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་པའི་བསམ་གཏན་རྣམས་ ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཚད་མེད་པ་རྣམས་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་གནས་པར་འགྱུར་བའི་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་ [119B]།གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ དགུའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་མེད་དོ་།གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གནས་པར་འགྱུར་བའི་མཚན་མ་མེད་པའི་ངོ་བོ་ཉིད་མེད་དོ་།གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྨོན་པ་མེད་པའི་ངོ་བོ་ཉིད་མེད་ དོ༑ ༑གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མངོན་པར་ཤེས་པ་རྣམས་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གནས་པར་འགྱུར་བའི་ཏིང་ངེ་འཛིན་རྣམས་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་གཟུངས་ཀྱི་སྒོ་རྣམས་ཀྱི་ངོ་བོ་ ཉིད་མེད་དོ། གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་དེ་བཞིན་གཤེགས་པའི་སྟོབས་བཅུའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་མི་འཇིགས་པ་བཞིའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སོ་སོ་ཡང་ [120A]༄༅། །དག་པར་རིག་པ་བཞིའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་བྱམས་པ་ཆེན་པོའི་ངོ་བོ་ ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གནས་པར་འགྱུར་བའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ རྒྱུན་དུ་ཞུགས་པའི་འབྲས་བུའི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་ངོ་བོ་ ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ཕྱིར་མི་འོང་བའི་འབྲས་བུའི་ངོ་བོ་ཉིད་མེད་དོ་།གང་ལ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་དགྲ་བཅོམ་པ་ཉིད་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་རང་བྱང་ ཆུབ་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གནས་པར་འགྱུར་བའི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ངོ་བོ་ཉིད་མེད་དོ། །གང་ལ་བྱང་ཆུབ་ [120B]ཐམས་ཅད་མཁྱེན་པ་ཉིད་ཀྱི་ངོ་བོ་ཉིད་མེད་དོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི། དགེ་སྦྱོང་དང་བྲམ་ཟེ་འདི་དག་ནི་ཤེས་པར་བྱ་བ་ཤེས་པའོ། །བལྟ་བར་བྱ་བ་མཐོང་བའོ། །ཡང་དག་པར་ལྟ་བ་འདོགས་པ་འདོགས་སོ་ཞེས་འདི་ལས་ཕྱི་རོལ་ པའི་དགེ་སྦྱོང་དང། བྲམ་ཟེ་གཞན་དག་གི་ངོར་མི་ལྟ་སྟེ། དེ་ནི་གནས་མེད་ཅིང་ཐེ་ཚོམ་མི་ཟའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མི་སྙེམས། ལྟ་བ་ངན་པར་མི་ལྟུང། བཀྲ་ཤིས་ དང་ལྟས་ཀྱིས་གཙང་མར་མི་འདོགས་ཏེ། ལྷ་གཞན་ལ་ཕྱག་མི་འཚལ་ཞིང། མེ་ཏོག་གམ། ཕྲེང་བའམ། སྤོས་སམ། བྱུག་པའམ། ཕྱེ་མའམ། གོས་སམ། གདུགས་སམ། རྒྱལ་ མཚན་ནམ། བ་དན་དག་དེ་ལ་སྦྱིན་ཅིང། བྱ་བར་མི་སེམས་ཏེ། རབ་འབྱོར། རྣམ་པ་དེ་དག་དང། ཚུལ་དེ་དག་དང། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་དམྱལ་བར་མི་སྐྱེ། བྱོལ་ སོང་གི་སྐྱེ་གནས་སུ་མི་སྐྱེ། གཤིན་རྗེའི་འཇིག་རྟེན་དུ་མི་སྐྱེ་ལྷ་ཚེ་རིང་པོའི་ནང་དུ་མི་སྐྱེ། གང་ན་སྐྱེ་བོ་གླན་ཞིང་ལྐུག་པ་དགེ་བའི་ཆོས་མི་སྤྱོད་པའི་ནང་དུ་མི་སྐྱེ། ཡུལ་མཐའ་འཁོབ་ [121A]༄༅། །ཀྱི་སྐྱེ་བོ་མ་རུངས་པ་དང། ཀླ་ཀློའི་ནང་དུ་མི་སྐྱེ། ལོག་པར་ལྟ་བའི་རིགས་སུ་མི་སྐྱེ། གང་ན་སངས་རྒྱས་ཀྱི་སྒྲ་དང། ཆོས་ཀྱི་སྒྲ་དང། དགེ་འདུན་གྱི་ སྒྲ་མི་གྲག་པ་དེར་མི་སྐྱེ་སྟེ། དེ་ལྟར་མི་ཁོམ་པ་བརྒྱད་པོ་འདི་དག་གི་ནང་དུ་མི་སྐྱེ་ཞིང། བུད་མེད་དུ་འགྱུར་བ་ཡོངས་སུ་མི་འཛིན་ཏེ། རབ་འབྱོར། རྣམ་པ་དེ་དག་དང། ཚུལ་དེ་དག་དང་ མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བཟུང་ཞིང་སྤྱོད་དེ། བདག་གིས་ཀྱང་སྲོག་གཅོད་པ་སྤངས་ཤིང། གཞན་ཡང་སྲོག་གཅོད་པ་སྤོང་བ་ལ་ཡང་དག་པར་ སྐུལ་བ་ཡིན། སྲོག་གཅོད་པ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་སྲོག་གཅོད་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བ་ཡིན། བདག་གིས་ ཀྱང་མ་བྱིན་པར་ལེན་པ་སྤངས་ཤིང། གཞན་ཡང་མ་བྱིན་པར་ལེན་པ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། མ་བྱིན་པར་ལེན་པ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་ གིས་མ་བྱིན་པར་ལེན་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བ་ཡིན། བདག་གིས་ཀྱང་འདོད་པས་ལོག་པར་གཡེམ་པ་སྤངས་ཤིང། གཞན་ཡང་འདོད་ [121B]འདོད་པས་ལོག་པར་གཡེམ་པ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་འདོད་པས་ལོག་པར་གཡེམ་ པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བ་ཡིན་བདག་གིས་ཀྱང་བརྫུན་དུ་སྨྲ་བ་སྤངས་ཤིང། གཞན་ཡང་བརྫུན་དུ་སྨྲ་བ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན་ བརྫུན་དུ་སྨྲ་བ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་བརྫུན་དུ་སྨྲ་བ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བ་ཡིན། བདག་གིས་ཀྱང་ཕྲ་མ་སྤངས་ ཤིང༑ གཞན་ཡང་ཕྲ་མ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན་ཕྲ་མ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ཕྲ་མ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་ དགའ་བ་ཡིན། བདག་གིས་ཀྱང་ཞེ་གཅོད་པ་སྤངས་ཤིང། གཞན་ཡང་ཞེ་གཅོད་པ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཞེ་གཅོད་པ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་ གང་གིས་ཞེ་གཅོད་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བ་ཡིན། བདག་གིས་ཀྱང་ཚིག་བཀྱལ་བ་སྨྲ་བ་སྤངས་ཤིང། གཞན་ཡང་ཚིག་བཀྱལ་བ་སྨྲ་བ་ སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཚིག་བཀྱལ་པ་སྨྲ་བ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ཚིག་བཀྱལ་བ་སྨྲ་བ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་ [122A]༄༅། །པས་དགའ་བ་ཡིན། བདག་གིས་ཀྱང་ཆགས་སེམས་སྤངས་ཤིང། གཞན་ཡང་ཆགས་སེམས་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཆགས་ སེམས་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ཆགས་སེམས་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བ་ཡིན་བདག་གིས་ཀྱང་གནོད་སེམས་ སྤངས་ཤིང། གཞན་ཡང་གནོད་སེམས་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། གནོད་སེམས་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་གནོད་སེམས་སྤངས་པ་དེ་ དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བ་ཡིན། བདག་གིས་ཀྱང་ལོག་པར་ལྟ་བ་སྤངས་ཤིང། གཞན་ཡང་ལོག་པར་ལྟ་བ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ལོག་ པར་ལྟ་བ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ལོག་པར་ལྟ་བ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བ་ཡིན་ཏེ། རབ་འབྱོར། རྣམ་པ་དེ་དག་ དང༑ ཚུལ་དེ་དག་དང། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ་།རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྨི་ལམ་ནའང་མི་དགེ་བ་བཅུའི་ལས་ཀྱི་ལམ་མི་དམིགས་ན། སད་པ་ན་ལྟ་ཅི་སྨོས་ཏེ། རབ་འབྱོར། རྣམ་པ་དེ་དག་དང། ཚུལ་དེ་དག་ [122B] མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི། ནམ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེའི་ཚེ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་སྦྱིན་པ་དེ་ཡོངས་སུ་གཏོང་ངོ། །ནམ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་གནས་པ་དེའི་ཚེ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཚུལ་ཁྲིམས་དེ་སྲུང་བར་བྱེད་དོ། །ནམ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེའི་ཚེ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་ བཟོད་པ་དེ་སྒོམ་པར་བྱེད་དོ། །ནམ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེའི་ཚེ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་བརྩོན་འགྲུས་དེ་རྩོམ་པར་བྱེད་དོ། །ནམ་བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེའི་ཚེ། སེམས་ཅན་ཐམས་ཅད་ཀྱི་ཕྱིར་བསམ་གཏན་དེ་ལ་མཉམ་པར་གཞོག་གོ་ནམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེའི་ཚེ་ སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཤེས་རབ་དེ་སྒོམ་པར་བྱེད་དོ། །རབ་འབྱོར། རྣམ་པ་དེ་དག་དང། ཚུལ་དེ་དག་དང། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མདོ་དང། དབྱངས་ཀྱིས་བསྙད་པ་དང་ [123A]༄༅། །ལུང་བསྟན་པ་དང། ཚིགས་སུ་བཅད་པ་དང། ཆེད་དུ་བརྗོད་པ་དང། གླེང་གཞི་དང། འདི་ལྟར་འདས་པ་དང། སྐྱེས་པའི་རབས་དང། ཤིན་ཏུ་རྒྱས་ པ་དང། ཆོས་རྨད་དུ་བྱུང་བ་དང། རྟོགས་པ་བརྗོད་པ་དང། གཏན་ལ་དབབ་པ་བསྟན་པའི་ཆོས་དེ་དག་ཆོས་ཀྱི་སྦྱིན་པ་བྱ་བའི་དོན་དུ་ཀུན་ཆུབ་པར་བྱས་ནས། དེ་ཆོས་ཀྱི་སྦྱིན་པ་ དེ་ཡོངས་སུ་གཏོང་བའི་ཚེ། འདི་སྙམ་དུ་ཆོས་ཀྱི་སྦྱིན་པ་འདིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་བསམས་ནས། དེས་ཆོས་ཀྱི་སྦྱིན་པ་དེ་སེམས་ ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་སྟེ། རབ་འབྱོར། རྣམ་པ་དེ་དག་དང། ཚུལ་དེ་དག་དང། མཚན་མ་དེ་དག་དང་ལྡན་ པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་ སོ་དྲུག་པ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཟབ་མོ་ལ་ནེམ་ནུར་མེད། ཐེ་ཚོམ་མེད། ཡིད་གཉིས་མེད་དོ། །གསོལ་ པ༑ བཅོམ་ལྡན་འདས། ཅིའི་སླད་དུ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཆོས་ཟབ་མོ་ལ་ནེམ་ནུར་མ་མཆིས། ཐེ་ཚོམ་མ་མཆིས། ཡིད་གཉིས་མ་ [123B] བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གང་ཡང་ཡང་དག་པར་ རྗེས་སུ་མཐོང་བ་མེད་དེ། གང་ལ་ནེམ་ནུར་རམ། ཡིད་གཉིས་སམ། ཐེ་ཚོམ་དུ་འགྱུར་བའི་གཟུགས་སམ། ཚོར་བའམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། མིག་ གམ༑ རྣ་བའམ། སྣའམ། ལྕེའམ། ལུས་སམ། ཡིད་དམ། གཟུགས་སམ་སྒྲའམ། དྲིའམ། རོའམ། རེག་གམ། ཆོས་སམ། མིག་གི་རྣམ་པར་ཤེས་པའམ། རྣ་བའི་རྣམ་པར་ ཤེས་པའམ། སྣའི་རྣམ་པར་ཤེས་པའམ། ལྕེའི་རྣམ་པར་ཤེས་པའམ་ལུས་ཀྱི་རྣམ་པར་ཤེས་པའམ། ཡིད་ཀྱི་རྣམ་པར་ཤེས་པའམ། མིག་གི་འདུས་ཏེ་རེག་པའམ། རྣ་བའི་ འདུས་ཏེ་རེག་པའམ། སྣའི་འདུས་ཏེ་རེག་པའམ། ལྕེའི་འདུས་ཏེ་རེག་པའམ། ལུས་ཀྱི་འདུས་ཏེ་རེག་པའམ། ཡིད་ཀྱི་འདུས་ཏེ་རེག་པའམ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་ བའམ༑ རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའམ། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའམ། ལུས་ཀྱི་འདུས་ཏེ་རེག་ པའི་རྐྱེན་གྱིས་ཚོར་བའམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའམ། སའི་ཁམས་སམ། ཆུའི་ཁམས་སམ། མེའི་ཁམས་སམ་རླུང་གི་ཁམས་སམ། ནམ་མཁའི་ཁམས་ [124A]༄༅། །སམ༑ རྣམ་པར་ཤེས་པའི་ཁམས་སམ། མ་རིག་པའམ། འདུ་བྱེད་དམ། རྣམ་པར་ཤེས་པའམ། མིང་དང་གཟུགས་སམ། སྐྱེ་མཆེད་དྲུག་གམ། རེག་ པའམ། ཚོར་བའམ། སྲེད་པའམ། ལེན་པའམ། སྲིད་པའམ། སྐྱེ་བའམ་རྒ་ཤིའམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བཟོད་པའི་ཕ་ རོལ་ཏུ་ཕྱིན་པའམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ། ནང་སྟོང་པ་ཉིད་དམ། །ཕྱི་སྟོང་པ་ཉིད་ དམ༑ ཕྱི་ནང་སྟོང་པ་ཉིད་དམ། སྟོང་པ་ཉིད་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་དམ་འདུས་བྱས་སྟོང་པ་ཉིད་དམ། འདུས་མ་བྱས་སྟོང་པ་ཉིད་ དམ༑ མཐའ་ལས་འདས་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དམ། དོར་བ་མེད་པ་སྟོང་པ་ཉིད་དམ། རང་བཞིན་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ ཉིད་དམ། རང་གི་མཚན་ཉིད་སྟོང་པ་ཉིད་དམ། མི་དམིགས་པ་སྟོང་པ་ཉིད་དམ། དངོས་པོ་མེད་པ་སྟོང་པ་ཉིད་དམ། ངོ་བོ་ཉིད་སྟོང་པ་ཉིད་དམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་ པ་ཉིད་དམ། དྲན་པ་ཉེ་བར་བཞག་པ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། དབང་པོ་རྣམས་སམ། སྟོབས་རྣམས་སམ། བྱང་ཆུབ་ [124B] འཕགས་པའི་ལམ་ཡན་ལག་བརྒྱད་པའམ། འཕགས་པའི་བདེན་པ་རྣམས་སམ། བསམ་གཏན་རྣམས་སམ། ཚད་མེད་པ་རྣམས་སམ། གཟུགས་ མེད་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པ་རྣམས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དམ་ མཚན་མ་མེད་པའམ། སྨོན་པ་མེད་པའམ། མངོན་པར་ཤེས་པ་རྣམས་སམ། ཏིང་ངེ་འཛིན་རྣམས་སམ། གཟུངས་ཀྱི་སྒོ་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་རྣམས་སམ་ མི་འཇིགས་པ་རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་སམ། བྱམས་པ་ཆེན་པོའམ། སྙིང་རྗེ་ཆེན་པོའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། རྒྱུན་དུ་ཞུགས་པའི་ འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རབ་འབྱོར། རྣམས་པ་དེ་དག་དང། ཚུལ་དེ་དག་དང། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ལུས་ཀྱི་ལས་འཇམ་པ་ [125A]༄༅། །དང་ལྡན་པ་ཡིན། ངག་གི་ལས་འཇམ་པ་དང་ལྡན་པ་ཡིན་ཡིད་ཀྱི་ལས་འཇམ་པ་དང་ལྡན་པ་ཡིན་ཏེ། རབ་འབྱོར། རྣམ་པ་དེ་དག་དང། ཚུལ་ དེ་དག་དང། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱམས་པའི་ལུས་ཀྱི་ལས་དང་ལྡན་པ་ཡིན། བྱམས་པའི་ངག་གི་ལས་དང་ལྡན་པ་ཡིན། བྱམས་པའི་ཡིད་ཀྱི་ལས་དང་ལྡན་ པ་ཡིན་ཏེ། རབ་འབྱོར། རྣམ་པ་དེ་དག་དང། ཚུལ་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་ བྱའོ༑ ༑རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། འདི་ལྟ་སྟེ། འདོད་པ་ལ་མོས་པ་དང་གནོད་སེམས་དང། རྨུགས་པ་ དང༑ གཉིད་དང། རྒོད་པ་དང། འགྱོད་པ་དང། ཐེ་ཚོམ་གྱི་སྒྲིབ་པ་ལྔ་པོ་འདི་དག་དང་ལྷན་ཅིག་ཏུ་མི་གནས་ཏེ། རབ་འབྱོར། རྣམ་པ་དེ་དག་དང། ཚུལ་དེ་དག་དང། མཚན་ མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ [125B] བག་ལ་ཉལ་བ་ཐམས་ཅད་དུ་ཐམས་ཅད་མེད་དེ། རབ་འབྱོར། རྣམ་པ་དེ་དག་དང། ཚུལ་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འགྲོ་ཞིང་འོང་ཡང་ ནོར་བའི་སེམས་ཀྱིས་མི་འགྲོ། ནོར་པའི་སེམས་ཀྱིས་མི་འོང་སྟེ། དེ་འགྲོ་འམ་འོང་ནའང་དྲན་པ་ཉེ་བར་བཞག་ཅིང་འགྲོ་དྲན་པ་ཉེ་བར་བཞག་ཅིང་འོང་སྟེ། དེ་དྲན་བཞིན་དུ་འགྲོ། དྲན་ བཞིན་དུ་འོང། དྲན་བཞིན་དུ་འཆག་དྲན་བཞིན་དུ་སྡོད། དྲན་བཞིན་དུ་འདུག་དྲན་བཞིན་དུ་ཉལ་ཏེ། དེ་འཕྲལ་ལ་ས་ལས་རྐང་པ་མི་འདེག་འཕྲལ་ལ་ས་ལ་རྐང་པ་མི་འཇོག་སྟེ་ དྲན་བཞིན་དུ་རྐང་པ་འདེག་དྲན་བཞིན་དུ་རྐང་པ་འཇོག་ཅིང། དེ་སའི་ཕྱོགས་མཐོང་བཞིན་དུ་འགྲོ་སྟེ། རབ་འབྱོར། རྣམ་པ་དེ་དག་དང། ཚུལ་དེ་དག་དང། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ་།རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གོས་ཀྱི་ཚགས་ ལ་སྨད་དུ་མེད་པ་ཡིན། རབ་འབྱོར། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཙང་སྦྲའི་སྤྱོད་པ་དང་ལྡན་ཏེ། གཙང་ཞིང་དྲི་ང་བ་མེད་ལ། རྡུལ་དང་དྲི་མ་དང་བྲལ་ [126A]༄༅། །ཞིང་ནད་ཉུང་བ་ཡིན་ཏེ། རབ་འབྱོར། རྣམ་པ་དེ་དག་དང། ཚུལ་དེ་དག་དང། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་མིར་གྱུར་པ་རྣམས་ཀྱི་ལུས་ལ་སྲིན་བུའི་རིགས་སྟོང་ཕྲག་བརྒྱད་ཅུ་ལུས་དེ་ཉིད་ལ་ཟ་བ་ཡོད་པ་དེ་དག་ཀྱང་ ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ལ་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མེད་དོ་།དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་དེ་དག་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ། འཇིག་རྟེན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་ པ་སྟེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་པོའི་ལུས་ལ་སྲིན་བུའི་རིགས་སྟོང་ཕྲག་བརྒྱད་ཅུ་པོ་དེ་དག་མེད་དེ། རབ་འབྱོར། ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་དེ་དག་རྣམ་པར་འཕེལ་བ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཡོངས་སུ་དག་པ་ཡོངས་སུ་འཛིན་ཏོ། ། ངག་ཡོངས་སུ་དག་པ་ཡོངས་སུ་འཛིན་ཏོ། །སེམས་ཡོངས་སུ་དག་པ་ཡོངས་སུ་འཛིན་ཏོ། །རབ་འབྱོར། རྣམ་པ་དེ་དག་དང། ཚུལ་དེ་དག་དང། མཚན་མ་དེ་དག་དང་ [126B]མི་ལྡོག་པར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་ སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་ཡོངས་སུ་དག་པ་ལགས། ངག་ཡོངས་སུ་དག་པ་ལགས། སེམས་ཡོངས་ སུ་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་དེ་དག་རྣམ་པར་འཕེལ་བ་དེ་ལྟ་ དེ་ལྟར་དགེ་བའི་རྩ་བ་དེ་དག་གིས་ལུས་དང། ངག་དང། སེམས་མི་དྲང་བ་དང། ལུས་དང། ངག་དང་སེམས་ཀྱི་གྱ་གྱུ་ཡོངས་སུ་བྱང་བར་འགྱུར་ཏེ། དེའང་དེ་ལྟ་དེ་ལྟར་ལུས་ཀྱིས་ ལེགས་པར་སྤྱད་པ་རྣམ་པ་གསུམ་སྤྱོད་དོ། །ངག་གིས་ལེགས་པར་སྤྱད་པ་རྣམ་པ་བཞི་སྤྱོད་དོ། །ཡིད་ཀྱིས་ལེགས་པར་སྤྱོད་པ་རྣམ་པ་གསུམ་སྤྱོད་དེ། འདི་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་ལུས་དང། ངག་དང། སེམས་ཡོངས་སུ་དག་པའོ། །དེ་ལུས་དང། ངག་དང། སེམས་ཡོངས་སུ་དག་པ་དེས། ཉན་ཐོས་ཀྱི་ས་དང། རང་སངས་ རྒྱས་ཀྱི་ས་ལས་འདའ་ཡང་ཡང་དག་པའི་མཐའ་མངོན་དུ་མི་བྱེད་དེ། རབ་འབྱོར། འདི་འང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལུས་དང། ངག་དང། སེམས་ཡོངས་ [127A]༄༅། །སུ་དག་པར་རིག་པར་བྱ་སྟེ། རབ་འབྱོར། རྣམ་པ་དེ་དག་དང། ཚུལ་དེ་དག་དང། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྙེད་པ་དང། བཀུར་སྟི་ དང། ཚིགས་སུ་བཅད་པ་ལྷུར་ལེན་པ་མ་ཡིན། བསོད་སྙོམས་ལྷུར་ལེན་པ་མ་ཡིན། ཕྱག་དར་ཁྲོད་པ་ལྷུར་ལེན་པ་མ་ཡིན། སྟན་གཅིག་པ་ལྷུར་ལེན་པ་མ་ཡིན། བསོད་ སྙོམས་ཕྱིས་མི་ལེན་པ་ལྷུར་ལེན་པ་མ་ཡིན། ཅི་ཐོབ་པའི་བསོད་སྙོམས་ལྷུར་ལེན་པ་མ་ཡིན། དགོན་པ་ལྷུར་ལེན་པ་མ་ཡིན། ཤིང་དྲུང་ལྷུར་ལེན་པ་མ་ཡིན། བླ་གབ་མེད་ པ་ལྷུར་ལེན་པ་མ་ཡིན། དུར་ཁྲོད་ལྷུར་ལེན་པ་མ་ཡིན། ཅོག་པུ་ལྷུར་ལེན་པ་མ་ཡིན། གནས་ཇི་བཞིན་ལྷུར་ལེན་པ་མ་ཡིན། ཆོས་གོས་གསུམ་པ་ལྷུར་ལེན་པ་མ་ཡིན་ཞིང་ དེ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱང་ཡང་དག་པར་བླངས་ཏེ་སྤྱོད་དོ། །རབ་འབྱོར། རྣམ་པ་དེ་དག་དང། ཚུལ་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སེར་སྣའི་སེམས་སྐྱེ་བ་མེད་ [127B] ༑ཚུལ་ཁྲིམས་ངན་པའི་སེམས་སྐྱེ་བ་མེད་དོ། །འཁྲུག་པའི་སེམས་སྐྱེ་བ་མེད་དོ། །ལེ་ལོའི་སེམས་སྐྱེ་བ་མེད་དོ། །མཉམ་པར་མ་བཞག་པའི་སེམས་སྐྱེ་བ་མེད་དོ། །ཤེས་རབ་ འཆལ་པའི་སེམས་སྐྱེ་བ་མེད་དོ། །ཕྲག་དོག་གི་སེམས་སྐྱེ་བ་མེད་དོ། །རབ་འབྱོར། རྣམ་པ་དེ་དག་དང། ཚུལ་དེ་དག་དང། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བློ་བརྟན་པ་ཡིན། བློ་ཟབ་པ་ཡིན། གུས་ པར་གཞན་ལ་ཆོས་ཉན་པ་ཡིན། གཞན་ལས་ཆོས་གང་ཅི་ཐོས་ཀྱང་དེ་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡང་དག་པར་སྒྲུབ་པ་ཡིན། འཇིག་རྟེན་པའི་བྱ་བ་གང་ཇི་ སྙེད་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཏེ། ཆོས་ཉིད་ཀྱིས་ཡང་དག་པར་སྒྲུབ་ཅིང། ཆོས་གང་ཆོས་ཀྱི་དབྱིངས་དང་མི་འབྱོར་པ་དེ་ལྟ་བུ་གང་ཡང་ཡང་ དག་པར་རྗེས་སུ་མི་མཐོང་སྟེ། དེ་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འབྱོར་པ་ཡང་དག་པར་རྗེས་སུ་མཐོང་བ་ཡིན་ཏེ། རབ་འབྱོར། དེ་དག་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར། དེ་ལ་གལ་ཏེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ [128A]༄༅། །པོའི་མདུན་དུ་བདུད་སྡིག་ཏོ་ཅན་གྱིས་སེམས་ཅན་དམྱལ་པ་ཆེན་པོ་བརྒྱད་མངོན་དུ་སྤྲུལ་ནས། སེམས་ཅན་དམྱལ་བ་ཆེན་པོ་དེ་རེ་རེར་ཡང་བྱང་ ཆུབ་སེམས་དཔའ་བརྒྱ་ཕྲག་མང་པོ། བྱང་ཆུབ་སེམས་དཔའ་སྟོང་ཕྲག་མང་པོ། བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་མང་པོ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་མང་པོ་ བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱ་ཕྲག་མང་པོ། བྱང་ཆུབ་སེམས་དཔའ་བྱེ་བ་སྟོང་ཕྲག་མང་པོ། བྱང་ཆུབ་སེམས་དཔའ་བྱེ་བ་བརྒྱ་སྟོང་ཕྲག་མང་པོ། བྱང་ཆུབ་སེམས་དཔའ་ བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་བསྲེག་ཅིང་བཙོ་བ་དང། མི་བཟད་པར་སྡུག་བསྔལ་བ་དང། རྩུབ་པ་དང། ཚ་བའི་ཚོར་བ་མྱོང་བར་མངོན་དུ་སྤྲུལ་ནས་བསྟན་ཏེ། བྱང་ ཆུབ་སེམས་དཔའ་དེ་ལ་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་ཕྱིར་མི་ལྡོག་པར་དེ་བཞིན་གཤེགས་པས་ལུང་བསྟན་པ་ཡིན་ཏེ། སེམས་ ཅན་དམྱལ་བ་ཆེན་པོ་འདིར་སྐྱེས་སོ། །ཁྱོད་ཀྱང་དེ་བཞིན་གཤེགས་པས་ཕྱིར་མི་ལྡོག་པར་ལུང་བསྟན་པ་ནི། སེམས་ཅན་དམྱལ་བ་བར་ལུང་བསྟན་ཏེ། ད་དུང་ཡང་ཁྱད་ ཀྱིས་བྱང་ཆུབ་ཀྱི་སེམས་འདི་ཐོང་ཞིག་དང། ཁྱོད་སེམས་ཅན་དམྱལ་བར་སྐྱེ་བར་མི་འགྱུར་ཏེ། དེ་ལྟར་བྱས་ནས་ཁྱོད་མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེས་ཟེར་ཡང། རབ་འབྱོར་ [128B]འཁྲུག་ཅིང་ནེམ་ནུར་མེད་ཐེ་ཚོམ་མེད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། སྔོན་གྱི་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཀྱང་ལུང་བསྟན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ངེས་པ་ཡིན་ཏེ་ ཕྱིར་མི་ལྡོག་པའི་ཁམས་སུ་གནས་པའོ། །རབ་འབྱོར། འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་པ་སྟེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ དམྱལ་བའམ། བྱོལ་སོང་གི་སྐྱེ་གནས་སམ། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་བ་དེ་ནི་གནས་མེད་དོ། །རབ་འབྱོར། རྣམ་པ་དེ་དག་དང། ཚུལ་དེ་དག་དང། མཚན་མ་དེ་དག་ དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ བདུད་སྡིག་ཏོ་ཅན་དགེ་སྦྱོང་གི་ཆ་བྱང་དུ་འོངས་ཏེ། འདི་སྐད་དུ་གང་ཁྱོད་ཀྱིས་སྔོན་འདི་ལྟར་བདག་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ་།འདི་ལྟར་བདག་གིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་བརྩོན་འགྲུས་ཀྱི་ [129A]༄༅། །ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་ གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱང་བར་བྱའོ་།འདི་ལྟར་བདག་གིས་ནང་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ་།འདི་ལྟར་བདག་གིས་ཕྱི་སྟོང་པ་ཉིད་ཡོངས་སུ་ སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཕྱི་ནང་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་ གིས་ཆེན་པོ་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་དོན་དམ་པ་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་འདུས་བྱས་སྟོང་པ་ཉིད་ཡོངས་ སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། ། འདི་ལྟར་བདག་གིས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་དོར་བ་མེད་པ་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་ གིས་རང་བཞིན་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ་།འདི་ལྟར་བདག་གིས་རང་གི་མཚན་ཉིད་ [129B] །འདི་ལྟར་བདག་གིས་མི་དམིགས་པ་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་དངོས་པོ་མེད་པ་སྟོང་པ་ཉིད་ཡོངས་སུ་སྦྱང་ བར་བྱའོ། །འདི་ལྟར་བདག་གིས་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་ བདག་གིས་དྲན་པ་ཉེ་བར་བཞག་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཡང་དག་པར་སྤོང་བ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་རྫུ་འཕྲུལ་ གྱི་རྐང་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་དབང་པོ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་སྟོབས་རྣམས་ཡོངས་སུ་སྦྱང་བར་བྱའོ། །དི་ལྟར་ བདག་གིས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་སྦྱང་བར་བྱའོ་།འདི་ལྟར་བདག་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ འཕགས་པའི་བདེན་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་བསམ་གཏན་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཚད་མེད་པ་རྣམས་ཡོངས་སུ་ སྦྱང་བར་བྱའོ། །འདི་ལྟར་བདག་གིས་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་རྣམ་པར་ཐར་པ་རྣམས་ཡོངས་སུ་སྦྱང་བར་ [130A]༄༅། །བྱའོ༑ ༑འདི་ལྟར་བདག་གིས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་སྟོང་པ་ཉིད་ཡོངས་ སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་མཚན་མ་མེད་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་སྨོན་པ་མེད་པ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་མངོན་པར་ ཤེས་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཏིང་ངེ་འཛིན་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་གཟུངས་ཀྱི་སྒོ་རྣམས་ཡོངས་སུ་སྦྱང་བར་བྱའོ། ། འདི་ལྟར་བདག་གིས་དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་མི་འཇིགས་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ སོ་སོ་ཡང་དག་པར་རིག་པ་རྣམས་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་བྱམས་པ་ཆེན་པོ་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་སྙིང་རྗེ་ཆེན་པོ་ཡོངས་སུ་སྦྱང་བར་ བྱའོ༑ ༑འདི་ལྟར་བདག་གིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་ཐམས་ཅད་ཤེས་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་ བདག་གིས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་སྦྱང་བར་བྱའོ་།འདི་ལྟར་བདག་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་སྦྱང་བར་བྱའོ། །འདི་ལྟར་བདག་གིས་བླ་ན་མེད་ [130B]པར་འཚང་རྒྱ་བར་བྱའོ་ཞེས་ནས། ཐོས་པར་འགྱུར་པ་དེ་ཤོགས་ཤིག་འདས་པ་དང། མ་བྱོན་པ་དང། ད་ལྟར་བྱུང་བའི་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་དང་བཅས་པ་རྣམས་ཀྱིས་ཐུགས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། དམ་པའི་ཆོས་གནས་པའི་ བར་གྱི་དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དེ་དག་ཀྱང་སོ་སོར་ཤོགས་ཤིག་ཐོང་ཞིག་།གང་ཁྱོད་ཀྱིས་ཐོས་པ་དེ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན། ཡང་ དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ཏེ། དེ་ནི་རང་བཟོར་བྱས་པའོ། །གང་ངས་བཤད་པ་ནི་སངས་རྒྱས་ཀྱི་བཀའ་སྟེ། དེ་བཞིན་གཤེགས་པས་གསུངས་པའོ་ ཞེས་ཟེར་ལ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁྲུག་ཅིང་ནེམ་ནུར་བྱེད་ལ། ཐེ་ཚོམ་ཟ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ལུང་མ་བསྟན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དེ་ནི་མི་ངེས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེ་ནི་ཕྱིར་མི་ ལྡོག་པའི་ཁམས་སུ་གནས་པ་མ་ཡིན་ནོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་འཁྲུག་ཅིང། ནེམ་ནུར་མི་བྱེད། ཐེ་ཚོམ་མི་ཟ་ལ། ཆོས་ཉིད་ལ་བརྟེན་ཅིང་མངོན་པར་ [131A]༄༅། །འདུ་མ་བྱས་པ་དང། མ་སྐྱེས་པ་ལ་བརྟེན་ཏེ། གཞན་ལ་ཡིད་ཆེས་པར་མི་འགྲོ་ཞིང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཞན་གྱི་དྲིང་མི་འཇོག་ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཞན་གྱི་དྲིང་མི་འཇོག་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གཞན་གྱི་དྲིང་མི་འཇོག་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཞན་གྱི་དྲིང་མི་འཇོག་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གཞན་གྱི་དྲིང་མི་འཇོག་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གཞན་གྱི་དྲིང་མི་འཇོག་།ནང་སྟོང་པ་ཉིད་ལ་གཞན་གྱི་དྲིང་མི་འཇོག། ཕྱི་སྟོང་པ་ ཉིད་ལ་གཞན་གྱི་དྲིང་མི་འཇོག་ཕྱི་ནང་སྟོང་པ་ཉིད་ལ་གཞན་གྱི་དྲིང་མི་འཇོག་སྟོང་པ་ཉིད་སྟོང་པ་ཉིད་ལ་གཞན་གྱི་དྲིང་མི་འཇོག་ཆེན་པོ་སྟོང་པ་ཉིད་ལ་གཞན་གྱི་དྲིང་མི་འཇོག་ དོན་དམ་པ་སྟོང་པ་ཉིད་ལ་གཞན་གྱི་དྲིང་མི་འཇོག་འདུས་བྱས་སྟོང་པ་ཉིད་ལ་གཞན་གྱི་དྲིང་མི་འཇོག་འདུས་མ་བྱས་སྟོང་པ་ཉིད་ལ་གཞན་གྱི་དྲིང་མི་འཇོག་མཐའ་ལས་ འདས་པ་སྟོང་པ་ཉིད་ལ་གཞན་གྱི་དྲིང་མི་འཇོག་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་གཞན་གྱི་དྲིང་མི་འཇོག་དོར་བ་མེད་པ་སྟོང་པ་ཉིད་ལ་གཞན་གྱི་དྲིང་མི་འཇོག་རང་བཞིན་ སྟོང་པ་ཉིད་ལ་གཞན་གྱི་དྲིང་མི་འཇོག་ཆོས་ཐམས་ཅད་སྟོང་པ་ཉིད་ལ་གཞན་གྱི་དྲིང་མི་འཇོག་རང་གི་མཚན་ཉིད་སྟོང་པ་ཉིད་ལ་གཞན་གྱི་དྲིང་མི་འཇོག་མི་དམིགས་པ་སྟོང་པ་ [131B]དངོས་པོ་མེད་པ་སྟོང་པ་ཉིད་ལ་གཞན་གྱི་དྲིང་མི་འཇོག་ངོ་བོ་ཉིད་སྟོང་པ་ཉིད་ལ་གཞན་གྱི་དྲིང་མི་འཇོག་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ ལ་གཞན་གྱི་དྲིང་མི་འཇོག་དྲན་པ་ཉེ་བར་བཞག་པ་རྣམས་ལ་གཞན་གྱི་དྲིང་མི་འཇོག་ཡང་དག་པར་སྤོང་བ་རྣམས་ལ་གཞན་གྱི་དྲིང་མི་འཇོག་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ གཞན་གྱི་དྲིང་མི་འཇོག་དབང་པོ་རྣམས་ལ་གཞན་གྱི་དྲིང་མི་འཇོག་སྟོབས་རྣམས་ལ་གཞན་གྱི་དྲིང་མི་འཇོག་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་གཞན་གྱི་དྲིང་མི་འཇོག་འཕགས་ པའི་ལམ་ཡན་ལག་བརྒྱད་པ་ལ་གཞན་གྱི་དྲིང་མི་འཇོག་འཕགས་པའི་བདེན་པ་རྣམས་ལ་གཞན་གྱི་དྲིང་མི་འཇོག་བསམ་གཏན་རྣམས་ལ་གཞན་གྱི་དྲིང་མི་འཇོག་ཚད་མེད་པ་ རྣམས་ལ་གཞན་གྱི་དྲིང་མི་འཇོག་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་གཞན་གྱི་དྲིང་མི་འཇོག་རྣམ་པར་ཐར་པ་བརྒྱད་ལ་གཞན་གྱི་དྲིང་མི་འཇོག་མཐར་གྱིས་གནས་ པའི་སྙོམས་པར་འཇུག་པ་དགུ་ལ་གཞན་གྱི་དྲིང་མི་འཇོག་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་གཞན་གྱི་དྲིང་མི་འཇོག་མངོན་པར་ཤེས་ པ་རྣམས་ལ་གཞན་གྱི་དྲིང་མི་འཇོག་ཏིང་ངེ་འཛིན་རྣམས་ལ་གཞན་གྱི་དྲིང་མི་འཇོག་གཟུགས་ཀྱི་སྒོ་རྣམས་ལ་གཞན་གྱི་དྲིང་མི་འཇོག་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་ [132A]༄༅། །གཞན་གྱི་དྲིང་མི་འཇོག་མི་འཇིགས་པ་བཞི་ལ་གཞན་གྱི་དྲིང་མི་འཇོག་སོ་སོ་ཡང་དག་པར་རིག་པ་བཞི་ལ་གཞན་གྱི་དྲིང་མི་འཇོག་བྱམས་པ་ཆེན་པོ་ ལ་གཞན་གྱི་དྲིང་མི་འཇོག་སྙིང་རྗེ་ཆེན་པོ་ལ་གཞན་གྱི་དྲིང་མི་འཇོག་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གཞན་གྱི་དྲིང་མི་འཇོག་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ གཞན་གྱི་དྲིང་མི་འཇོག་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་གཞན་གྱི་དྲིང་མི་འཇོག་ཕྱིར་མི་འོང་བའི་འབྲས་བུ་ལ་གཞན་གྱི་དྲིང་མི་འཇོག་དགྲ་བཅོམ་པ་ཉིད་ལ་གཞན་གྱི་ དྲིང་མི་འཇོག་རང་བྱང་ཆུབ་ལ་གཞན་གྱི་དྲིང་མི་འཇོག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གཞན་གྱི་དྲིང་མི་འཇོག་པ་དང། འདི་ལྟར་དཔེར་ན། དགྲ་བཅོམ་པ་ཟག་པ་ ཟད་པ་ནི་གཞན་ལ་ཡིད་ཆེས་པས་མི་འགྲོ་ཞིང་ཆོས་ཉིད་མངོན་དུ་གྱུར་པས་བདུད་སྡིག་ཏོ་ཅན་གྱིས་མི་འཕྲོགས་པ་ཡིན། རབ་འབྱོར། དེ་བཞིན་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའང་ཉན་ཐོས་ཀྱི་ཐེག་པ་པ་རྣམས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་མི་ཐུབ་པ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ཕྱིར་མི་ལྡོག་པའི་ཆོས་ཅན་ཡིན། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ངེས་པ་ཡིན་ཏེ། ཕྱིར་མི་ལྡོག་པའི་ཁམས་སུ་གཞན་གྱི་དྲིང་མི་འཇོག་པ་ཡིན། དེ་ནི་ [132B]སངས་རྒྱས་ལ་ཡིད་ཆེས་པས་ཀྱང་མི་འགྲོ་ན། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་ཡིད་ཆེས་པས་འགྲོ་བར་འགྱུར་བ་ལྟ་ཅི་སྨོས་ ཏེ༑ དེ་ནི་གནས་མེད་དོ། །རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ལ་ཡིད་ཆེས་པས་འགྲོ་བར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ་།བདུད་སྡིག་ཏོ་ཅན་ལ་ཡིད་ཆེས་པས་འགྲོ་བར་འགྱུར་ བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། །མུ་སྟེགས་ཅན་དང། ཀུན་ཏུ་རྒྱུ་བ་གཞན་དག་ལ་ཡིད་ཆེས་པས་འགྲོ་བར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེས་ གང་ལ་ཡིད་ཆེས་པས་འགྲོ་བའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། གཟུགས་སམ། གཟུགས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཚོར་བའམ། ཚོར་ བའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །འདུ་ཤེས་སམ། འདུ་ཤེས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །འདུ་བྱེད་དམ། འདུ་བྱེད་ཀྱི་དེ་བཞིན་ཉིད་ཡང་དག་ པར་རྗེས་སུ་མི་མཐོང་ངོ། །རྣམ་པར་ཤེས་པའམ། རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མིག་གམ་མིག་གི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ ངོ། །རྣ་བའམ། རྣ་བའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྣའམ། སྣའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ལྕེའམ། ལྕེའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་ [133A]༄༅། །མི་མཐོང་ངོ། །ལུས་སམ། ལུས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཡིད་དམ། ཡིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ ངོ༑ ༑གཟུགས་སམ། གཟུགས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྒྲའམ། སྒྲའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དྲིའམ། དྲིའི་དེ་བཞིན་ཉིད་ཡང་ དག་པར་རྗེས་སུ་མི་མཐོང་ངོ། །རོའམ། རོའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རེག་གམ། རེག་གི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཆོས་སམ་ ཆོས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མིག་གི་རྣམ་པར་ཤེས་པའམ། མིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྣ་བའི་རྣམ་པར་ཤེས་ པའམ། རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྣའི་རྣམ་པར་ཤེས་པའམ། སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་།ལྕེའི་རྣམ་པར་ ཤེས་པའམ། ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ལུས་ཀྱི་རྣམ་པར་ཤེས་པའམ། ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་ སུ་མི་མཐོང་ངོ། །ཡིད་ཀྱི་རྣམ་པར་ཤེས་པའམ། ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མིག་གི་འདུས་ཏེ་རེག་པའམ། མིག་གི་འདུས་ཏེ་རེག་པའི་ [133B] །རྣ་བའི་འདུས་ཏེ་རེག་པའམ། རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྣའི་འདུས་ཏེ་རེག་པའམ་ སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ལྕེའི་འདུས་ཏེ་རེག་པའམ། ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ལུས་ ཀྱི་འདུས་ཏེ་རེག་པའམ། ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཡིད་ཀྱི་འདུས་ཏེ་རེག་པའམ་ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཡང་དག་པར་ རྗེས་སུ་མི་མཐོང་ངོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའམ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྣ་བའི་འདུས་ཏེ་ རེག་པའི་རྐྱེན་གྱིས་ཚོར་བའམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་།སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའམ། སྣའི་འདུས་ ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའམ་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ ཡང་དག་པར་རྗེས་སུ་མི་མཐོང་ངོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཡིད་ [134A]༄༅། །ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སའི་ཁམས་ སམ༑ སའི་ཁམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཆུའི་ཁམས་སམ། ཆུའི་ཁམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མེའི་ཁམས་སམ་ མེའི་ཁམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་།རླུང་གི་ཁམས་སམ། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ནམ་མཁའི་ཁམས་སམ་ ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྣམ་པར་ཤེས་པའི་ཁམས་སམ། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ ངོ༑ ༑མ་རིག་པའམ། མ་རིག་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །འདུ་བྱེད་དམ། འདུ་བྱེད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྣམ་པར་ཤེས་པའམ་ རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མིང་དང་གཟུགས་སམ། མིང་དང་གཟུགས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྐྱེ་མཆེད་དྲུག་ གམ༑ སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རེག་པའམ། རེག་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཚོར་བའམ། ཚོར་བའི་དེ་བཞིན་ [134B] །སྲེད་པའམ། སྲེད་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ལེན་པའམ། ལེན་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། ། སྲིད་པ་འམ། སྲིད་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྐྱེ་བའམ། སྐྱེ་བའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྒ་ཤིའམ། རྒ་ཤིའི་དེ་བཞིན་ཉིད་ཡང་ དག་པར་རྗེས་སུ་མི་མཐོང་ངོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པའམ༑ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའམ་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཡང་དག་ པར་རྗེས་སུ་མི་མཐོང་ངོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པའམ༑ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཡང་ དག་པར་རྗེས་སུ་མི་མཐོང་ངོ། །ནང་སྟོང་པ་ཉིད་དམ། ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཕྱི་སྟོང་པ་ཉིད་དམ། ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་ [135A]༄༅། །པར་རྗེས་སུ་མི་མཐོང་ངོ། །ཕྱི་ནང་སྟོང་པ་ཉིད་དམ། ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྟོང་པ་ཉིད་སྟོང་པ་ཉིད་ དམ༑ སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཆེན་པོ་སྟོང་པ་ཉིད་དམ། ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། ། དོན་དམ་པ་སྟོང་པ་ཉིད་དམ། དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །འདུས་བྱས་སྟོང་པ་ཉིད་དམ། འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་ དག་པ་རྗེས་སུ་མི་མཐོང་ངོ། །འདུས་མ་བྱས་སྟོང་པ་ཉིད་དམ་འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མཐའ་ལས་འདས་པ་སྟོང་པ་ཉིད་དམ་ མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་ དག་པར་རྗེས་སུ་མི་མཐོང་ངོ། །དོར་བ་མེད་པ་སྟོང་པ་ཉིད་དམ་དོར་བ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རང་བཞིན་སྟོང་པ་ཉིད་དམ། རང་བཞིན་ སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཆོས་ཐམས་ཅད་སྟོང་པ་ཉིད་དམ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རང་གི་ [135B] རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མི་དམིགས་པ་སྟོང་པ་ཉིད་དམ། མི་དམིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དངོས་པོ་མེད་པ་སྟོང་པ་ཉིད་དམ། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ངོ་བོ་ཉིད་སྟོང་པ་ཉིད་དམ་ངོ་བོ་ ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དམ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། ། དྲན་པ་ཉེ་བར་བཞག་པ་རྣམས་སམ། དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཡང་དག་པར་སྤོང་བ་རྣམས་སམ། ཡང་དག་པར་སྤོང་བ་རྣམས་ཀྱི་ དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་སམ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དབང་པོ་རྣམས་སམ། དབང་ པོ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་།སྟོབས་རྣམས་སམ། སྟོབས་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སམ། བྱང་ ཆུབ་ཀྱི་ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་ཡང་ [136A]༄༅། །དག་པར་རྗེས་སུ་མི་མཐོང་ངོ། །འཕགས་པའི་བདེན་པ་རྣམས་སམ། འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ ངོ༑ ༑བསམ་གཏན་རྣམས་སམ། བསམ་གཏན་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཚད་མེད་པ་རྣམས་སམ། ཚད་མེད་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་ པར་རྗེས་སུ་མི་མཐོང་ངོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྣམ་ པར་ཐར་པ་རྣམས་སམ། རྣམ་པར་ཐར་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སམ། མཐར་གྱིས་གནས་པའི་ སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྟོང་པ་ཉིད་དམ། སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མཚན་མ་མེད་པའམ་ མཚན་མ་མེད་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྨོན་པ་མེད་པའམ། སྨོན་པ་མེད་པའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མངོན་པར་ཤེས་པ་རྣམས་ སམ༑ མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཏིང་ངེ་འཛིན་རྣམས་སམ། ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ [136B] ༑གཟུངས་ཀྱི་སྒོ་རྣམས་སམ། གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་སམ། དེ་བཞིན་གཤེགས་པའི་སྟོབས་ རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མི་འཇིགས་པ་རྣམས་སམ། མི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སོ་སོ་ཡང་དག་པར་རིག་པ་ རྣམས་སམ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །བྱམས་པ་ཆེན་པོའམ། བྱམས་པ་ཆེན་པོའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ ངོ༑ ༑སྙིང་རྗེ་ཆེན་པོའམ། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྒྱུན་དུ་ཞུགས་པའི་འབྲས་བུའམ། རྒྱུན་དུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའམ་ ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཕྱིར་མི་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་ མཐོང་ངོ། །དགྲ་བཅོམ་པ་ཉིད་དམ། དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རང་བྱང་ཆུབ་བམ། རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ [137A]༄༅། །ངོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ། །བྱང་ཆུབ་བམ། བྱང་ ཆུབ་ཀྱི་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རབ་འབྱོར། རྣམ་པ་དེ་དག་དང། ཚུལ་དེ་དག་དང། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཏོ་ཅན་དགེ་སློང་གི་ཆ་བྱད་དུ་འོངས་ནས་ འདི་སྐད་དུ་འདི་ནི་འཁོར་བར་སྤྱོད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་མ་ཡིན་གྱི། འདི་ཉིད་དུ་ཁྱོད་ཀྱིས་སྡུག་བསྔལ་གྱི་མཐར་ཕྱིན་པར་གྱིས་ཤིག་ཅེས་ཟེར་ཞིང། བདུད་སྡིག་ ཏོ་ཅན་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ། ལམ་གྱི་གཟུགས་བརྙན་གང་འཁོར་བར་སྤྱོད་པའི་འཇིག་རྟེན་པའི་རྣམ་པས་ལམ་གྱི་གཟུགས་བརྙན་སྟོན་ཏེ། ཡང་ན་རུས་ པར་འདུ་ཤེས་པ་སྟོན། ཡང་ན་བསམ་གཏན་དང་པོ་སྟོན། ཡང་ན་བསམ་གཏན་གཉིས་པ་སྟོན། ཡང་ན་བསམ་གཏན་གསུམ་པ་སྟོན། ཡང་ན་བསམ་གཏན་བཞི་པ་སྟོན། ཡང་ན་བྱམས་ པ་སྟོན། ཡང་ན་སྙིང་རྗེ་སྟོན། ཡང་ན་དགའ་བ་སྟོན། ཡང་ན་བཏང་སྙོམས་སྟོན། ཡང་ན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་སྟོན་ཡང་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་སྟོན། ཡང་ན་ [137B] ཡང་ན་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་སྟོན་ཅིང། ཚེ་དང་ལྡན་པ། ལམ་དང་ནན་ཏན་གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པ་དང་ ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་པ་དང། ཕྱིར་མི་འོང་བའི་འབྲས་བུ་འཐོབ་པ་དང། དགྲ་བཅོམ་པ་ཉིད་འཐོབ་པར་འགྱུར་བའི་ལམ་དང་ནན་ཏན་ནི་འདི་ཡིན་ནོ། །ཚེ་དང་ལྡན་པ་ ལམ་དང་ནན་ཏན་འདིས་འདི་ཉིད་དུ་ཁྱོད་ཀྱིས་སྡུག་བསྔལ་གྱི་མཐར་ཕྱུང་ཞིག་དང། ཕྱིན་ཆད་འཁོར་བ་ན་སྤྱོད་པའི་སྡུག་བསྔལ་དེ་དག་མྱོང་བར་མི་འགྱུར་རོ། །ཀྱེ་མ་ཁྱོད་ཀྱི་ལུས་འདི་ཉིད་ དུ་མངོན་པར་མ་གྲུབ་ན། ལུས་གཞན་ཡང་ཇི་ལྟར་ཡོངས་སུ་གཟུང་བར་སེམས་ཞེས་ཟེར་ཡང། རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་འཁྲུག་ མི་གཡོ་ཞིང། གོང་དུའང་འདི་སྙམ་དུ་སེམས་ཏེ། འདི་ལྟར་བདག་ལ་ལམ་གྱི་གཟུགས་བརྙན་སྟོན་པ་ནི། དགེ་སློང་འདི་བདག་ལ་ཕན་འདོགས་པ་སྟེ། ལམ་གྱི་གཟུགས་བརྙན་དེས་ནི། རྒྱུན་ དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བར་ཡང་མི་འགྱུར། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བར་ཡང་མི་འགྱུར། ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བར་ཡང་མི་འགྱུར། དགྲ་ བཅོམ་པ་ཉིད་མངོན་དུ་བྱ་བར་ཡང་མི་འགྱུར། རང་བྱང་ཆུབ་མངོན་དུ་བྱ་བར་ཡང་མི་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་དུ་བྱ་བར་ཡང་མི་འགྱུར་རོ་སྙམ་སྟེ། དེ་ལས་ [138A]༄༅། །ཀྱང་གོང་དུ་གང་བདག་ལ་དེ་ལྟར་ཆགས་པ་སྟོན་པའི་དགེ་སློང་འདི་ནི་བདག་ལ་ཕན་འདོགས་པ་ཡིན་གྱི། བདག་གིས་ཆགས་པ་དེ་དག་ཤེས་པར་བྱ་སྟེ་ ཐེག་པ་གསུམ་པོ་ཀུན་ལ་བསླབ་པར་བྱའོ་ཞེས་དགའ་བ་སྐྱེ་ལ། བདུད་སྡིག་ཏོ་ཅན་དེས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དགའ་བར་གྱུར་པར་ཤེས་ནས། དེ་ལ་ འདི་སྐད་དུ་རིགས་ཀྱི་བུ་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མང་པོས་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་ན་བཟའ་དང། བསོད་སྙོམས་དང་ གཟིམས་ཆ་དང། སྙུན་གྱི་རྐྱེན་སྨན་དང། ཡོ་བྱད་ཀྱིས་རིམ་གྲོར་བྱས་པ་དང། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ རྣམས་ཀྱི་དྲུང་དུ་གང་གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དང། བཟོད་པའི་ཕ་རོལ་ཏུ་ ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་ དང༑ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་པ་དང། སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ་བསྙེན་བཀུར་བྱས་ཏེ། ཇི་ལྟར་བྱང་ཆུབ་སེམས་ [138B] སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། ནང་སྟོང་པ་ཉིད་ལ་སྤྱོད་པ་དང། ཕྱི་སྟོང་པ་ ཉིད་ལ་སྤྱོད་པ་དང། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པ་དང་སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང། ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པ་དང། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་པ་དང་འདུས་བྱས་ སྟོང་པ་ཉིད་ལ་སྤྱོད་པ་དང། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་པ་དང་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང། དོར་ བ་མེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང། རང་བཞིན་སྟོང་པ་ཉིད་ལ་སྤྱོད་པ་དང། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པ་དང། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང། མི་ དམིགས་པ་སྟོང་པ་ཉིད་ལ་སྤྱོད་པ་དང། དངོས་པོ་མེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་ དང། དྲན་པ་ཉེ་བར་བཞག་པ་རྣམས་ལ་སྤྱོད་པ་དང། ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་པ་དང། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་པ་དང། དབང་པོ་རྣམས་ལ་སྤྱོད་པ་དང་ [139A]༄༅། །སྟོབས་རྣམས་ལ་སྤྱོད་པ་དང། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་པ་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་དང། འཕགས་ པའི་བདེན་པ་རྣམས་ལ་སྤྱོད་པ་དང། བསམ་གཏན་རྣམས་ལ་སྤྱོད་པ་དང། ཚད་མེད་པ་རྣམས་ལ་སྤྱོད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པ་དང་ རྣམ་པར་ཐར་པ་བརྒྱད་ལ་སྤྱོད་པ་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱོད་པ་དང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་ པ་ལ་སྤྱོད་པ་དང། མངོན་པར་ཤེས་པ་རྣམས་ལ་སྤྱོད་པ་དང་ཏིང་ངེ་འཛིན་རྣམས་ལ་སྤྱོད་པ་དང། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པ་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད་ པ་དང། མི་འཇིགས་པ་བཞི་ལ་སྤྱོད་པ་དང། སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱོད་པ་དང། བྱམས་པ་ཆེན་པོ་ལ་སྤྱོད་པ་དང་སྙིང་རྗེ་ཆེན་པོ་ལ་སྤྱོད་པ་དང། སངས་རྒྱས་ཀྱི་ཆོས་མ་ འདྲེས་པ་བཅོ་བརྒྱད་ལ་སྤྱོད་པ་དང། ཐམས་ཅད་ཤེས་པ་ཉིད་ལ་སྤྱོད་པ་དང། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པའི་ཚེ་ བྱང་ཆུབ་སེམས་དཔའི་ཐེག་པ་ལ་གནས་པར་བགྱི་ཞེས། བྱང་ཆུབ་སེམས་དཔའི་ཐེག་པ་འདི་ཉིད་ཀྱི་དོན་དུ་ཀུན་དྲིས་ཤིང། ཡོངས་སུ་ཞུས་པ་རྣམས་ལ་བསྟན་པར་འདོད་དམ། དེ་ [139B]དེ་བཞིན་དུ་གནས་ཏེ། དེ་བཞིན་དུ་བརྩོན་པར་བྱས་ཀྱང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུ་དག་ གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཏེ། དེ་ལྟར་གདམས་པ་དང། དེ་ལྟར་བསྟན་པ་དང། དེ་ལྟར་གནས་པ་དང། དེ་ལྟར་སློབ་ སློབ་པ་རྣམས་ཀྱིས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་ན། ཁྱོད་ཀྱིས་ལྟ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་རེ་སྐན་ཞེས་བརྗོད་དེ། དེ་ལྟར་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ། སྙིང་བརྙན་བཅུག་ཀྱང་དེའི་སེམས་གཞན་དུ་མི་འགྱུར་ལ། མི་འཇིགས་མི་དངང་སྐྲག་པར་མི་འགྱུར་ཞིང། གོང་དུའང་དགེ་སློང་འདི་ནི་དེ་ ལྟར་བདག་ལ་ཆགས་པ་གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུའང་ཐོབ་པར་མི་འགྱུར། ལན་ཅིག་ཕྱིར་འོང་བའི་འབྲས་བུའང་ཐོབ་པར་མི་འགྱུར། ཕྱིར་མི་འོང་བའི་འབྲས་བུའང་ ཐོབ་པར་མི་འགྱུར། དགྲ་བཅོམ་པ་ཉིད་ཀྱང་ཐོབ་པར་མི་འགྱུར་རང་བྱང་ཆུབ་ཀྱང་ཐོབ་པར་མི་འགྱུར། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་ཐོབ་པར་མི་འགྱུར། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཀྱང་ཐོབ་པར་མི་འགྱུར་བའི་ཆགས་པ་སྟོན་པ་ནི། བདག་ལ་ཕན་འདོགས་པའོ་ཞེས་དགའ་བ་སྐྱེས་པས། བདུད་སྡིག་ཏོ་ཅན་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ [140A]༄༅། །དེའི་སེམས་ལ་ཞུམ་པ་མེད་པར་རིག་ནས། སའི་ཕྱོགས་དེ་ཉིད་དུ་དགེ་སློང་མང་པོ་མངོན་པར་སྤྲུལ་ཏེ། དགེ་སློང་འདི་དག་ཀུན་ཀྱང་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་འཇུག་འཇུག་པ་ཤ་སྟག་སྟེ། དེ་དག་ཀྱང་དགྲ་བཅོམ་པ་ཉིད་ལ་གནས་པར་གྱུར་ན། ཁྱོད་ལྟས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རེ་སྐན་ཞེས་ཟེར་ཡང། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་སྙམ་སྟེ། འདི་ནི་བདུད་སྡིག་ཏོ་ཅན་ཏེ། ལམ་ གྱི་གཟུགས་བརྙན་སྟོན་པའོ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལས་ཕྱིར་མི་ལྡོག་ཅིང། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡང་མི་ལྟུང་ལ། དེ་ལས་ཀྱང་གོང་དུ་འདི་སྙམ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་དེ་ལྟར་སྤྱོད་ [140B] བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བའི་གནས་མེད། སྐབས་མེད་དེ་དེ་ནི་གནས་མ་ཡིན་ནོ་སྙམ་ན། རབ་འབྱོར། རྣམ་ པ་དེ་དག་དང། ཚུལ་དེ་དག་དང། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་ མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་སྙམ་དུ་གལ་ཏེ་དེ་བཞིན་གཤེགས་པས་ཇི་སྐད་དུ་བསྟན་པ་དེ་ལྟར་བསླབས་ ལ་སྤྱོད་པ་དེ་དང་མ་བྲལ་ཞིང་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པ་ཡིད་ལ་བྱེད་པ་འདི་དག་གིས་སྤྱོད་པ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མི་ཉམས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལས་ཡོངས་སུ་མི་ཉམས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མི་ཉམས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མི་ཉམས། བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པ་ལས་ཡོངས་སུ་མི་ཉམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཡོངས་སུ་མི་ཉམས། ནང་སྟོང་པ་ཉིད་ལས་ཡོངས་སུ་མི་ཉམས། ཕྱི་སྟོང་པ་ཉིད་ལས་ཡོངས་སུ་མི་ཉམས། ཕྱི་ ནང་སྟོང་པ་ཉིད་ལས་ཡོངས་སུ་མི་ཉམས། སྟོང་པ་ཉིད་སྟོང་པ་ཉིད་ལས་ཡོངས་སུ་མི་ཉམས། ཆེན་པོ་སྟོང་པ་ཉིད་ལས་ཡོངས་སུ་མི་ཉམས། དོན་དམ་པ་སྟོང་པ་ཉིད་ལས་ཡོངས་སུ་མི་ [141A]༄༅། །ཉམས༑ འདུས་བྱས་སྟོང་པ་ཉིད་ལས་ཡོངས་སུ་མི་ཉམས་འདུས་མ་བྱས་སྟོང་པ་ཉིད་ལས་ཡོངས་སུ་མི་ཉམས། མཐའ་ལས་འདས་པ་སྟོང་པ་ཉིད་ལས་ ཡོངས་སུ་མི་ཉམས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལས་ཡོངས་སུ་མི་ཉམས། དོར་བ་མེད་པ་སྟོང་པ་ཉིད་ལས་ཡོངས་སུ་མི་ཉམས། རང་བཞིན་སྟོང་པ་ཉིད་ལས་ཡོངས་སུ་མི་ ཉམས༑ ཆོས་ཐམས་ཅད་སྟོང་པ་ཉིད་ལས་ཡོངས་སུ་མི་ཉམས། རང་གི་མཚན་ཉིད་སྟོང་པ་ཉིད་ལས་ཡོངས་སུ་མི་ཉམས། མི་དམིགས་པ་སྟོང་པ་ཉིད་ལས་ཡོངས་སུ་མི་ཉམས་ དངོས་པོ་མེད་པ་སྟོང་པ་ཉིད་ལས་ཡོངས་སུ་མི་ཉམས། ངོ་བོ་ཉིད་སྟོང་པ་ཉིད་ལས་ཡོངས་སུ་མི་ཉམས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་ཡོངས་སུ་མི་ཉམས། དྲན་པ་ ཉེ་བར་བཞག་པ་རྣམས་ལས་ཡོངས་སུ་མི་ཉམས། ཡང་དག་པར་སྤོང་པ་རྣམས་ལས་ཡོངས་སུ་མི་ཉམས། རྫུ་འཕྲུལ་གྱི་རྐང་པ་རྣམས་ལས་ཡོངས་སུ་མི་ཉམས། དབང་པོ་རྣམས་ ལས་ཡོངས་སུ་མི་ཉམས། སྟོབས་རྣམས་ལས་ཡོངས་སུ་མི་ཉམས། བྱང་ཆུབ་ཀྱི་ཡན་ལག་རྣམས་ལས་ཡོངས་སུ་མི་ཉམས། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་ཡོངས་ སུ་མི་ཉམས། འཕགས་པའི་བདེན་པ་རྣམས་ལས་ཡོངས་སུ་མི་ཉམས་བསམ་གཏན་རྣམས་ལས་ཡོངས་སུ་མི་ཉམས། ཚད་མེད་པ་རྣམས་ལས་ཡོངས་སུ་མི་ཉམས། གཟུགས་ [141B]རྣམ་པར་ཐར་པ་རྣམས་ལས་ཡོངས་སུ་མི་ཉམས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལས་ཡོངས་ སུ་མི་ཉམས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལས་ཡོངས་སུ་མི་ཉམས། མངོན་པར་ཤེས་པ་རྣམས་ལས་ཡོངས་སུ་མི་ཉམས། ཏིང་ངེ་ འཛིན་རྣམས་ལས་ཡོངས་སུ་མི་ཉམས། གཟུངས་ཀྱི་སྒོ་རྣམས་ལས་ཡོངས་སུ་མི་ཉམས། དེ་བཞིན་གཤེགས་པའི་སྟོབས་བཅུ་ལས་ཡོངས་སུ་མི་ཉམས། མི་འཇིགས་པ་བཞི་ལས་ ཡོངས་སུ་མི་ཉམས། སོ་སོ་ཡང་དག་པར་རིག་པ་བཞི་ལས་ཡོངས་སུ་མི་ཉམས། བྱམས་པ་ཆེན་པོ་ལས་ཡོངས་སུ་མི་ཉམས། སྙིང་རྗེ་ཆེན་པོ་ལས་ཡོངས་སུ་མི་ཉམས། སངས་རྒྱས་ཀྱི་ ཆོས་མ་འདྲེས་པ་བཅོ་བརྒྱད་ལས་ཡོངས་སུ་མི་ཉམས། ཐམས་ཅད་ཤེས་པ་ཉིད་ལས་ཡོངས་སུ་མི་ཉམས། ལམ་གྱི་རྣམ་པ་ཤེས་པ་ཉིད་ལས་ཡོངས་སུ་མི་ཉམས། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ལས་ཡོངས་སུ་མི་ཉམས་སོ་སྙམ་ལ། རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྙམ་དུ་སུས་བདུད་ཀྱི་ལས་སུ་རིག་པ་དེ་ནི། བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ་མི་ཉམས་སོ་སྙམ་ན། རབ་འབྱོར། རྣམ་པ་དེ་དག་དང། ཚུལ་དེ་དག་དང། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་ [142A]༄༅། །དཔའ་ཆེན་པོ་དེ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཅི་ལས་སླར་ལྡོག་པའི་སླད་དུ་ཕྱིར་མི་ལྡོག་པ་ཞེས་བགྱི་བ་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནི་གཟུགས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། །ཚོར་བའི་འདུས་ཤེས་ལས་ཕྱིར་ལྡོག་གོ་འདུ་ཤེས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་ གོ་འདུ་བྱེད་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ་རྣམ་པར་ཤེས་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ་ཁམས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ་།སྐྱེ་མཆེད་ཀྱི་འདུ་ཤེས་ལས་ཕྱིར་ ལྡོག་གོ་འདོད་ཆགས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ་ཞེ་སྡང་གི་འདུ་ཤེས་ལས་ཕྱིར་ལྡོག་གོ་གཏི་མུག་གི་འདུ་ཤེས་ལས་ཕྱིར་ལྡོག་གོ་།ལྟ་བའི་རྣམ་པའི་འདུ་ཤེས་ ལས་ཕྱིར་ལྡོག་གོ་ཕ་རོལ་ཏུ་ཕྱིན་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ་སྟོང་པ་ཉིད་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ་དྲན་པ་ཉེ་བར་བཞག་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ་ ཡང་དག་པར་སྤོང་བའི་འདུ་ཤེས་ལས་ཕྱིར་ལྡོག་གོ་རྫུ་འཕྲུལ་གྱི་རྐང་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ་དབང་པོའི་འདུ་ཤེས་ལས་ཕྱིར་ལྡོག་གོ་སྟོབས་ཀྱི་འདུ་ཤེས་ལས་ [142B]བྱང་ཆུབ་ཀྱི་ཡན་ལག་གི་འདུ་ཤེས་ལས་ཕྱིར་ལྡོག་གོ་འཕགས་པའི་ལམ་ཡན་ལག་བརྒྱད་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ་འཕགས་པའི་བདེན་པའི་འདུ་ ཤེས་ལས་ཕྱིར་ལྡོག་གོ་བསམ་གཏན་གྱི་འདུ་ཤེས་ལས་ཕྱིར་ལྡོག་གོ་།ཚད་མེད་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ་གཟུགས་མེད་པའི་སྙོམས་པར་འཇུག་པའི་འདུ་ཤེས་ལས་ ཕྱིར་ལྡོག་གོ་རྣམ་པར་ཐར་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ་།མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ་སྟོང་པ་ཉིད་དང། མཚན་མ་མེད་ པ་དང། སྨོན་པ་མེད་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ་མངོན་པར་ཤེས་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ་ཏིང་ངེ་འཛིན་གྱི་འདུ་ཤེས་ལས་ཕྱིར་ལྡོག་གོ། གཟུངས་ཀྱི་སྒོའི་ འདུ་ཤེས་ལས་ཕྱིར་ལྡོག་གོ་དེ་བཞིན་གཤེགས་པའི་སྟོབས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ་མི་འཇིགས་པའི་འདུ་ཤེས་ལས་ཕྱིར་ལྡོག་གོ་།སོ་སོ་ཡང་དག་པར་རིག་པའི་ འདུ་ཤེས་ལས་ཕྱིར་ལྡོག་གོ་བྱམས་པ་ཆེན་པོའི་འདུ་ཤེས་ལས་ཕྱིར་ལྡོག་གོ་སྙིང་རྗེ་ཆེན་པོའི་འདུ་ཤེས་ལས་ཕྱིར་ལྡོག་གོ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་འདུ་ཤེས་ ལས་ཕྱིར་ལྡོག་གོ་རྒྱུན་དུ་ཞུགས་པའི་འབྲས་བུའི་འདུ་ཤེས་ལས་ཕྱིར་ལྡོག་གོ་ལན་ཅིག་ཕྱིར་འོང་བའི་འབྲས་བུའི་འདུ་ཤེས་ལས་ཕྱིར་ལྡོག་གོ་ཕྱིར་མི་འོང་བའི་འབྲས་ [143A]༄༅། །བུའི་འདུ་ཤེས་ལས་ཕྱིར་ལྡོག་གོ་དགྲ་བཅོམ་པ་ཉིད་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ་རང་བྱང་ཆུབ་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ་ཉན་ཐོས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ་རང་སངས་རྒྱས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ་བྱང་ཆུབ་སེམས་དཔའི་འདུ་ཤེས་ ལས་ཕྱིར་ལྡོག་གོ་སངས་རྒྱས་ཀྱི་འདུ་ཤེས་ལས་ཕྱིར་ལྡོག་གོ་དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་ རང་གི་མཚན་ཉིད་ཀྱིས་སྟོང་པས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་སྟེ། དེས་ཆོས་རྡུལ་ཙམ་ཡང་དམིགས་པ་མེད་དོ། །དམིགས་པ་མེད་པས་མངོན་པར་འདུ་མི་བྱེད་དོ། ། མངོན་པར་འདུ་མི་བྱེད་པས་སྐྱེ་བ་མེད་དེ། དེ་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་སྐྱེ་བ་ལ་བཟོད་པ་ཞེས་བྱ་སྟེ། རབ་འབྱོར། རྣམ་པ་དེ་དག་དང། ཚུལ་དེ་ དག་དང། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ སོ་དགུ་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉིས་བརྒྱ་སོ་བདུན་པ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ [143B] མོས་པ་ཟློག་ཅིང། རྣམ་པ་ཐམས་ཅད་མཁྱེན་པ་འདི་ནི་ནམ་མཁའ་དང་མཚུངས་པ། དངོས་པོ་མེད་པའི་ངོ་བོ་ཉིད་དེ་རང་གི་མཚན་ཉིད་ཀྱིས་ སྟོང་པའོ། ཆོས་འདི་དག་ཀྱང་ནམ་མཁའ་དང་མཚུངས་པ། དངོས་པོ་མེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་སྟོང་པའོ་།དེ་ལྟར་ཆོས་ཐམས་ཅད་ནམ་མཁའ་དང་མཚུངས་པ་ དངོས་པོ་མེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་དང། གང་མངོན་པར་ རྫོགས་པར་འཚང་རྒྱ་བར་བྱ་བའི་ཆོས་དེ་དག་གང་ཡང་མི་དམིགས་ཏེ། ཆོས་འདི་དག་ཐམས་ཅད་ནམ་མཁའ་དང་མཚུངས་པ་དངོས་པོ་མེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་ སྟོང་པས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་པ་འདི་ནི། ཁྱོད་ཉོན་མོངས་ལ་དོན་མེད་པར་འགྱུར་བ་སྟེ། འདི་ ནི་བདུད་ཀྱིས་བསྟན་པའོ། །འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཤད་པ་མ་ཡིན་ནོ། །རིགས་ཀྱི་བུ། ཡིད་ལ་བྱེད་པ་དེ་དག་ཐོང་ལ། ཁྱོད་ཡུན་རིང་པོར་གནོད་པ་དང་ ཕན་པ་མེད་པར་མ་སྤྱོད་ཅིག་སྡུག་བསྔལ་དང། ལོག་པར་ལྟུང་ངོ་ཞེས་ཟེར་ན། དེ་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་ཚིག་དེ་དག་ཐོས་ནས། འདི་ལྟར་ཡོངས་སུ་བརྟག་པར་བྱ་ [144A]༄༅། །སྟེ༑ དེ་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་པ་དེ་ནི་བདུད་ཀྱི་ལས་ཏེ། ཆོས་ཐམས་ཅད་ནི་ནམ་མཁའ་དང་མཚུངས་ པ༑ དངོས་པོ་མེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་སྟོང་མོད་ཀྱི། དེ་དག་སེམས་ཅན་རྣམས་ཀྱིས་མ་ཤེས། མ་མཐོང་ཁོང་དུ་མ་ཆུད་ཀྱི། དེའི་ཕྱིར་བདག་གིས་ནམ་མཁའ་ དང་མཚུངས་པ་དངོས་པོ་མེད་པའི་ངོ་བོ་ཉིད་རང་གི་མཚན་ཉིད་ཀྱིས་སྟོང་པའི་གོ་ཆ་བགོས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ལ། སེམས་ ཅན་ཐམས་ཅད་ལ་འབྱུང་བའི་ཆོས་བསྟན་ཏོ། །སེམས་ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་དགོད་པར་བྱའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་དགོད་པར་ བྱའོ༑ ༑ཕྱིར་མི་འོང་བའི་འབྲས་བུ་ལ་རབ་ཏུ་དགོད་པར་བྱའོ་།དགྲ་བཅོམ་པ་ཉིད་ལ་རབ་ཏུ་དགོད་པར་བྱའོ། །རང་བྱང་ཆུབ་ལ་རབ་ཏུ་དགོད་པར་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ལ་རབ་ཏུ་དགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་ཅིང། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཆོས་དེ་དག་ཐོས་ ནས་སེམས་བརྟན་པར་བྱའོ། །སེམས་མི་གཡོ་བར་བྱའོ། །སེམས་མི་འཕྲོགས་པར་བྱའོ། །དེ་སེམས་བརྟན་པ་དང། སེམས་མི་གཡོ་བ་དང་སེམས་མི་འཕྲོགས་པ་དེ་དང་ལྡན་པས་ [144B] བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཅི་ལགས་ བཅོམ་ལྡན་འདས། སླར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཕྱིར་མི་ལྡོག་པ་ཞེས་བྒྱིའམ། འོན་ཏམ་སླར་ལྡོག་པའི་བྱང་ཆུབ་སེམས་དཔའ་ལ་ཕྱིར་མི་ལྡོག་པ་ ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིར་ལྡོག་པ་ཞེས་བྱའོ་།ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ནི་ཕྱིར་མི་ལྡོག་ པ་ཞེས་བྱའོ། །གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ་སླར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ལ་ཕྱིར་ལྡོག་པ་ཞེས་བགྱི། ཅིའི་སླད་དུ་སླར་ལྡོག་པའི་བྱང་ཆུབ་སེམས་དཔའ་ལ་ཕྱིར་ མི་ལྡོག་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། བྱང་ཆུབ་སེམས་དཔའ་གང་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་ས་ལས་ཕྱིར་ལྡོག་པ་དེ་ནི། རབ་འབྱོར་ ཕྱིར་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་གང་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ ཀྱི་ས་ལས་ཕྱིར་མི་ལྡོག་པ་དེ་ནི། རབ་འབྱོར། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། ཕྱིར་ལྡོག་པ་ཞེས་བྱའོ། །རབ་འབྱོར། རྣམ་པ་དེ་དག་དང། ཚུལ་དེ་དག་དང། མཚན་མ་ [145A]༄༅། །དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱ་སྟེ། རྣམ་པ་དེ་དག་དང། ཚུལ་དེ་དག་དང། མཚན་མ་ དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདུད་སྡིག་ཏོ་ཅན་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་བཟློག་པར་མི་ནུས་སོ། །རབ་འབྱོར་ གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདོད་ན། བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ་ བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ་བྱམས་པ་ལ་སྙོམས་པར་འཇུག་གོ་སྙིང་རྗེ་ལ་སྙོམས་པར་འཇུག་གོ་དགའ་བ་ ལ་སྙོམས་པར་འཇུག་གོ་བཏང་སྙོམས་ལ་སྙོམས་པར་འཇུག་གོ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་ གོ་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ འཇུག་གོ་རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདོད་ན། དྲན་པ་ཉེ་བར་བཞག་པ་བཞི་ལ་སྙོམས་པར་འཇུག་གོ་ཡང་དག་ [145B]རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྙོམས་པར་འཇུག་གོ་དབང་པོ་ལྔ་ལ་སྙོམས་པར་འཇུག་གོ་སྟོབས་ལྔ་ལ་སྙོམས་པར་འཇུག་གོ་བྱང་ཆུབ་ཀྱི་ཡན་ ལག་བདུན་ལ་སྙོམས་པར་འཇུག་གོ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྙོམས་པར་འཇུག་གོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང་སྨོན་པ་མེད་པའི་ཏིང་ངེ་འཛིན་རྣམས་ ལ་སྙོམས་པར་འཇུག་གོ་མངོན་པར་ཤེས་པ་ལྔ་མངོན་པར་སྒྲུབ་བོ་།དེ་བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་པོ་དེ་དག་གིས་ འགོག་པའི་སྙོམས་པར་འཇུག་པ་ལ་འདྲིས་པར་བྱེད། དྲན་པ་ཉེ་བར་བཞག་པ་བཞི་གོམས་པར་བྱེད། ཡང་དག་པར་སྤོང་བ་བཞི་གོམས་པར་བྱེད། རྫུ་འཕྲུལ་གྱི་རྐང་པ་བཞི་གོམས་ པར་བྱེད། དབང་པོ་ལྔ་གོམས་པར་བྱེད། སྟོབས་ལྔ་གོམས་པར་བྱེད་བྱང་ཆུབ་ཀྱི་ཡན་ལག་བདུན་གོམས་པར་བྱེད། འཕགས་པའི་ལམ་ཡན་ལག་བརྒྱད་པ་གོམས་པར་བྱེད། སྟོང་ པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ཏིང་ངེ་འཛིན་ལའང་སྙོམས་པར་འཇུག་སྟེ། བསམ་གཏན་གྱི་འབྲས་བུ་ཡོངས་སུ་མི་འཛིན་ཏོ། །ཚད་མེད་པའི་འབྲས་བུ་ཡོངས་སུ་ མི་འཛིན་ཏོ། །གཟུགས་མེད་པའི་སྙོམས་པར་འཇུག་པའི་འབྲས་བུ་ཡོངས་སུ་མི་འཛིན་ཏོ། །འགོག་པའི་སྙོམས་པར་འཇུག་པའི་འབྲས་བུ་ཡོངས་སུ་མི་འཛིན་ཏོ། །རྒྱུན་དུ་ཞུགས་པའི་ [146A]༄༅། །འབྲས་བུ་ཡོངས་སུ་མི་འཛིན་ཏོ། །ལན་ཅིག་ཕྱིར་འོང་པའི་འབྲས་བུ་ཡོངས་སུ་མི་འཛིན་ཏོ། །ཕྱིར་མི་འོང་བའི་འབྲས་བུ་ཡོངས་སུ་མི་འཛིན་ཏོ། །དགྲ་བཅོམ་ པ་ཉིད་ཡོངས་སུ་མི་འཛིན་ཏོ། །རང་བྱང་ཆུབ་ཐོབ་པར་མི་བྱེད་དོ། །དེ་འདོད་ན། ཆེད་དུ་བསམ་ཤིང་ལུས་ཡོངས་སུ་འཛིན་ཏེ། ལུས་གང་གིས་སེམས་ཅན་རྣམས་ཀྱི་དོན་བྱ་བར་འགྱུར་ པ་དེ་ལྟ་བུའི་ལུས་ཡོངས་སུ་འཛིན་ཏོ། །རབ་འབྱོར། རྣམ་པ་དེ་དག་དང། ཚུལ་དེ་དག་དང། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱང་ཆུབ་ཡིད་ལ་བྱེད་པ་དང་ལྡན་ཏེ། བྱང་ཆུབ་ཀྱི་སེམས་ དང་མི་འབྲལ་ཞིང་གཟུགས་ལྷུར་ལེན་པ་མ་ཡིན། མཚན་མ་ལྷུར་ལེན་པ་མ་ཡིན། ལུས་ལྷུར་ལེན་པ་མ་ཡིན། སྦྱིན་པ་ལྷུར་ལེན་པ་མ་ཡིན་ཚུལ་ཁྲིམས་ལྷུར་ལེན་པ་མ་ཡིན་ བཟོད་པ་ལྷུར་ལེན་པ་མ་ཡིན། བརྩོན་འགྲུས་ལྷུར་ལེན་པ་མ་ཡིན། བསམ་གཏན་ལྷུར་ལེན་པ་མ་ཡིན། ཤེས་རབ་ལྷུར་ལེན་པ་མ་ཡིན། ནང་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། ཕྱི་ སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། ཕྱི་ནང་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། སྟོང་པ་ཉིད་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན་ཆེན་པོ་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། དོན་དམ་པ་སྟོང་པ་ [146B] འདུས་བྱས་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། འདུས་མ་བྱས་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། མཐའ་ལས་འདས་པ་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན་ ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། དོར་བ་མེད་པ་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། རང་བཞིན་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། ཆོས་ཐམས་ཅད་སྟོང་པ་ཉིད་ ལྷུར་ལེན་པ་མ་ཡིན། རང་གི་མཚན་ཉིད་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། མི་དམིགས་པ་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། དངོས་པོ་མེད་པ་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། ངོ་བོ་ཉིད་ སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལྷུར་ལེན་པ་མ་ཡིན། དྲན་པ་ཉེ་བར་བཞག་པ་ལྷུར་ལེན་པ་མ་ཡིན། ཡང་དག་པར་སྤོང་བ་ལྷུར་ལེན་པ་མ་ཡིན་ རྫུ་འཕྲུལ་གྱི་རྐང་པ་ལྷུར་ལེན་པ་མ་ཡིན། དབང་པོ་ལྷུར་ལེན་པ་མ་ཡིན། སྟོབས་ལྷུར་ལེན་པ་མ་ཡིན། བྱང་ཆུབ་ཀྱི་ཡན་ལག་ལྷུར་ལེན་པ་མ་ཡིན། འཕགས་པའི་ལམ་ཡན་ལག་ བརྒྱད་པ་ལྷུར་ལེན་པ་མ་ཡིན། འཕགས་པའི་བདེན་པ་ལྷུར་ལེན་པ་མ་ཡིན། བསམ་གཏན་ལྷུར་ལེན་པ་མ་ཡིན། ཚད་མེད་པ་ལྷུར་ལེན་པ་མ་ཡིན། གཟུགས་མེད་པའི་སྙོམས་པར་ འཇུག་པ་ལྷུར་ལེན་པ་མ་ཡིན། རྣམ་པར་ཐར་པ་བརྒྱད་ལྷུར་ལེན་པ་མ་ཡིན། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལྷུར་ལེན་པ་མ་ཡིན། སྟོང་པ་ཉིད་དང། མཚན་མ་མེད་ [147A]༄༅། །པ་དང། སྨོན་པ་མེད་པ་ལྷུར་ལེན་པ་མ་ཡིན། མངོན་པར་ཤེས་པ་ལྷུར་ལེན་པ་མ་ཡིན། ཏིང་ངེ་འཛིན་ལྷུར་ལེན་པ་མ་ཡིན་གཟུངས་ཀྱི་སྒོ་ལྷུར་ལེན་ པ་མ་ཡིན། དེ་བཞིན་གཤེགས་པའི་སྟོབས་བཅུ་ལྷུར་ལེན་པ་མ་ཡིན། མི་འཇིགས་པ་བཞི་ལྷུར་ལེན་པ་མ་ཡིན། སོ་སོ་ཡང་དག་པར་རིག་པ་བཞི་ལྷུར་ལེན་པ་མ་ཡིན། བྱམས་པ་ཆེན་ པོ་ལྷུར་ལེན་པ་མ་ཡིན། སྙིང་རྗེ་ཆེན་པོ་ལྷུར་ལེན་པ་མ་ཡིན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལྷུར་ལེན་པ་མ་ཡིན་རྒྱུན་དུ་ཞུགས་པའི་འབྲས་བུ་ལྷུར་ལེན་པ་མ་ཡིན། ལན་ གཅིག་ཕྱིར་འོང་བའི་འབྲས་བུ་ལྷུར་ལེན་པ་མ་ཡིན། ཕྱིར་མི་འོང་བའི་འབྲས་བུ་ལྷུར་ལེན་པ་མ་ཡིན། དགྲ་བཅོམ་པ་ཉིད་ལྷུར་ལེན་པ་མ་ཡིན། རང་བྱང་ཆུབ་ལྷུར་ལེན་པ་མ་ཡིན། བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྷུར་ལེན་པ་མ་ཡིན་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ལྷུར་ལེན་པ་མ་ཡིན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལྷུར་ལེན་ པ་མ་ཡིན། སངས་རྒྱས་བལྟ་བ་ལྷུར་ལེན་པ་མ་ཡིན། དགེ་བའི་རྩ་བ་སྐྱེད་པ་ལྷུར་ལེན་པ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། དེ་ནི་འདི་ལྟར་ཆོས་ཐམས་ཅད་རང་གི་མཚན་ ཉིད་ཀྱིས་སྟོང་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ལ་ལྷུར་བླང་བ་བསྐྱེད་པ་དང། གང་གིས་བསྐྱེད་པ་དང། གང་ལ་བསྐྱེད་པར་བྱ་བའི་ཆོས་དེ་ལྟ་བུ་ [147B] །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐམས་ཅད་ནི་ནམ་མཁའ་དང་མཚུངས་པ། དངོས་པོ་མེད་པའི་ངོ་བོ་ཉིད་དེ། རང་གི་མཚན་ཉིད་ཀྱིས་ སྟོང་པའོ། །རབ་འབྱོར། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཡིད་ལ་བྱ་བ་དེ་དང་ལྡན་པས་སྤྱོད་ལམ་བཞིར་འྒྲོའམ། འོང་ནའང་ནོར་པའི་སེམས་ཀྱིས་མི་ འགྲོ༑ ནོར་པའི་སེམས་ཀྱིས་མི་འོང། ནོར་པའི་སེམས་ཀྱིས་མི་སྡོད། ནོར་པའི་སེམས་ཀྱིས་མི་འཆག་ནོར་པའི་སེམས་ཀྱིས་མི་འདུག་ནོར་པའི་སེམས་ཀྱིས་མི་ཉལ་ཏེ། དེ་དྲན་བཞིན་ དུ་འགྲོའོ། །དྲན་བཞིན་དུ་འོང་ངོ། །དྲན་བཞིན་དུ་འཆག་གོ་དྲན་བཞིན་དུ་སྡོད་དོ། །དྲན་བཞིན་དུ་འདུག་གོ་དྲན་བཞིན་དུ་ཉལ་ལོ་།རབ་འབྱོར། རྣམ་པ་དེ་དག་དང། ཚུལ་དེ་དག་དང་ མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པ་ཞེས་བྱའོ། །རབ་འབྱོར། གཞན་ཡང་གལ་ཏེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་ཁྱིམ་ན་གནས་ཀྱང་ཐབས་མཁས་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་ལྔ་ཉེ་བར་ལེན་ཏོ། །དེ་སེམས་ཅན་རྣམས་ལ་སྦྱིན་པ་ཡོངས་ སུ་གཏོང་སྟེ། ཟས་འདོད་པ་ལ་ཟས། སྐོམ་འདོད་པ་ལ་སྐོམ། བཞོན་པ་འདོད་པ་ལ་བཞོན་པ། གོས་འདོད་པ་ལ་གོས། མལ་ཆ་འདོད་པ་ལ་མལ་ཆ། མེ་ཏོག་འདོད་པ་ལ་མེ་ཏོག་བདུག་ [148A]༄༅། །པ་འདོད་པ་ལ་བདུག་པ། སྤོས་འདོད་པ་ལ་སྤོས། ཕྲེང་བ་འདོད་པ་ལ་ཕྲེང་བ། བྱུག་པ་འདོད་པ་ལ་བྱུག་པ། གནས་འདོད་པ་ལ་གནས། ནོར་དང། འབྲུ་དང་ ནོར་བུ་དང། མུ་ཏིག་དང། བཻཌཱུརྱ་དང། དུང་དང། མན་ཤེལ་དང། བྱུ་རུ་དང། གསེར་དང། དངུལ་འདོད་པ་ལ། ནོར་དང། འབྲུ་དང། ནོར་བུ་དང། མུ་ཏིག་དང། བཻཌཱུ་རྱ་དང། དུང་དང་ མན་ཤེལ་དང། བྱུ་རུ་དང། གསེར་དང། དངུལ་དང། འཚོག་ཆས་དང། ཡོ་བྱད་གཞན་དང་གཞན་དག་ཀྱང་དེ་འདོད་པ་རྣམས་ལ་ཡོངས་སུ་གཏོང་སྟེ། དེ་བདག་ཀྱང་སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་ལ། གཞན་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ལོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་བརྗོད་དོ། །གཞན་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པ་དེ་དག་གིའང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་དོ། །བདག་ཀྱང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ལ། གཞན་ཡང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་ཡང་དག་པར་སྐུལ་ལོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་བརྗོད་དོ། །གཞན་གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གིའང་ལེགས་པ་བརྗོད་ཅིང་ མཐུན་པས་དགའ་བར་བྱེད་དོ། །བདག་ཀྱང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། གཞན་ཡང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ལོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ [148B] །གཞན་གང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གིའང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་དོ། །བདག་ཀྱང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་དེ། གཞན་ཡང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ལོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་བརྗོད་དོ། །གཞན་གང་བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གིའང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་དོ། །བདག་ཀྱང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། གཞན་ཡང་བསམ་གཏན་གྱི་ཕ་ རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ལོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ལེགས་པ་བརྗོད་དོ། །གཞན་གང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གིའང་ལེགས་པ་བརྗོད་ ཅིང་མཐུན་པས་དགའ་བར་བྱེད་དོ། །བདག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་དག་པར་སྐུལ་ལོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པའི་ལེགས་པ་བརྗོད་དོ། །གཞན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་དག་གིའང་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་དོ། །རབ་འབྱོར། ཕྱིར་མི་ལྡོག་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཁྱིམ་ན་གནས་ན། ཛམྦུའི་གླིང་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་ཞིང་སྦྱིན་པ་ཡོངས་སུ་གཏོང། གླིང་བཞི་པའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་ [149A]༄༅། །བདུན་གྱིས་ཡོངས་སུ་བཀང་ཞིང་སྦྱིན་པ་ཡོངས་སུ་གཏོང་སྟོང་གི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་ཞིང་སྦྱིན་པ་ཡོངས་སུ་གཏོང། སྟོང་ གཉིས་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་ཞིང་སྦྱིན་པ་ཡོངས་སུ་གཏོང། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་ བཀང་ཞིང་སྦྱིན་པ་ཡོངས་སུ་གཏོང་ཡང་དེ་འདོད་པ་ལ་ཡོངས་སུ་མི་སྤྱོད་དེ། རྟག་ཏུ་རྒྱུན་མི་ཆད་པར་ཚངས་པར་སྤྱོད་པ་ཡིན་གནོད་པ་གང་གིས་གཞན་མི་དགའ་བར་འགྱུར་བའི་གནོད་པ་དེ་ ལྟ་བུ་གང་ཡང་མི་སྐྱེད་དེ། རབ་འབྱོར། རྣམ་པ་དེ་དག་དང་ཚུལ་དེ་དག་དང། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་ བྱའོ༑ ༑རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་རིང་པོ་མི་ཐོགས་པར་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། འདི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་ བདག་གིས་རྟག་ཏུ་རྒྱུན་མི་ཆད་པར་རྗེས་སུ་འབྲང་བར་བྱའོ་ཞེས་ཡོངས་སུ་བསྲུང་བའི་ཕྱིར། གནོད་སྦྱིན་ལག་ན་རྡོ་རྗེ་རྟག་ཏུ་རྒྱུན་མི་ཆད་པར་རྗེས་སུ་འབྲང་ངོ། །ཇི་ཙམ་དུ་ལག་ན་རྡོ་རྗེའི་ [149B]ཙམ་དུ། དེ་ལ་མི་འམ། མི་མ་ཡིན་པ་དག་གིས་གནོད་པར་མི་ནུས་ཏེ་དེ་ལ་འཇིག་རྟེན་ན་ལྷའམ། བདུད་དམ། ཚངས་པའམ། གང་ སུས་ཀྱང་ཆོས་དང་མཐུན་པར་ཐུབ་པ་མེད་དེ། དེའི་སེམས་བྱང་ཆུབ་ཡིད་ལ་བྱེད་པ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཀྱི་བར་དུ་རྣམ་པར་འཁྲུག་པ་ མེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་དབང་པོ་འདི་ལྟ་སྟེ། མིག་གི་དབང་པོ་དང། རྣ་བའི་དབང་པོ་དང། སྣའི་དབང་པོ་དང། ལྕེའི་དབང་པོ་དང། ལུས་ཀྱི་དབང་པོ་དང་ ཡིད་ཀྱི་དབང་པོ་དང། དད་པའི་དབང་པོ་དང། བརྩོན་འགྲུས་ཀྱི་དབང་པོ་དང། དྲན་པའི་དབང་པོ་དང། ཏིང་ངེ་འཛིན་གྱི་དབང་པོ་དང། ཤེས་རབ་ཀྱི་དབང་པོ་དག་མ་ཚང་བར་མི་ འགྱུར་རོ། །དེ་ནི་སྐྱེས་བུ་དམ་པར་འགྱུར་ཏེ། སྐྱེས་བུ་དམའ་བ་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། ཇི་ཙམ་གྱིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེས་བུ་ དམ་པར་འགྱུར་ཞིང་སྐྱེས་བུ་དམའ་བ་མ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་བྱང་ཆུབ་ཀྱི་སེམས་མི་འཁྲུག་པ་ ན༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེས་བུ་དམ་པར་འགྱུར་ཏེ། སྐྱེས་བུ་དམའ་བ་མ་ཡིན་ནོ། །རབ་འབྱོར། རྣམ་པ་དེ་དག་དང་ཚུལ་དེ་དག་དང། མཚན་མ་དེ་དག་དང་ [150A]༄༅། །ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་ཡིད་ལ་བྱ་བ་དང་ལྡན་ཞིང། བུད་མེད་ཟེ་སློང་བ་དང། དབང་དུ་འགྱུར་བའི་སྔགས་དང་ཚིག་གང་ཅིའང་རུང་སྟེ། རྩི་དེ་དག་ ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མི་སྦྱོར་སྦྱོར་དུ་མི་འཇུག་སྟེ། ཟེ་སློང་བའི་བག་གཞན་དང་གཞན་དག་ཀྱང་མི་བྱེད་དོ། །བུད་མེད་དམ་སྐྱེས་པ་གང་ ཡང་རུང་སྟེ། དེ་དག་ལ་ཡོངས་སུ་བསྟན་པའི་ཆོ་འཕྲུལ་མི་བྱེད་དོ། །བུའམ་བུ་མོ་རིགས་ཀྱི་ལྷ་ལྟ་བུ་ཡོད་པར་འགྱུར་རོ་ཞེ་འམ་ཚེ་རིང་བར་འགྱུར་རོ་ཞེས་ཡོངས་སུ་སྟོན་པའི་ ཆོ་འཕྲུལ་མི་བྱེད་དོ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་ལ་མཚན་མ་ ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེས་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་བས། འཚོ་བ་ཡོངས་སུ་དག་པ་ཡིན་ཏེ། རབ་འབྱོར་རྣམ་པ་དེ་དག་དང། ཚུལ་དེ་དག་དང་ མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ [150B] ཚུལ་གང་དང། མཚན་མ་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པར་རིག་པར་བྱ་བའི་རྣམ་པ་དང་ ཚུལ་དང། མཚན་མ་དེ་དག་བསྟན་གྱི། ཤིན་ཏུ་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག་དང་བཤད་དོ། །བཅོམ་ལྡན་འདས། དེ་ལྟར་བགྱིའོ་ཞེས་གསོལ་ནས་ཚེ་དང་ལྡན་པ་རབ་འབྱོར་ བཅོམ་ལྡན་འདས་ལ་ཕྱིར་ཉན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་ཡིད་ལ་བྱེད་པ་དང་མི་འབྲལ་བ་ཡིན་ཏེ། ཕུང་པོའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས། ཁམས་ཀྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས། སྐྱེ་ མཆེད་ཀྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས། རྟེན་ཅིང་འབྲེལ་པར་འབྱུང་བའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེས་ཕུང་པོ་སྟོང་པ་ཉིད་ཤིན་ཏུ་ཡིད་ལ་བྱས་པ་ཡིན། ཁམས་སྟོང་པ་ཉིད་ཤིན་ཏུ་ཡིད་ལ་བྱས་པ་ཡིན། སྐྱེ་མཆེད་སྟོང་པ་ཉིད་ཤིན་ཏུ་ཡིད་ལ་བྱས་པ་ཡིན། རྟེན་ ཅིང་འབྲེལ་པར་འབྱུང་བ་སྟོང་པ་ཉིད་ཤིན་ཏུ་ཡིད་ལ་བྱས་པ་ཡིན། དེ་འདུ་འཛིའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་ [151A]༄༅། །སེམས་དཔའ་ཆེན་པོ་དེས་སེམས་ཅན་སྟོང་པ་ཉིད་ཤིན་ཏུ་ཡིད་ལ་བྱས་པ་ཡིན། དེ་རྒྱལ་པོའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དེ་ ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་རང་བཞིན་སྟོང་པ་ཉིད་ལ་གནས་པས་ཆོས་གང་ལའང་བཟང་པོ་འམ། ངན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་རྐུན་པོའི་གཏམ་གྱི་ སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན་དེ་ནི་འདི་ལྟར་དེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པས་ཆོས་གང་ལའང་བླང་བའམ། དབྲོག་པ་ཡང་ དག་པར་རྗེས་སུ་མི་མཐོང་ངོ། །དེ་ཡུལ་གྱི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་རང་བཞིན་སྟོང་པ་ཉིད་ལ་གནས་པས་ཆོས་ གང་ཡང་ཉུང་ངུའམ། མང་པོར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དམག་གི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ་དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཆོས་ ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་གནས་པས། ཆོས་གང་ལའང་བྱམས་པའམ། ཞེ་སྡང་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ། །གྲོང་གི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་ མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་པས་ཆོས་གང་ཡང་ཚོགས་སམ། ཚོགས་མ་ཡིན་པར་ཡང་དག་པར་རྗེས་སུ་མི་ [151B] །གྲོང་ཁྱེར་གྱི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ནམ་མཁའ་སྟོང་པ་ཉིད་ལ་གནས་པས། ཆོས་གང་ཡང་གཟུང་ པའམ༑ མི་གཟུང་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །གྲོང་རྡལ་གྱི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཡང་དག་པའི་ མཐའ་ལ་གནས་པས། ཆོས་གང་ཡང་འཕེལ་བའམ། འགྲིབ་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །བདག་གི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས། སེམས་ ཅན་གྱི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས། སྲོག་གི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས། འགྲོ་བའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ གསོ་བའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས། སྐྱེས་བུའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས། གང་ཟག་གི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ ཤེད་ཅན་གྱི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ཤེད་བདག་གི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་བྱེད་པ་པོའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་ གནས༑ ཚོར་བ་པོའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས། ཤེས་པ་པོའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས། མཐོང་བ་པོའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་ [152A]༄༅། །པར་མི་གནས་ཏེ། གཞན་དུ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཏམ་གྱི་སྦྱོར་བ་ལ་རྗེས་སུ་བརྩོན་ཞིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་ པའི་ཡིད་ལ་བྱ་བ་དང་མ་བྲལ་བར་གནས་ཏེ། དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང། སེར་སྣའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་ཅིང། ཚུལ་ཁྲིམས་ངན་པའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང། འཁྲུག་པའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་ སོ༑ ༑བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང། ལེ་ལོའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང། གཡེང་བའི་སྦྱོར་བ་ ལ་རྗེས་སུ་བརྩོན་པར་མི་གནས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང། ཤེས་རབ་འཆལ་བའི་སྦྱོར་བ་ལ་རྗེས་སུ་བརྩོན་པར་མི་གནས་སོ། །དེ་ཆོས་ཐམས་ཅད་ སྟོང་པ་ཉིད་ལ་སྤྱོད་ཅིང། ཆོས་འདོད་པ་ཡིན་གྱི་ཆོས་མི་འདོད་པ་མ་ཡིན་ཏེ། དེ་ཆོས་ཀྱི་དབྱིངས་ལ་སྤྱོད་ཅིང། ཆོས་ཐ་དད་པའི་ལེགས་པ་བརྗོད་པ་མ་ཡིན། དེ་སངས་རྒྱས་ བཅོམ་ལྡན་འདས་རྣམས་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བཤེས་གཉེན་དུ་སེམས་པ་ཡིན། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཉན་ཐོས་དང། རང་ [152B]བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་སྐུལ་ཞིང་འགོད་དོ། །འདུལ་ལོ། རབ་ཏུ་གཞོག་གོ་དེ་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་ཅིང། བལྟ་བའི་ཕྱིར་འཇིག་རྟེན་གྱི་ཁམས་གང་ན་བཞུགས་ཤིང་འཚོ་སྐྱོང་བ་དེར་སྐྱེས་ཏེ་ དེར་སྐྱེ་བར་འདོད་ཅིང། འདི་ལྟར་སངས་རྒྱས་ཡིད་ལ་བྱ་པས་ཉིན་མཚན་དུ་རྣམ་པར་སྤྱོད་དེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་དག་ནི་ཕལ་ཆེར་འདོད་པའི་ཁམས་དང་ལྡན་པའི་ཡིད་ལ་བྱ་བ་བསྐྱེད་ཅིང། དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་ནས། སངས་རྒྱས་ཀྱི་ཞིང་དེ་དག་ཏུ་སྐྱེ་བར་ འགྱུར་རོ། །བསམ་གཏན་དང་པོ་བསྐྱེད། བསམ་གཏན་གཉིས་པ་བསྐྱེད་བསམ་གཏན་གསུམ་པ་བསྐྱེད། བསམ་གཏན་བཞི་པ་བསྐྱེད། བྱམས་པ་བསྐྱེད། སྙིང་རྗེ་བསྐྱེད། དགའ་ བ་བསྐྱེད། བཏང་སྙོམས་བསྐྱེད། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་བསྐྱེད། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་བསྐྱེད། ཅུང་ཟད་མེད་ པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་བསྐྱེད། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་བསྐྱེད་ཅིང། གང་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ [153A]༄༅། །པར་རྫོགས་པའི་སངས་རྒྱས་མངོན་དུ་གྱུར་པར་བཞུགས་ཤིང་འཚོ་སྐྱོང་བ་དང། ཆོས་སྟོན་པ་དེར་སྐྱེས་ཏེ། རབ་འབྱོར་རྣམ་པ་དེ་དག་དང། ཚུལ་དེ་ དག་དང། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར་གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། ནང་སྟོང་པ་ཉིད་ལ་གནས་པ་དང། ཕྱི་སྟོང་པ་ཉིད་ལ་གནས་པ་དང། ཕྱི་ནང་སྟོང་པ་ཉིད་ལ་ གནས་པ་དང། སྟོང་པ་ཉིད་སྟོང་པ་ཉིད་ལ་གནས་པ་དང། ཆེན་པོ་སྟོང་པ་ཉིད་ལ་གནས་པ་དང། དོན་དམ་པ་སྟོང་པ་ཉིད་ལ་གནས་པ་དང། འདུས་བྱས་སྟོང་པ་ཉིད་ལ་ གནས་པ་དང། འདུས་མ་བྱས་སྟོང་པ་ཉིད་ལ་གནས་པ་དང། མཐའ་ལས་འདས་པ་སྟོང་པ་ཉིད་ལ་གནས་པ་དང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་གནས་པ་དང། དོར་ བ་མེད་པ་སྟོང་པ་ཉིད་ལ་གནས་པ་དང། རང་བཞིན་སྟོང་པ་ཉིད་ལ་གནས་པ་དང། ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་པ་དང་རང་གི་མཚན་ཉིད་སྟོང་པ་ཉིད་ལ་གནས་ པ་དང། མི་དམིགས་པ་སྟོང་པ་ཉིད་ལ་གནས་པ་དང། དངོས་པོ་མེད་པ་སྟོང་པ་ཉིད་ལ་གནས་པ་དང། ངོ་བོ་ཉིད་སྟོང་པ་ཉིད་ལ་གནས་པ་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་ [153B] དྲན་པ་ཉེ་བར་བཞག་པ་རྣམས་ལ་གནས་པ་དང། ཡང་དག་པར་སྤོང་བ་རྣམས་ལ་གནས་པ་དང། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་གནས་པ་དང། དབང་ པོ་རྣམས་ལ་གནས་པ་དང། སྟོབས་རྣམས་ལ་གནས་པ་དང། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་གནས་པ་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་གནས་པ་དང། འཕགས་ པའི་བདེན་པ་རྣམས་ལ་གནས་པ་དང། བསམ་གཏན་རྣམས་ལ་གནས་པ་དང། ཚད་མེད་པ་རྣམས་ལ་གནས་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་གནས་ པ་དང། རྣམ་པར་ཐར་པ་བརྒྱད་ལ་གནས་པ་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་གནས་པ་དང། སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་ པ་ལ་གནས་པ་དང། མངོན་པར་ཤེས་པ་རྣམས་ལ་གནས་པ་དང། ཏིང་ངེ་འཛིན་རྣམས་ལ་གནས་པ་དང། གཟུངས་ཀྱི་སྒོ་རྣམས་ལ་གནས་པ་དང། དེ་བཞིན་གཤེགས་པའི་སྟོབས་ རྣམས་ལ་གནས་པ་དང། མི་འཇིགས་པ་རྣམས་ལ་གནས་པ་དང། སོ་སོ་ཡང་དག་པར་རིག་པ་རྣམས་ལ་གནས་པ་དང། བྱམས་པ་ཆེན་པོ་ལ་གནས་པ་དང། སྙིང་རྗེ་ཆེན་པོ་ལ་ གནས་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་གནས་པ་ནི་འདི་སྙམ་དུ་བདག་ནི་ཕྱིར་ལྡོག་པའམ། ཕྱིར་མི་ལྡོག་པ་མ་ཡིན་ནོ་སྙམ་ཡང་མི་བྱེད་དེ། དེ་ཐེ་ཚོམ་མི་སྐྱེ་ [154A]༄༅། །ཞིང་རང་གི་ས་ལ་ཡིད་གཉིས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ཕྱིར་ལྡོག་པ་དང། ཕྱིར་ལྡོག་པ་མ་ཡིན་པའི་ཆོས་རྡུལ་ཙམ་ཡང་ ཡང་དག་པར་རྗེས་སུ་མི་མཐོང་ངོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། རྒྱུན་དུ་ཞུགས་པའི་སྐྱེས་བུ་རྒྱུན་དུ་ཞུགས་པའི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ ཚོམ་མི་ཟའོ། ལན་ཅིག་ཕྱིར་འོང་བ་ལན་ཅིག་ཕྱིར་འོང་བའི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟའོ་།ཕྱིར་མི་འོང་བ་ཕྱིར་མི་འོང་བའི་ས་ལ་གནས་ པ་ནི། རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟའོ། །དགྲ་བཅོམ་པ་དགྲ་བཅོམ་པའི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟའོ། །རང་སངས་རྒྱས་རང་སངས་ རྒྱས་ཀྱི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟའོ། །བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ ཚོམ་མི་ཟའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་གནས་པ་ནི། རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟའོ། །རབ་འབྱོར་ དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་ས་ལ་གནས་པའང་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟ་ཞིང་དེ་ཕྱིར་མི་ལྡོག་པའི་ས་དེ་ལ་གནས་ཏེ། སངས་རྒྱས་ཀྱི་ཞིང་ [154B] །སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ། །བདུད་ཀྱི་ལས་སྐྱེས་ཤིང་བྱུང་བ་དག་ཀྱང་ཤེས་ཏེ། བདུད་ཀྱི་ལས་ཀྱི་དབང་དུའང་མི་འགྲོའོ། །བདུད་ཀྱི་ ལས་དེ་དག་ཐམས་ཅད་ཀྱང་རྣམ་པར་འཇོམ་ཞིང་སྲབ་མོར་བྱེད་དོ་།རབ་འབྱོར། འདི་ལྟ་སྟེ། དཔེར་ན། མཚམས་མེད་པ་བྱེད་བྱེད་པའི་སྐྱེས་བུ་ནི་འཆི་ཀའི་བར་དུའང་མཚམས་མེད་ པའི་སེམས་དང་མི་འབྲལ་ཞིང། མཚམས་མེད་པའི་སེམས་དེ་རྗེས་སུ་འབྲང་ངོ། །མཚམས་མེད་པའི་སེམས་དེ་ཐབས་ཐམས་ཅད་ཀྱིས་ཀྱང་རྣམ་པར་གཞི་ལ་བར་མི་ནུས་ཏེ། ཀུན་ནས་ ལྡང་བ་དེ་འཆི་ཀའི་བར་དུའང་རྗེས་སུ་འབྲང་ངོ། །རབ་འབྱོར་དེ་བཞིན་དུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་སེམས་ཀྱང་ཕྱིར་མི་ལྡོག་པའི་ ས་ལ་གནས་པ་སྟེ། སེམས་དེ་རྣམ་པར་བརྟག་ཏུ་མེད་ཅིང་མི་སྒུལ་བས། དེ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་ཕྱིར་བཟློག་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ ནི་འདི་ལྟར་སེམས་དེས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལས་འདས་ཏེ། ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པས་དེ་རང་གི་ས་ལ་གནས་ཤིང། མངོན་པར་ཤེས་པ་ རྣམས་ལ་ཕ་རོལ་ཏུ་ཕྱིན་པའི་མཆོག་ཐོབ་པས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་དོ། །སེམས་ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ [155A]༄༅། །བལྟ་བ་དང། དེ་དག་ལ་ཕྱག་བྱ་བ་དང། ཆོས་མཉན་པའི་ཕྱིར་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུའང་འགྲོའོ། །སངས་རྒྱས་ཀྱི་ཞིང་དེ་ དག་གི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་དགེ་བའི་རྩ་བ་མང་པོའང་བསྐྱེད་ཅིང། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཀུན་འདྲི་ཞིང་ཡོངས་སུ་ཞུ་བར་བྱེད། བསྙེན་བཀུར་ བ་བྱེད་དོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དེ་ལྟར་གནས་པས་བདུད་ཀྱི་ལས་སྐྱེས་ཤིང། བྱུང་བ་རྣམས་ཁོང་དུ་ཆུད་དེ། བདུད་ཀྱི་ལས་སྐྱེས་ཤིང་ བྱུང་བ་དག་གི་དབང་དུའང་མི་འགྲོའོ། །བདུད་ཀྱི་ལས་དེ་དག་ཀྱང་ཐབས་མཁས་པས་ཡང་དག་པའི་མཐའ་ལ་སྦྱོར་བར་བྱེད་ཅིང་དེ་རང་གི་ས་ལ་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟའོ། ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ཡང་དག་པའི་མཐའ་ལ་ནེམ་ནུར་མེད་པས་ཡང་དག་པའི་མཐའ་ལ་གཅིག་གམ། གཉིས་སུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། དེ་ལྟར་ཤེས་པས་དེ་ཚེ་ འཕོས་ནས་ཀྱང་ཉན་ཐོས་དང། རང་སངས་རྒྱས་ཀྱི་སར་སེམས་མི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཆོས་ཐམས་ ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་ཆོས་གང་ཡང་སྐྱེ་བའམ། འགག་པ་འམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རབ་འབྱོར་ [155B]ཀྱང་འདི་སྙམ་དུ་བདག་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ མི་འགྱུར་རོ་སྙམ་མི་བྱེད་དེ། གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། རབ་ འབྱོར༑ དེ་ནི་འདི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་རང་གི་མཚན་ཉིད་ཀྱིས་སྟོང་ངོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རང་གི་ས་ལ་དེ་ལྟར་ གནས་པ་ནི། རང་གི་ས་ལ་ཐུབ་པ་མེད་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་གནས་པ་ནི་མི་ འཕྲོགས་པའི་ཡེ་ཤེས་དང་ལྡན་པ་ཡིན་ཏེ། རབ་འབྱོར། གལ་ཏེ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་བདུད་སྡིག་ཏོ་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་ ཉེ་བར་འོངས་ནས། འདི་སྐད་དུ་ཁྱོད་ཀྱིས་འདི་ཉིད་དུ་དགྲ་བཅོམ་པ་ཐོབ་པར་གྱིས་ཤིག་ཁྱོད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ། །དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ཁྱོད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཁྱོད་ [156A]༄༅། །ཀྱིས་མ་ཐོབ་པ། རྣམ་པ་གང་དག་དང། ཚུལ་གང་དག་དང། མཚན་མ་གང་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་རྣམ་པ་དེ་དག་དང། ཚུལ་དེ་དག་དང། མཚན་མ་དེ་དག་ཀྱང་ཁྱོད་ལ་མེད་དོ་ཞེས་ཟེར་ཡང། རབ་འབྱོར། གལ་ཏེ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྒྲ་དེ་ཐོས་ནས། མི་འཇུམ་མི་འགོད་ཞིང། དེའི་སེམས་གཞན་དུ་མི་འགྱུར་ལ་ཡིད་སྐྲག་པར་མི་འགྱུར་ན། རབ་འབྱོར། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ ལུང་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་གང་དང་ལྡན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ པར་འགྱུར་བའི་ཆོས་དེ་དག་བདག་ལ་ཡོད་དོ་ཞེས་བྱ་བར་རིག་པར་བྱའོ། །རབ་འབྱོར། གལ་ཏེ་བདུད་སྡིག་ཏོ་ཅན་ནམ། བདུད་ཀྱིས་བྱིན་གྱིས་བརླབས་པའི་སྐྱེས་བུ་ཞིག་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་སངས་རྒྱས་ཀྱི་ཆ་བྱད་དུ་ཉེ་བར་འོངས་ནས། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལུང་བསྟན་ཀྱང། གལ་ཏེ་བྱང་ཆུབ་སེམས་ [156B]སྙམ་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་ ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་ཡང་དག་པར་བསྐུལ་བ་མི་མཛད་དེ། ཀྱེ་མ་འདི་ནི་བདུད་སྡིག་ཏོ་ཅན་ནམ། བདུད་སྡིག་ཏོ་ཅན་གྱིས་བྱིན་གྱིས་བརླབས་པའི་སྐྱེས་བུ་ཞིག་སངས་རྒྱས་ཀྱི་ཆ་ བྱད་དུ་ཉེ་བར་འོངས་སོ་སྙམ་སེམས་པ་དང། གལ་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་རྒྱས་པའི་མདོ་སྡེ་ཀློག་པ་དང། ཁ་ཏོན་བྱེད་པ་ལ་བདུད་སྡིག་ ཏོ་ཅན་སངས་རྒྱས་ཀྱི་ཆ་བྱད་དུ་ཉེ་བར་འོངས་ནས། དེ་ལ་འདི་སྐད་དུ་གང་ལ་ཁྱོད་སྤྱོད་པའི་མདོ་སྡེ་འདི་དག་ནི་བདུད་ཀྱིས་བཤད་པ་ཡིན་ཏེ། འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ དང། ཉན་ཐོས་དང། རང་སངས་རྒྱས་རྣམས་ཀྱིས་བཤད་པ་མ་ཡིན་ནོ་ཞེས་ཟེར་ན། རབ་འབྱོར། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཀྱེ་མ་གང་བདག་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་འབྲལ་བར་བྱེད་པ་འདི་ནི་བདུད་སྡིག་ཏོ་ཅན་ནམ། བདུད་ཀྱིས་བྱིན་གྱིས་བརླབས་པའི་སྐྱེས་བུའོ་ཞེས་བྱ་བར་རིག་པར་བྱེད་ན། རབ་འབྱོར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་ [157A]༄༅། །པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱིར་མི་ལྡོག་པའི་ས་ལ་གནས་པར་རིག་པར་བྱའོ། །དེ་ཅིའི་ ཕྱིར་ཞེ་ན། གང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་དེ་དག་དང། ཚུལ་དེ་དག་དང་མཚན་མ་དེ་དག་ནི་དེ་ལ་ཡོད་དོ། །རབ་འབྱོར། རྣམ་པ་ དེ་དག་དང། ཚུལ་དེ་དག་དང། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བདག་ཀྱང་ཡོངས་སུ་གཏོང་ ལ༑ སྲོག་ཡོངས་སུ་ཆད་པར་འགྱུར་ཡང་སྡོད་ཅིང་ཆོས་དེ་ཡོངས་སུ་མི་གཏོང་ངོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དམ་པའི་ཆོས་ཡོངས་སུ་གཟུང་ བའི་ཕྱིར་འདི་ལྟར་བརྩོན་པར་བྱེད་དེ། འདས་པ་དང། མ་བྱོན་པ་དང། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་བཟུང་ཞིང། དམ་པའི་ཆོས་ ཡོངས་སུ་མི་གཏོང་བ་དེ་ལྟར་བརྩོན་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་འདི་སྙམ་དུ་སེམས་ཏེ། དམ་པའི་ཆོས་ཡོངས་སུ་བཟུང་ན་འདས་པ་དང། མ་བྱོན་པ་དང། ད་ལྟར་ [157B]འགྱུར། དེ་དག་གི་དམ་པའི་ཆོས་ཀྱང་ཡོངས་སུ་གཟུང་བར་འགྱུར་རོ་སྙམ་མོ། །དེ་ལ་ཆོས་གང་གི་དོན་དུ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བདག་ཡོངས་སུ་གཏོང་ཞིང། སྲོག་ཡོངས་སུ་ཆད་པར་འགྱུར་ཡང་སྡོད་པའི་ཆོས་དེ་གང་ཞེ་ན། རབ་འབྱོར། འདི་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་སྟོང་ངོ་ཞེས་ཆོས་སྟོན་ཏེ། དེ་ལ་སྐྱེས་བུ་བླུན་པོ་ལ་ལ་འདི་ནི་ཆོས་མ་ཡིན་འདི་ནི་འདུལ་བ་མ་ཡིན། འདི་ནི་སྟོན་པས་བསྟན་པ་མ་ཡིན་ ནོ་ཞེས་ཕྱིར་རྒོལ་ཞིང་ངན་དུ་བརྗོད་དེ། རབ་འབྱོར། ཆོས་དེའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདག་ཡོངས་སུ་གཏོང་ཞིང། སྲོག་ཡོངས་སུ་ཆད་པར་འགྱུར་ཡང་མི་ གཏོང་ངོ། །རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་བསླབ་པར་བྱ་སྟེ། གང་མ་འོངས་པའི་དུས་ན་དེ་བཞིན་གཤེགས་པ་འབྱུང་བར་འགྱུར་བ་དེ་དག་ གི་ནང་དུ་བདག་ཀྱང་གྲངས་སུ་གཞུག་གོ་བདག་ཀྱང་དེར་ལུང་བསྟན་ཏོ། །ཆོས་གང་གི་ཕྱིར་བདག་ཡོངས་སུ་གཏོང་བ་དང། སྲོག་ཡོངས་སུ་ཆད་པར་འགྱུར་ཡང་མི་གཏོང་བ་དེའང་ བདག་གི་ཆོས་སོ་ཞེས་བསླབ་བོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དོན་གྱི་དབང་འདི་མཐོང་བས། དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་བདག་ཀྱང་ [158A]༄༅། །ཡོངས་སུ་གཏོང་ལ། སྲོག་ཡོངས་སུ་ཆད་པ་ཡིན་ཡང་སྡོད་པ་ཡིན་ནོ། །རབ་འབྱོར། རྣམ་པ་དེ་དག་དང། ཚུལ་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་སྟོན་པ་ལ་ནེམ་ནུར་མེད་ཐེ་ཚོམ་མི་ཟ་ཞིང། གང་སངས་རྒྱས་བཅོམ་ལྡན་འདས་དེ་དག་གསུང་བ་དེ་ ཐམས་ཅད་ཡོངས་སུ་འཛིན་ཏོ། །དེ་ལྟར་བཟུང་ནས་ཀྱང་ཆུད་ཟ་བར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་གཟུངས་རབ་ཏུ་ཐོབ་པའི་ཕྱིར་རོ། །དེ་ནས་ཚེ་དང་ལྡན་པ་རབ་ འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གཟུངས་གང་ཐོབ་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དེ་བཞིན་གཤེགས་ པས་གསུངས་པའི་མདོ་རྣམས་ཆབ་མི་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། མི་ཟད་པའི་ཟ་མ་ཏོག་གི་གཟུངས་རབ་ཏུ་ཐོབ་པས། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི། དེ་བཞིན་གཤེགས་པས་གསུངས་པའི་མདོ་རྣམས་ཆུད་མི་ཟའོ། །དེ་བཞིན་དུ་རྒྱ་མཚོའི་ཕྱག་རྒྱ་དང་པདྨོ་རྣམ་པར་བཀོད་པ་དང། ཡོངས་ [158B] བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། དེ་བཞིན་གཤེགས་པས་གསུངས་པའི་མདོ་རྣམས་ཆུད་མི་ཟའོ། །གསོལ་པ། བཅོམ་ ལྡན་འདས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་འབའ་ཤིག་ཆབ་མི་འཚལ་དུ་བས་ཀྱི། ཉན་ཐོས་ཀྱིས་བཤད་པ་མ་ལགས་ སམ། ལྷས་བཤད་པ་མ་ལགས་སམ། ཀླུས་བཤད་པ་མ་ལགས་སམ། གནོད་སྦྱིན་གྱིས་བཤད་པ་མ་ལགས་སམ། དྲི་ཟས་བཤད་པ་མ་ལགས་སམ་ལྷ་མ་ཡིན་གྱིས་བཤད་ པ་མ་ལགས་སམ། ནམ་མཁའི་ལྡིང་གིས་བཤད་པ་མ་ལགས་སམ། ལྟོ་འཕྱེ་ཆེན་པོས་བཤད་པ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི། སྐད་དང། བརྡའ་དང། སྒྲ་གང་ཡང་རུང་སྟེ། དེ་དག་ཐམས་ཅད་ལ་ནེམ་ནུར་མེད། ཐེ་ཚོམ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དེས་གཟུངས་རབ་ཏུ་ཐོབ་པའི་ ཕྱིར་རོ། །རབ་འབྱོར། རྣམ་པ་དེ་དག་དང། ཚུལ་དེ་དག་དང་མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕྱིར་མི་ལྡོག་པར་རིག་པར་བྱའོ། །ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་།བམ་པོ་ཉིས་བརྒྱ་སོ་བརྒྱད་པ། དེ་སྐད་ཅེས་བཀའ་ [159A]༄༅། །སྩལ་པ་དང། ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཕྱིར་མི་ལྡོག་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཡོན་ཏན་ཆེན་པོ་དང་ལྡན་པའོ་།བཅོམ་ལྡན་འདས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཚད་མ་མཆིས་ གྲངས་མ་མཆིས། དཔག་ཏུ་མ་མཆིས་པའི་ཡོན་ཏན་དང་ལྡན་པའོ་།བཅོམ་ལྡན་འདས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསྐྱོད་དུ་མ་མཆིས་པའི་ ཡོན་ཏན་དང་ལྡན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར། ཕྱིར་མི་ལྡེག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ནི་ཡོན་ཏན་ཆེན་པོ་དང་ལྡན་པའོ། །རབ་འབྱོར། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཚད་མེད་གྲངས་མེད། དཔག་ཏུ་མེད་པའི་ཡོན་ཏན་དང་ ལྡན་པའོ། །རབ་འབྱོར། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསྐྱོད་དུ་མེད་པའི་ཡོན་ཏན་དང་ལྡན་པའོ་།དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ཉན་ ཐོས་དང། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ཡེ་ཤེས་མཐའ་ཡས་མུ་མེད་པ་རབ་ཏུ་ཐོབ་སྟེ། ཡེ་ཤེས་དེ་ལ་གནས་ཤིང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ [159B] སོ་སོ་ཡང་དག་པར་རིག་པ་མངོན་པར་བསྒྲུབ་པ་གང་གིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་དྲིས་ཀྱང། ལན་ཟད་པར་མི་ནུས་པའི་སོ་སོ་ ཡང་དག་པར་རིག་པ་མངོན་པར་སྒྲུབ་བོ། །རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནི་གངྒཱའི་ ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་ཡང་རྣམ་པ་གང་དང། ཚུལ་གང་དང། མཚན་མ་གང་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་བརྗོད་པའི་ཕྱིར་མི་ ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་དང་ཚུལ་དང། མཚན་མ་རྣམས་སྟོན་པའི་མཐུ་མངའ་ན། བཅོམ་ལྡན་འདས། གང་ལ་གནས་ཤིང། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། དྲན་པ་ཉེ་བར་བཞག་པ་བཞི་ཡོངས་སུ་རྫོགས་པར་བགྱིད་པ་དང། ཡང་དག་པར་སྤོང་བ་བཞི་ཡོངས་སུ་རྫོགས་ པར་བགྱིད་པ་དང། རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་རྫོགས་པར་བགྱིད་པ་དང། དབང་པོ་ལྔ་ཡོངས་སུ་རྫོགས་པར་བགྱིད་པ་དང། སྟོབས་ལྔ་ཡོངས་སུ་རྫོགས་པར་བགྱིད་པ་དང། བྱང་ ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་རྫོགས་པར་བགྱིད་པ་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བགྱིད་པ་དང་འཕགས་པའི་བདེན་པ་རྣམས་ཡོངས་སུ་ [160A]༄༅། །རྫོགས་པར་བགྱིད་པ་དང། བསམ་གཏན་རྣམས་ཡོངས་སུ་རྫོགས་པར་བགྱིད་པ་དང། ཚད་མེད་པ་རྣམས་ཡོངས་སུ་རྫོགས་པར་བགྱིད་པ་དང། གཟུགས་ མེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་རྫོགས་པར་བགྱིད་པ་དང། རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་བགྱིད་པ་དང་མཐར་གྱིས་གནས་པའི་སྙོམས་པར་འཇུག་ པ་དགུ་ཡོངས་སུ་རྫོགས་པར་བགྱིད་པ་དང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ཡོངས་སུ་རྫོགས་པར་བགྱིད་པ་དང། མངོན་པར་ཤེས་ པ་རྣམས་ཡོངས་སུ་རྫོགས་པར་བགྱིད་པ་དང། ཏིང་ངེ་འཛིན་རྣམས་ཡོངས་སུ་རྫོགས་པར་བགྱིད་པ་དང། གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་བགྱིད་པ་དང། དེ་བཞིན་ གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བགྱིད་པ་དང། མི་འཇིགས་པ་བཞི་ཡོངས་སུ་རྫོགས་པར་བགྱིད་པ་དང། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་ བགྱིད་པ་དང། བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བགྱིད་པ་དང། སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས་པར་བགྱིད་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་ རྫོགས་པར་བགྱིད་པ་དང། ཐམས་ཅད་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བགྱིད་པ་དང། ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བགྱིད་པ་དང། རྣམ་པ་ཐམས་ཅད་ [160B]ཟབ་མོ་རྣམས་ལེགས་པར་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ལེགས་སོ། །ལེགས་ སོ༑ ༑རབ་འབྱོར། ཁྱོད་དེ་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པ་ལ་གནས་ཟབ་མོ་རྣམས་དྲི་བར་སེམས་པ་ ལེགས་སོ། །རབ་འབྱོར། ཟབ་མོ་ཞེས་བྱ་བ་འདི་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དྭགས་སོ། །འདི་ནི་མཚན་མ་མེད་པ་དང། སྨོན་པ་མེད་པ་དང། མངོན་པར་འདུ་བྱ་བ་མེད་པ་དང། སྐྱེ་བ་མེད་པ་ དང། འདོད་ཆགས་དང་བྲལ་བ་དང། འགོག་པ་དང། མྱ་ངན་ལས་འདས་པ་དང། ཞི་བ་དང། དེ་བཞིན་ཉིད་དང། ཡང་དག་པའི་མཐའ་དང། ཆོས་ཀྱི་དབྱིངས་ཀྱི་ཚིག་བླ་དྭགས་སོ། ། རབ་འབྱོར། འདི་ལྟ་སྟེ། གང་མྱ་ངན་ལས་འདས་པའི་ཚིག་བླ་དྭགས་དེ་དག་ནི་གནས་ཟབ་མོ་ཟབ་མོ་ཞེས་བྱ་བ་དེ་དག་གོ་གསོལ་པ། དེ་མྱ་ངན་ལས་འདས་པའི་ཚིག་བླ་དྭགས་སུ་ བས་ཀྱི་ཆོས་ཐམས་ཅད་ཀྱི་ཚིག་བླ་དྭགས་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཟབ་མོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ཚིག་བླ་དྭགས་ཀྱང་ཡིན་ནོ། ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། གཟུགས་ཟབ་བོ། །རབ་འབྱོར། ཚོར་བ་ཟབ་བོ། །རབ་འབྱོར། འདུ་ཤེས་ཟབ་བོ། །རབ་འབྱོར། འདུ་བྱེད་ཟབ་བོ། །རབ་འབྱོར། རྣམ་པར་ཤེས་པ་ཟབ་བོ། ། [161A]༄༅། །རབ་འབྱོར། མིག་ཀྱང་ཟབ་བོ། །རབ་འབྱོར། རྣ་བའང་ཟབ་བོ། །རབ་འབྱོར། སྣའང་ཟབ་བོ། །རབ་འབྱོར། ལྕེའང་ཟབ་བོ། །རབ་འབྱོར། ལུས་ཀྱང་ཟབ་ བོ༑ ༑རབ་འབྱོར། ཡིད་ཀྱང་ཟབ་བོ། །རབ་འབྱོར། གཟུགས་ཀྱང་ཟབ་བོ་།རབ་འབྱོར། སྒྲའང་ཟབ་བོ། །རབ་འབྱོར། དྲིའང་ཟབ་བོ། །རབ་འབྱོར། རོའང་ཟབ་བོ། །རབ་འབྱོར། རེག་ ཀྱང་ཟབ་བོ། །རབ་འབྱོར། ཆོས་ཀྱང་ཟབ་བོ། །རབ་འབྱོར། མིག་གི་རྣམ་པར་ཤེས་པའང་ཟབ་བོ། །རབ་འབྱོར། རྣ་བའི་རྣམ་པར་ཤེས་པའང་ཟབ་བོ། །རབ་འབྱོར། སྣའི་རྣམ་པར་ ཤེས་པའང་ཟབ་བོ། །རབ་འབྱོར། ལྕེའི་རྣམ་པར་ཤེས་པའང་ཟབ་བོ། །རབ་འབྱོར། ལུས་ཀྱི་རྣམ་པར་ཤེས་པའང་ཟབ་བོ། །རབ་འབྱོར་ཡིད་ཀྱི་རྣམ་པར་ཤེས་པའང་ཟབ་བོ། །རབ་ འབྱོར༑ མིག་གི་འདུས་ཏེ་རེག་པའང་ཟབ་བོ། །རབ་འབྱོར། རྣ་བའི་འདུས་ཏེ་རེག་པའང་ཟབ་བོ། །རབ་འབྱོར། སྣའི་འདུས་ཏེ་རེག་པའང་ཟབ་བོ། །རབ་འབྱོར། ལྕེའི་འདུས་ཏེ་རེག་པའང་ ཟབ་བོ། །རབ་འབྱོར། ལུས་ཀྱི་འདུས་ཏེ་རེག་པའང་ཟབ་བོ། །རབ་འབྱོར། ཡིད་ཀྱི་འདུས་ཏེ་རེག་པའང་ཟབ་བོ། །རབ་འབྱོར། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་ཟབ་བོ། ། རབ་འབྱོར། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་ཟབ་བོ། །རབ་འབྱོར། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་ཟབ་བོ། །རབ་འབྱོར། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ [161B] །རབ་འབྱོར། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་ཟབ་བོ། །རབ་འབྱོར། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་ཟབ་བོ། །རབ་འབྱོར། སའི་ཁམས་ཀྱང་ ཟབ་བོ། །རབ་འབྱོར། ཆུའི་ཁམས་ཀྱང་ཟབ་བོ། །རབ་འབྱོར། མེའི་ཁམས་ཀྱང་ཟབ་བོ། །རབ་འབྱོར། རླུང་གི་ཁམས་ཀྱང་ཟབ་བོ། །རབ་འབྱོར། ནམ་མཁའི་ཁམས་ཀྱང་ཟབ་བོ། །རབ་འབྱོར་ རྣམ་པར་ཤེས་པའི་ཁམས་ཀྱང་ཟབ་བོ། །རབ་འབྱོར། མ་རིག་པའང་ཟབ་བོ། །རབ་འབྱོར། འདུ་བྱེད་ཀྱང་ཟབ་བོ། །རབ་འབྱོར། རྣམ་པར་ཤེས་པའང་ཟབ་བོ། །རབ་འབྱོར། མིང་དང་གཟུགས་ ཀྱང་ཟབ་བོ། །རབ་འབྱོར། སྐྱེ་མཆེད་དྲུག་ཀྱང་ཟབ་བོ། །རབ་འབྱོར། རེག་པའང་ཟབ་བོ། །རབ་འབྱོར། ཚོར་བའང་ཟབ་བོ། །རབ་འབྱོར། སྲེད་པའང་ཟབ་བོ། །རབ་འབྱོར། ལེན་པའང་ཟབ་ བོ༑ ༑རབ་འབྱོར། སྲིད་པའང་ཟབ་བོ། །རབ་འབྱོར། སྐྱེ་བའང་ཟབ་བོ། །རབ་འབྱོར། རྒ་ཤིའང་ཟབ་བོ། །རབ་འབྱོར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་ཟབ་བོ། །རབ་འབྱོར། ཚུལ་ཁྲིམས་ཀྱི་ ཕ་རོལ་ཏུ་ཕྱིན་པའང་ཟབ་བོ། །རབ་འབྱོར། བཟོད་པའི་ཕ་རོལ་ཏུ་ཕྱིན་པའང་ཟབ་བོ། །རབ་འབྱོར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཟབ་བོ། །རབ་འབྱོར། བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པའང་ཟབ་བོ། རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཟབ་བོ། །རབ་འབྱོར། ནང་སྟོང་པ་ཉིད་ཀྱང་ཟབ་བོ། རབ་འབྱོར། ཕྱི་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར། ཕྱི་ནང་ [162A]༄༅། །སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར། ཆེན་པོ་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར། དོན་དམ་པ་སྟོང་པ་ ཉིད་ཀྱང་ཟབ་བོ། །རབ་འབྱོར། འདུས་བྱས་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར། འདུས་མ་བྱས་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་ འབྱོར༑ ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱང་ཟབ་བོ་།རབ་འབྱོར། དོར་བ་མེད་པ་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར་རང་བཞིན་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར། ཆོས་ཐམས་ ཅད་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར། མི་དམིགས་པ་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར། དངོས་པོ་མེད་པ་སྟོང་པ་ཉིད་ ཀྱང་ཟབ་བོ། །རབ་འབྱོར། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཟབ་བོ་།རབ་འབྱོར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར། དྲན་པ་ཉེ་བར་བཞག་པ་རྣམས་ཀྱང་ཟབ་བོ། ། རབ་འབྱོར། ཡང་དག་པར་སྤོང་བ་རྣམས་ཀྱང་ཟབ་བོ། །རབ་འབྱོར་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་ཟབ་བོ། །རབ་འབྱོར། དབང་པོ་རྣམས་ཀྱང་ཟབ་བོ། །རབ་འབྱོར། སྟོབས་རྣམས་ ཀྱང་ཟབ་བོ། །རབ་འབྱོར། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་ཟབ་བོ། །རབ་འབྱོར། འཕགས་པའི་ལམ་ཡན་ལག་བརྒྱད་པའང་ཟབ་བོ་།རབ་འབྱོར། འཕགས་པའི་བདེན་པ་རྣམས་ [162B] །རབ་འབྱོར། བསམ་གཏན་རྣམས་ཀྱང་ཟབ་བོ་།རབ་འབྱོར། ཚད་མེད་པ་རྣམས་ཀྱང་ཟབ་བོ། །རབ་འབྱོར། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཟབ་བོ། །རབ་འབྱོར་ རྣམ་པར་ཐར་པ་རྣམས་ཀྱང་ཟབ་བོ། །རབ་འབྱོར། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་ཟབ་བོ། །རབ་འབྱོར། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང་ སྨོན་པ་མེད་པའང་ཟབ་བོ། །རབ་འབྱོར། མངོན་པར་ཤེས་པ་རྣམས་ཀྱང་ཟབ་བོ། །རབ་འབྱོར། ཏིང་ངེ་འཛིན་རྣམས་ཀྱང་ཟབ་བོ། །རབ་འབྱོར། གཟུངས་ཀྱི་སྒོ་རྣམས་ཀྱང་ཟབ་བོ། །རབ་འབྱོར། དེ་ བཞིན་གཤེགས་པའི་སྟོབས་བྕུའང་ཟབ་བོ། །རབ་འབྱོར། མི་འཇིགས་པ་བྮིའང་ཟབ་བོ། །རབ་འབྱོར། སོ་སོ་ཡང་དག་པར་རིག་པ་བྮིའང་ཟབ་བོ། །རབ་འབྱོར། བྱམས་པ་ཆེན་པོའང་ ཟབ་བོ། །རབ་འབྱོར། སྙིང་རྗེ་ཆེན་པོའང་ཟབ་བོ། །རབ་འབྱོར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་ཟབ་བོ། །རབ་འབྱོར། རྒྱུན་དུ་ཞུགས་པའི་འབྲས་བུའང་ཟབ་བོ། །རབ་འབྱོར་ ལན་ཅིག་ཕྱིར་འོང་བའི་འབྲས་བུའང་ཟབ་བོ། །རབ་འབྱོར། ཕྱིར་མི་འོང་བའི་འབྲས་བུའང་ཟབ་བོ། །རབ་འབྱོར། དགྲ་བཅོམ་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར། རང་བྱང་ཆུབ་ཀྱང་ཟབ་བོ། ། རབ་འབྱོར། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཟབ་བོ། །རབ་འབྱོར། བྱང་ཆུབ་ཀྱང་ཟབ་བོ། །རབ་འབྱོར། ཇི་ལྟར་ན་གཟུགས་ཟབ་ [163A]༄༅། །ཇི་ལྟར་ན་ཚོར་བ་ཟབ། ཇི་ལྟར་ན་འདུ་ཤེས་ཟབ། ཇི་ལྟར་ན་འདུ་བྱེད་ཟབ། ཇི་ལྟར་ན་རྣམ་པར་ཤེས་པ་ཟབ། ཇི་ལྟར་ན་མིག་ཟབ། ཇི་ལྟར་ན་རྣ་བ་ཟབ། ཇི་ ལྟར་ན་སྣ་ཟབ། ཇི་ལྟར་ན་ལྕེ་ཟབ། ཇི་ལྟར་ན་ལུས་ཟབ། ཇི་ལྟར་ན་ཡིད་ཟབ། ཇི་ལྟར་ན་གཟུགས་ཟབ། ཇི་ལྟར་ན་སྒྲ་ཟབ། ཇི་ལྟར་ན་དྲི་ཟབ། ཇི་ལྟར་ན་རོ་ཟབ། ཇི་ལྟར་ན་རེག་ཟབ། ཇི་ལྟར་ན་ ཆོས་ཟབ། ཇི་ལྟར་ན་མིག་གི་རྣམ་པར་ཤེས་པ་ཟབ། ཇི་ལྟར་ན་རྣ་བའི་རྣམ་པར་ཤེས་པ་ཟབ། ཇི་ལྟར་ན་སྣའི་རྣམ་པར་ཤེས་པ་ཟབ་ཇི་ལྟར་ན་ལྕེའི་རྣམ་པར་ཤེས་པ་ཟབ། ཇི་ལྟར་ན་ ལུས་ཀྱི་རྣམ་པར་ཤེས་པ་ཟབ། ཇི་ལྟར་ན་ཡིད་ཀྱི་རྣམ་པར་ཤེས་པ་ཟབ། ཇི་ལྟར་ན་མིག་གི་འདུས་ཏེ་རེག་པ་ཟབ། ཇི་ལྟར་ན་རྣ་བའི་འདུས་ཏེ་རེག་པ་ཟབ། ཇི་ལྟར་ན་སྣའི་འདུས་ཏེ་རེག་ པ་ཟབ། ཇི་ལྟར་ན་ལྕེའི་འདུས་ཏེ་རེག་པ་ཟབ། ཇི་ལྟར་ན་ལུས་ཀྱི་འདུས་ཏེ་རེག་པ་ཟབ། ཇི་ལྟར་ན་ཡིད་ཀྱི་འདུས་ཏེ་རེག་པ་ཟབ། ཇི་ལྟར་ན་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ ཟབ༑ ཇི་ལྟར་ན་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཟབ་ཇི་ལྟར་ན་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཟབ། ཇི་ལྟར་ན་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཟབ། ཇི་ ལྟར་ན་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཟབ། ཇི་ལྟར་ན་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཟབ། ཇི་ལྟར་ན་སའི་ཁམས་ཟབ། ཇི་ལྟར་ན་ཆུའི་ཁམས་ཟབ། ཇི་ལྟར་ན་ [163B] ཇི་ལྟར་ན་རླུང་གི་ཁམས་ཟབ། ཇི་ལྟར་ན་ནམ་མཁའི་ཁམས་ཟབ། ཇི་ལྟར་ན་རྣམ་པར་ཤེས་པའི་ཁམས་ཟབ། ཇི་ལྟར་ན་མ་རིག་པ་ཟབ། ཇི་ལྟར་ན་འདུ་བྱེད་ཟབ། ཇི་ལྟར་ ན་རྣམ་པར་ཤེས་པ་ཟབ། ཇི་ལྟར་ན་མིང་དང་གཟུགས་ཟབ། ཇི་ལྟར་ན་སྐྱེ་མཆེད་དྲུག་ཟབ། ཇི་ལྟར་ན་རེག་པ་ཟབ། ཇི་ལྟར་ན་ཚོར་བ་ཟབ། ཇི་ལྟར་ན་སྲེད་པ་ཟབ། ཇི་ལྟར་ན་ལེན་པ་ཟབ་ ཇི་ལྟར་ན་སྲིད་པ་ཟབ། ཇི་ལྟར་ན་སྐྱེ་བ་ཟབ། ཇི་ལྟར་ན་རྒ་ཤི་ཟབ། ཇི་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཟབ། ཇི་ལྟར་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ། ཇི་ལྟར་ན་བཟོད་པའི་ཕ་ རོལ་ཏུ་ཕྱིན་པ་ཟབ། ཇི་ལྟར་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ། ཇི་ལྟར་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཟབ། ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ། ཇི་ལྟར་ན་ནང་ སྟོང་པ་ཉིད་ཟབ། ཇི་ལྟར་ན་ཕྱི་སྟོང་པ་ཉིད་ཟབ། ཇི་ལྟར་ན་ཕྱི་ནང་སྟོང་པ་ཉིད་ཟབ། ཇི་ལྟར་ན་སྟོང་པ་ཉིད་སྟོང་པ་ཉིད་ཟབ། ཇི་ལྟར་ན་ཆེན་པོ་སྟོང་པ་ཉིད་ཟབ། ཇི་ལྟར་ན་དོན་དམ་པ་སྟོང་ པ་ཉིད་ཟབ། ཇི་ལྟར་ན་འདུས་བྱས་སྟོང་པ་ཉིད་ཟབ། ཇི་ལྟར་ན་འདུས་མ་བྱས་སྟོང་པ་ཉིད་ཟབ། ཇི་ལྟར་ན་མཐའ་ལས་འདས་པ་སྟོང་པ་ཉིད་ཟབ། ཇི་ལྟར་ན་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ ཉིད་ཟབ། ཇི་ལྟར་ན་དོར་བ་མེད་པ་སྟོང་པ་ཉིད་ཟབ། ཇི་ལྟར་ན་རང་བཞིན་སྟོང་པ་ཉིད་ཟབ། ཇི་ལྟར་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཟབ། ཇི་ལྟར་ན་རང་གི་མཚན་ཉིད་སྟོང་པ་ཉིད་ཟབ། ཇི་ལྟར་ [164A]༄༅། །ན་མི་དམིགས་པ་སྟོང་པ་ཉིད་ཟབ། ཇི་ལྟར་ན་དངོས་པོ་མེད་པ་སྟོང་པ་ཉིད་ཟབ། ཇི་ལྟར་ན་ངོ་བོ་ཉིད་སྟོང་པ་ཉིད་ཟབ། ཇི་ལྟར་ན་དངོས་པོ་མེད་པའི་ངོ་བོ་ ཉིད་སྟོང་པ་ཉིད་ཟབ། ཇི་ལྟར་ན་དྲན་པ་ཉེ་བར་བཞག་པ་རྣམས་ཟབ། ཇི་ལྟར་ན་ཡང་དག་པར་སྤོང་བ་རྣམས་ཟབ། ཇི་ལྟར་ན་རྫུ་འཕྲུལ་གྱི་རྐང་པ་རྣམས་ཟབ། ཇི་ལྟར་ན་དབང་པོ་ རྣམས་ཟབ། ཇི་ལྟར་ན་སྟོབས་རྣམས་ཟབ། ཇི་ལྟར་ན་བྱང་ཆུབ་ཀྱི་ཡན་ལག་རྣམས་ཟབ། ཇི་ལྟར་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཟབ། ཇི་ལྟར་ན་འཕགས་པའི་བདེན་པ་ རྣམས་ཟབ། ཇི་ལྟར་ན་བསམ་གཏན་རྣམས་ཟབ། ཇི་ལྟར་ན་ཚད་མེད་པ་རྣམས་ཟབ། ཇི་ལྟར་ན་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཟབ། ཇི་ལྟར་ན་རྣམ་པར་ཐར་པ་ རྣམས་ཟབ། ཇི་ལྟར་ན་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཟབ། ཇི་ལྟར་ན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་ཟབ། ཇི་ ལྟར་ན་མངོན་པར་ཤེས་པ་རྣམས་ཟབ། ཇི་ལྟར་ན་ཏིང་ངེ་འཛིན་རྣམས་ཟབ། ཇི་ལྟར་ན་གཟུངས་ཀྱི་སྒོ་རྣམས་ཟབ། ཇི་ལྟར་ན་དེ་བཞིན་གཤེགས་པའི་སྟོབས་རྣམས་ཟབ། ཇི་ལྟར་ན་མི་ འཇིགས་པ་རྣམས་ཟབ། ཇི་ལྟར་ན་སོ་སོ་ཡང་དག་པར་རིག་པ་རྣམས་ཟབ། ཇི་ལྟར་ན་བྱམས་པ་ཆེན་པོ་ཟབ། ཇི་ལྟར་ན་སྙིང་རྗེ་ཆེན་པོ་ཟབ། ཇི་ལྟར་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ [164B] ཇི་ལྟར་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ཟབ། ཇི་ལྟར་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཟབ། ཇི་ལྟར་ན་ཕྱིར་མི་འོང་བའི་འབྲས་བུ་ཟབ། ཇི་ལྟར་ན་དགྲ་བཅོམ་པ་ཉིད་ ཟབ༑ ཇི་ལྟར་ན་རང་བྱང་ཆུབ་ཟབ། ཇི་ལྟར་ན་ལམ་གྱི་རྣམ་པ་ཤེས་པ་ཉིད་ཟབ། ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཟབ་ཅེ་ན། གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་གཟུགས་ ཟབ་བོ། །ཚོར་བའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཚོར་བ་ཟབ་བོ། །འདུ་ཤེས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་འདུ་ཤེས་ཟབ་བོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་འདུ་བྱེད་ཟབ་ བོ༑ ༑རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་ཤེས་པ་ཟབ་བོ། །མིག་གི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མིག་ཟབ་བོ། །རྣ་བའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རྣ་བ་ ཟབ་བོ། །སྣའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སྣ་ཟབ་བོ་།ལྕེའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ལྕེ་ཟབ་བོ། །ལུས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ལུས་ཟབ་བོ། །ཡིད་ཀྱི་དེ་བཞིན་ཉིད་ ཇི་ལྟ་བ་དེ་བཞིན་དུ་ཡིད་ཟབ་བོ། །གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་གཟུགས་ཟབ་བོ། །སྒྲའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སྒྲ་ཟབ་བོ། །དྲིའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་དྲི་ ཟབ་བོ། །རོའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རོ་ཟབ་བོ། །རེག་གི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རེག་ཟབ་བོ། །ཆོས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཆོས་ཟབ་བོ། །མིག་གི་རྣམ་པར་ཤེས་ [165A]༄༅། །པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མིག་གི་རྣམ་པར་ཤེས་པ་ཟབ་བོ། །རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རྣ་བའི་རྣམ་ པར་ཤེས་པ་ཟབ་བོ། །སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སྣའི་རྣམ་པར་ཤེས་པ་ཟབ་བོ། །ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ལྕེའི་ རྣམ་པར་ཤེས་པ་ཟབ་བོ། །ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ལུས་ཀྱི་རྣམ་པར་ཤེས་པ་ཟབ་བོ། །ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་ བཞིན་དུ་ཡིད་ཀྱི་རྣམ་པར་ཤེས་པ་ཟབ་བོ། །མིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མིག་གི་འདུས་ཏེ་རེག་པ་ཟབ་བོ། །རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཇི་ ལྟ་བ་དེ་བཞིན་དུ་རྣ་བའི་འདུས་ཏེ་རེག་པ་ཟབ་བོ། །སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སྣའི་འདུས་ཏེ་རེག་པ་ཟབ་བོ། །ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཇི་ལྟ་ བ་དེ་བཞིན་དུ་ལྕེའི་འདུས་ཏེ་རེག་པ་ཟབ་བོ། །ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ལུས་ཀྱི་འདུས་ཏེ་རེག་པ་ཟབ་བོ། །ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ཇི་ ལྟ་བ་དེ་བཞིན་དུ་ཡིད་ཀྱི་འདུས་ཏེ་རེག་པ་ཟབ་བོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཟབ་བོ། །རྣ་ [165B]ལྟ་བ་དེ་བཞིན་དུ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཟབ་བོ། །སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ ཇི་ལྟ་བ་དེ་བཞིན་དུ་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཟབ་བོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ ཟབ་བོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཟབ་བོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་ བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཟབ་བོ། །སའི་ཁམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སའི་ཁམས་ཟབ་བོ། །ཆུའི་ཁམས་ཀྱི་དེ་བཞིན་ཉིད་ཇི་ལྟ་ བ་དེ་བཞིན་དུ་ཆུའི་ཁམས་ཟབ་བོ། །མེའི་ཁམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མེའི་ཁམས་ཟབ་བོ། །རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རླུང་གི་ཁམས་ཟབ་བོ། ནམ་ མཁའི་ཁམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ནམ་མཁའི་ཁམས་ཟབ་བོ། །རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་ཟབ་བོ། །མ་ རིག་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མ་རིག་པ་ཟབ་བོ་།འདུ་བྱེད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་འདུ་བྱེད་ཟབ་བོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རྣམ་ [166A]༄༅། །པར་ཤེས་པ་ཟབ་བོ། །མིང་དང་གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མིང་དང་གཟུགས་ཟབ་བོ། །སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ སྐྱེ་མཆེད་དྲུག་ཟབ་བོ། །རེག་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རེག་པ་ཟབ་བོ། །ཚོར་བའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཚོར་བ་ཟབ་བོ། །སྲེད་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་ དུ་སྲེད་པ་ཟབ་བོ། །ལེན་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ལེན་པ་ཟབ་བོ། །སྲིད་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སྲིད་པ་ཟབ་བོ། །སྐྱེ་བའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སྐྱེ་ བ་ཟབ་བོ། །རྒ་ཤིའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རྒ་ཤི་ཟབ་བོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བཟོད་པའི་ཕ་རོལ་ཏུ་ ཕྱིན་པ་ཟབ་བོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཇི་ལྟ་ བ་དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་བོ། །ནང་སྟོང་པ་ཉིད་ཀྱི་དེ་ [166B]།ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཕྱི་སྟོང་པ་ཉིད་ཟབ་བོ། །ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ ཕྱི་ནང་སྟོང་པ་ཉིད་ཟབ་བོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སྟོང་པ་ཉིད་སྟོང་པ་ཉིད་ཟབ་བོ། །ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཆེན་ པོ་སྟོང་པ་ཉིད་ཟབ་བོ། །དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་དོན་དམ་པ་སྟོང་པ་ཉིད་ཟབ་བོ། །འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་འདུས་ བྱས་སྟོང་པ་ཉིད་ཟབ་བོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་འདུས་མ་བྱས་སྟོང་པ་ཉིད་ཟབ་བོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་ བཞིན་དུ་མཐའ་ལས་འདས་པ་སྟོང་པ་ཉིད་ཟབ་བོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཟབ་བོ། །དོར་བ་མེད་པ་ སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་དོར་བ་མེད་པ་སྟོང་པ་ཉིད་ཟབ་བོ། །རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རང་བཞིན་སྟོང་པ་ཉིད་ཟབ་བོ། །ཆོས་ཐམས་ ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཆོས་ཐམས་ཅད་སྟོང་པ་ཉིད་ཟབ་བོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རང་གི་མཚན་ཉིད་སྟོང་པ་ཉིད་ཟབ་ [167A]༄༅། །བོ༑ ༑མི་དམིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མི་དམིགས་པ་སྟོང་པ་ཉིད་ཟབ་བོ། །དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ ཇི་ལྟ་བ་དེ་བཞིན་དུ་དངོས་པོ་མེད་པ་སྟོང་པ་ཉིད་ཟབ་བོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ངོ་བོ་ཉིད་སྟོང་པ་ཉིད་ཟབ་བོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཟབ་བོ། །དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་དྲན་པ་ཉེ་བར་བཞག་པ་ རྣམས་ཟབ་བོ། །ཡང་དག་པར་སྤོང་བ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཡང་དག་པར་སྤོང་བ་རྣམས་ཟབ་བོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ རྫུ་འཕྲུལ་གྱི་རྐང་པ་རྣམས་ཟབ་བོ། །དབང་པོ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་དབང་པོ་རྣམས་ཟབ་བོ། །སྟོབས་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སྟོབས་རྣམས་ཟབ་ བོ༑ ༑བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཟབ་བོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་ དུ་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཟབ་བོ། །འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་འཕགས་པའི་བདེན་པ་རྣམས་ཟབ་བོ། །བསམ་གཏན་རྣམས་ [167B]བོ། །ཚད་མེད་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཚད་མེད་པ་རྣམས་ཟབ་བོ། །གཟུགས་མེད་པའི་སྙོམས་པར་ འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཟབ་བོ། །རྣམ་པར་ཐར་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་ཐར་པ་རྣམས་ ཟབ་བོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཟབ་བོ། །སྟོང་པ་ཉིད་དང། མཚན་ མ་མེད་པ་དང། སྨོན་པ་མེད་པའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ཟབ་བོ། །མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་ བ་དེ་བཞིན་དུ་མངོན་པར་ཤེས་པ་རྣམས་ཟབ་བོ། །ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཏིང་ངེ་འཛིན་རྣམས་ཟབ་བོ། །གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་ བཞིན་དུ་གཟུངས་ཀྱི་སྒོ་རྣམས་ཟབ་བོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྟོབས་རྣམས་ཟབ་བོ། །མི་འཇིགས་པ་རྣམས་ ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་མི་འཇིགས་པ་རྣམས་ཟབ་བོ་།སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སོ་སོ་ཡང་དག་པར་རིག་པ་རྣམས་ཟབ་བོ། །བྱམས་ [168A]༄༅། །པ་ཆེན་པོའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་བྱམས་པ་ཆེན་པོ་ཟབ་བོ། །སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སྙིང་རྗེ་ཆེན་པོ་ཟབ་ བོ༑ ༑སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཟབ་བོ་།རྒྱུན་དུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་ཇི་ལྟ་བ་ དེ་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཟབ་བོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཟབ་བོ། །ཕྱིར་མི་འོང་ བའི་འབྲས་བུའི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ཕྱིར་མི་འོང་བའི་འབྲས་བུ་ཟབ་བོ། །དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་དགྲ་བཅོམ་པ་ཉིད་ཟབ་བོ། །རང་བྱང་ཆུབ་ ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རང་བྱང་ཆུབ་ཟབ་བོ་།ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཟབ་བོ། །རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཟབ་བོ། །གསོལ་པ། བཅོམ་ལྡན་འདས། གཟུགས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་ འདས༑ ཚོར་བའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་འདུ་ཤེས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། འདུ་བྱེད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས་ [168B] རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། མིག་གི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས་བཅོམ་ལྡན་འདས། རྣ་བའི་དེ་བཞིན་ཉིད་ནི་ཇི་ལྟ་ བུ་ལགས། བཅོམ་ལྡན་འདས། སྣའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས་བཅོམ་ལྡན་འདས། ལྕེའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། ལུས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ ལགས༑ བཅོམ་ལྡན་འདས། ཡིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས་བཅོམ་ལྡན་འདས། གཟུགས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། སྒྲའི་དེ་བཞིན་ཉིད་ནི་ ཇི་ལྟ་བུ་ལགས། བཅོམ་ལྡན་འདས། དྲིའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། རོའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། རེག་གི་དེ་བཞིན་ཉིད་ནི་ ཇི་ལྟ་བུ་ལགས། བཅོམ་ལྡན་འདས། ཆོས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། མིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། ལྕེའི་རྣམ་པར་ཤེས་ པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་ [169A]༄༅། །ཇི་ལྟ་བུ་ལགས། བཅོམ་ལྡན་འདས། མིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། རྣ་བའི་འདུས་ཏེ་རེག་ པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་ ཇི་ལྟ་བུ་ལགས། བཅོམ་ལྡན་འདས། ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས་ བཅོམ་ལྡན་འདས། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ནི་ ཇི་ལྟ་བུ་ལགས། བཅོམ་ལྡན་འདས། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས་བཅོམ་ལྡན་འདས། ཡིད་ཀྱི་འདུས་ཏེ་རེག་པའི་ རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། སའི་ཁམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། ཆུའི་ཁམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ [169B] བཅོམ་ལྡན་འདས། མེའི་ཁམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། ནམ་མཁའི་ ཁམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། མ་རིག་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ ལགས༑ བཅོམ་ལྡན་འདས། འདུ་བྱེད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། མིང་དང་གཟུགས་ ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། རེག་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་ འདས༑ ཚོར་བའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་སྲེད་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། ལེན་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ ལྡན་འདས། སྲིད་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། སྐྱེ་བའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་རྒ་ཤིའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས་ བཅོམ་ལྡན་འདས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་ [170A]༄༅། །འདས༑ བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་ ཇི་ལྟ་བུ་ལགས། བཅོམ་ལྡན་འདས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་ ཇི་ལྟ་བུ་ལགས། བཅོམ་ལྡན་འདས། ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས་ བཅོམ་ལྡན་འདས། འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་ འདས༑ ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། དོར་བ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ [170B]ལགས། བཅོམ་ལྡན་འདས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། རང་གི་མཚན་ཉིད་སྟོང་ པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། མི་དམིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་དེ་ བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ ཇི་ལྟ་བུ་ལགས། བཅོམ་ལྡན་འདས། དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། ཡང་དག་པར་སྤོང་བ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས་ བཅོམ་ལྡན་འདས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། དབང་པོ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། སྟོབས་རྣམས་ ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། འཕགས་པའི་ལམ་ཡན་ལག་བརྒྱད་པའི་ དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་བསམ་གཏན་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ [171A]༄༅། །ལྟ་བུ་ལགས། བཅོམ་ལྡན་འདས། ཚད་མེད་པ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། གཟུགས་མེད་པའི་སྙོམས་པར་འཇུག་ པ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་རྣམ་པར་ཐར་པ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། མཐར་གྱིས་གནས་པའི་སྙོམས་ པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་རྣམས་ཀྱི་དེ་ བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་ནི་ ཇི་ལྟ་བུ་ལགས། བཅོམ་ལྡན་འདས། གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ ལྟ་བུ་ལགས། བཅོམ་ལྡན་འདས། མི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ ལགས༑ བཅོམ་ལྡན་འདས། བྱམས་པ་ཆེན་པོའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། སངས་ [171B]ཇི་ལྟ་བུ་ལགས། བཅོམ་ལྡན་འདས། རྒྱུན་དུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། ལན་ ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས་བཅོམ་ལྡན་འདས། ཕྱིར་མི་འོང་བའི་འབྲས་བུའི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། དགྲ་བཅོམ་ པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས། རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་ བུ་ལགས། བཅོམ་ལྡན་འདས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར། གཟུགས་ཀྱི་དེ་བཞིན་ཉིད་དེ་ ལ་གཟུགས་ཀྱང་མེད། གཟུགས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ་གཟུགས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། ཚོར་བའི་དེ་བཞིན་ཉིད་དེ་ལ་ཚོར་བའང་མེད། ཚོར་བ་ལས་ གུད་ནའང་དེ་བཞིན་ཉིད་མེད་དེ། ཚོར་བའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། འདུ་ཤེས་ཀྱི་དེ་བཞིན་ཉིད་དེ་ལ་འདུ་ཤེས་ཀྱང་མེད། འདུ་ཤེས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ་ འདུ་ཤེས་ཀྱི་དེ་བཞིན་ཉིད་དེ་ལྟ་བུའོ། །རབ་འབྱོར། འདུ་བྱེད་ཀྱི་དེ་བཞིན་ཉིད་དེ་ལ་འདུ་བྱེད་ཀྱང་མེད། འདུ་བྱེད་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། འདུ་བྱེད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་ [172A]༄༅། །བུའོ༑ ༑རབ་འབྱོར། རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ་ལ་རྣམ་པར་ཤེས་པའང་མེད། རྣམ་པར་ཤེས་པ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། རྣམ་པར་ཤེས་ པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། མིག་གི་དེ་བཞིན་ཉིད་དེ་ལ་མིག་ཀྱང་མེད། མིག་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། མིག་གི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། རྣ་བའི་ དེ་བཞིན་ཉིད་དེ་ལ་རྣ་བའང་མེད། རྣ་བ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། རྣ་བའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། སྣའི་དེ་བཞིན་ཉིད་དེ་ལ་སྣའང་མེད། སྣ་ལས་གུད་ནའང་དེ་བཞིན་ ཉིད་མེད་དེ། སྣའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ལྕེའི་དེ་བཞིན་ཉིད་དེ་ལ་ལྕེའང་མེད། ལྕེ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། ལྕེའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ ལུས་ཀྱི་དེ་བཞིན་ཉིད་དེ་ལ་ལུས་ཀྱང་མེད། ལུས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། ལུས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། ཡིད་ཀྱི་དེ་བཞིན་ཉིད་དེ་ལ་ཡིད་ཀྱང་མེད། ཡིད་ལས་ གུད་ནའང་དེ་བཞིན་ཉིད་མེད་དེ། ཡིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། གཟུགས་ཀྱི་དེ་བཞིན་ཉིད་དེ་ལ་གཟུགས་ཀྱང་མེད་གཟུགས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། གཟུགས་ ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། སྒྲའི་དེ་བཞིན་ཉིད་དེ་ལ་སྒྲའང་མེད། སྒྲ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། སྒྲའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། དྲིའི་དེ་བཞིན་ཉིད་དེ་ [172B] དྲི་ལས་གུད་ནའང་དེ་བཞིན་ཉིད་མེད་དེ་དྲི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། རོའི་དེ་བཞིན་ཉིད་དེ་ལ་རོའང་མེད། རོ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། རོའི་དེ་བཞིན་ཉིད་ ནི་དེ་ལྟ་བུའོ། །རབ་འབྱོར། རེག་གི་དེ་བཞིན་ཉིད་དེ་ལ་རེག་ཀྱང་མེད། རེག་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། རེག་གི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། ཆོས་ཀྱི་དེ་བཞིན་ཉིད་དེ་ལ་ཆོས་ཀྱང་ མེད༑ ཆོས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། ཆོས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། མིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ་ལ་མིག་གི་རྣམ་པར་ཤེས་པའང་མེད། མིག་གི་རྣམ་ པར་ཤེས་པ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། མིག་གི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ་ལ་རྣ་བའི་རྣམ་པར་ཤེས་པའང་མེད་ རྣ་བའི་རྣམ་པར་ཤེས་པ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ་རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ་ལ་སྣའི་རྣམ་པར་ཤེས་ པའང་མེད། སྣའི་རྣམ་པར་ཤེས་པ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ་།རབ་འབྱོར། ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ་ལ་ལྕེའི་རྣམ་ པར་ཤེས་པའང་མེད། ལྕེའི་རྣམ་པར་ཤེས་པ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ་ལ་ [173A]༄༅། །ལུས་ཀྱི་རྣམ་པར་ཤེས་པའང་མེད། ལུས་ཀྱི་རྣམ་པར་ཤེས་པ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། ཡིད་ ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ་ལ་ཡིད་ཀྱི་རྣམ་པར་ཤེས་པའང་མེད། ཡིད་ཀྱི་རྣམ་པར་ཤེས་པ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། ། རབ་འབྱོར། མིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ་ལ་མིག་གི་འདུས་ཏེ་རེག་པའང་མེད། མིག་གི་འདུས་ཏེ་རེག་པ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། མིག་གི་འདུས་ཏེ་རེག་པའི་དེ་བཞིན་ ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ་ལ་རྣ་བའི་འདུས་ཏེ་རེག་པའང་མེད། རྣ་བའི་འདུས་ཏེ་རེག་པ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། རྣ་བའི་འདུས་ཏེ་ རེག་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ་ལ་སྣའི་འདུས་ཏེ་རེག་པའང་མེད། སྣའི་འདུས་ཏེ་རེག་པ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། སྣའི་ འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ་ལ་ལྕེའི་འདུས་ཏེ་རེག་པའང་མེད། ལྕེའི་འདུས་ཏེ་རེག་པ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ་ ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ་ལ་ལུས་ཀྱི་འདུས་ཏེ་རེག་པའང་མེད། ལུས་ཀྱི་འདུས་ཏེ་རེག་པ་ལས་གུད་ནའང་ [173B] ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་དེ་ལ་ཡིད་ཀྱི་འདུས་ཏེ་རེག་པའང་མེད། ཡིད་ཀྱི་འདུས་ཏེ་རེག་པ་ ལས་གུད་ནའང་དེ་བཞིན་ཉིད་མེད་དེ། ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་དེ་ལ་མིག་གི་འདུས་ཏེ་རེག་པའི་ རྐྱེན་གྱིས་ཚོར་བའང་མེད། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་དེ་ལ་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་མེད། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། རྣ་ བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་དེ་ལ་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་མེད་ སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། ལྕེའི་འདུས་ཏེ་རེག་པའི་རྐྱེན་ གྱིས་ཚོར་བའི་དེ་བཞིན་ཉིད་དེ་ལ་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་མེད། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ [174A]༄༅། །གྱིས་ཚོར་བའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་དེ་ལ་ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་ མེད༑ ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། ཡིད་ཀྱི་འདུས་ཏེ་ རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་དེ་ལ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའང་མེད། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། ཡིད་ཀྱི་ འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། སའི་ཁམས་ཀྱི་དེ་བཞིན་ཉིད་དེ་ལ་སའི་ཁམས་ཀྱང་མེད། སའི་ཁམས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། སའི་ ཁམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། ཆུའི་ཁམས་ཀྱི་དེ་བཞིན་ཉིད་དེ་ལ་ཆུའི་ཁམས་ཀྱང་མེད། ཆུའི་ཁམས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། ཆུའི་ཁམས་ཀྱི་དེ་བཞིན་ཉིད་ནི་དེ་ ལྟ་བུའོ། །རབ་འབྱོར། མེའི་ཁམས་ཀྱི་དེ་བཞིན་ཉིད་དེ་ལ་མེའི་ཁམས་ཀྱང་མེད། མེའི་ཁམས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ་མེའི་ཁམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། རླུང་གི་ ཁམས་ཀྱི་དེ་བཞིན་ཉིད་དེ་ལ་རླུང་གི་ཁམས་ཀྱང་མེད། རླུང་གི་ཁམས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། ནམ་མཁའི་ཁམས་ཀྱི་དེ་ [174B] ནམ་མཁའི་ཁམས་ཀྱང་མེད། ནམ་མཁའི་ཁམས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། རྣམ་པར་ཤེས་པའི་ཁམས་ ཀྱི་དེ་བཞིན་ཉིད་དེ་ལ་རྣམ་པར་ཤེས་པའི་ཁམས་ཀྱང་མེད། རྣམ་པར་ཤེས་པའི་ཁམས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ མ་རིག་པའི་དེ་བཞིན་ཉིད་དེ་ལ་མ་རིག་པའང་མེད། མ་རིག་པ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། མ་རིག་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། འདུ་བྱེད་ཀྱི་དེ་བཞིན་ཉིད་དེ་ལ་འདུ་བྱེད་ཀྱང་ མེད༑ འདུ་བྱེད་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། འདུ་བྱེད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། རྣམ་པར་ཤེས་པའི་དེ་བཞིན་ཉིད་དེ་ལ། རྣམ་པར་ཤེས་པའང་མེད། རྣམ་པར་ ཤེས་པ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། རྣམ་པར་ཤེས་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། མིང་དང་གཟུགས་ཀྱི་དེ་བཞིན་ཉིད་དེ་ལ། མིང་དང་གཟུགས་ཀྱང་མེད། མིང་དང་ གཟུགས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། མིང་དང་གཟུགས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་དེ་ལ་སྐྱེ་མཆེད་དྲུག་ཀྱང་མེད། སྐྱེ་མཆེད་དྲུག་ ལས་གུད་ནའང་དེ་བཞིན་ཉིད་མེད་དེ། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། རེག་པའི་དེ་བཞིན་ཉིད་དེ་ལ་རེག་པའང་མེད། རེག་པ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། རེག་ [175A]༄༅། །པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། ཚོར་བའི་དེ་བཞིན་ཉིད་དེ་ལ་ཚོར་བའང་མེད། ཚོར་བ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། ཚོར་བའི་དེ་བཞིན་ ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། སྲེད་པའི་དེ་བཞིན་ཉིད་དེ་ལ་སྲེད་པའང་མེད། སྲེད་པ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ་སྲེད་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། ལེན་པའི་ དེ་བཞིན་ཉིད་དེ་ལ་ལེན་པའང་མེད། ལེན་པ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། ལེན་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། སྲིད་པའི་དེ་བཞིན་ཉིད་དེ་ལ་སྲིད་པའང་མེད་ སྲིད་པ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། སྲིད་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། སྐྱེ་བའི་དེ་བཞིན་ཉིད་དེ་ལ་སྐྱེ་བའང་མེད། སྐྱེ་བ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ་ སྐྱེ་བའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། རྒ་ཤིའི་དེ་བཞིན་ཉིད་དེ་ལ་རྒ་ཤིའང་མེད། རྒ་ཤི་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། རྒ་ཤིའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་ འབྱོར༑ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་མེད། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དེ་ལ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའང་མེད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ [175B] ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དེ་ལ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའང་ མེད༑ བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ ཉིད་དེ་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའང་མེད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། ། རབ་འབྱོར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དེ་ལ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའང་མེད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ་།རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་མེད། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ་ནང་སྟོང་པ་ཉིད་ ཀྱང་མེད། ནང་སྟོང་པ་ཉིད་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ་ཕྱི་སྟོང་པ་ཉིད་ཀྱང་ [176A]༄༅། །མེད༑ ཕྱི་སྟོང་པ་ཉིད་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ་ཕྱི་ ནང་སྟོང་པ་ཉིད་ཀྱང་མེད། ཕྱི་ནང་སྟོང་པ་ཉིད་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ་ སྟོང་པ་ཉིད་སྟོང་པ་ཉིད་ཀྱང་མེད། སྟོང་པ་ཉིད་སྟོང་པ་ཉིད་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། ཆེན་པོ་སྟོང་པ་ཉིད་ཀྱི་ དེ་བཞིན་ཉིད་དེ་ལ་ཆེན་པོ་སྟོང་པ་ཉིད་ཀྱང་མེད། ཆེན་པོ་སྟོང་པ་ཉིད་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། དོན་དམ་པ་སྟོང་པ་ཉིད་ ཀྱི་དེ་བཞིན་ཉིད་དེ་ལ་དོན་དམ་པ་སྟོང་པ་ཉིད་ཀྱང་མེད། དོན་དམ་པ་སྟོང་པ་ཉིད་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་འདུས་ བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ་འདུས་བྱས་སྟོང་པ་ཉིད་ཀྱང་མེད། འདུས་བྱས་སྟོང་པ་ཉིད་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། ། རབ་འབྱོར། འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ་འདུས་མ་བྱས་སྟོང་པ་ཉིད་ཀྱང་མེད། འདུས་མ་བྱས་སྟོང་པ་ཉིད་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། འདུས་མ་བྱས་ [176B] །རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་མེད། མཐའ་ལས་འདས་པ་སྟོང་པ་ཉིད་ལས་གུད་ནའང་ དེ་བཞིན་ཉིད་མེད་དེ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱང་ མེད༑ ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། དོར་བ་མེད་པ་སྟོང་པ་ཉིད་ཀྱི་དེ་ བཞིན་ཉིད་དེ་ལ་དོར་བ་མེད་པ་སྟོང་པ་ཉིད་ཀྱང་མེད། དོར་བ་མེད་པ་སྟོང་པ་ཉིད་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། དོར་བ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། རང་ བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ་རང་བཞིན་སྟོང་པ་ཉིད་ཀྱང་མེད། རང་བཞིན་སྟོང་པ་ཉིད་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་ འབྱོར། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་མེད། ཆོས་ཐམས་ཅད་སྟོང་པ་ཉིད་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། ཆོས་ཐམས་ཅད་སྟོང་ པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་མེད། རང་གི་མཚན་ཉིད་སྟོང་པ་ཉིད་ལས་གུད་ [177A]༄༅། །ནའང་དེ་བཞིན་ཉིད་མེད་དེ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། མི་དམིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ་མི་དམིགས་པ་ སྟོང་པ་ཉིད་ཀྱང་མེད། མི་དམིགས་པ་སྟོང་པ་ཉིད་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། མི་དམིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་ དེ་བཞིན་ཉིད་དེ་ལ་དངོས་པོ་མེད་པ་སྟོང་པ་ཉིད་ཀྱང་མེད་དངོས་པོ་མེད་པ་སྟོང་པ་ཉིད་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་ འབྱོར། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མེད། ངོ་བོ་ཉིད་སྟོང་པ་ཉིད་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། ངོ་བོ་ཉིད་སྟོང་པ་ཉིད་ནི་དེ་ལྟ་བུའོ། །རབ་ འབྱོར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མེད་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་གུད་ནའང་དེ་ བཞིན་ཉིད་མེད་དེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། དྲན་པ་ཉེ་བར་བཞག་པའི་དེ་བཞིན་ཉིད་དེ་ལ་དྲན་པ་ཉེ་བར་བཞག་པ་རྣམས་ ཀྱང་མེད། དྲན་པ་ཉེ་བར་བཞག་པ་རྣམས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། ཡང་དག་ [177B]རྣམས་ཀྱང་མེད། ཡང་དག་པར་སྤོང་བ་རྣམས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། ཡང་དག་པར་སྤོང་བ་རྣམས་ཀྱི་དེ་བཞིན་ཉིད་ ནི་དེ་ལྟ་བུའོ། །རབ་འབྱོར། རྫུ་འཕྲུལ་གྱི་རྐང་པའི་དེ་བཞིན་ཉིད་དེ་ལ་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་མེད། རྫུ་འཕྲུལ་གྱི་རྐང་པ་རྣམས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། རྫུ་འཕྲུལ་ གྱི་རྐང་པ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་དབང་པོའི་དེ་བཞིན་ཉིད་དེ་ལ་དབང་པོ་རྣམས་ཀྱང་མེད། དབང་པོ་རྣམས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། དབང་པོ་ རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། སྟོབས་ཀྱི་དེ་བཞིན་ཉིད་དེ་ལ་སྟོབས་རྣམས་ཀྱང་མེད། སྟོབས་རྣམས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། སྟོབས་རྣམས་ཀྱི་ དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། བྱང་ཆུབ་ཀྱི་ཡན་ལག་གི་དེ་བཞིན་ཉིད་དེ་ལ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་མེད་བྱང་ཆུབ་ཀྱི་ཡན་ལག་རྣམས་ལས་གུད་ནའང་དེ་བཞིན་ ཉིད་མེད་དེ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་དེ་ལ་འཕགས་པའི་ལམ་ཡན་ ལག་བརྒྱད་པའང་མེད། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། ། [178A]༄༅། །རབ་འབྱོར། འཕགས་པའི་བདེན་པའི་དེ་བཞིན་ཉིད་དེ་ལ་འཕགས་པའི་བདེན་པ་རྣམས་ཀྱང་མེད། འཕགས་པའི་བདེན་པ་རྣམས་ལས་གུད་ནའང་ དེ་བཞིན་ཉིད་མེད་དེ། འཕགས་པའི་བདེན་པ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། བསམ་གཏན་གྱི་དེ་བཞིན་ཉིད་དེ་ལ་བསམ་གཏན་རྣམས་ཀྱང་མེད། བསམ་ གཏན་རྣམས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། བསམ་གཏན་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། ཚད་མེད་པའི་དེ་བཞིན་ཉིད་དེ་ལ་ཚད་མེད་པ་རྣམས་ ཀྱང་མེད། ཚད་མེད་པ་རྣམས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ་ཚད་མེད་པ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་གཟུགས་མེད་པའི་སྙོམས་པར་འཇུག་པའི་ དེ་བཞིན་ཉིད་དེ་ལ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་མེད། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། གཟུགས་ མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། རྣམ་པར་ཐར་པའི་དེ་བཞིན་ཉིད་དེ་ལ་རྣམ་པར་ཐར་པ་རྣམས་ཀྱང་མེད། རྣམ་པར་ཐར་པ་རྣམས་ལས་ གུད་ནའང་དེ་བཞིན་ཉིད་མེད་དེ། རྣམ་པར་ཐར་པ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། མཐར་གྱིས་གནས་པའི་སྙོམས་པར་འཇུག་པའི་དེ་བཞིན་ཉིད་དེ་ལ། མཐར་གྱིས་ [178B] མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་ དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱང་མེད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ལས་གུད་ནའང་དེ་བཞིན་ ཉིད་མེད་དེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་དེ་བཞིན་ཉིད་དེ་ལ་རྣམ་པར་ཐར་པའི་སྡོ་མཚན་མ་མེད་པའང་ མེད༑ རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། རྣམ་པར་ཐར་པའི་སྒོ་སྨོན་ པ་མེད་པའི་དེ་བཞིན་ཉིད་དེ་ལ་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའང་མེད། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་ དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། མངོན་པར་ཤེས་པའི་དེ་བཞིན་ཉིད་དེ་ལ་མངོན་པར་ཤེས་པ་རྣམས་ཀྱང་མེད། མངོན་པར་ཤེས་པ་རྣམས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། མངོན་ པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་ཏིང་ངེ་འཛིན་གྱི་དེ་བཞིན་ཉིད་དེ་ལ་ཏིང་ངེ་འཛིན་རྣམས་ཀྱང་མེད། ཏིང་ངེ་འཛིན་རྣམས་ལས་གུད་ནའང་དེ་བཞིན་ཉིད་ [179A]༄༅། །མེད་དེ། ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། གཟུངས་ཀྱི་སྒོའི་དེ་བཞིན་ཉིད་དེ་ལ་གཟུངས་ཀྱི་སྒོ་རྣམས་ཀྱང་མེད། གཟུངས་ཀྱི་སྒོ་རྣམས་ ལས་གུད་ནའང་དེ་བཞིན་ཉིད་མེད་དེ། གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། དེ་བཞིན་གཤེགས་པའི་སྟོབས་ཀྱི་དེ་བཞིན་ཉིད་དེ་ལ་དེ་བཞིན་གཤེགས་ པའི་སྟོབས་རྣམས་ཀྱང་མེད། དེ་བཞིན་གཤེགས་པའི་སྟོབས་རྣམས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་ འབྱོར། མི་འཇིགས་པའི་དེ་བཞིན་ཉིད་དེ་ལ་མི་འཇིགས་པ་རྣམས་ཀྱང་མེད། མི་འཇིགས་པ་རྣམས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། མི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ ལྟ་བུའོ། །རབ་འབྱོར། སོ་སོ་ཡང་དག་པར་རིག་པའི་དེ་བཞིན་ཉིད་དེ་ལ་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་མེད། སོ་སོ་ཡང་དག་པར་རིག་པ་རྣམས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ་ སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ་།རབ་འབྱོར། བྱམས་པ་ཆེན་པོའི་དེ་བཞིན་ཉིད་དེ་ལ་བྱམས་པ་ཆེན་པོའང་མེད། བྱམས་པ་ཆེན་པོ་ལས་གུད་ནའང་དེ་ བཞིན་ཉིད་མེད་དེ། བྱམས་པ་ཆེན་པོའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་དེ་ལ་སྙིང་རྗེ་ཆེན་པོའང་མེད། སྙིང་རྗེ་ཆེན་པོ་ལས་གུད་ནའང་དེ་བཞིན་ཉིད་ [179B] སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ་།རབ་འབྱོར། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་དེ་བཞིན་ཉིད་དེ་ལ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་མེད། སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་རྣམས་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། རྒྱུན་དུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་དེ་ལ་རྒྱུན་དུ་ཞུགས་ པའི་འབྲས་བུའང་མེད། རྒྱུན་དུ་ཞུགས་པའི་འབྲས་བུ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། རྒྱུན་དུ་ཞུགས་པའི་འབྲས་བུའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། ལན་ཅིག་ཕྱིར་འོང་བའི་འབྲས་ བུའི་དེ་བཞིན་ཉིད་དེ་ལ་ལན་ཅིག་ཕྱིར་འོང་བའི་འབྲས་བུའང་མེད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་ བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། ཕྱིར་མི་འོང་བའི་འབྲས་བུའི་དེ་བཞིན་ཉིད་དེ་ལ་ཕྱིར་མི་འོང་བའི་འབྲས་བུའང་མེད་ཕྱིར་མི་འོང་བའི་འབྲས་བུ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ་ཕྱིར་མི་ འོང་བའི་འབྲས་བུའི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་དེ་ལ་དགྲ་བཅོམ་པ་ཉིད་ཀྱང་མེད། དགྲ་བཅོམ་པ་ཉིད་ལས་གུད་ནའང་དེ་བཞིན་ཉིད་མེད་དེ་ དགྲ་བཅོམ་པ་ཉིད་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར་རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་དེ་ལ་རང་བྱང་ཆུབ་ཀྱང་མེད། རང་བྱང་ཆུབ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། རང་བྱང་ཆུབ་ཀྱི་ [180A]༄༅། །དེ་བཞིན་ཉིད་ནི་དེ་ལྟ་བུའོ། །རབ་འབྱོར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དེ་བཞིན་ཉིད་དེ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ མེད༑ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་གུད་ནའང་དེ་བཞིན་ཉིད་མེད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ།། །། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་སོ་དགུ་པ། གསོལ་པ། བཅོམ་ལྡན་འདས། དེ་ལྟར་ཐབས་ཕྲ་བས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་གཟུགས་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། ཚོར་བ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན་འདུ་ཤེས་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་ བསྟན། འདུ་བྱེད་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན་རྣམ་པར་ཤེས་པ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན་མིག་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་ བསྟན། རྣ་བ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན་སྣ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། ལྕེ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། ལུས་ལས་ཀྱང་ བཟློག་མྱ་ངན་ལས་འདས་པའང་བསྟན། ཡིད་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། གཟུགས་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། སྒྲ་ལས་ཀྱང་བཟློག་མྱ་ངན་ལས་ [180B] དྲི་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། རོ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན་རེག་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། ཆོས་ལས་ཀྱང་བཟློག་ མྱ་ངན་ལས་འདས་པའང་བསྟན། མིག་གི་རྣམ་པར་ཤེས་པ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། རྣ་བའི་རྣམ་པར་ཤེས་པ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། སྣའི་རྣམ་པར་ ཤེས་པ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། ལྕེའི་རྣམ་པར་ཤེས་པ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན་ལུས་ཀྱི་རྣམ་པར་ཤེས་པ་ལས་ཀྱང་བཟློག། མྱ་ངན་ལས་འདས་པའང་ བསྟན། ཡིད་ཀྱི་རྣམ་པར་ཤེས་པ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། མིག་གི་འདུས་ཏེ་རེག་པ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། རྣ་བའི་འདུས་ཏེ་རེག་པ་ལས་ཀྱང་བཟློག་ མྱ་ངན་ལས་འདས་པའང་བསྟན། སྣའི་འདུས་ཏེ་རེག་པ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། ལྕེའི་འདུས་ཏེ་རེག་པ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། ལུས་ཀྱི་འདུས་ཏེ་རེག་པ་ ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། ཡིད་ཀྱི་འདུས་ཏེ་རེག་པ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་ཀྱང་བཟློག་མྱ་ངན་ལས་འདས་ པའང་བསྟན། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན་ [181A]༄༅། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་ཀྱང་བཟློག་མྱ་ངན་ལས་འདས་ པའང་བསྟན། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། སའི་ཁམས་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། ཆུའི་ཁམས་ལས་ ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། མེའི་ཁམས་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། རླུང་གི་ཁམས་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། ནམ་མཁའི་ ཁམས་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། རྣམ་པར་ཤེས་པའི་ཁམས་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན་མ་རིག་པ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན་ འདུ་བྱེད་ལས་ཀྱང་བཟློག་མྱ་ངན་འདས་པའང་བསྟན། རྣམ་པར་ཤེས་པ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། མིང་དང་གཟུགས་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན་ སྐྱེ་མཆེད་དྲུག་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན་རེག་པ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། ཚོར་བ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། སྲེད་པ་ལས་ ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། ལེན་པ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། སྲིད་པ་ལས་ཀྱང་བཟློག་།མྱ་ངན་ལས་འདས་པའང་བསྟན། སྐྱེ་བ་ལས་ཀྱང་བཟློག་མྱ་ [181B] རྒ་ཤི་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བཟློག་མྱ་ངན་ལས་ འདས་པའང་བསྟན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། ནང་སྟོང་ པ་ཉིད་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། ཕྱི་སྟོང་པ་ཉིད་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན་ཕྱི་ནང་སྟོང་པ་ཉིད་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། སྟོང་ པ་ཉིད་སྟོང་པ་ཉིད་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། ཆེན་པོ་སྟོང་པ་ཉིད་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། དོན་དམ་པ་སྟོང་པ་ཉིད་ལས་ཀྱང་བཟློག་མྱ་ངན་ལས་ འདས་པའང་བསྟན། འདུས་བྱས་སྟོང་པ་ཉིད་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། འདུས་མ་བྱས་སྟོང་པ་ཉིད་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། མཐའ་ལས་འདས་པ་སྟོང་པ་ ཉིད་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། དོར་བ་མེད་པ་སྟོང་པ་ཉིད་ལས་ཀྱང་བཟློག་།མྱ་ངན་ལས་ [182A]༄༅། །འདས་པའང་བསྟན། རང་བཞིན་སྟོང་པ་ཉིད་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། ཆོས་ཐམས་ཅད་སྟོང་པ་ཉིད་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་ བསྟན། རང་གི་མཚན་ཉིད་སྟོང་པ་ཉིད་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། མི་དམིགས་པ་སྟོང་པ་ཉིད་ལས་ཀྱང་བཟློག་།མྱ་ངན་ལས་འདས་པའང་བསྟན། དངོས་པོ་མེད་པ་སྟོང་ པ་ཉིད་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། ངོ་བོ་ཉིད་སྟོང་པ་ཉིད་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་ཀྱང་བཟློག་མྱ་ ངན་ལས་འདས་པའང་བསྟན། དྲན་པ་ཉེ་བར་བཞག་པ་རྣམས་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། ཡང་དག་པར་སྤོང་བ་རྣམས་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། རྫུ་ འཕྲུལ་གྱི་རྐང་པ་རྣམས་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། དབང་པོ་རྣམས་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། སྟོབས་རྣམས་ལས་ཀྱང་བཟློག་མྱ་ངན་ལས་ འདས་པའང་བསྟན། བྱང་ཆུབ་ཀྱི་ཡན་ལག་རྣམས་ལས་ཀྱང་བཟློག་།མྱ་ངན་ལས་འདས་པའང་བསྟན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན་ འཕགས་པའི་བདེན་པ་རྣམས་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། བསམ་གཏན་རྣམས་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། ཚད་མེད་པ་རྣམས་ལས་ཀྱང་བཟློག་མྱ་ [182B] གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། རྣམ་པར་ཐར་པ་བརྒྱད་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན་ མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལས་ཀྱང་བཟློག་མྱ་ངན་ལས་འདས་ པའང་བསྟན། མངོན་པར་ཤེས་པ་རྣམས་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། ཏིང་ངེ་འཛིན་རྣམས་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། གཟུངས་ཀྱི་སྒོ་རྣམས་ལས་ཀྱང་ བཟློག་མྱ་ངན་ལས་འདས་པའང་བསྟན། དེ་བཞིན་གཤེགས་པའི་སྟོབས་རྣམས་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། མི་འཇིགས་པ་རྣམས་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་ བསྟན། སོ་སོ་ཡང་དག་པར་རིག་པ་རྣམས་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། བྱམས་པ་ཆེན་པོ་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། སྙིང་རྗེ་ཆེན་པོ་ལས་ཀྱང་བཟློག་ མྱ་ངན་ལས་འདས་པའང་བསྟན། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན། འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པ་དང། ཐུན་མོང་དང། ཐུན་མོང་ མ་ལགས་པ་དང། ཟག་པ་དང་བཅས་པ་དང། ཟག་པ་མ་མཆིས་པའི་འཛིན་པ་ཐམས་ཅད་ལས་ཀྱང་བཟློག་མྱ་ངན་ལས་འདས་པའང་བསྟན་པ་དེ་ནི་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་ [183A]༄༅། །སྩལ་པ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་བསྟན་པ་བཞིན་དུ་བདག་གིས་གནས་པར་བྱའོ། །ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་བརྗོད་པ་བཞིན་དུ་བདག་གིས་བསླབ་པར་བྱའོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་གནས་ཟབ་མོ་འདི་དག་སེམས་ཤིང་འཇལ་བ་དང། རྟོག་པ་ བྱེད་ན། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་བཤད་པ་དེ་བཞིན་དུ་སྒྲུབ་པ་དང། དེ་བཞིན་དུ་སེམས་པ་དང། དེ་བཞིན་དུ་ཡོངས་སུ་རྟོག་ པ་དང། དེ་བཞིན་དུ་བརྩོན་པར་བྱེད་པ་དང། དེ་བཞིན་དུ་རྩོལ་བ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་དུ་བསྟན་པ་བཞིན་དུ་འབད་པ་དེ་ནི་སེམས་བསྐྱེད་པ་གཅིག་གིས་ཀྱང་གྲངས་མེད་ ཚད་མེད་དཔག་ཏུ་མེད་པའི་དགེ་བའི་རྩ་བ་ཡོངས་སུ་འཛིན་པར་འགྱུར་ཏེ། དེ་བསྐལ་པ་ཚད་མེད་པར་འཁོར་བ་སྤོང་པར་འགྱུར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་འདྲེས་པར་སྤྱོད་ཅིང་བྱང་ཆུབ་ ཡིད་ལ་བྱ་བ་དང་ལྡན་པར་གནས་པ་ལྟ་ཅི་སྨོས། རབ་འབྱོར། འདི་ལྟ་སྟེ། དཔེར་ན། སྐྱེས་བུ་འདོད་ཆགས་ཀྱི་སྤྱོད་པ་ཅན་རྟོག་པ་དང་ལྡན་པ་ལ་ལ་ཞིག་གིས། བུད་མེད་གཟུགས་བཟང་ཞིང་མཛེས་ལ་ བལྟ་ན་སྡུག་པ་ཞིག་བཏུས་ལ། བུད་མེད་དེ་གཞན་གྱིས་ཡོངས་སུ་བཟུང་བ་ཞིག་སྟེ། ཁྱིམ་ནས་ཕྱིར་འབྱུང་བར་མ་ནུས་ན། རབ་འབྱོར། དེ་ཇི་སྙམ་དུ་སེམས། སྐྱེས་བུ་དེའི་རྟོག་པ་ཅི་དང་ལྡན་པར་ [183B] གསོལ་པ། བཅོམ་ལྡན་འདས། སྐྱེས་བུ་དེའི་རྟོག་པ་ནི་བུད་མེད་དང་ལྡན་པར་འགྱུར་ཏེ། བདག་གི་བུད་མེད་དེ་ནི་འདི་ལྟ་བུ་ཞིག་གོ་དེ་འོངས་ནས་དེ་དང་ལྷན་ཅིག་ཏུ་གནས་པར་བྱའོ། །བརྩེ་བར་ བྱའོ་སྙམ་མོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། ཉིན་མཚན་འདས་པས་སྐྱེས་བུ་དེའི་རྟོག་པ་ཇི་སྙེད་ཅིག་འབྱུང་བར་འགྱུར། གསོལ་པ། བཅོམ་ལྡན་ འདས། དེ་ནི་མེད་དོ། །བདེ་བར་གཤེགས་པ། དེ་ནི་མང་སྟེ། སྐྱེས་བུ་དེའི་རྣམ་པར་རྟོག་པ་དེའི་ཉིན་མཚན་འདས་པས་ཤིན་ཏུ་མང་པར་འབྱུང་ངོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ སྐྱེས་བུ་དེའི་རྣམ་པར་རྟོག་པ་ཉིན་མཚན་འདས་པས་ཇི་སྙེད་ཅིག་འབྱུང་བ་དེ་སྙེད་ཀྱི་བསྐལ་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁོར་བ་སྤོང་ཞིང་རྒྱབ་ཀྱིས་བལྟས་པར་འགྱུར་རོ། །གང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་པ་འདི་ལ་སློབ་པ་དང། ཉེ་བར་རྟོག་པ་དང། སེམས་པ་དང། ཉེས་པ་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པའི་ཉེས་པ་དེ་དག་ཅི་ནས་ཀྱང་སྤངས་པར་འགྱུར་བ་དེ་ལྟར་བརྩོན་པར་བྱེད་ན། རབ་འབྱོར། དེ་ལྟར་བརྩོན་པས་རྗེས་སུ་བརྩོན་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཇི་སྐད་བསྟན་པ་བཞིན་དུ་གནས་པ་དེས་ཉིན་གཅིག་ལ་དགེ་བའི་རྩ་བ་གང་ཡོངས་སུ་བཟུང་བ་དེས། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་ [184A]༄༅། །གྱི་ཁམས་རྣམས་ཡོངས་སུ་གང་བར་གྱུར་ཀྱང། དེས་ནི་དགེ་བའི་རྩ་བ་དེའི་ལྷག་མ་ལ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང། བརྒྱ་སྟོང་གི་ཆ་དང། བྱེ་བའི་ ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་བརྒྱའི་ཆ་དང། བྱེ་བ་སྟོང་གི་ཆ་དང། བྱེ་བ་བརྒྱ་སྟོང་གི་ཆ་དང། བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་དང། ཆ་དང། བགྲང་བ་ དང༑ དཔེ་དང། རྒྱུར་ཡང་ཉེ་བར་མི་འགྲོའོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསྐལ་པ་གངྒཱའི་ ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་དཀོན་མཆོག་དང། ཆོས་དཀོན་མཆོག་དང། དགེ་འདུན་དཀོན་མཆོག་དང། དཀོན་མཆོག་གསུམ་ལ་སྦྱིན་པ་བྱིན་ན། རབ་འབྱོར། དེ་ཇི་སྙམ་དུ་སེམས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས། མང་ངོ། །བདེ་བར་གཤེགས་པ། མང་སྟེ། ཚད་མ་ མཆིས། གྲངས་མ་མཆིས། དཔག་ཏུ་མ་མཆིས། བསམ་གྱིས་མི་ཁྱབ་མཚུངས་པ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་བས་ཀྱང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་པ་འདི་ལ་བརྩོན་པར་བྱེད་ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན་ [184B]ཆུབ་ཏུ་མངོན་པར་འཚང་རྒྱ་བ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཚུལ་ལོ། །རབ་འབྱོར། དེ་ཇི་སྙམ་དུ་ སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པར་འདུག་ཅིང། རྒྱུན་དུ་ཞུགས་པ་ལ་ཡོན་ཕུལ་ ལན་ཅིག་ཕྱིར་འོང་བ་དང། ཕྱིར་མི་འོང་བ་དང། དགྲ་བཅོམ་པ་དང། རང་སངས་རྒྱས་རྣམས་དང། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ ཡན་ཕུལ་ན། རབ་འབྱོར། དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ་གསོལ་པ། བཅོམ་ལྡན་འདས། མང་ ངོ༑ ༑བདེ་བར་གཤེགས་པ། མང་ངོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་ བསྟན་པ་འདི་ལ་བརྩོན་པར་བྱེད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ནི་ཉན་ཐོས་དང། རང་སངས་རྒྱས་ཀྱིས་ལས་འདས་ནས་བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་འཇུག་ཅིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས། ། [185A]༄༅། །པར་འཚང་རྒྱ་བར་འགྱུར་རོ། །རབ་འབྱོར། དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་ ཞིག་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་འདུག་ཅིང་འཚོ་སྟེ། སྦྱིན་པ་བྱིན། ཚུལ་ཁྲིམས་བསྲུངས། བཟོད་པ་བསྒྲུབས། བརྩོན་འགྲུས་བརྩམས། བསམ་གཏན་ལ་མཉམ་ པར་བཞག་ཤེས་རབ་བསྒོམས་ན། དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས། མང་ངོ། །བདེ་བར་གཤེགས་པ་མང་ངོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཏེ། ཉི་མ་འགའ་ཞིག་སྦྱིན་པ་ བྱིན་པ་དང། །ཚུལ་ཁྲིམས་བསྲུངས་པ་དང། བཟོད་པ་བསྒྲུབས་པ་དང། བརྩོན་འགྲུས་བརྩམས་པ་དང། བསམ་གཏན་ལ་མཉམ་པར་བཞག་པ་དང། ཤེས་རབ་བསྒོམས་ པ་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན་རབ་འབྱོར། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྣམས་ཀྱི་མའོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་བསྐྱེད་པའོ་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ [185B] བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དེ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ བར་དུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས་ བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཏེ། ཆོས་ཀྱི་སྦྱིན་པ་བྱིན་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་ འདས། མང་ངོ། །བདེ་བར་གཤེགས་པ་མང་ངོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་ལས་ཇི་སྐད་དུ་བསྟན་པ་བཞིན་དུ་གནས་ཏེ། ཉི་མ་འགའ་ཞིག་ཆོས་ཀྱི་སྦྱིན་པ་བྱིན་ན། དེའི་བསོད་ནམས་དེའི་རྒྱུ་ལས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རབ་ འབྱོར། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་བྲལ་བའོ། །རབ་ འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བ་སྟེ། རབ་འབྱོར། དེ་བས་ན་ [186A]༄༅། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་བྱའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་གནས་ཏེ། དྲན་པ་ཉེ་བར་བཞག་པ་བཞི་དང། ཡང་དག་པར་སྤོང་བ་བཞི་དང། རྫུ་འཕྲུལ་གྱི་རྐང་པ་བཞི་དང། དབང་པོ་ལྔ་དང། སྟོབས་ལྔ་དང་ བྱང་ཆུབ་ཀྱི་ཡན་ལག་བདུན་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང། འཕགས་པའི་བདེན་པ་བཞི་དང། བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་ མེད་པའི་སྙོམས་པར་འཇུག་པ་བཞི་དང། རྣམ་པར་ཐར་པ་བརྒྱད་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང། སྟོང་པ་ཉིད་དང། མཚན་མ་མེད་པ་དང་ སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་བརྩོན་པར་བྱེད་ན། རབ་འབྱོར་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་ པ༑ བཅོམ་ལྡན་འདས། མང་ངོ། །བདེ་བར་གཤེགས་པ། མང་ངོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་ [186B]བསྟན་པ་བཞིན་དུ་གནས་ཏེ། ཉི་མ་འགའ་ཞིག་དྲན་པ་ཉེ་བར་བཞག་པ་བཞི་དང། ཡང་དག་པར་སྤོང་བ་བཞི་དང། རྫུ་ འཕྲུལ་གྱི་རྐང་པ་བཞི་དང། དབང་པོ་ལྔ་དང། སྟོབས་ལྔ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང། འཕགས་པའི་བདེན་པ་བཞི་དང་ བསམ་གཏན་བཞི་དང། ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། རྣམ་པར་ཐར་པ་བརྒྱད་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ དགུ་དང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང། མངོན་པར་ཤེས་པ་རྣམས་དང། ཏིང་ངེ་འཛིན་རྣམས་དང། གཟུངས་ཀྱི་སྒོ་རྣམས་ དང༑ དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང་སོ་སོ་ཡང་དག་པར་རིག་པ་བཞི་དང། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང། སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་བརྩོན་པར་བྱེད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཕྱིར་ལྡོག་པ་དེ་ནི་གནས་མེད་སྐབས་མེད་དེ། དེ་ནི་གནས་མ་ཡིན་ནོ། །རབ་འབྱོར། འདི་ནི་གནས་ [187A]༄༅། །ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཕྱིར་ལྡོག་ པའི་གནས་ཡོད་དོ། །རབ་འབྱོར། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་བྱའོ། །རབ་འབྱོར། དེ་ཇི་ སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བས་བསྐལ་བ་གངྒཱའི་གླང་གི་བྱེ་མ་སྙེད་དུ་གནས་ཏེ། ཟང་ཟིང་གི་ སྦྱིན་པ་དེ་དང། ཆོས་ཀྱི་སྦྱིན་པ་དེ་དང། ནང་དུ་ཡང་དག་པར་འཇོག་པ་དང་ལྡན་པའི་ཡིད་ལ་བྱེད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ ན༑ རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས། མང་ངོ། །བདེ་བར་གཤེགས་པ། མང་ངོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་ཇི་སྐད་དུ་བསྟན་པ་བཞིན་དུ་ གནས་ཏེ། ཉིད་མ་དགའ་ཞིག་ཟང་ཟིང་གི་སྦྱིན་པ་དེ་དང། ཆོས་ཀྱི་སྦྱིན་པ་དེ་དང། ནང་དུ་ཡང་དག་པར་འཇོག་པ་དང་ལྡན་པའི་ཡིད་ལ་བྱེད་པ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་ [187B] རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོངས་ སུ་བསྔོ་བ་འདི་ནི་བསྔོ་བའི་མཆོག་གོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བར་ཡོངས་སུ་བསྔོ་བ་དེ་ནི་ཡོངས་སུ་བསྔོ་བ་མ་ཡིན་ནོ། །རབ་འབྱོར། དེ་ལྟ་བས་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་བསྔོ་ བ་ལ་མཁས་པར་བྱའོ། །རབ་འབྱོར། དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ལ་ལས་བསྐལ་པ་གངྒཱའི་ཀླུང་གི་བྱེ་ མ་སྙེད་དུ་གནས་ཏེ། འདས་པ་དང། མ་བྱོན་པ་དང། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ཀྱི་དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་ ཐམས་ཅད་ལ་རྗེས་སུ་ཡི་རང་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་ འཕེལ་ལམ། གསོལ་པ། བཅོམ་ལྡན་འདས། མང་ངོ། །བདེ་བར་གཤེགས་པ་མང་ངོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་བས་ཀྱང་རིགས་ཀྱི་བུའམ་ [188A]༄༅། །རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་པ་འདི་ལ་གནས་ཏེ། ཉིད་མ་འགའི་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། བསྔོ་བ་ཐམས་ཅད་ ཀྱི་སྔོན་དུ་འགྲོ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར། དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་བསྔོ་བ་ལ་མཁས་པར་བྱའོ། །གསོལ་པ་བཅོམ་ལྡན་འདས། མངོན་པར་ འདུ་བགྱི་བ་མ་མཆིས་པ་ནི་ཡོངས་སུ་བརྟག་པའི་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན། དེ་ལ་ཇི་ལྟར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཆེས་མང་དུ་ འཕེལ་བར་འགྱུར་བ་ལགས། བཅོམ་ལྡན་འདས། མངོན་པར་འདུ་བགྱི་བ་མ་མཆིས་པས་ནི་ཡང་དག་པར་ལྟ་བ་བསྐྱེད་པའམ། སྐྱོན་མ་མཆིས་པར་ཡང་འཇུག་པར་མི་ནུས་སོ། ། རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་པའམ། ཕྱིར་མི་འོང་བའི་འབྲས་བུ་འཐོབ་པའམ་དགྲ་བཅོམ་པ་ཉིད་འཐོབ་པའམ་ [188B]པར་རྫོགས་པར་འཚང་རྒྱ་བར་ཡང་མི་ནུས་སོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ནོ། །དེ་ དེ་བཞིན་ཏེ། མངོན་པར་འདུ་བྱ་བ་མེད་པས་ནི། ཡང་དག་པར་ལྟ་བ་བསྐྱེད་པའམ། སྐྱོན་མེད་པར་འཇུག་པའམ། རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པའམ། ལན་ཅིག་ ཕྱིར་འོང་བའི་འབྲས་བུ་འཐོབ་པའམ། ཕྱིར་མི་འོང་བའི་འབྲས་བུ་འཐོབ་པའམ། དགྲ་བཅོམ་པ་ཉིད་འཐོབ་པའམ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ པར་རྫོགས་པར་འཚང་རྒྱ་བར་ཡང་མི་ནུས་ཏེ། རབ་འབྱོར། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྦྱིན་པ་དེའང་ མངོན་པར་འདུ་བྱ་བ་མེད་པ་སྟེ། སྟོང་པ་ཉིད་དུ་སྣང་ངོ་།གསོབ་ཉིད་དུ་སྣང་ངོ། །གསོག་ཉིད་དུ་སྣང་ངོ། །སྙིང་པོ་མེད་པ་ཉིད་དུ་སྣང་ངོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། འདི་ ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ནང་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །ཕྱི་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །ཕྱི་ནང་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་ པའོ༑ ༑སྟོང་པ་ཉིད་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །ཆེན་པོ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །དོན་དམ་པ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །འདུས་བྱས་སྟོང་པ་ [189A]༄༅། །ཉིད་ལ་ཤིན་ཏུ་བསླབས་པའོ། །འདུས་མ་བྱས་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །ཐོག་མ་དང་ ཐ་མ་མེད་པ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །དོར་བ་མེད་པ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །རང་བཞིན་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །ཆོས་ཐམས་ཅད་སྟོང་ པ་ཉིད་ལ་ཤིན་ཏུ་བསླབས་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །མི་དམིགས་པ་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །དངོས་པོ་མེད་པ་སྟོང་པ་ཉིད་ལ་ ཤིན་ཏུ་བསླབས་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཤིན་ཏུ་བསླབས་པའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་ནི་སྟོང་པ་ཉིད་དེ་དག་ལ་གནས་ཤིང། ཇི་ལྟ་ཇི་ལྟར་མངོན་པར་འདུ་བྱ་བ་མེད་པ་དེ་དག་ལ་རབ་ཏུ་རྟོག་པ་དེ་ལྟ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་འགྱུར་ཏེ། ཇི་ལྟ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་ལྟ་ དེ་ལྟར་གྲངས་མེད་དཔག་ཏུ་མེད་ཚད་མེད་པའི་བསོད་ནམས་འཕེལ་བར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས། གྲངས་མ་མཆིས་པ་དང། དཔག་ཏུ་མ་མཆིས་པ་དང། ཚད་ [189B] ཁྱད་པར་ནི་ཅི་མཆིས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། གངས་མེད་པ་ཞེས་བྱ་བ་ནི་གང་འདུས་བྱས་ཀྱི་ཁམས་སམ་ འདུས་མ་བྱས་ཀྱི་ཁམས་སུ་བགྲང་བར་ཉེ་བར་མི་འགྲོ་བའོ། །རབ་འབྱོར། དཔག་ཏུ་མེད་པ་ཞེས་བྱ་བ་ནི། འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་ཆོས་རྣམས་ལ་ཚད་མི་ དམིགས་པའོ། །རབ་འབྱོར། ཚད་མེད་པ་ཞེས་བྱ་བ་ནི་གང་གཞལ་བར་མི་ནུས་པའོ། །གསོལ་པ། བཅོམ་ལྡན་འདས། རྣམ་གྲངས་གང་གིས་གཟུགས་ཀྱང་གྲངས་མ་མཆིས་དཔག་ ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བ་དེ་ལྟ་བུའི་རྣམ་གྲངས་མཆིས་སམ། ཚོར་བའང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བ་དང། འདུ་ཤེས་ ཀྱང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བ་དང། འདུ་བྱེད་ཀྱང་གྲངས་མ་མཆིས་དཔག་ཏུ་མེ་མཆིས་ཚད་མ་མཆིས་པར་འགྱུར་བ་དང། རྣམ་པར་ ཤེས་པའང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བའི་རྣམ་གྲངས་དེ་ལྟ་བུ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། རྣམ་ གྲངས་གང་གིས་གཟུགས་ཀྱང་གྲངས་མེད་དཔག་ཏུ་མེད་ཚད་མེད་པར་འགྱུར་བ་དང། ཚོར་བའང་གྲངས་མེད་དཔག་ཏུ་མེད་ཚད་མེད་པར་འགྱུར་བ་དང། འདུ་ཤེས་ཀྱང་གྲངས་མེད་ [190A]༄༅། །དཔག་ཏུ་མེད་ཚད་མེད་པར་འགྱུར་བ་དང། འདུ་བྱེད་ཀྱང་གྲངས་མེད་དཔག་ཏུ་མེད་ཚད་མེད་པར་འགྱུར་བ་དང། རྣམ་པར་ཤེས་པའང་གྲངས་མེད་ དཔག་ཏུ་མེད་ཚད་མེད་པར་འགྱུར་བའི་རྣམ་གྲངས་དེ་ལྟ་བུ་ཡོད་དོ་།གསོལ་པ། བཅོམ་ལྡན་འདས། རྣམ་གྲངས་གང་གིས་ན་གཟུགས་ཀྱང་གྲངས་མ་མཆིས་དཔག་ ཏུ་མ་མཆིས་མ་མཆིས་པར་འགྱུར་བ་ལགས། ཚོར་བའང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བ་ལགས། འདུ་ཤེས་ཀྱང་གྲངས་མ་མཆིས་ དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བ་ལགས། འདུ་བྱེད་ཀྱང་གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བ་ལགས་རྣམ་པར་ཤེས་པའང་ གྲངས་མ་མཆིས་དཔག་ཏུ་མ་མཆིས་ཚད་མ་མཆིས་པར་འགྱུར་བ་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། གཟུགས་ཀྱང་སྟོང་པ་སྟེ། གྲངས་མེད་ དཔག་ཏུ་མེད་ཚད་མེད་པའོ། །ཚོར་བའང་སྟོང་པ་སྟེ། གྲངས་མེད་དཔག་ཏུ་མེད་ཚད་མེད་པའོ། །འདུ་ཤེས་ཀྱང་སྟོང་པ་སྟེ། གྲངས་མེད་དཔག་ཏུ་མེད་ཚད་མེད་པའོ། །འདུ་ བྱེད་ཀྱང་སྟོང་པ་སྟེ། གྲངས་མེད་དཔག་ཏུ་མེད་ཚད་མེད་པའོ་།རྣམ་པར་ཤེས་པའང་སྟོང་པ་སྟེ། གྲངས་མེད་དཔག་ཏུ་མེད་ཚད་མེད་པའོ། །གསོལ་པ། བཅོམ་ལྡན་འདས་ [190B] ཚོར་བ་འབའ་ཞིག་སྟོང། འདུ་ཤེས་འབའ་ཞིག་སྟོང། འདུ་བྱེད་འབའ་ཞིག་སྟོང། རྣམ་པར་ཤེས་པ་འབའ་ཞིག་སྟོང་དུ་བོས་ཀྱི། ཅི་ཆོས་ཐམས་ཅད་ སྟོང་པའོ་ཞེས་གསུངས་ཏེ། སྟོང་པ་མ་ལེགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། ངས་ཆོས་ཐམས་ཅད་སྟོང་པའོ་ཞེས་མ་བཤད་ དམ༑ གསོལ་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་སྟོང་པའོ་ཞེས་གསུངས་ཏེ། སྟོང་པ་ཉིད་གང་ལགས་པ་དེ་ནི་མི་ཟད་པ་སྟེ། གྲངས་མ་མཆིས་ པའང་དེ་ལེགས། དཔག་ཏུ་མ་མཆིས་པའང་དེ་ལགས། ཚད་མ་མཆིས་པའང་དེ་ལགས་ཏེ། བཅོམ་ལྡན་འདས། སྟོང་པ་ཉིད་ལ་ནི་གྲངས་ཀྱང་མི་དམིགས། དཔག་པའང་མི་དམིགས་ ཚད་ཀྱང་མི་དམིགས་ཏེ། བཅོམ་ལྡན་འདས། དེ་བས་ན་ཆོས་དེ་དག་ལ་དོན་ཏམ༑ ཡི་གེས་ཐ་དད་དུ་བགྱི་བ་མི་དམིགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་དེ་དག་ལ་དོན་ཏམ། ཡི་གེས་ཐ་དད་དུ་བྱ་བ་མི་དམིགས་སོ། །རབ་འབྱོར། མི་ཟད་པ་ཞེས་བྱ་བའམ། ཚད་མེད་པ་ཞེས་བྱ་བའམ། སྟོང་པ་ ཞེས་བྱ་བའམ། མཚན་མ་མེད་པ་ཞེས་བྱ་བའམ། སྨོན་པ་མེད་པ་ཞེས་བྱ་བའམ། མངོན་པར་འདུ་བྱ་བ་མེད་པ་ཞེས་བྱ་བའམ། སྐྱེ་བ་མེད་པ་ཞེས་བྱ་བའམ། འདོད་ཆགས་ [191A]༄༅། །དང་བྲལ་བ་ཞེས་བྱ་བའམ། འགག་པ་མེད་པ་ཞེས་བྱ་བའམ། མྱ་ངན་ལས་འདས་པ་ཞེས་བྱ་བ་འདི་ནི་བརྗོད་དུ་མེད་པ་ལས་དེ་བཞིན་གཤེགས་པས་ བརྗོད་དེ། མི་ཟད་པ་ཞེས་བྱ་བའམ། ཚད་མེད་པ་ཞེས་བྱ་བའམ་སྟོང་པ་ཞེས་བྱ་བའམ། མཚན་མ་མེད་པ་ཞེས་བྱ་བའམ། སྨོན་པ་མེད་པ་ཞེས་བྱ་བའམ། མངོན་པར་ འདུ་བྱ་བ་མེད་པ་ཞེས་བྱ་བའམ། སྐྱེ་བ་མེད་པ་ཞེས་བྱ་བའམ་འདོད་ཆགས་དང་བྲལ་བ་ཞེས་བྱ་བའམ། འགག་པ་མེད་པ་ཞེས་བྱ་བའམ། མྱ་ངན་ལས་འདས་པ་ཞེས་བྱ་ བ་དེ་ནི་དེ་བཞིན་གཤེགས་པའི་བསྟན་པ་མངོན་པར་བསྒྲུབ་པར་བཤད་པའོ། །གསོལ་པ། བཅོམ་ལྡན་འདས། ཆོས་རྣམས་ཀྱི་ཆོས་ཉིད་དེ་བཞིན་གཤེགས་པས་བསྟན་ པ་ལ། ཆོས་ཉིད་དེའང་བརྗོད་དུ་མ་མཆིས་པ་ནི་ངོ་མཚར་ཆེའོ་།བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན་བཅོམ་ལྡན་འདས། ཆོས་ཐམས་ ཅད་ནི་བརྗོད་དུ་མ་མཆིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ནོ། །དེ་བཞིན་ཏེ། རབ་འབྱོར། ཆོས་ཐམས་ཅད་ནི་བརྗོད་དུ་མེད་པའོ། ། རབ་འབྱོར། ཆོས་ཐམས་ཅད་ཀྱི་བརྗོད་དུ་མེད་པ་གང་ཡིན་པ་དེ་ནི་སྟོང་པ་ཉིད་དེ། སྟོང་པ་ཉིད་ལ་ནི་བརྗོད་པ་གང་ཡང་མེད་དོ་།སྟོང་པ་ཉིད་ནི་བརྗོད་པར་མི་ནུས་སོ། །གསོལ་ [191B] བཅོམ་ལྡན་འདས། བརྗོད་དུ་མ་མཆིས་པའི་དོན་ལ་འཕེལ་བ་དང། ཡོངས་སུ་འགྲིབ་པ་མ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནི་ མ་ཡིན་ཏེ། རབ་འབྱོར་བརྗོད་དུ་མེད་པའི་དོན་ལ་ནི་འཕེལ་བའམ་ཡོངས་སུ་འགྲིབ་པ་མེད་དོ། །གསོལ་པ། བཅོམ་ལྡན་འདས། གལ་ཏེ་བརྗོད་དུ་མ་མཆིས་པའི་དོན་ལ་འཕེལ་ བ་དང། ཡོངས་སུ་འགྲིབ་པ་མ་མཆིས་ན། བཅོམ་ལྡན་འདས། དེས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་འཕེལ་བ་དང། ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་ འདས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། བཟོད་པའི་ཕ་རོལ་ཏུ་ཕྱིན་པའང་འཕེལ་བ་ དང། ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའང་འཕེལ་བ་དང། ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། ། བཅོམ་ལྡན་འདས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའང་འཕེལ་བ་དང། ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འང་ འཕེལ་བ་དང། ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། ནང་སྟོང་པ་ཉིད་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་ [192A]༄༅། །འདས། ཕྱི་སྟོང་པ་ཉིད་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། ཕྱི་ནང་སྟོང་པ་ཉིད་ཀྱང་འཕེལ་བ་དང་ ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་ ཆེན་པོ་སྟོང་པ་ཉིད་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དོན་དམ་པ་སྟོང་པ་ཉིད་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་ མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། འདུས་བྱས་སྟོང་པ་ཉིད་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ་།བཅོམ་ལྡན་འདས། འདུས་མ་བྱས་ སྟོང་པ་ཉིད་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་ མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་ དོར་བ་མེད་པ་སྟོང་པ་ཉིད་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། རང་བཞིན་སྟོང་པ་ཉིད་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་ [192B] །བཅོམ་ལྡན་འདས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། རང་གི་མཚན་ཉིད་ སྟོང་པ་ཉིད་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། མི་དམིགས་པ་སྟོང་པ་ཉིད་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་ རོ༑ ༑བཅོམ་ལྡན་འདས། དངོས་པོ་མེད་པ་སྟོང་པ་ཉིད་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་འཕེལ་བ་དང་ ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་ འདས། དྲན་པ་ཉེ་བར་བཞག་པར་ནམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། ཡང་དག་པར་སྤོང་བ་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་ འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དབང་པོ་རྣམས་ ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ་།བཅོམ་ལྡན་འདས། སྟོབས་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་ [193A]༄༅། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། འཕགས་པའི་ལམ་ཡན་ལག་བརྒྱད་པའང་ འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། འཕགས་པའི་བདེན་པ་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་བ་མ་མཆིས་པར་འགྱུར་ རོ༑ ༑བཅོམ་ལྡན་འདས། བསམ་གཏན་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། ཚད་མེད་པ་རྣམས་ཀྱང་འཕེལ་བ་ དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་ པར་འགྱུར་རོ། །བཅོམ་ལྡན་འདས། རྣམ་པར་ཐར་པ་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་མཐར་གྱིས་གནས་པའི་ སྙོམས་པར་འཇུག་པ་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་ དང༑ སྨོན་པ་མེད་པའང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། མངོན་པར་ཤེས་པ་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་ [193B] །བཅོམ་ལྡན་འདས། ཏིང་ངེ་འཛིན་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། གཟུངས་ཀྱི་སྒོ་རྣམས་ཀྱང་ འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་ རོ༑ ༑བཅོམ་ལྡན་འདས། མི་འཇིགས་པ་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་འཕེལ་ བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་བྱམས་པ་ཆེན་པོའང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། སྙིང་ རྗེ་ཆེན་པོའང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱང་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་ མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན། བརྩོན་འགྲུས་ [194A]༄༅། །ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་འགྱུར་རོ། ། བཅོམ་ལྡན་འདས། དེ་ལྟར་གྱུར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན། ནང་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། ། བཅོམ་ལྡན་འདས། དེ་ལྟར་གྱུར་ན། ཕྱི་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན། ཕྱི་ནང་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་ འདས། དེ་ལྟར་གྱུར་ན། སྟོང་པ་ཉིད་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན། ཆེན་པོ་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་ འདས། དེ་ལྟར་གྱུར་ན། དོན་དམ་པ་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན། འདུས་བྱས་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་ འདས། དེ་ལྟར་གྱུར་ན། འདུས་མ་བྱས་པ་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན། མཐའ་ལས་འདས་པ་སྟོང་པ་ཉིད་མ་མཆིས་པར་འགྱུར་ རོ༑ ༑བཅོམ་ལྡན་འདས། དེ་ལྟར་གྱུར་ན། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན། དོར་བ་མེད་པ་སྟོང་པ་ཉིད་མ་ [194B] །བཅོམ་ལྡན་འདས། དེ་ལྟར་གྱུར་ན། རང་བཞིན་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན། ཆོས་ཐམས་ཅད་སྟོང་པ་ཉིད་ མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན། རང་གི་མཚན་ཉིད་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། མི་དམིགས་ པ་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན། དངོས་པོ་མེད་པ་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ་།བཅོམ་ལྡན་འདས། དེ་ལྟར་གྱུར་ན། ངོ་ བོ་ཉིད་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་ གྱུར་ན། དྲན་པ་ཉེ་བར་བཞག་པ་རྣམས་མ་མཆིས་པར་འགྱུར་རོ་།བཅོམ་ལྡན་འདས། དེ་ལྟར་གྱུར་ན། ཡང་དག་པར་སྤོང་བ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་ དེ་ལྟར་གྱུར་ན། རྫུ་འཕྲུལ་གྱི་རྐང་པ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན། དབང་པོ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ ལྟར་གྱུར་ན། སྟོབས་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། བྱང་ཆུབ་ཀྱི་ཡན་ལག་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་ [195A]༄༅། །གྱུར་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན། འཕགས་པའི་བདེན་པ་རྣམས་མ་མཆིས་ པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན། བསམ་གཏན་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན། ཚད་མེད་པ་རྣམས་མ་མཆིས་པར་ འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན། རྣམ་པར་ཐར་ པ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་ དེ་ལྟར་གྱུར་ན། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན། མངོན་པར་ཤེས་པ་ རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན་ཏིང་ངེ་འཛིན་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན། གཟུངས་ཀྱི་སྒོ་རྣམས་ མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན། དེ་བཞིན་གཤེགས་པའི་སྟོབས་རྣམས་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་ལྟར་གྱུར་ན། མི་འཇིགས་ [195B] །བཅོམ་ལྡན་འདས། དེ་ལྟར་གྱུར་ན། སོ་སོ་ཡང་དག་པར་རིག་པ་རྣམས་མ་མཆིས་པར་འགྱུར་རོ་།བཅོམ་ལྡན་འདས། དེ་ལྟར་གྱུར་ན། བྱམས་ པ་ཆེན་པོ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན། སྙིང་རྗེ་ཆེན་པོ་མ་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས། དེ་ལྟར་གྱུར་ན། སངས་རྒྱས་ཀྱི་ཆོས་མ་ འདྲེས་པ་རྣམས་མ་མཆིས་པར་འགྱུར་རོ། །ཆོས་དེ་དག་མ་མཆིས་པས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་མཆིས་པར་འགྱུར་རོ་།རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ མ་མཆིས་ན། སུ་ཞིག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་ བཞིན་ནོ། །དེ་དེ་བཞིན་ཏེ། བརྗོད་དུ་མེད་པའི་དོན་ལ་ནི་འཕེལ་བའམ་ཡོངས་སུ་འགྲིབ་པ་མེད་དོ། །རབ་འབྱོར། གལ་ཏེ་ཐབས་མཁས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པའི་ཚེ། འདི་སྙམ་དུ་ བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ་།བདག་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ་།བདག་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་ [196A]༄༅། །རྣམ་པར་འཕེལ་ལོ། །བདག་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ། །བདག་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ། །བདག་ ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་ལོ་སྙམ་དུ་མི་སེམས་ཤིང། འོན་ཀྱང་དེ་འདི་སྙམ་དུ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ མིང་ཙམ་མོ། །འདི་ལྟ་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མིང་ཙམ་མོ། །འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མིང་ཙམ་མོ་སྙམ་ནས། དེ་སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡིད་ལ་བྱེད་པ་དེ་དག་དང། སེམས་བསྐྱེད་པ་དེ་དག་དང། དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་ སུ་བསྔོ་སྟེ། དེའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟ་བ་དེ་བཞིན་དུ་ཡོངས་སུ་བསྔོའོ། །གསོལ་པ། བཅོམ་ལྡན་འདས། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ [196B] །གསོལ་པ། བཅོམ་ལྡན་འདས། ཆོས་ཐམས་ཅད་པོ་གང་རྣམས་ཀྱི་དེ་བཞིན་ཉིད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རབ་འབྱོར། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་བོ། །འདུ་ཤེས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་བོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་།མིག་གི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་བོ། །རྣ་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་།སྣའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་བོ། །ལྕེའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ལུས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་བོ། །ཡིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་ [197A]༄༅། །རྫོགས་པའི་བྱང་ཆུབ་བོ། །སྒྲའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་།དྲིའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རོའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རེག་གི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཆོས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །མིག་གི་རྣམ་པར་ཤེས་པའི་དེ་བཞིན་ ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ བོ༑ ༑སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ལྕེའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཡིད་ཀྱི་རྣམ་པར་ཤེས་ པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །མིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་ [197B] །རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ལྕེའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ལུས་ཀྱི་འདུས་ཏེ་རེག་པའི་ དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་བོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་ དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་བོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ལུས་ཀྱི་འདུས་ཏེ་རེག་པའི་ རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ [198A]༄༅། །ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །སའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཆུའི་ ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །མེའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་བོ། །རླུང་གི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ནམ་མཁའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །མ་རིག་པའི་དེ་ བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རྣམ་ པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །མིང་དང་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་བོ། །སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་།རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ [198B] །ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །སྲེད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་བོ། །ལེན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་།སྲིད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །སྐྱེ་བའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རྒ་ཤིའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་ པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་བོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། ། [199A]༄༅། །ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་བོ། །དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །མཐའ་ ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་ དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དོར་བ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རང་ [199B]མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་བོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །མི་དམིགས་པ་སྟོང་པ་ཉིད་ ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་བོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་།དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་ གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དྲན་པ་ཉེ་བར་བཞག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ བོ༑ ༑ཡང་དག་པར་སྤོང་བ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དབང་པོ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །སྟོབས་རྣམས་ཀྱི་དེ་བཞིན་ཉིད་ [200A]༄༅། །གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི། །བྱང་ཆུབ་བོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །འཕགས་པའི་བདེན་པ་ རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །བསམ་གཏན་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་བོ། །ཚད་མེད་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་།གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་ བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རྣམ་པར་ཐར་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་བོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རྣམ་པར་ཐར་པའི་སྒོ་ སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །མངོན་པར་ཤེས་པ་རྣམས་ཀྱི་དེ་ [200B]པའི་བྱང་ཆུབ་བོ། །ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ བོ༑ ༑གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །མི་འཇིགས་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །སོ་སོ་ཡང་དག་པར་ རིག་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །བྱམས་པ་ཆེན་པོའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་བོ། །སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་ པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ་།ཐམས་ཅད་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ལམ་གྱི་རྣམ་ པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་ [201A]༄༅། །དག་པར་རྫོགས་པའི་བྱང་ཆུབ་བོ། །མྱ་ངན་ལས་འདས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། དེ་ནི་འཕེལ་ བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །རབ་འབྱོར། དེ་ལ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་རྒྱུན་མི་ཆད་པར་ རྟག་ཏུ་རྣམ་པར་སྤྱོད་དེ། ཆོས་གང་ལའང་འཕེལ་བ་འམ་ཡོངས་སུ་འགྲིབ་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རབ་འབྱོར། དེ་ལྟར་ན་བརྗོད་དུ་མེད་པའི་དོན་ནི་འཕེལ་བ་ མེད་ཅིང་ཡོངས་སུ་འགྲིབ་པ་མེད་པ་སྟེ། རབ་འབྱོར། དེ་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །ཚུལ་ཁྲིམས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་འཕེལ་བའང་མེད་དོ་།ཡོངས་སུ་འགྲིབ་པའང་མེད་དོ། །བརྩོན་འགྲུས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །ནང་སྟོང་པ་ཉིད་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །ཕྱི་སྟོང་པ་ [201B] །ཡོངས་སུ་འགྲིབ་པའང་མེད་དོ་།ཕྱི་ནང་སྟོང་པ་ཉིད་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་འཕེལ་བའང་ མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །ཆེན་པོ་སྟོང་པ་ཉིད་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །དོན་དམ་པ་སྟོང་པ་ཉིད་ལ་འཕེལ་བའང་མེད་དོ། །ཡོངས་སུ་ འགྲིབ་པའང་མེད་དོ། །འདུས་བྱས་སྟོང་པ་ཉིད་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །འདུས་མ་བྱས་སྟོང་པ་ཉིད་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་ མེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་འཕེལ་བའང་མེད་དོ་།ཡོངས་སུ་འགྲིབ་པའང་མེད་དོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་ པའང་མེད་དོ། །དོར་བ་མེད་པ་སྟོང་པ་ཉིད་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །རང་བཞིན་སྟོང་པ་ཉིད་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། ། ཆོས་ཐམས་ཅད་སྟོང་པ་ཉིད་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །མི་ དམིགས་པ་སྟོང་པ་ཉིད་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །དངོས་པོ་མེད་པ་སྟོང་པ་ཉིད་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །ངོ་བོ་ཉིད་ [202A]༄༅། །སྟོང་པ་ཉིད་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་ པའང་མེད་དོ། །དྲན་པ་ཉེ་བར་བཞག་པ་རྣམས་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །ཡང་དག་པར་སྤོང་བ་རྣམས་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་ པའང་མེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །དབང་པོ་རྣམས་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་ དོ༑ ༑སྟོབས་རྣམས་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་འཕེལ་བའང་མེད་དོ་།ཡོངས་སུ་འགྲིབ་པའང་མེད་དོ། །འཕགས་ པའི་ལམ་ཡན་ལག་བརྒྱད་པ་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །འཕགས་པའི་བདེན་པ་རྣམས་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། ། བསམ་གཏན་རྣམས་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །ཚད་མེད་པ་རྣམས་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །གཟུགས་མེད་ པའི་སྙོམས་པར་འཇུག་པ་རྣམས་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །རྣམ་པར་ཐར་པ་རྣམས་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། ། [202B]བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང་ སྨོན་པ་མེད་པ་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །མངོན་པར་ཤེས་པ་རྣམས་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །ཏིང་ངེ་འཛིན་ རྣམས་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ་།གཟུངས་ཀྱི་སྒོ་རྣམས་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །དེ་བཞིན་གཤེགས་པའི་ སྟོབས་རྣམས་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །མི་འཇིགས་པ་རྣམས་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །སོ་སོ་ཡང་དག་པར་ རིག་པ་རྣམས་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །བྱམས་པ་ཆེན་པོ་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །སྙིང་རྗེ་ཆེན་པོ་ལ་ འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་འཕེལ་བའང་མེད་དོ། །ཡོངས་སུ་འགྲིབ་པའང་མེད་དོ། །རབ་འབྱོར། དེ་ལྟར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འཕེལ་བ་མེད་དོ། ཡོངས་སུ་འགྲིབ་པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །གསོལ་པ་ [203A]༄༅། །བཅོམ་ལྡན་འདས། ཅི་ལགས། སེམས་དང་པོ་བསྐྱེད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའམ། འོན་ཏམ་སེམས་སླད་མ་བསྐྱེད་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ། བཅོམ་ལྡན་འདས་གལ་ཏེ་སེམས་དང་པོ་བསྐྱེད་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ན་ནི། སེམས་དང་པོ་བསྐྱེད་པའང་སེམས་སླད་མ་བསྐྱེད་པ་དང་མི་འགྲོགས། སེམས་སླད་མ་བསྐྱེད་པའང་སེམས་དང་པོ་བསྐྱེད་ པ་དང་མི་འགྲོགས་ཏེ། བཅོམ་ལྡན་འདས། དེ་ལྟར་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་མི་འགྲོགས་ན། ཇི་ལྟར་དགེ་བའི་རྩ་བ་རྣམས་ཚོགས་སུ་འགྱུར། དགེ་བའི་རྩ་ བ་མ་བསགས་པར་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ ཁྱོད་ཀྱིས་དོན་དེ་ཉིད་ཤེས་པར་བྱ་བའི་ཕྱིར་དཔེ་བསྟན་ཏེ། འདི་ལ་སྐྱེས་བུ་མཁས་པ་ལ་བཤད་པའི་དོན་དཔེས་ཡོངས་སུ་ཤེས་པར་འགྱུར་རོ། །རབ་འབྱོར། དེ་ཇི་སྙམ་དུ་སེམས་ [203B] མེ་ལྕེ་དང་པོ་དང་ཕྲད་པས་སྙིང་པོ་དེ་ཚིག་གམ། དེ་སྟེ་མེ་ལྕེ་ཕྱི་མ་དང་ཕྲད་པས་སྙིང་པོ་དེ་ཚིག་གསོལ་པ། བཅོམ་ ལྡན་འདས། མེ་ལྕེ་དང་པོ་དང་མཇལ་བས་ཀྱང་སྙིང་པོ་དེ་ཚིག་པ་མ་ལགས། མེ་ལྕེ་དང་པོ་ལ་མ་བརྟེན་པར་ཡང་སྙིང་པོ་དེ་ཚིག་པ་མ་ལགས། བཅོམ་ལྡན་འདས། མེ་ལྕེ་སླད་མ་ དང་མཇལ་བས་ཀྱང་སྙིང་པོ་དེ་ཚིག་པ་མ་ལགས། མེ་ལྕེ་སླད་མ་ལ་མ་བརྟེན་པར་ཡང་སྙིང་པོ་དེ་ཚིག་པ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་ སྙམ་དུ་སེམས། འོན་ཀྱང་སྙིང་པོ་དེ་ཚིག་མོད། གསོལ་པ། བཅོམ་ལྡན་འདས། དེ་ནི་ཚིག་གོ་བདེ་བར་གཤེགས་པ། དེ་ནི་ཚིག་གོ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ རབ་འབྱོར། དེ་དེ་བཞིན་ཏེ། སེམས་དང་པོ་བསྐྱེད་པས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་མི་རྒྱ། སེམས་དང་པོ་བསྐྱེད་པ་ལ་མ་བརྟེན་པར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་མི་རྒྱ། སེམས་ཕྱི་མ་བསྐྱེད་པས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་ [204A]༄༅། །མི་རྒྱ། སེམས་ཕྱི་མ་བསྐྱེད་པ་ལ་མ་བརྟེན་པར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་ རྒྱ་བའང་མ་ཡིན་ནོ། །རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་ བཟུང་སྟེ། ས་བཅུ་ཡོངས་སུ་རྫོགས་པར་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གསོལ་པ། བཅོམ་ལྡན་འདས་ ས་བཅུ་པོ་གང་དང་གང་ཡོངས་སུ་རྫོགས་པར་བགྱིས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་རྒྱ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དཀར་པོ་རྣམ་པར་མཐོང་བའི་ས་ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རིགས་ཀྱི་ས་ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའ་ [204B]བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །བརྒྱད་པའི་ས་ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །མཐོང་བའི་ས་ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །བསྲབས་པའི་ས་ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །འདོད་ཆགས་དང་བྲལ་བའི་ས་ཡོངས་སུ་རྫོགས་ པར་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །བྱས་པ་རྟོགས་པའི་ས་ ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རང་ སངས་རྒྱས་ཀྱི་ས་ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་ [205A]༄༅། །རྒྱའོ། །བྱང་ཆུབ་སེམས་དཔའི་ས་ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །སངས་རྒྱས་ཀྱི་ས་ཡོངས་སུ་རྫོགས་པར་བྱས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་ལ་སློབ་པ་ནི་སེམས་དང་པོ་བསྐྱེད་པས་ཀྱང་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ཡིན། སེམས་དང་པོ་བསྐྱེད་པ་ལ་མ་བརྟེན་པར་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ཡིན། སེམས་ཕྱི་མ་བསྐྱེད་པས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་པ་མ་ ཡིན༑ སེམས་ཕྱི་མ་བསྐྱེད་པ་ལ་མ་བརྟེན་པར་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ཡིན་མོད་ཀྱི། བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་བར་འཚང་ཡང་རྒྱའོ། །གསོལ་པ། བཅོམ་ལྡན་འདས། དེ་ལྟར་སེམས་དང་པོ་བསྐྱེད་པས་ཀྱང། བྱང་ཆུབ་སེམས་དཔའ་ [205B]བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ལགས་ལ་སེམས་དང་པོ་བསྐྱེད་པ་ལ་མ་བརྟེན་པར་ཡང་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ལགས་པ་དང། སེམས་སླད་མ་བསྐྱེད་པས་ ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ལགས་ལ། སེམས་སླད་མ་བསྐྱོད་པ་ལ་མ་ བརྟེན་པར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་མ་ལགས་ཤིང། བཅོམ་ལྡན་འདས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་བོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས་སེམས་གང་འགགས་པ་དེ་ཕྱིར་སྐྱེ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། དེ་ནི་མ་ལགས་སོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། སེམས་གང་སྐྱེས་པ་དེ་འགག་པའི་ཆོས་ཅན་ཡིན་ནམ། གསོལ་པ་བཅོམ་ལྡན་འདས། དེ་ནི་ [206A]༄༅། །འགག་པའི་ཆོས་ཅན་ནོ། །བདེ་བར་གཤེགས་པ། དེ་ནི་འགག་པའི་ཆོས་ཅན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་ དུ་སེམས། གང་འགག་པའི་ཆོས་ཅན་དེ་འགག་པར་འགྱུར་རམ། གསོལ་པ་བཅོམ་ལྡན་འདས། དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ ཉིད་ཇི་ལྟ་བ་དེ་བཞིན་དུ་གནས་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་གནས་པར་འགྱུར་རོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ༑ རབ་འབྱོར། གལ་ཏེ་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་གནས་པར་འགྱུར་ན། རྟག་པར་མི་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། དེ་ནི་མ་ལགས་སོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། དེ་བཞིན་ཉིད་ཟབ་བམ། གསོལ་པ། བཅོམ་ལྡན་འདས། ཟབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ རབ་འབྱོར། དེ་ཇི་སྙམ་དུ་སེམས། སེམས་དེའང་དེ་བཞིན་ཉིད་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ བཞིན་ཉིད་ལས་སེམས་དེ་གུད་ན་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ལ་དེ་བཞིན་ཉིད་ཡོད་དམ་ [206B] བཅོམ་ལྡན་འདས། དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་ལ་སེམས་ཡོད་དམ། གསོལ་པ། བཅོམ་ལྡན་འདས། དེ་ནི་མ་ལགས་ སོ༑ ༑བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས། དེ་ནི་མ་ལགས་སོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས་གང་དེ་ལྟར་སྤྱོད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། གང་ དེ་ལྟར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། གང་དེ་ལྟར་སྤྱོད་པ་དེ་གང་ལ་སྤྱོད་ པ་ཡིན། གསོལ་པ། བཅོམ་ལྡན་འདས། གང་དེ་ལྟར་སྤྱོད་པ་དེ་ནི་ཅི་ལའང་མི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང། དེ་བཞིན་ཉིད་ལ་གནས་པ་ལ་ཡོངས་སུ་རྒྱུ་བ་དེ་དག་མི་འཇུག་མི་འབྱུང་ངོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ བཞིན་ཉིད་ནི་གང་དུའང་ཡོངས་སུ་རྒྱུ་བ་མ་མཆིས་ཏེ། དེ་ཉིད་ལའང་གང་ཡང་རྒྱུ་བ་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། བྱང་ཆུབ་སེམས་དཔའ་ [207A]༄༅། །སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་གང་ལ་སྤྱོད་པ་ཡིན། གསོལ་པ། དེ་ནི་གང་ལ་གཉིས་ཀྱི་ཡོངས་སུ་རྒྱུ་བ་མ་ མཆིས་པའི་དོན་དམ་པ་ལ་སྤྱོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། གང་དོན་དམ་པ་ལ་སྤྱོད་པ་དེ་ཡོངས་སུ་རྒྱུ་བ་ལ་སྤྱོད་པ་ཡིན་ ནམ། དེ་མཚན་མ་ལ་སྤྱོད་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས་ དེས་མཚན་མར་འདུ་ཤེས་པ་རྣམ་པར་བཤིག་པ་ཡིན་ནམ། གསོལ་པ་བཅོམ་ལྡན་འདས། དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འོ་ན་ ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མཚན་མའི་འདུ་ཤེས་རྣམ་པར་བཤིག་པ་ཡིན། གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་འདི་ལྟར་མཚན་མ་རྣམ་པར་གཞིག་པར་བྱའོ་ཞེའམ། མཚན་མ་མེད་པ་རྣམ་པར་གཞིག་པར་བྱའོ་སྙམ་དུ་མི་ སྦྱོར་རོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་ [207B] སོ་སོ་ཡང་དག་པར་རིག་པ་བཞི་དང་བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་མ་ བགྱིས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། བཅོམ་ལྡན་འདས། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོའི་ཐབས་མཁས་པ་སྟེ། ཐབས་མཁས་པ་དེས་ཆོས་གང་ཡང་དངོས་པོར་ཡང་མི་བགྱིད། དངོས་པོ་མ་མཆིས་པར་ཡང་མི་བགྱིད་དོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ཀྱི་རང་གི་མཚན་ཉིད་སྟོང་པ་ཉིད་དུ་རིག་པའི་སླད་དུ་སྟེ་རང་གི་མཚན་ཉིད་སྟོང་པ་ཉིད་དེ་ལ་ གནས་ནས། སེམས་ཅན་རྣམས་ཀྱི་དོན་དུ་ཏིང་ངེ་འཛིན་གསུམ་ལ་སྙོམས་པར་འཇུག་སྟེ། ཏིང་ངེ་འཛིན་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱིད་ན། བཅོམ་ལྡན་ འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཀྱི་དོན་དུ་ཏིང་ངེ་འཛིན་གསུམ་ལ་སྙོམས་པར་འཇུག་ཅིང་ཏིང་ངེ་འཛིན་དེ་དག་གིས་སེམས་ཅན་ རྣམས་ཡོངས་སུ་སྨིན་པར་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་གསུམ་པོ་ལ་ [208A]༄༅། །གནས་ཤིང། སེམས་ཅན་གང་རྣམ་པར་རྟོག་པའི་འདུ་ཤེས་ལ་སྤྱོད་པ་དེ་དག་ནི་སྟོང་པ་ཉིད་ལ་རབ་ཏུ་འགོད་དོ། །སེམས་ཅན་གང་མཚན་མ་ལ་སྤྱོད་ པ་དེ་དག་ནི་མཚན་མ་མེད་པ་ལ་རབ་ཏུ་འགོད་དོ། །སེམས་ཅན་གང་སྨོན་པ་མེད་པ་ལ་སྤྱོད་པ་དེ་དག་ནི་སྨོན་པ་མེད་པ་ལ་སྦྱོར་རོ་།རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཏིང་ངེ་འཛིན་གསུམ་ལ་གནས་ཏེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞིན་བཅུ་གཅིག་པའོ།།།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་བཞི་བཅུ་པ། །དེ་ནས་ཚེ་དང་ ལྡན་པ་ཤཱ་རད་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་ལ་རྨི་ལམ་དུ་ སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ཏིང་ངེ་འཛིན་གསུམ་ལ་སྙོམས་པར་ཞུགས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཕེལ་ལམ། རབ་འབྱོར་ གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། གལ་ཏེ་ཉིན་པར་བསྒོམས་པས་རྣམ་པར་འཕེལ་ན། རྨི་ལམ་ན་བསྒོམས་པས་ཀྱང་རྣམ་པར་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན་ [208B] རྨི་ལམ་དང་ཉིན་པར་ནི་རྣམ་པར་རྟོག་པ་མེད་པའོ། །ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉིན་པར་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོད་ན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་རྨི་ལམ་ན་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པའང་ཡོད་པར་འགྱུར་རོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་དུ་ལས་ཤིག་བྱས་ ན༑ ལས་དེ་ལ་སོགས་པ་འམ་བྲི་བར་འགྱུར་པ་ཡོད་དམ། གལ་ཏེ་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གསུངས་ན། དེ་ལ་སོགས་པའམ་འབྲི་བར་འགྱུར་ བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རྨི་ལམ་གྱི་ཆོས་གང་ཡང་སོགས་པ་འམ་འབྲི་བ་མི་དམིགས་ཏེ། གལ་ཏེ་སད་ནས་རྣམ་པར་རྟོག་ན་ནི་དེ་ལ་སོགས་པའམ་འབྲི་བར་ཡང་འགྱུར་ རོ༑ ༑རབ་འབྱོར་གྱིས་སྨྲས་པ། ཉིན་པར་སྲོག་བཅད་པ་དང། རྨི་ལམ་ན་སྲོག་བཅད་པ་དེ་ལ་འདི་སྙམ་དུ་དེ་བདག་གིས་བསད་དོ། །དེ་བདག་གིས་བསད་པ་ལེགས་སོ་ཞེས་སད་ དེ་རྣམ་པར་རྟོག་ན། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། ལས་དེ་ལ་ཁྱོད་ཅི་ཟེར་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། དམིགས་པ་མེད་པར་ལས་མི་སྐྱེའོ། །དམིགས་པ་མེད་ [209A]༄༅། །པར་སེམས་པ་མི་འབྱུང་ངོ། །རབ་འབྱོར་གྱིས་སྨྲས་པ་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། དེ་དེ་བཞིན་ཏེ། དམིགས་པ་མེད་པར་ལས་མི་སྐྱེའོ། །དམིགས་ པ་མེད་པར་སེམས་པ་མི་འབྱུང་ངོ། །དམིགས་པ་དང་བཅས་པར་ལས་སྐྱེ་སྟེ། དམིགས་པ་མེད་པར་མ་ཡིན་ནོ། །དམིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ། དམིགས་པ་མེད་ པར་མ་ཡིན་ནོ། །མཐོང་བ་དང། ཐོས་པ་དང། བསམས་པ་དང། རྣམ་པར་རིག་པའི་ཆོས་རྣམས་ལ་བློ་འཇུག་སྟེ། མ་མཐོང། མ་ཐོས། མ་བསམས། རྣམ་པར་མ་རིག་པའི་ཆོས་ ལ་ནི་བློ་མི་འཇུག་གོ་དེ་ལ་བློ་ལ་ལ་ནི་ཀུན་ནས་ཉོན་མོངས་པ་ཡོངས་སུ་འཛིན་ཏོ། །བློ་ལ་ལ་ནི་རྣམ་པར་བྱང་བ་ཡོངས་སུ་འཛིན་ཏོ། །དེ་བས་ན་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ དམིགས་པ་དང་བཅས་པར་ལས་སྐྱེ་སྟེ། དམིགས་པ་མེད་པར་མ་ཡིན་ནོ་།དམིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ། དམིགས་པ་མེད་པར་མ་ཡིན་ནོ། །སྨྲས་པ་ ཚེ་དང་ལྡནྤ་རབ་འབྱོར། ལས་ཐམས་ཅད་དང། སེམས་པ་ཐམས་ཅད་དབེན་པའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ན། དེ་ཇི་ལྟར་དམིགས་པ་དང་བཅས་པར་ ལས་སྐྱེ་སྟེ། དམིགས་པ་མེད་པར་མ་ཡིན། དམིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ། དམིགས་པ་མེད་པར་མ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་ [209B] མཚན་མར་བྱས་ན་དམིགས་པ་དང་བཅས་པར་ལས་སྐྱེ་སྟེ། དམིགས་པ་མེད་པར་མ་ཡིན་ནོ། །དམིགས་པ་དང་བཅས་པར་སེམས་པ་འབྱུང་སྟེ། དམིགས་པ་མེད་ པར་མ་ཡིན་ནོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་དུ་སྦྱིན་པ་བྱིན་ཚུལ་ཁྲིམས་བསྲུངས། བཟོད་པ་བསྒྲུབས་ བརྩོན་འགྲུས་བརྩམས། བསམ་གཏན་ལ་མཉམ་པར་བཞག་ཤེས་རབ་བསྒོམས་ཏེ། དགེ་བའི་རྩ་བ་དེའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ ན༑ དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པར་འགྱུར་རམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བྱམས་པ་སྐྱེ་བ་གཅིག་གིས་ཐོགས་པ། བཅོམ་ལྡན་འདས་ཀྱིས་ཕྱིར་མི་ལྡོག་པར་ལུང་བསྟན་པ་འདི་མངོན་དུ་གྱུར་ན་འདི་ལ་དྲིས་ཤིག་དང། འདི་ལན་ གློན་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། གནས་བརྟན་རབ་ འབྱོར་འདི་ནི་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་མངོན་དུ་གྱུར་པ་ནི་སྐྱེ་བ་གཅིག་གིས་ཐོགས་པ་ཕྱིར་མི་ལྡོག་པར་བཅོམ་ལྡན་འདས་ [210A]༄༅། །ཀྱིས་ལུང་བསྟན་པ་སྟེ། འདི་ལ་དྲིས་ཤིག་དང། འདི་ལན་གློན་པར་འགྱུར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་སྨྲས་པ་དང། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བྱམས་པས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཞེས་བྱ་བའི་མིང་འདི་ལན་ གློན་ནམ། འོན་ཏེ་གཟུགས་ལན་གློན་ནམ། འོན་ཏེ་ཚོར་བ་ལན་གློན་ནམ་འོན་ཏེ་འདུ་ཤེས་ལན་གློན་ནམ། འོན་ཏེ་འདུ་བྱེད་ལན་གློན་ནམ། འོན་ཏེ་རྣམ་པར་ཤེས་པ་ལན་ གློན་པར་འགྱུར་རམ། འོན་ཏེ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འོན་ཏེ་ཚོར་བའི་སྟོང་པ་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འོན་ ཏེ་འདུ་ཤེས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འོན་ཏེ་འདུ་བྱེད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འོན་ཏེ་རྣམ་པར་ཤེས་པའི་སྟོང་ པ་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འོན་ཏེ་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ལན་གློན་པར་ འགྱུར་རམ། འདུ་ཤེས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། འདུ་བྱེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལན་གློན་པར་འགྱུར་རམ། རྣམ་པར་ཤེས་པའི་དེ་ [210B] གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མེད་དོ་།ཚོར་བའི་སྟོང་པ་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་ པའི་མཐུ་མེད་དོ། །འདུ་ཤེས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མེད་དོ། །འདུ་བྱེད་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མེད་དོ། །རྣམ་པར་ ཤེས་པའི་སྟོང་པ་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མེད་དོ། །གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མེད་དོ། །ཚོར་བའི་དེ་བཞིན་ཉིད་གང་ཡིན་ པ་དེ་ལ་ནི་ལན་གློན་པའི་མཐུ་མེད་དོ། །འདུ་ཤེས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མེད་དོ། །འདུ་བྱེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་ མཐུ་མེད་དོ། །རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ལ་ནི་ལན་གློན་པའི་མཐུ་མེད་དོ། །བདག་གིས་ནི་གང་ལན་གློན་པ་དང་གང་གིས་ལན་གློན་པ་དང། གང་གི་ལན་ གློན་པ་དང། གང་ལ་ལན་གློན་པའི་ཆོས་དེ་ལྟ་བུ་ཡང་དག་པར་རྗེས་སུ་མ་མཐོང་ངོ། །གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དང། གང་གིས་ལུང་ བསྟན་པ་དང། གང་ལ་ལུང་བསྟན་པའི་ཆོས་དེའང་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། ཆོས་དེ་དག་ཐམས་ཅད་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པའོ། །ཤཱ་ [211A]༄༅། །རད་ཏིའི་བུས་སྨྲས་པ། ཆོས་དེ་དག་ཇི་སྐད་དུ་བཤད་པ་དེ་བཞིན་དུ་ཆོས་དེ་དག་ཁྱོད་ཀྱིས་མངོན་དུ་བྱས་སམ། བྱམས་པས་སྨྲས་པ། ཆོས་དེ་དག་ ཇི་སྐད་བཤད་པ་དེ་ལྟར་ཆོས་དེ་དག་བདག་གིས་མངོན་སུམ་དུ་བྱས་པ་མེད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་འདི་སྙམ་དུ་གྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བྱམས་པ་འདི་ནི་ཤེས་རབ་ཟབ་མོ་དང་ལྡན་པ་སྟེ་འདི་ལྟར་འྡིའང་ཡུན་རིང་པོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱད་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པས་བསྟན་པ་སྟེ། འདི་ནི་མི་དམིགས་པར་སྤྱོད་པས་བསྟན་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ལ་འདི་སྐད་ཅེས་ བཀའ་སྩལ་ཏོ། །ཤཱ་རད་ཏིའི་བུ། དེ་ཇི་སྙམ་དུ་སེམས། ཆོས་གང་གིས་ཁྱོད་དགྲ་བཅོམ་པར་བརྗོད་པའི་ཆོས་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ། བཅོམ་ ལྡན་འདས། དེ་ནི་མི་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཤཱ་རད་ཏིའི་བུ། དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་ [211B]ཆོས་དེ་ནི་འདིའོ། །ལུང་བསྟན་པར་འགྱུར་བའི་ཆོས་དེ་ནི་འདིའོ་།ལུང་བསྟན་པར་གྱུར་པའི་ཆོས་དེ་ནི་འདིའོ། །བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་དེ་ནི་འདིའོ་ཞེས་བྱ་བར་མི་སེམས་ཏེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྟེ་དེ་ལ་ཐེ་ཚོམ་སྐྱེ་བ་མེད་ཅིང། བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་ མི་རྒྱ་བ་མ་ཡིན་གྱི། བདག་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་སྟེ། ཤཱ་རད་ཏིའི་བུ། གང་ དེ་ལྟར་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི། །ཤཱ་རད་ཏིའི་བུ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མི་འཇིགས་མི་དངང་སྐྲག་པར་མི་ འགྱུར་ཞིང། བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བ་མ་ཡིན་གྱི། བདག་ནི་གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་སྙམ་མོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ [212A]༄༅། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བགྱིད་ཅིང། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དང་ཡང་ཉེ་བར་གྱུར་པ་ལགས། དེ་སྐད་ཅེས་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སླད་ཅེས་བཀའ་སྩལ་ཏོ། །རབ་འབྱོར། འདི་ ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་བཀྲེས་པ་རྣམས་མཐོང་ཞིང་སེམས་ཅན་སྐོམ་པ་དང། གོས་ངན་ པ་དང། ཟས་དང། གོས་དང། མལ་ཆས་འཕོངས་པ་དག་མཐོང་ན་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མི་འབྱུང་ཞིང་མི་སྲིད་པ་དང། རྒྱལ་ ཆེན་བཞིའི་རིས་ཀྱི་ལྷ་རྣམས་དང། སུམ་ཅུ་རྩ་གསུམ་དང། མཚེ་མ་དང། དགའ་ལྡན་དང། འཕྲུལ་དགའ་དང། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལོངས་སྤྱོད་དང་ སྐྱིད་པ་ཇི་ལྟ་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་དེའི་ལོངས་སྤྱོད་དང། སྐྱིད་པར་འགྱུར་བ་དེ་ལྟ་དེ་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་ཡོངས་སུ་བརྟག་པར་བྱ་ [212B] རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་ཡོངས་སུ་རྫོགས་པར་བྱེད། བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ ཅན་སྲོག་གཅོད་པ་དག་མཐོང་ངམ། སེམས་ཅན་མ་བྱིན་པར་ལེན་པ་དག་མཐོང་ངམ། སེམས་ཅན་འདོད་པས་ལོག་པར་གཡེམ་པར་དག་མཐོང་ངམ་སེམས་ཅན་བརྫུན་དུ་སྨྲ་བ་དག་ མཐོང་ངམ། སེམས་ཅན་ཕྲ་མ་ཟེར་བ་དག་མཐོང་ངམ། སེམས་ཅན་ཞེ་གཅོད་པའི་ཚིག་ཅན་དག་མཐོང་ངམ། སེམས་ཅན་ཚིག་བཀྱལ་པ་སྨྲ་བ་དག་མཐོང་ངམ། སེམས་ཅན་ ཆགས་སེམས་ཅན་དག་མཐོང་ངམ། སེམས་ཅན་གནོད་སེམས་ཅན་དག་མཐོང་ངམ། སེམས་ཅན་ལོག་པར་བལྟ་བ་ཅན་དག་མཐོང་ངམ། སེམས་ཅན་ཚེ་ཐུང་བ་དག་མཐོང་ ངམ། སེམས་ཅན་ནད་མང་བ་དག་མཐོང་ངམ། སེམས་ཅན་མདོག་ངན་པ་དག་མཐོང་ངམ། སེམས་ཅན་མཐུ་ཆུང་ངུ་དག་མཐོང་ངམ། སེམས་ཅན་ལོངས་སྤྱོད་ཆུང་ངུ་དག་ མཐོང་ངམ། སེམས་ཅན་རིགས་དམའ་བ་དག་མཐོང་ངམ། སེམས་ཅན་ཡན་ལག་དང། ཉིང་ལག་མ་ཚང་བ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་ [213A]༄༅། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉེས་པ་འདི་ དག་ཐམས་ཅད་དུ་ཐམས་ཅད་མི་འབྱུང་ཞིང་མི་སྲིད་པ་དང། སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་གནས་པར་འགྱུར་བ་དེ་ལྟ་དེ་ལྟར་ཚུལ་ཁྲིམས་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཚུལ་ཁྲིམས་ཀྱི་ཕ་ རོལ་ཏུ་ཕྱིན་པའང་ཡོངས་སུ་རྫོགས་པར་བྱེད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ཡིན་ནོ་།རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་ཕན་ཚུན་གནོད་པར་སེམས་པ་རྡོ་དང་དབྱུག་པ་དང། མཚོན་གྱིས་འདེབས་ཤིང་ རྡེག་པ་དང། གསོད་པ་དག་མཐོང་ན་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་ རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མི་འབྱུང་ཞིང་མི་སྲིད་པ་དང། སེམས་ཅན་ཐམས་ཅད་ཀྱང་སེམས་ཅན་ [213B] ཕ་ལྟ་བུའི་སེམས་སུ་འགྱུར་བ་དང། ཕུ་ནུ་ལྟ་བུའི་སེམས་སུ་འགྱུར་པ་དང། སྲིང་མོ་ལྟ་བུའི་སེམས་སུ་འགྱུར་བ་དང། བྱམས་པའི་ སེམས་སུ་འགྱུར་བ་དང། ཕན་པའི་སེམས་སུ་འགྱུར་བ་དེ་ལྟ་དེ་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱའོ་ཞེས་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར། དེ་ལྟར་སྤྱོད་ པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པའང་ཡོངས་སུ་རྫོགས་པར་བྱེད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་ བར་གྱུར་པ་ཡིན་ནོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་བརྩོན་འགྲུས་ཞན་ པ་དང། ལེ་ལོའི་སེམས་དང་ལྡན་པ་དང། ཐེག་པ་གསུམ་པོ་འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པ་དང། སངས་རྒྱས་ཀྱི་ཐེག་པ་ལ་རྒྱབ་ཀྱིས་ཕྱོགས་པ་ དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ ཞིང་དེ་ནི། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མི་འབྱུང་ཞིང་མི་སྲིད་པ་དང། སེམས་ཅན་ཐམས་ཅད་ཀྱང་བརྩོན་འགྲུས་བརྟན་པ་བརྩམས་ཤིང་ཐེག་ [214A]༄༅། །པ་གསུམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བར་བྱའོ་ཞེས་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཡོངས་སུ་རྫོགས་པར་བྱེད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ ཡིན་ནོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་འདོད་པའི་སྲེད་པ་དང་ གནོད་སེམས་དང། རྨུགས་པ་དང། གཉིད་དང། རྒོད་པ་དང། འགྱོད་པ་དང། ཐེ་ཚོམ་དང། སྒྲིབ་པ་ལྔས་བསྒྲིབས་པ་མཐོང་ངམ། བསམ་གཏན་དང་པོ་དང་མི་ལྡན་པ་ མཐོང་ངམ། བསམ་གཏན་གཉིས་པ་དང་མི་ལྡན་པ་མཐོང་ངམ། བསམ་གཏན་གསུམ་པ་དང་མི་ལྡན་པ་མཐོང་ངམ། བསམ་གཏན་བཞི་པ་དང་མི་ལྡན་པ་མཐོང་ངམ། བྱམས་ པ་དང་མི་ལྡན་པ་མཐོང་ངམ། སྙིང་རྗེ་དང་མི་ལྡན་པ་མཐོང་ངམ། དགའ་བ་དང་མི་ལྡན་པ་མཐོང་ངམ། བཏང་སྙོམས་དང་མི་ལྡན་པ་མཐོང་ངམ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ ཀྱི་སྙོམས་པར་འཇུག་པ་དང་མི་ལྡན་པ་མཐོང་ངམ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་མི་ལྡན་པ་མཐོང་ངམ། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སྙོམས་ [214B] འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་དང་མི་ལྡན་པ་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་ བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ ཅད་མི་འབྱུང་ཞིང་མི་སྲིད་པ་དང། སེམས་ཅན་ཐམས་ཅད་བསམ་གཏན་ཐོབ་པར་འགྱུར་བ་དང། ཚད་མེད་པ་ཐོབ་པར་འགྱུར་བ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་ ཐོབ་པར་འགྱུར་བ་དེ་ལྟ་དེ་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་ སུ་བརྟག་པར་བྱ་སྟེ། རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའང་ཡོངས་སུ་རྫོགས་པར་བྱེད། བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་བ་ཡིན་ནོ་།རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ ཤེས་རབ་འཆལ་པ་ཅན་གྱི་སེམས་ཅན་འཇིག་རྟེན་པ་དང། འཇིག་རྟེན་ལས་འདས་པའི་ཡང་དག་པར་ལྟ་བ་དང་བྲལ་བ། བྱ་བ་མ་ཡིན་པར་སྨྲ་བ། མེད་པར་སྨྲ་བ། ཆད་པར་སྨྲ་བ། རྟག་ [215A]༄༅། །པར་སྨྲ་བ། སེམས་ཅན་དུ་སྨྲ་བ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མི་འབྱུང་ཞིང་མི་སྲིད་པ་དང། སེམས་ཅན་ཐམས་ ཅད་ལྟ་བའི་རྣམ་པ་ཐམས་ཅད་སྤངས་ཤིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་འགྱུར་བ་དེ་ལྟ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །སངས་རྒྱས་ ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཡོངས་སུ་རྫོགས་པར་བྱེད། བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་ཕུང་པོ་གསུམ་ལ་གནས་པ་ངེས་པ་དང། མ་ངེས་པ་དང། ལོག་ པར་ངེས་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ་ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ [215B] ཆུང་ངུ་ན་སེམས་ཅན་ལ་ལོག་པར་ངེས་པའི་སྒྲའང་མི་གྲག་ཅིང། མི་སྲིད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡང་ཡོངས་ སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་ རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་དམྱལ་བ་པའི་སེམས་ཅན་དག་མཐོང་ངམ། བྱོལ་སོང་གི་སྐྱེ་གནས་པ་དང། གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་ དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ ཞིང་དེ་ན། ཆུང་ངུ་ན་ངན་སོང་གསུམ་གྱི་སྒྲའང་མི་སྒྲག་[*SKRAG?]ཅིང། མི་སྲིད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ [216A]༄༅། །ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པས་དྲུག་ལ་སྤྱོད་པའི་ཚེ། ས་ཆེན་པོ་འདི་ལ་སྡོང་དུ་མ་དང། ཚེར་མ་དང། སབ་སུབ་དང་གཅོང་རོང་དང། གཡང་ས་དང། ལྗན་ལྗིན་དང་ ལུང་ཁུང་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་གྱི་ཉེས་པ་དེ་དག་ཐམས་ཅད་དུ་ཐམས་ཅད་མི་འབྱུང་ཞིང་མི་སྲིད་པ་དང། བདག་གི་སངས་རྒྱས་ཀྱི་ཞིང་དེ་ལག་མཐིལ་ལྟར་མཉམ་ པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་ སུ་བརྟག་པར་བྱ་སྟེ། རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། ས་ཆེན་ [216B] གསེར་དངུལ་དང་མི་ལྡན་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ས་ཆེན་པོ་འདི་གཞི་བཻཌཱུརྱ་སྔོན་པོའི་རྒྱ་ལས་གྲུབ་པ་གསེར་གྱི་བྱེ་མ་བདལ་བར་འགྱུར་བ་དེ་ལྟ་དེ་ལྟར་ཕ་ རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར་ དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ ཡིན་ནོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་བདག་ཏུ་བྱ་བའི་ཡོངས་སུ་འཛིན་པ་ལ་གནས་ པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ ཀྱི་ཞིང་དེ་ན། སེམས་ཅན་རྣམས་བདག་གིར་བྱ་བ་ལ་ཡོངས་སུ་འཛིན་པ་མི་འབྱུང་ཞིང་མི་སྲིད་པ་དང། སེམས་ཅན་ཐམས་ཅད་བདག་གི་མེད་པ་དང། ཡོངས་སུ་འཛིན་པ་མེད་ [217A]༄༅། །པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ་།སེམས་ཅན་ཡོངས་སུ་སྨིན་པར་ བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་ པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ ལ་སྤྱོད་པའི་ཚེ། རྒྱལ་རིགས་དང། བྲམ་ཟེའི་རིགས་དང། རྗེའུ་རིགས་དང། དམངས་རིགས་དང། རིགས་བཞི་པོ་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཆུང་ངུ་ན་རིགས་བཞིའི་སྒྲའང་མི་གྲག་ ཅིང༑ མི་སྲིད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད་ [217B]ཡིན་ནོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ ཚེ༑ སེམས་ཅན་རབ་དང་འབྲིང་དང། ཐ་མ་མཐོང་བ་དང། སེམས་ཅན་རིགས་མཐོ་བ་དང། རིགས་དམའ་བ་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་ བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པའི་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་རྣམས་ཀྱི་ཉེས་པ་འདི་དག་མི་འབྱུང་ ཞིང༑ མི་སྲིད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ་།སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་ པར་བྱ་སྟེ། རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་ཁ་དོག་ཐ་དད་ པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་ [218A]༄༅། །རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཁ་དོག་ཐ་དད་པ་མི་འབྱུང་ཞིང་མི་སྲིད་པ་དང། གཞན་དུ་ན་སེམས་ཅན་ཐམས་ཅད་གཟུགས་བཟང་ཞིང་མཛེས་ ལ་བལྟ་ན་སྡུག་པ་དང། ཁ་དོག་བཟང་པོའི་མཆོག་རྒྱས་པ་དང་ལྡན་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་ པར་བྱའོ། །སེམས་ཅན་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་དག་ལ་བདག་པོ་ཡོད་པར་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། བདག་པོར་གདགས་པ་མི་འབྱུང་ཞིང་མི་སྲིད་པ་དང། གཞན་ དུ་ན་ཆོས་ཀྱི་རྒྱལ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བཞུགས་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ [218B] །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ་།སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ཀྱི་ལམ་ཐ་དད་པ་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་ སྟེ༑ ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཅན་ལྷ་དང། མི་དང། སེམས་ཅན་དམྱལ་བ་པ་ དང༑ བྱོལ་སོང་གི་སྐྱེ་གནས་པ་དང། གཤིན་རྗེའི་འཇིག་རྟེན་པའི་ལམ་ཐ་དད་པ་མེད་ཅིང་མི་སྲིད་པ་དང། གཞན་དུ་ན་སེམས་ཅན་ཐམས་ཅད་ལམ་གཅིག་ཏུ་འགྱུར་ཞིང་དྲན་པ་ཉེ་བར་ བཞག་པ་བཞི་དང་མ་བྲལ་བ་དང། ཡང་དག་པར་སྤོང་བ་བཞི་དང་མ་བྲལ་བ་དང། རྫུ་འཕྲུལ་གྱི་རྐང་པ་བཞི་དང་མ་བྲལ་བ་དང། དབང་པོ་ལྔ་དང་མ་བྲལ་བ་དང། སྟོབས་ལྔ་དང་ མ་བྲལ་བ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་དང་མ་བྲལ་བ་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་མ་བྲལ་བ་དང་འཕགས་པའི་བདེན་པ་བཞི་དང་མ་བྲལ་བ་དང་ [219A]༄༅། །བསམ་གཏན་བཞི་དང་མ་བྲལ་བ་དང། ཚད་མེད་པ་བཞི་དང་མ་བྲལ་བ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་མ་བྲལ་བ་དང། རྣམ་ པར་ཐར་པ་བརྒྱད་དང་མ་བྲལ་བ་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་མ་བྲལ་བ་དང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང་ སྨོན་པ་མེད་པ་དང་མ་བྲལ་བ་དང། མངོན་པར་ཤེས་པ་ལྔ་དང་མ་བྲལ་བ་དང། ཏིང་ངེ་འཛིན་རྣམས་དང་མ་བྲལ་བ་དང་གཟུངས་ཀྱི་སྒོ་རྣམས་དང་མ་བྲལ་བ་དང། དེ་ བཞིན་གཤེགས་པའི་སྟོབས་བཅུ་དང་མ་བྲལ་བ་དང། མི་འཇིགས་པ་བཞི་དང་མ་བྲལ་བ་དང། སོ་སོ་ཡང་དག་པར་རིག་པ་བཞི་དང་མ་བྲལ་བ་དང། བྱམས་པ་ཆེན་པོ་ དང་མ་བྲལ་བ་དང། སྙིང་རྗེ་ཆེན་པོ་དང་མ་བྲལ་བ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་མ་བྲལ་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ་རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་ [219B]ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་རྣམས་ཀྱི་སྐྱེ་གནས་བཞིར་སྐྱེས་པ། སྒོ་ང་ལས་སྐྱེས་པ་དང། མངལ་ནས་ སྐྱེས་པ་དང། དྲོད་གཤེར་ལས་སྐྱེས་པ་དང། བརྫུ་བ་པ་རྣམས་མཐོང་ན་འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སྒོ་ང་ལས་སྐྱེ་བ་དང། མངལ་ནས་སྐྱེ་བ་དང། དྲོད་གཤེར་ལས་སྐྱེ་བའི་གནས་གསུམ་པོ་རྣམས་མི་འབྱུང་ཞིང་ མི་སྲིད་པ་དང། གཞན་དུ་ན་སེམས་ཅན་ཐམས་ཅད་བརྫུབ་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ་།སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་མངོན་པར་ཤེས་པ་ལྔ་དང་མི་ལྡན་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་ [220A]༄༅། །རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་ཐམས་ཅད་མངོན་པར་ཤེས་པ་ལྔ་དང་ལྡན་པར་ འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་ སུ་བརྟག་པར་བྱ་སྟེ། རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ ཅན་རྣམས་ཀྱི་བཤང་གཅི་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་ཐམས་ཅད་ཆོས་དང། དགའ་བ་དང། བསམ་གཏན་གྱི་ཟས་ཟ་བར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་ པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ [220B]དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་པ་ལ་སྤྱོད་པའི་ཚེ། འོད་དང་མི་ལྡན་པའི་སེམས་ཅན་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་ པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་ཐམས་ཅད་རང་ ལས་འོད་འབྱུང་བ་ཤ་སྟག་ཡོད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་ ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ་།རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ ཅན་རྣམས་ཀྱི་ཉིན་མཚན་དང། ཟླ་བ་དང། ཡུད་དུ་ཡན་མན་དང་དུས་མཚམས་དང། ལོ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ [221A]༄༅། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ཀྱི་ཉིན་མཚན་དང། ཟླ་བ་ དང༑ ཡུད་དུ་ཡན་མན་དང། དུས་མཚམས་དང། ལོའི་སྒྲའང་མི་གྲག་ཅིང་མི་སྲིད་པ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་ དག་པར་བྱའོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ་སེམས་ཅན་ཚེ་དང་མི་ལྡན་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་ཐམས་ཅད་ཚེ་དཔག་ཏུ་མེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་ རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་ [221B] དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ ཡིན་ནོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་མཚན་དང་མི་ལྡན་པ་དག་མཐོང་ན། འདི་ ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་ ཐམས་ཅད་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་ པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་དགེ་བའི་རྩ་བ་དང་མི་ལྡན་པ་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ [222A]༄༅། །མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་དང་མི་ལྡན་པར་འགྱུར་བ་དང། དགེ་བའི་རྩ་བ་གང་ དང་ལྡན་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་ པར་བྱའོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ་།རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ་སེམས་ཅན་ནད་ཀྱིས་བཏབ་པ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། སེམས་ཅན་རྣམས་ལ་རླུང་དང། མཁྲིས་པ་དང། བད་ཀན་དང་ འདུས་པའི་ནད་གཞི་མེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་རྣམས་ཡོངས་སུ་ [222B] རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་ བྱེད༑ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ་ ཉོན་མོངས་པ་གསུམ་གྱིས་ཉོན་མོངས་པར་གྱུར་པའི་སེམས་ཅན་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། འདི་ལྟ་སྟེ། སེམས་ཅན་རྣམས་ལ་འདོད་ཆགས་དང་ཞེ་སྡང་དང། གཏི་མུག་གི་ཉོན་མོངས་པ་གསུམ་ མི་འབྱུང་ཞིང། སེམས་ཅན་ཐམས་ཅད་ཀྱང་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ་རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་ [223A]༄༅། །དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་མོས་པ་ཆུང་ངུ་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་ བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཉན་ཐོས་ཀྱི་ཐེག་པ་དང། རང་སངས་རྒྱས་ཀྱི་ཐེག་པ་དང་ ཐེག་པ་གཉིས་ཀྱི་སྒྲའང་མི་གྲག་ཅིང། སེམས་ཅན་ཐམས་ཅད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡང་དག་པར་ཞུགས་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ་།སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར། འདི་ལྟར་སྤྱོད་ པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། ། རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། སེམས་ཅན་ང་རྒྱལ་ཅན་དག་མཐོང་ན། འདི་ལྟར་ཡོངས་སུ་བརྟག་ པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ང་རྒྱལ་ཅན་གྱི་སྒྲའང་མི་གྲག་ [223B] སེམས་ཅན་ཐམས་ཅད་ཡང་དག་པའི་དོན་ཤེས་ཤིང། ང་རྒྱལ་མེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་ སུ་དག་པར་བྱའོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཚེ་ལ་ཚད་དུ་འགྱུར་བ་དང། འོད་ལ་ཚད་དུ་འགྱུར་བ་དང། དགེ་སློང་གི་དགེ་འདུན་ལ་ཚད་དུ་འགྱུར་བ་དེ་ཙམ་གྱིས། བདག་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བྱའི། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཚེའི་ཚད་མེད་པར་འགྱུར་བ་དང། །འོད་ཀྱི་ཚད་མེད་པར་འགྱུར་བ་དང། དགེ་སློང་གི་དགེ་འདུན་ཚད་མེད་པར་འགྱུར་བ་དེ་ལྟ་དེ་ལྟར་ཕ་ [224A]༄༅། །རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་ བརྟག་པར་བྱ་སྟེ། རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་ པར་བྱ་སྟེ། འཇིག་རྟེན་གྱི་ཁམས་འགའ་ཞིག་བདག་གི་སངས་རྒྱས་ཀྱི་ཞིང་དུ་འགྱུར་བ་དེ་ཙམ་གྱིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་འཚང་རྒྱ་བར་མི་བྱའི། ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། གངྒཱའི་ཀླུང་གི་བྱེ་མ་ཇི་སྙེད་ཅིག་ཡོད་ པ་དེ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་བདག་གི་སངས་རྒྱས་ཀྱི་ཞིང་གཅིག་ཏུ་འགྱུར་བ་དེ་ལྟ་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པར་བྱའོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱའོ། ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱའོ་ཞེས་དེ་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ [224B] རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟག་པར་བྱ་སྟེ། ཀྱེ་མ་འཁོར་བ་འདི་ནི་རིང་ངོ། །ཀྱེ་མ་སེམས་ཅན་གྱི་ཁམས་འདི་ནི་མཐའ་ཡས་སོ། །དེས་འདི་ལྟར་ ཚུལ་བཞིན་ཡིད་ལ་བྱས་ཏེ། ཀྱེ་མ་འཁོར་བ་འདི་ནི་ནམ་མཁའ་ལྟར་མུ་མེད་པའོ། །ཀྱེ་མ་སེམས་ཅན་གྱི་ཁམས་འདི་ནི་ནམ་མཁའ་ལྟར་མུ་མེད་པ་སྟེ། འདི་ལ་གང་ཡང་འཁོར་བའང་ མེད༑ མྱ་ངན་ལས་འདའ་བའང་མེད་དོ། གཞན་དུ་ན་ཆོས་ཀྱི་བརྡར་སེམས་ཅན་ནམ། འཁོར་བའམ། མྱ་ངན་ལས་འདས་པ་ཞེས་ཐ་སྙེད་དུ་བཏགས་པར་ཟད་དོ་ཞེས་དེ་ལྟར་ཡོངས་ སུ་བརྟག་པར་བྱ་སྟེ། རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཀྱང་ཡོངས་སུ་རྫོགས་པར་བྱེད། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དང་ཡང་ཉེ་བར་གྱུར་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་གཉིས་པའོ།།།།དེ་ནས་འཁོར་དེར་གངྒཱའི་ལྷ་མོ་ཞེས་ བྱ་བའི་བུད་མེད་ཅིག་འདུས་ཏེ་འདུག་པར་གྱུར་པ་དེ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ལ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ [225A]༄༅། །ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ ཡོངས་སུ་རྫོགས་པར་བགྱི་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་དེ་སྐད་དུ་བསྟན་ པའི་སངས་རྒྱས་ཀྱི་ཞིང་དེ་ལྟ་བུ་ཡོངས་སུ་བཟུང་བར་བགྱིའོ་ཞེས་ནས་བུད་མེད་དེས་གསེར་གྱི་མེ་ཏོག་དང། དངུལ་གྱི་མེ་ཏོག་དང་ཆུ་ལས་སྐྱེས་པ་དང། ཐང་ལས་སྐྱེས་པའི་ མེ་ཏོག་དང། རྒྱན་ཐམས་ཅད་དང། གསེར་གྱི་ཁ་དོག་གི་ན་བཟའ་ཕྲུགས་སུ་སྦྱར་ཏེ། བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་གཏོར་ཏོ་།མེ་ཏོག་དང། རྒྱན་དང། ན་བཟའ་ ཕྲུགས་སུ་སྦྱར་བ་དེ་དག་གཏོར་མ་ཐག་ཏུ། སངས་རྒྱས་ཀྱི་མཐུས་བཅོམ་ལྡན་འདས་ཀྱི་དབུའི་དྲང་ཐད་སྟེང་གི་ནམ་མཁའ་ལ་ཁང་པ་བརྩེགས་པ་གྲྭ་བཞི་དང་ལྡན་པ་ཀ་བ་ བཞི་ཟུག་པ་ཆ་མཉམ་པ། ཤིན་ཏུ་སྤ་བ། མདངས་དགའ་བ། ཡིད་དུ་འོང་བ་གནས་པར་གྱུར་ཏོ། །དེ་ནས་བུད་མེད་དེས་ཁང་པ་བརྩེགས་པ་དེའང་སེམས་ཅན་ཐམས་ཅད་ དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བུད་མེད་དེའི་བསམ་པ་ཐུགས་སུ་ཆུད་ནས་ [225B] །འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་དེ། གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་ དོག་སྣ་ཚོགས་རྣམ་པ་དུ་མ་འདི་ལྟ་སྟེ། སྔོན་པོ་དང། སེར་པོ་དང། དམར་པོ་དང། དཀར་པོ་དང། ལེ་བརྒན་དང། ཤེལ་དང། དངུལ་གྱི་ཁ་དོག་ལྟ་བུ་ཐོན་པར་གྱུར་ནས། དེ་དག་ མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་སུ་དོང་སྟེ། ཕྱིར་འོངས་ནས་བཅོམ་ལྡན་འདས་ལ་གཡས་ཕྱོགས་ནས་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་དབུའི་ གཙུག་ཏུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་དགའ་བོས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ནས་བཅོམ་ལྡན་འདས་གང་ན་བདེ་ལོགས་ སུ་ཐལ་མོ་སྦྱར་བས་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། རྒྱུ་དང་རྐྱེན་མ་མཆིས་པར་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་འཛུམ་པ་མི་མཛད་ན། ཅིའི་རྒྱུ་ཅིའི་རྐྱེན་གྱིས་འཛུམ་པ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ། གངྒཱའི་ལྷ་མོ་ཞེས་བྱ་བའི་སྲིང་ མོ་འདི་མ་འོངས་པའི་དུས་ན། དཔེ་སྐར་མ་ལྟ་བུ་ཞེས་བྱ་བའི་བསྐལ་པ་ལ། གསེར་གྱི་མེ་ཏོག་ཅེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ [226A]༄༅། །རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དགའ་བོ། འདི་ནི་བུད་མེད་འདིའི་བུད་མེད་ཀྱི་ལུས་ཀྱི་ཐ་མ་ཡིན་ཏེ། དགའ་བོ་སྲིང་མོ་འདི་བུད་མེད་ཀྱི་ལུས་རྗེས་ ཏེ༑ སྐྱེས་པའི་ལུས་ཐོབ་པར་གྱུར་ནས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་སྒུལ་བའི་སངས་རྒྱས་ཀྱི་ཞིང་མངོན་པར་དགའ་བའི་འཇིག་ རྟེན་གྱི་ཁམས་སུ་སྐྱེས་ཏེ། དེར་ཚངས་པའི་སྤྱད་པ་སྤྱོད་པར་འགྱུར་རོ། །དགའ་བོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་མིང་ཡང་གསེར་གྱི་མེ་ཏོག་ཅེས་བྱ་བར་ འགྱུར་ཏེ། དགའ་བོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསེར་གྱི་མེ་ཏོག་དེ་ནས་ཤི་འཕོས་ནས། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་ཏེ་ སངས་རྒྱས་བཅོམ་ལྡན་འདས་རྣམས་དང་མི་འབྲལ་བར་འགྱུར་རོ་།དགའ་བོ། འདི་ལྟ་སྟེ། དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཁང་པ་ནས་ཁང་པར་འྒྲོའང་དེ་ནམ་འཚོ་བ་ དང༑ ནམ་འཆི་བའི་དུས་ཀྱིས་བར་དུ་རྐང་པའི་མཐིལ་གཉིས་ཀྱི་ས་ལ་མི་འགྲོའོ། །དགའ་བོ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསེར་གྱི་མེ་ཏོག་ཀྱང་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་གྱི་བར་དུ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་འགྱུར་རོ། །དེ་ [226B]སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་སྙེད་ཅིག་འདུས་པར་གྱུར་པ་དག་ནི་དེ་བཞིན་གཤེགས་ པའི་ཚོགས་སུ་བལྟའོ་སྙམ་པ་དང། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོའི་སེམས་ཀྱི་རྣམ་པར་རྟོག་པ་ཐུགས་ཀྱིས་ཐུགས་སུ་ཆུད་ནས། ཚེ་དང་ལྡན་པ་དགའ་བོ་ལ་འདི་ སྐད་ཅེས་བཀའ་སྩལ་ཏེ། །དགའ་བོ། དེ་དེ་བཞིན་ཏེ། ཇི་ལྟར་ཡོངས་སུ་རྟོག་པ་དེ་བཞིན་ནོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསར་གྱི་མེ་ ཏོག་གི་སངས་རྒྱས་ཀྱི་ཞིང་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་སྙེད་ཅིག་འདུ་བར་འགྱུར་བ་དེ་དག་ནི། དེ་བཞིན་གཤེགས་པ་འདུས་པར་བལྟ་སྟེ། དེའི་དགེ་སློང་གི་དགེ་ འདུན་ཡང་ཚད་ཟིན་པར་མི་འགྱུར་རོ། །དེའི་དགེ་སློང་གི་དགེ་འདུན་ལ་ཉན་ཐོས་བརྒྱ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཉན་ཐོས་སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཉན་ཐོས་བརྒྱ་སྟོང་ཕྲག་ ནི་འདི་སྙེད་ཅིག་ཡོད་དོ། །ཉན་ཐོས་བྱེ་བ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཉན་ཐོས་བྱེ་བ་བརྒྱ་ཕྲག་ནི་འདི་སྙེད་ཅིག་ཡོད་དོ་།ཉན་ཐོས་བྱེ་བ་སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཉན་ཐོས་བྱེ་ བ་བརྒྱ་སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་དོ། །ཉན་ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་ནི་འདི་སྙེད་ཅིག་ཡོད་དོ་ཞེས་དགེ་སློང་གི་དགེ་འདུན་དེའི་ཚད་བཟུང་བར་མི་ནུས་ཏེ། གཞན་དུ་ན་ཉན་ [227A]༄༅། །ཐོས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་གཞལ་དུ་མེད་པར་འགྱུར་རོ། །དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ གསེར་གྱི་མེ་ཏོག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་ཀྱི་ཞིང་དེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བསྟན་ པའི་སྐྱོན་འདི་དག་ཐམས་ཅད་དུ་ཐམས་ཅད་མི་འབྱུང་ཞིང་མི་སྲིད་དོ། །དགའ་བོས་གསོལ་པ། བཅོམ་ལྡན་འདས། སྲིང་མོ་འདིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་གང་ཞིག་ལ་མཆོད་པ་བགྱིས་ནས་དགེ་བའི་རྩ་བ་བསྐྱེད་དེ། སླར་མི་ལྡོག་པའི་སེམས་བསྐྱེད་པར་གྱུར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ དགའ་བོ། སྲིང་མོ་འདིས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་དྲུང་དུ་དགེ་བའི་རྩ་བ་བསྐྱེད་ནས། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དགེ་བའི་རྩ་བ་དེའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་སོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་དེ་ལའང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་བའི་ཕྱིར་གསེར་གྱི་མེ་ཏོག་ཉིད་ཀྱིས་གཏོར་ཏོ། །དགའ་བོ་ [227B]བྱང་ཆུབ་དོན་དུ་གཉེར་བའི་ཕྱིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ལ་ཨུཏྤ་ ལ་ལྔ་གཏོར་བ་དེའི་ཚེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་དེས་དགེ་བའི་རྩ་བ་དང་ལྡན་པར་མཁྱེན་ནས། ང་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེའི་ཚེ་སྲིང་མོ་འདིས་ངའི་ལུང་བསྟན་པ་དེ་ཐོས་ནས། འདི་སྙམ་དུ་བདག་ཀྱང་ཇི་ལྟར་བྲམ་ཟེའི་ཁྱེའུ་འདི་ལུང་བསྟན་པ་དེ་བཞིན་ དུ་མ་འོངས་བའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་གྱུར་ཅིག་ཅེས་སེམས་བསྐྱེད་དེ། དགའ་བོ། དེ་ལྟར་སྲིང་མོ་འདིས་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་དྲུང་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་དོ། །དགའ་བོས་གསོལ་པ། བཅོམ་ ལྡན་འདས། སྲིང་མོ་འདིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་ཡོངས་སུ་སྦྱང་བར་བགྱིས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ། དེ་དེ་ བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་དེ་བཞིན་ནོ། །དགའ་བོ། སྲིང་མོ་འདིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་ཡོངས་སུ་སྦྱང་བ་བྱས་པའོ། །ཤེས་ [228A]༄༅། །རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཞི་བཅུ་གསུམ་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ ཉིས་བརྒྱ་བཞི་བཅུ་པ། །དེ་ན་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བགྱི། ཇི་ལྟར་མཚན་ མ་མེད་པ་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་མཚན་མ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བགྱི། ཇི་ལྟར་སྨོན་པ་མེད་པ་ལ་ཡོངས་སུ་འདྲིས་བར་བགྱི། ཇི་ ལྟར་སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པར་བགྱི་ཇི་ལྟར་དྲན་པ་ཉེ་བར་བཞག་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་དྲན་པ་ཉེ་བར་བཞག་པ་རྣམས་ བསྒོམ་པར་བགྱི། ཇི་ལྟར་ཡང་དག་པར་སྤོང་བ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་ཡང་དག་པར་སྤོང་བ་རྣམས་བསྒོམ་པར་བགྱི། ཇི་ལྟར་རྫུ་འཕྲུལ་གྱི་རྐང་པ་རྣམས་ ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་རྫུ་འཕྲུལ་གྱི་རྐང་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་དབང་པོ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་དབང་པོ་རྣམས་བསྒོམ་པར་ [228B] ཇི་ལྟར་བསྒོམ་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་སྟོབས་རྣམས་བསྒོམ་པར་བགྱི། ཇི་ལྟར་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་བྱང་ཆུབ་ཀྱི་ ཡན་ལག་རྣམས་བསྒོམ་པར་བགྱི། ཇི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པར་བགྱི། ཇི་ ལྟར་འཕགས་པའི་བདེན་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་འཕགས་པའི་བདེན་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་བསམ་གཏན་རྣམས་ལ་ཡོངས་སུ་འདྲིས་པར་ བགྱི། ཇི་ལྟར་བསམ་གཏན་རྣམས་བསྒོམ་པར་བགྱི། ཇི་ལྟར་ཚད་མེད་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་ཚད་མེད་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་གཟུགས་མེད་ པའི་སྙོམས་པར་འཇུག་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་རྣམ་པར་ཐར་པ་རྣམས་ལ་ཡོངས་ སུ་འདྲིས་པར་བགྱི། ཇི་ལྟར་རྣམ་པར་ཐར་པ་རྣམས་བསྒོམ་པར་བགྱི་ཇི་ལྟར་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་མཐར་ གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་ཡོངས་སུ་འདྲིས་པར་བགྱི་ [229A]༄༅། །ཇི་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་བསྒོམ་པར་བགྱི། ཇི་ལྟར་མངོན་པར་ཤེས་པ་རྣམས་ལ་ ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་མངོན་པར་ཤེས་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་ཏིང་ངེ་འཛིན་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་ཏིང་ངེ་འཛིན་རྣམས་བསྒོམ་ པར་བགྱི། ཇི་ལྟར་གཟུངས་ཀྱི་སྒོ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་གཟུངས་ཀྱི་སྒོ་རྣམས་བསྒོམ་པར་བགྱི། ཇི་ལྟར་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་ཡོངས་ སུ་འདྲིས་པར་བགྱི། ཇི་ལྟར་དེ་བཞིན་གཤེགས་པའི་སྟོབས་རྣམས་བསྒོམ་པར་བགྱི། ཇི་ལྟར་མི་འཇིགས་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི་ཇི་ལྟར་མི་འཇིགས་པ་ རྣམས་བསྒོམ་པར་བགྱི། ཇི་ལྟར་སོ་སོ་ཡང་དག་པར་རིག་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་སོ་སོ་ཡང་དག་པར་རིག་པ་རྣམས་བསྒོམ་པར་བགྱི། ཇི་ལྟར་བྱམས་ པ་ཆེན་པོ་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་བྱམས་པ་ཆེན་པོ་བསྒོམ་པར་བགྱི། ཇི་ལྟར་སྙིང་རྗེ་ཆེན་པོ་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་སྙིང་རྗེ་ཆེན་པོ་བསྒོམ་ པར་བགྱི། ཇི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཡོངས་སུ་འདྲིས་པར་བགྱི། ཇི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བསྒོམ་པར་བགྱི། བཅོམ་ལྡན་འདས་ [229B] རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། ། ཚོར་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །འདུ་ཤེས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །འདུ་བྱེད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་བརྟག་ པར་བྱའོ། །མིག་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རྣ་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྣ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ལྕེ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ལུས་ སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཡིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །གཟུགས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྒྲ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །དྲི་སྟོང་ཞེས་བྱ་ བར་བརྟག་པར་བྱའོ། །རོ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རེག་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཆོས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མིག་གི་རྣམ་པར་ཤེས་པ་སྟོང་ཞེས་ བྱ་བར་བརྟག་པར་བྱའོ། །རྣ་བའི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྣའི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ལྕེའི་རྣམ་པར་ཤེས་པ་སྟོང་ཞེས་བྱ་ བར་བརྟག་པར་བྱའོ། །ལུས་ཀྱི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མིག་གི་འདུས་ཏེ་རེག་པ་སྟོང་ [230A]༄༅། །ཞེས་བྱ་བར་བརྟག་པར་བྱའོ། །རྣ་བའི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྣའི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ལྕེའི་ འདུས་ཏེ་རེག་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ལུས་ཀྱི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྣའི་འདུས་ཏེ་ རེག་པའི་རྐྱེན་གྱིས་ཚོར་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ་།ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ ཚོར་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སའི་ཁམས་སྟོང་ཞེས་བྱ་བར་བརྟག་པ་བྱའོ། །ཆུའི་ ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མེའི་ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རླུང་གི་ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ནམ་མཁའི་ཁམས་སྟོང་ཞེས་ བྱ་བར་བརྟག་པར་བྱའོ། །རྣམ་པར་ཤེས་པའི་ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མ་རིག་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །འདུ་བྱེད་སྟོང་ཞེས་བྱ་བར་བརྟག་པར་ [230B] ༑རྣམ་པར་ཤེས་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མིང་དང་གཟུགས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྐྱེ་མཆེད་དྲུག་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རེག་པ་སྟོང་ཞེས་བྱ་ བར་བརྟག་པར་བྱའོ། །ཚོར་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ་།སྲེད་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ལེན་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྲིད་པ་སྟོང་ཞེས་བྱ་བར་བརྟག་ པར་བྱའོ། །སྐྱེ་བ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རྒ་ཤི་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ ཏུ་ཕྱིན་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ནང་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་ བྱའོ༑ ༑ཕྱི་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ་།ཕྱི་ནང་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ་།སྟོང་པ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ་།ཆེན་པོ་སྟོང་ པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །དོན་དམ་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །འདུས་བྱས་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །འདུས་མ་བྱས་སྟོང་པ་ [231A]༄༅། །ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྟོང་ ཞེས་བྱ་བར་བརྟག་པར་བྱའོ། །དོར་བ་མེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རང་བཞིན་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཆོས་ཐམས་ཅད་ སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མི་དམིགས་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ། ། དངོས་པོ་མེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ་།ངོ་བོ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བར་བརྟག་པར་བྱའོ་།དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བར་ བརྟག་པར་བྱའོ། །དྲན་པ་ཉེ་བར་བཞག་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཡང་དག་པར་སྤོང་བ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ སྟོང་ཞེས་བྱ་བར་བརྟག་པར་བྱའོ། །དབང་པོ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྟོབས་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་སྟོང་ཞེས་ བྱ་བར་བརྟག་པར་བྱའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །འཕགས་པའི་བདེན་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །བསམ་ [231B] །ཚད་མེད་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་ བྱའོ༑ ༑རྣམ་པར་ཐར་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་ པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མངོན་པར་ཤེས་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །ཏིང་ངེ་འཛིན་རྣམས་སྟོང་ཞེས་བྱ་ བར་བརྟག་པར་བྱའོ། །གཟུངས་ཀྱི་སྒོ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །མི་འཇིགས་པ་རྣམས་སྟོང་ཞེས་ བྱ་བར་བརྟག་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །བྱམས་པ་ཆེན་པོ་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །སྙིང་རྗེ་ཆེན་པོ་སྟོང་ཞེས་བྱ་བར་ བརྟག་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །འདོད་པའི་ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །གཟུགས་ཀྱི་ཁམས་སྟོང་ཞེས་བྱ་བར་ བརྟག་པར་བྱའོ། །གཟུགས་མེད་པའི་ཁམས་སྟོང་ཞེས་བྱ་བར་བརྟག་པར་བྱའོ། །དེའང་ཅི་ནས་ཀྱང་དེ་ལྟར་བརྟགས་ནས་སེམས་གཡེང་བར་མི་འགྱུར་བ་དེ་ལྟར་བརྟག་པར་བྱ་སྟེ། དེས་ [232A]༄༅། །སེམས་མི་གཡེང་བ་དང་ལྡན་པས་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་མངོན་དུ་མི་བྱེད་དོ། །དེ་ཅིའི་ཕྱིར་ ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་བསླབས་པས་ཚོས་གང་ལའང་རིས་སུ་ཆད་པར་ མི་བྱེད་དེ། གང་མངོན་དུ་བྱེད་པ་དང། གང་མངོན་དུ་བྱ་བ་དང། གང་གིས་མངོན་དུ་བྱ་བའི་ཆོས་དེ་དག་ཐམས་ཅད་ཡང་དག་པར་རྗེས་སུ་མ་མཐོང་ངོ། །རབ་འབྱོར་གྱིས་གསོལ་ པ༑ བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྟོང་པའི་ཆོས་རྣམས་མངོན་དུ་མི་བྱའོ་ཞེས་བཀའ་སྩལ་པ་དེ་ལ། བཅོམ་ལྡན་ འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་ལ་གནས་པ། སྟོང་པ་ཉིད་མངོན་དུ་མི་བགྱིད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པའི་མཆོག་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་ལ་རབ་ཏུ་རྟག་སྟེ། མངོན་དུ་མི་བྱེད་དོ། མངོན་དུ་བྱའོ་སྙམ་དུ་མི་ རྟོག་གོ་མངོན་དུ་བྱ་བ་ཡིན་ནོ་ཞེས་བྱ་བར་མི་རྟོག་སྟེ། ཡོངས་སུ་འདྲིས་པར་བྱ་བར་རྟོག་ཅིང། འདི་ནི་ཡོངས་སུ་འདྲིས་པར་བྱ་བའི་དུས་ཡིན་གྱི། འདི་ནི་མངོན་དུ་བྱ་བའི་དུས་མ་ [232B]བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མཉམ་པར་མ་བཞག་པ་ཉིད་དུ་སེམས་དམིགས་པ་ལ་འདོགས་ཏེ། དེས་བར་མ་དོར་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལས་ཡོངས་སུ་ཉམས་པར་མི་འགྱུར་ཏེ། ཟག་པ་ཟད་པའང་མངོན་དུ་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེ་ལྟ་བུའི་ཡེ་ཤེས་རླབས་པོ་ཆེ་དང་ལྡན་པ་སྟེ། འདི་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་གནས་ཤིང། འདི་ལྟར་འདི་ནི་ཡོངས་སུ་འདྲིས་པར་བྱ་ བའི་དུས་ཏེ། འདི་ནི་མངོན་དུ་བྱ་བའི་དུས་མ་ཡིན་ནོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ པ་དེས། འདི་ལྟར་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དུས་སོ་།འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུས་སོ། །འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དུས་སོ། །འདི་ནི་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུས་སོ། །འདི་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དུས་སོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུས་སོ། །འདི་ནི་དྲན་པ་ཉེ་བར་བཞག་པ་བསྒོམ་ པའི་དུས་སོ། །འདི་ནི་ཡང་དག་པར་སྤོང་བ་བསྒོམ་པའི་དུས་སོ་།འདི་ནི་རྫུ་འཕྲུལ་གྱི་རྐང་པ་བསྒོམ་པའི་དུས་སོ། །འདི་ནི་དབང་པོ་བསྒོམ་པའི་དུས་སོ། །འདི་ནི་སྟོབས་བསྒོམ་པའི་དུས་ [233A]༄༅། །སོ༑ ༑འདི་ནི་བྱང་ཆུབ་ཀྱི་ཡན་ལག་བསྒོམ་པའི་དུས་སོ་།འདི་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྒོམ་པའི་དུས་སོ། །འདི་ནི་རྣམ་པར་ཐར་པའི་ སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་བསྒོམ་པའི་དུས་སོ། །འདི་ནི་མངོན་པར་ཤེས་པ་ཐོབ་པར་བྱ་བའི་དུས་སོ། །འདི་ནི་ཏིང་ངེ་འཛིན་རྣམས་ཐོབ་པར་བྱ་ བའི་དུས་སོ། །འདི་ནི་གཟུངས་ཀྱི་སྒོ་རྣམས་ཐོབ་པར་བྱ་བའི་དུས་སོ། །འདི་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ཐོབ་པར་བྱ་བའི་དུས་སོ། །འདི་ནི་མི་འཇིགས་པ་བཞི་ཐོབ་པར་ བྱ་བའི་དུས་སོ། །འདི་ནི་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པར་བྱ་བའི་དུས་སོ། །འདི་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཐོབ་པར་བྱ་བའི་དུས་སོ། །འདི་ནི་བྱམས་པ་ཆེན་ པོ་ཐོབ་པར་བྱ་བའི་དུས་སོ། །འདི་ནི་སྙིང་རྗེ་ཆེན་པོ་ཐོབ་པར་བྱ་བའི་དུས་ཡིན་ཏེ། འདི་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་དུས་མ་ཡིན། འདི་ནི་ལན་ཅིག་ཕྱིར་ འོང་བའི་འབྲས་བུ་མངོན་དུ་བྱ་བའི་དུས་མ་ཡིན། འདི་ནི་ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་དུས་མ་ཡིན། འདི་ནི་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་དུས་མ་ཡིན་ འདི་ནི་རང་སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་བྱ་བའི་དུས་མ་ཡིན་ཏེ། འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱ་བ་ཡོངས་སུ་མི་བཏང་བའི་དུས་སོ་ཞེས་བྱ་བར་བརྟག་པར་ [233B] རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་བྱེད་ཅིང། སྟོང་པ་ཉིད་ ཀྱིས་རྣམ་པར་སྤྱོད་པ་ཡིན། མཚན་མ་མེད་པ་ལ་ཡོངས་སུ་འདྲིས་པར་བྱེད་ཅིང། མཚན་མ་མེད་པས་རྣམ་པར་སྤྱོད་པ་ཡིན། སྨོན་པ་མེད་པ་ལ་ཡོངས་སུ་འདྲིས་པར་བྱེད་ཅིང་ སྨོན་པ་མེད་པས་རྣམ་པར་སྤྱོད་པ་ཡིན། དྲན་པ་ཉེ་བར་བཞག་པ་རྣམས་ལ་བསྒོམ་ཞིང། དྲན་པ་ཉེ་བར་བཞག་པ་རྣམས་ཀྱིས་རྣམ་པར་སྤྱོད་པ་ཡིན། ཡང་དག་པར་སྤོང་བ་རྣམས་ ལ་བསྒོམ་ཞིང། ཡང་དག་པར་སྤོང་བ་རྣམས་ཀྱིས་རྣམ་པར་སྤྱོད་པ་ཡིན། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་བསྒོམ་ཞིང། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་རྣམ་པར་སྤྱོད་པ་ཡིན། དབང་ པོ་རྣམས་ལ་བསྒོམ་ཞིང། དབང་པོ་རྣམས་ཀྱིས་རྣམ་པར་སྤྱོད་པ་ཡིན། སྟོབས་རྣམས་ལ་བསྒོམ་ཞིང། སྟོབས་རྣམས་ཀྱིས་རྣམ་པར་སྤྱོད་པ་ཡིན། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ བསྒོམ་ཞིང། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་རྣམ་པར་སྤྱོད་པ་ཡིན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བསྒོམ་པ་ཡང་མངོན་པར་མི་བྱེད་པ་ཡིན། རབ་འབྱོར། དེ་ལྟར་ན་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡོངས་སུ་འདྲིས་པར་བྱེད་པ་ཡིན། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒོམ་པ་ཡིན། བྱང་ཆུབ་ [234A]༄༅། །ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱིས་རྣམ་པར་སྤྱོད་པ་ཡིན་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་མི་བྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་ མི་བྱེད་དོ། །ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་མི་བྱེད་དོ་དགྲ་བཅོམ་པ་ཉིད་མངོན་དུ་མི་བྱེད་དོ། །རང་བྱང་ཆུབ་མངོན་དུ་མི་བྱེད་དོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། སྐྱེས་བུ་ཞིག་ དཔའ་ཞིང་མཆོག་ཏུ་རྩལ་ཆེ་ལ་ཤིན་ཏུ་བརྟན་ཞིང་གཟུགས་མཛེས་ལ། བྱད་བཞིན་བཟང་ཞིང་བལྟ་ན་སྡུག་པ། ཁ་དོག་བཟང་པོ་མཆོག་ཏུ་རྒྱས་པ་དང་ལྡན་པ། འཕོང་རྩལ་མཆོག་ཏུ་བྱང་ བ༑ མཚོན་ཆ་སྲ་བ་ཐོགས་པ། སྒྱུ་རྩལ་དྲུག་ཅུ་རྩ་བཞི་པོ་ཐམས་ཅད་ཡོངས་སུ་རྫོགས་པ། བཟོའི་གནས་དང། ལས་ཀྱི་གནས་ཐམས་ཅད་རྟོགས་པར་རིག་པ། འགྲོ་བ་མང་པོའི་ཡིད་དུ་ འོང་ཞིང་བལྟ་ན་སྡུག་པ། བྱ་བ་གང་དང་གང་རྩོམ་ཡང་ཐམས་ཅད་དུ་རྙེད་པ་ཆེན་པོ་དང་ལྡན་ཏེ། རྙེད་པ་དེས་སྐྱེ་བོ་མང་པོ་ལ་རིམ་གྲོར་བྱེད། བཀུར་སྟིར་བྱེད། ཕུ་དུད་དུ་བྱེད་ མཆོད་པར་བྱེད། དེ་ཤིན་ཏུ་དགའ་ཞིང་སྤྲོ་བ་དང། ཉམས་དགའ་བ་དང། ཡིད་བདེ་བ་རྒྱ་ཆེན་པོ་དག་སྐྱེས་ནས་དགོས་པ་ཞིག་གི་ཕྱིར། ཕ་མ་དང། བུ་དང། ཆུང་མ་དག་ཁྲིད་དེ། འབྲོག་ དགོན་པ་བྱིས་པ་རྣམས་འཇིགས་ཤིང། སྐྱེ་གཡའ་བར་སོང་སྟེ། སྐྱེས་བུ་དེས་དེར་ཕྱིན་ནས། ཕ་མ་དང། བུ་དང། ཆུང་མ་ལ་མི་འཇིགས་པ་བྱིན་ཏེ། འཇིགས་པར་མ་བྱེད། མ་ [234B]བདག་གིས་ཁྱེད་འབྲོག་དགོན་པ་འཇིགས་ཤིང་ཉམས་མི་བདེ་བ་འདི་ལས་མྱུར་དུ་གདོན་ཅིང་མྱུར་དུ་ཐར་བར་བྱའོ་ཞེས་མི་འཇིགས་པ་བྱིན་ཏེ། འབྲོག་དགོན་པ་དེར་ སྐྱེས་བུ་དེ་ལ་གསོད་པའི་དགྲ་ཕྱིར་རྒོལ་བ་མང་པོ་ཉེ་བར་གནས་པར་གྱུར་ནས་སྐྱེས་བུ་དེའང་ཤེས་རབ་ཀྱི་མཐུ་དམ་པ་དང་ལྡན་པར་གྱུར་ཏེ། དེས་ཕ་མ་དང། བུ་དང། ཆུང་མ་དག་འབྲོག་ དགོན་པ་དེ་ནས་བཏོན་ཏེ། བདེ་ཞིང་ཉོན་མ་མོངས་པར་ཐར་པར་བྱས་ནས། ཕྱིར་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་ཀྱི་འདབས་སུ་མ་སྣད་མ་ཉམས་པར་ཕྱིན་ ནས༑ དགའ་ཞིང་ཡིད་བདེ་བ་སྐྱེས་ཏེ། དགྲ་ཕྱིར་རྒོལ་བའི་སེམས་ཅན་དེ་དག་ལའང་སེམས་ཀྱིས་སྡང་བར་མི་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དེས་སྒྱུ་རྩལ་ཐམས་ཅད་ལ་བྱང་ བར་བྱས་པས། དེས་འབྲོག་དགོན་པ་དེར་ཕྱིར་རྒོལ་བ་དེ་དག་པས་ཕྱིར་རྒོལ་བ་གཞན་ཆེས་ཕལ་ཆེ་བ། ཆེས་མང་བ། ཆེས་དཔའ་བ་ཆེས་མཚོན་སྲ་བ་དང་ལྡན་པ་དག་སྤྲུལ་ཏེ། ཕྱིར་ རྒོལ་བ་དེ་དག་ཐམས་ཅད་འཇིགས་པ་དེ་མེད་པར་གྱུར་ནས། སྐྱེས་བུ་དེས་ཕ་མ་དང། བུ་དང། ཆུང་མ་དེ་དག་ཉོན་མ་མོངས་པར་ཐར་བར་བྱས་ནས། བདེ་བར་རྣམ་པར་སྤྱོད་པ་ ཞིག་ཡོད་ན། རབ་འབྱོར། དེ་བཞིན་དུ་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ཅད་ལ་བྱམས་པར་དམིགས་པའི་སེམས་དང། སྙིང་རྗེར་དམིགས་ [235A]༄༅། །པའི་སེམས་དང། དགའ་བར་དམིགས་བའི་སེམས་དང། བཏང་སྙོམས་སུ་དམིགས་པའི་སེམས་ཀྱིས་ཁྱབ་པར་བྱས་ནས་གནས་ཏེ། དེའི་སྐབས་སུ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚད་མེད་པ་བཞི་ལ་གནས་ཤིང་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་དོ། །ཡོངས་སུ་རྫོགས་པར་བྱས་ནས་ཟག་པ་ཟད་པ་ མ་ཐོབ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་འདྲིས་པར་བྱེད་དོ། །རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་གནས་ཤིང་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡོངས་སུ་འདྲིས་པར་བྱེད་དེ་དེའི་སྐབས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཚན་མ་ལའང་རྣམ་པར་མི་སྤྱོད། མཚན་མ་མེད་ པའི་ཏིང་ངེ་འཛིན་གང་མངོན་དུ་བྱས་པས། ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་དེ་ལྟ་བུའང་མངོན་དུ་མི་བྱེད་དོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ ན༑ འདབ་ཆགས་བྱ་ནི་བར་སྣང་ལ་རྒྱུ་ཞིང་ས་ལ་མི་ལྟུང་སྟེ་ནམ་མཁའ་བར་སྣང་ལ་གནས་ཀྱང་དེ་ལ་གནས་པ་མེད་དོ། །རབ་འབྱོར། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའང་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་བྱེད་ཅིང་སྟོང་པ་ཉིད་ལའང་རྣམ་པར་སྤྱོད། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་ཡོངས་སུ་འདྲིས་པར་བྱེད་ཅིང་ [235B] སྨོན་པ་མེད་པ་ལའང་རྣམ་པར་སྤྱོད་དེ། སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་གང་མངོན་དུ་བྱ་བས་དེ་བཞིན་གཤེགས་པའི་སྟོབས་བཅུ་ དང༑ མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང་བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་མ་རྫོགས་ པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་བའང་མངོན་དུ་མི་བྱེད་དེ། སངས་རྒྱས་ཀྱི་ཆོས་ཚད་མེད་པ་དག་ལ་སྤྱད་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཐོབ་པར་བྱེད་དོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། སྐྱེས་བུ་མཐུ་དང་ལྡན་པ་འཕོང་རྩལ་གྱི་སློབ་དཔོན་དུ་གྱུར་པ། འཕོང་རྩལ་བསླབ་པ་ལ་ཤིན་ཏུ་བྱང་བ་ཞིག་ཡོད་ལ། དེས་མདའ་ ཞིག་གནམ་དུ་འཕངས་ཏེ། མདའ་དེ་གནམ་དུ་འཕངས་ནས་མདའ་གཞན་ཞིག་གཅིག་ནས་གཅིག་ཏུ་བརྒྱུད་དུ་འཕངས་པས། མདའ་སྔ་མ་དེ་ས་ལ་ལྟུང་དུ་མ་བཅུག་སྟེ། ཇི་སྲིད་དུ་སྐྱེས་ བུ་དེས་ད་ནི་མངལ་འདི་ས་ལ་ལྟུང་བར་བྱའོ་སྙམ་དུ་འདོད་པར་མ་བྱས་པ་དེ་སྲིད་དུ་མདའ་དེ་ས་ལ་མི་ལྟུང་སྟེ། ནམ་མདའ་ཕྱི་མ་མ་འཕངས་པ་དེའི་ཚེ། མདའ་གཅིག་ནས་གཅིག་ཏུ་ བརྒྱུད་པ་དེ་དག་ས་ལ་ལྡོག་གོ་རབ་འབྱོར། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པས་ཡོངས་སུ་བཟུང་ [236A]༄༅། །བའང་ཇི་སྲིད་དུ་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་མ་གྱུར་པ་དེ་སྲིད་དུ་ཡང་དག་པའི་མཐའ་དམ་པ་ མངོན་དུ་མི་བྱེད་དོ། །ནམ་དགེ་བའི་རྩ་བ་དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་འགྱུར་བ་དེ་ན། ཡང་དག་པའི་མཐའ་དམ་པ་མངོན་དུ་བྱེད་དོ། ། རབ་འབྱོར། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། ཆོས་དེ་དག་གི་ཆོས་ཉིད་དེ་ལྟར་ཡོངས་སུ་བརྟག་པར་བྱའོ། །གསོལ་པ་ བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་ཉིད་འདི་ལ་སློབ་པ། ཡང་དག་པའི་མཐའ་ལ་སློབ་པ། དེ་བཞིན་ཉིད་ལ་སློབ་པ། ཆོས་ཀྱི་དབྱིངས་ལ་ སློབ་པ། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སློབ་པ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་སློབ་པ། དོར་བ་མེད་པ་སྟོང་པ་ཉིད་ལ་སློབ་པ། རང་བཞིན་སྟོང་པ་ཉིད་ལ་སློབ་པ་ ཆོས་ཐམས་ཅད་སྟོང་པ་ཉིད་ལ་སློབ་པ། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སློབ་པ། རྣམ་པར་ཐར་པའི་སྒོ་གསུམ་ལ་སློབ་ཅིང། བར་མདོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ལས་ཉམས་པར་མི་འགྱུར་བ་ནི་དཀའ་བ་བགྱིད་པ་སྟེ་བཅོམ་ལྡན་འདས། ངོ་མཚར་ཆེའོ། །བདེ་བར་གཤེགས་པ། ཤིན་ཏུ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་ [236B] རབ་འབྱོར། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བའི་ཕྱིར་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་གང་གིས་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་བ་དེ་དག་གི་སྨོན་ལམ་གྱི་ཁྱད་པར་ནི་རྣམ་པ་དེ་ལྟ་བུར་འགྱུར་རོ་།རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གང་སེམས་ཅན་ཐམས་ཅད་ནི་བདག་གིས་ཡོངས་སུ་མ་བཏང་སྟེ། དམ་པ་མ་ཡིན་པའི་ཆོས་ལ་གནས་པ་འདི་དག་ནི་བདག་གིས་ཡོངས་སུ་དགྲོལ་བར་བྱའོ་ཞེས་དེ་ལྟ་བུའི་ སེམས་མངོན་པར་སྒྲུབ་ཅིང། ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་དང་ལྡན་པར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་པར་བསྒྲུབ་པ་ དང༑ རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་ཏིང་ངེ་འཛིན་མངོན་པར་བསྒྲུབ་པ་དང། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའི་ཏིང་ངེ་འཛིན་མངོན་པར་སྒྲུབ་པ་དེའི་ཚེ། ཇི་སྲིད་དུ་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་ཀྱི་བར་དུ་བར་མ་དོར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་གང་གི་ཚེ། འདི་ལྟ་སྟེ། ནང་སྟོང་པ་ཉིད་དང། ཕྱི་སྟོང་པ་ཉིད་དང། ཕྱི་ནང་སྟོང་པ་ཉིད་དང། སྟོང་པ་ཉིད་སྟོང་པ་ཉིད་དང། ཆེན་པོ་སྟོང་པ་ཉིད་དང། དོན་དམ་པ་སྟོང་པ་ཉིད་ [237A]༄༅། །དང༑ འདུས་བྱས་སྟོང་པ་ཉིད་དང། འདུས་མ་བྱས་སྟོང་པ་ཉིད་དང། མཐའ་ལས་འདས་པ་སྟོང་པ་ཉིད་དང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང། དོར་ བ་མེད་པ་སྟོང་པ་ཉིད་དང། རང་བཞིན་སྟོང་པ་ཉིད་དང། ཆོས་ཐམས་ཅད་སྟོང་པ་ཉིད་དང། རང་གི་མཚན་ཉིད་སྟོང་པ་ཉིད་དང། མི་དམིགས་པ་སྟོང་པ་ཉིད་དང། དངོས་པོ་མེད་ པ་སྟོང་པ་ཉིད་དང། ངོ་བོ་ཉིད་སྟོང་པ་ཉིད་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང། དྲན་པ་ཉེ་བར་བཞག་པ་བཞི་དང། ཡང་དག་པར་སྤོང་བ་བཞི་དང། རྫུ་འཕྲུལ་གྱི་རྐང་ པ་བཞི་དང། དབང་པོ་ལྔ་དང། སྟོབས་ལྔ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང། རྣམ་པར་ཐར་པའི་སྒོ་གསུམ་དང། གནས་ཟབ་ མོ་དེ་དག་ལ་བརྟག་པར་འདོད་པར་གྱུར་ན། དེས་འདི་ལྟར་འདི་སྙམ་དུ་སེམས་ཅན་འདི་དག་ནི། ཡུན་རིང་པོ་ཞིག་ནས་བདག་ཏུ་འདུ་ཤེས་པ་དང། སེམས་ཅན་དུ་འདུ་ཤེས་པ་དང་ སྲོག་ཏུ་འདུ་ཤེས་པ་དང། འགྲོ་བར་འདུ་ཤེས་པ་དང། གསོ་བར་འདུ་ཤེས་པ་དང། སྐྱེས་བུར་འདུ་ཤེས་པ་དང། གང་ཟག་ཏུ་འདུ་ཤེས་པ་དང། ཤེད་ཅན་དུ་འདུ་ཤེས་པ་དང་ ཤེད་བདག་ཏུ་འདུ་ཤེས་པ་དང། བྱེད་པ་པོར་འདུ་ཤེས་པ་དང། ཚོར་བ་པོར་འདུ་ཤེས་པ་དང། ཤེས་པ་བོར་འདུ་ཤེས་པ་དང། མཐོང་བ་པོར་འདུ་ཤེས་པས་དམིགས་པ་ལ་ [237B]ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་བསྟན་པར་བྱའོ་སྙམ་དུ་སེམས་མངོན་པར་སྒྲུབ་ པར་བྱའོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ ཀྱང་ཡང་དག་པའི་མཐའ་གང་མངོན་དུ་བྱས་པས། རྒྱུན་དུ་ཞུགས་པའི་འབྲས་བུ་འཐོབ་པ་དང། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འཐོབ་པ་དང། ཕྱིར་མི་འོང་བའི་འབྲས་བུ་འཐོབ་པ་ དང༑ དགྲ་བཅོམ་པ་ཉིད་འཐོབ་པ་དང། རང་བྱང་ཆུབ་འཐོབ་པར་འགྱུར་བ་མངོན་དུ་མི་བྱེད་དོ། །རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་པ་དེ་དག་ དང༑ དགེ་བའི་རྩ་བ་དེ་དག་དང། ཐབས་མཁས་པ་དང་ལྡན་པ་ནི་བར་མ་དོར་ཡང་དག་པའི་མཐའ་ཡད་མངོན་དུ་མི་བྱེད་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་ཡོངས་སུ་འགྲིབ་པར་མི་འགྱུར་ རོ༑ ༑ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའང་ ཡོངས་སུ་འགྲིབ་པར་མི་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །ནང་ [238A]༄༅། །སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མི་འགྱུར་རོ་།ཕྱི་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མི་ འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་ པར་མི་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་ ཀྱང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །དོར་བ་མེད་པ་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། ། རང་བཞིན་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མི་འགྱུར་རོ་།ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་ པར་མི་འགྱུར་རོ། །མི་དམིགས་པ་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །དངོས་པོ་མེད་པ་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ ཡོངས་སུ་འགྲིབ་པར་མི་འགྱུར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །དྲན་པ་ཉེ་བར་བཞག་པ་བྮིའང་ཡོངས་སུ་འགྲིབ་པར་མི་འགྱུར་ [238B] ༑ཡང་དག་པར་སྤོང་བ་བཞི་འང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །རྫུ་འཕྲུལ་གྱི་རྐང་པ་བྮིའང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །དབང་པོ་ལྔའང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། ། སྟོབས་ལྔའང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཀྱང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པའང་ཡོངས་སུ་འགྲིབ་པར་ མི་འགྱུར་རོ། །འཕགས་པའི་བདེན་པ་བྮིའང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །བསམ་གཏན་བྮིའང་ཡོངས་སུ་འགྲིབ་པར་མི་འགྱུར་རོ་།ཚད་མེད་པ་བྮིའང་ཡོངས་སུ་འགྲིབ་པར་ མི་འགྱུར་རོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བྮིའང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །རྣམ་པར་ཐར་པ་བརྒྱད་ཀྱང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །མཐར་གྱིས་གནས་ པའི་སྙོམས་པར་འཇུག་པ་དྒུའང་ཡོངས་སུ་འགྲིབ་པར་མི་འགྱུར་རོ་།རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང་སྨོན་པ་མེད་པའང་ཡོངས་སུ་འགྲིབ་པར་མི་འགྱུར་ རོ༑ ༑མངོན་པར་ཤེས་པའང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །ཏིང་ངེ་འཛིན་ཡང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །གཟུངས་ཀྱི་སྒོའང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །དེ་བཞིན་ གཤེགས་པའི་སྟོབས་བྕུའང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །མི་འཇིགས་པ་བྮིའང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་བྮིའང་ཡོངས་སུ་འགྲིབ་ [239A]༄༅། །པར་མི་འགྱུར་རོ། །བྱམས་པ་ཆེན་པོའང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །སྙིང་རྗེ་ཆེན་པོའང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་ མ་འདྲེས་པ་བཅོ་བརྒྱད་ཀྱང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །རབ་འབྱོར། དེ་ལྟར་ན་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་ཚེ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་ལྡན་པ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་སངས་རྒྱས་ཀྱི་བར་དུ་ཡོངས་སུ་འགྲིབ་པར་མི་འགྱུར་ཏེ། ཐབས་མཁས་པས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དགེ་བའི་ཆོས་རྣམས་ཀྱིས་ རྣམ་པར་འཕེལ་ཞིང་དེའི་དབང་པོ་རྣམས་ཀྱང་ཆེས་རྣོ་བར་འགྱུར་ཏེ། ཉན་ཐོས་དང། རང་སངས་རྒྱས་ཀྱི་ལྟ་བུ་མ་ཡིན་པར་འགྱུར་རོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་སྟེ། སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་ཕྱིན་ཅི་ལོག་བཞི་ལ་སྤྱོད་སྤྱོད་པ། རྟག་པར་འདུ་ཤེས་པ་དང། བདེ་བར་འདུ་ཤེས་པ་དང་ བདག་ཏུ་འདུ་ཤེས་པ་དང། སྡུག་པར་འདུ་ཤེས་པ་ལ་སྤྱོད་སྤྱོད་པ་ཡིན་གྱིས། དེ་དག་གི་ཕྱིར་བྱང་ཆུབ་ཏུ་སྤྱད་པར་བྱའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་ [239B]བའམ། བདེ་ཞེས་བྱ་བའམ། བདག་ཅེས་བྱ་བའམ། སྡུག་ཅེས་བྱ་བའི་ཡོངས་སུ་རྒྱུ་བ་མེད་པར་ཆོས་བསྟན་པར་བྱའོ་སྙམ་སྟེ་ སེམས་བསྐྱེད་པ་དེ་ལྟ་བུ་དག་དང་ལྡན་པར་ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་མ་རྫོགས། མི་འཇིགས་པ་ བཞི་ཡོངས་སུ་མ་རྫོགས། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་མ་རྫོགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་མ་རྫོགས། བྱམས་པ་ཆེན་པོ་ཡོངས་སུ་མ་རྫོགས་ སྙིང་རྗེ་ཆེན་པོ་ཡོངས་སུ་མ་རྫོགས་པར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་དོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་ པ་དང། སྨོན་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ཡང་དག་པའི་མཐའ་ མངོན་དུ་མི་བྱེད་དོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་དམིགས་པ་ལ་སྤྱོད་སྤྱོད་པ་སྟེ། བདག་ ཅེས་བྱ་བའམ། སེམས་ཅན་ཞེས་བྱ་བའམ། སྲོག་ཅེས་བྱ་བའམ། འགྲོ་བ་ཞེས་བྱ་བའམ། གསོ་བ་ཞེས་བྱ་བའམ། སྐྱེས་བུ་ཞེས་བྱ་བའམ། གང་ཟག་ཅེས་བྱ་བའམ། ཤེད་ཅན་ཞེས་ [240A]༄༅། །བྱ་བའམ། ཤེས་བདག་ཅེས་བྱ་བའམ། བྱེད་པ་པོ་ཞེས་བྱ་བའམ། ཚོར་བ་པོ་ཞེས་བྱ་བའམ། ཤེས་པ་པོ་ཞེས་བྱ་བའམ་མཐོང་བ་པོ་ཞེས་བྱ་བའམ། གཟུགས་ ཞེས་བྱ་བ་འམ། ཚོར་བ་ཞེས་བྱ་བ་འམ། འདུ་ཤེས་ཞེས་བྱ་བའམ། འདུ་བྱེད་ཅེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བའམ་ཕུང་པོ་ཞེས་བྱ་བའམ། ཁམས་ཞེས་བྱ་བའམ། སྐྱེ་ མཆེད་ཅེས་བྱ་བའམ། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བའམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའམ། བཟོད་པའི་ ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ བྱ་བའམ། ནང་སྟོང་པ་ཉིད་ཅེས་བྱ་བའམ། ཕྱི་སྟོང་པ་ཉིད་ཅེས་བྱ་བའམ། ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བའམ། སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བའམ། ཆེན་པོ་སྟོང་པ་ཉིད་ཅེས་བྱ་ བའམ། དོན་དམ་པ་སྟོང་པ་ཉིད་ཅེས་བྱ་བའམ། འདུས་བྱས་སྟོང་པ་ཉིད་ཅེས་བྱ་བའམ། འདུས་མ་བྱས་སྟོང་པ་ཉིད་ཅེས་བྱ་བའམ་མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱ་བའམ་ ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་བྱ་བའམ། དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱ་བའམ། རང་བཞིན་སྟོང་པ་ཉིད་ཅེས་བྱ་བའམ། ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བའམ་ [240B] མི་དམིགས་པ་སྟོང་པ་ཉིད་ཅེས་བྱ་བའམ། དངོས་པོ་མེད་པ་སྟོང་པ་ཉིད་ཅེས་བྱ་བའམ། ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བའམ། དངོས་པོ་མེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་ཅེས་བྱ་བ་འམ། དྲན་པ་ཉེ་བར་བཞག་པ་རྣམས་ཞེས་བྱ་བའམ། ཡང་དག་པར་སྤོང་བ་རྣམས་ཞེས་བྱ་བའམ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཞེས་བྱ་བའམ། དབང་པོ་རྣམས་ཞེས་ བྱ་བའམ། སྟོབས་རྣམས་ཞེས་བྱ་བའམ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཞེས་བྱ་བའམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་བའམ། འཕགས་པའི་བདེན་པ་རྣམས་ ཞེས་བྱ་བའམ། བསམ་གཏན་རྣམས་ཞེས་བྱ་བ་འམ། ཚད་མེད་པ་རྣམས་ཞེས་བྱ་བའམ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཞེས་བྱ་བའམ། རྣམ་པར་ཐར་པ་རྣམས་ ཞེས་བྱ་བ་འམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཞེས་བྱ་བ་འམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ཞེས་བྱ་བའམ་ མངོན་པར་ཤེས་པ་རྣམས་ཞེས་བྱ་བའམ། ཏིང་ངེ་འཛིན་རྣམས་ཞེས་བྱ་བ་འམ། གཟུངས་ཀྱི་སྒོ་རྣམས་ཞེས་བྱ་བའམ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཞེས་བྱ་བའམ། མི་ འཇིགས་པ་རྣམས་ཞེས་བྱ་བའམ། སོ་སོ་ཡང་དག་པར་རིག་པ་རྣམས་ཞེས་བྱ་བ་འམ། བྱམས་པ་ཆེན་པོ་ཞེས་བྱ་བ་འམ། སྙིང་རྗེ་ཆེན་པོ་ཞེས་བྱ་བའམ། སངས་རྒྱས་ཀྱི་ཆོས་མ་ [241A]༄༅། །འདྲེས་པ་རྣམས་ཞེས་བྱ་བར་དམིགས་པ་ལ་སྤྱོད་པ་ཡིན་གྱི། དེ་ལ་བདག་གིས་ཅི་ནས་ཀྱང་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་དམིགས་པའི་ཉེས་པ་དེ་དག་མེད་པར་བྱའོ་སྙམ་སྟེ། དེ་སེམས་བསྐྱེད་པ་དེ་ལྟ་བུ་དག་དང་ལྡན་ལ། ཐབས་མཁས་ པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་མ་རྫོགས། མི་འཇིགས་པ་བཞི་ཡོངས་སུ་མ་རྫོགས། སོ་སོ་ཡང་དག་པར་རིག་པ་ བཞི་ཡོངས་སུ་མ་རྫོགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་མ་རྫོགས། བྱམས་པ་ཆེན་པོ་ཡོངས་སུ་མ་རྫོགས་སྙིང་རྗེ་ཆེན་པོ་ཡོངས་སུ་མ་རྫོགས་ པར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་དེ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་ པའི་ཏིང་ངེ་འཛིན་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ པའི་ཚེ། འདི་སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་མཚན་མ་ལ་སྤྱོད་སྤྱོད་པ་སྟེ། བུད་མེད་ཀྱི་མཚན་མའམ། སྐྱེས་པའི་མཚན་མའམ། གཟུགས་ཀྱི་མཚན་ [241B] ཚོར་བའི་མཚན་མའམ། འདུ་ཤེས་ཀྱི་མཚན་མའམ། འདུ་བྱེད་ཀྱི་མཚན་མའམ། རྣམ་པར་ཤེས་པའི་མཚན་མའམ། མིག་གི་མཚན་མའམ། རྣ་བའི་མཚན་མའམ་ སྣའི་མཚན་མའམ། ལྕེའི་མཚན་མ་འམ། ལུས་ཀྱི་མཚན་མའམ། ཡིད་ཀྱི་མཚན་མའམ། གཟུགས་ཀྱི་མཚན་མའམ། སྒྲའི་མཚན་མའམ། དྲིའི་མཚན་མའམ། རོའི་མཚན་ མའམ། རེག་གི་མཚན་མའམ། ཆོས་མཚན་མའམ། མིག་གི་རྣམ་པར་ཤེས་པའི་མཚན་མའམ། རྣ་བའི་རྣམ་པར་ཤེས་པའི་མཚན་མའམ། སྣའི་རྣམ་པར་ཤེས་པའི་མཚན་ མའམ། ལྕེའི་རྣམ་པར་ཤེས་པའི་མཚན་མའམ། ལུས་ཀྱི་རྣམ་པར་ཤེས་པའི་མཚན་མའམ། ཡིད་ཀྱི་རྣམ་པར་ཤེས་པའི་མཚན་མའམ་མིག་གི་འདུས་ཏེ་རེག་པའི་མཚན་ མའམ། རྣ་བའི་འདུས་ཏེ་རེག་པའི་མཚན་མའམ། སྣའི་འདུས་ཏེ་རེག་པའི་མཚན་མའམ། ལྕེའི་འདུས་ཏེ་རེག་པའི་མཚན་མའམ། ལུས་ཀྱི་འདུས་ཏེ་རེག་པའི་མཚན་མའམ་ ཡིད་ཀྱི་འདུས་ཏེ་རེག་པའི་མཚན་མ་འམ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མཚན་མའམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མཚན་མའམ། སྣའི་འདུས་ ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མཚན་མའམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མཚན་མའམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མཚན་མའམ། ཡིད་ [242A]༄༅། །ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་མཚན་མའམ་སའི་ཁམས་ཀྱི་མཚན་མའམ། ཆུའི་ཁམས་ཀྱི་མཚན་མའམ། མེའི་ཁམས་ཀྱི་མཚན་མ་འམ་ རླུང་གི་ཁམས་ཀྱི་མཚན་མའམ། ནམ་མཁའི་ཁམས་ཀྱི་མཚན་མའམ་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་མའམ། མ་རིག་པའི་མཚན་མའམ། འདུ་བྱེད་ཀྱི་མཚན་ མའམ། རྣམ་པར་ཤེས་པའི་མཚན་མའམ། མིང་དང་གཟུགས་ཀྱི་མཚན་མའམ། སྐྱེ་མཆེད་དྲུག་གི་མཚན་མའམ། རེག་པའི་མཚན་མའམ། ཚོར་བའི་མཚན་མའམ་ སྲེད་པའི་མཚན་མའམ། ལེན་པའི་མཚན་མའམ། སྲིད་པའི་མཚན་མའམ། སྐྱེ་བའི་མཚན་མའམ། རྒ་ཤིའི་མཚན་མའམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་མའམ་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་མའམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་མའམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་མ་འམ། བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པའི་མཚན་མའམ༑ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་མའམ། ནང་སྟོང་པ་ཉིད་ཀྱི་མཚན་མའམ། ཕྱི་སྟོང་པ་ཉིད་ཀྱི་མཚན་མའམ། ཕྱི་ནང་སྟོང་པ་ཉིད་ཀྱི་མཚན་ མའམ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་མཚན་མའམ། ཆེན་པོ་སྟོང་པ་ཉིད་ཀྱི་མཚན་མའམ། དོན་དམ་པ་སྟོང་པ་ཉིད་ཀྱི་མཚན་མའམ། འདུས་བྱས་སྟོང་པ་ཉིད་ཀྱི་མཚན་མའམ་ [242B] མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་མཚན་མའམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་མཚན་མའམ། དོར་བ་མེད་པ་སྟོང་པ་ཉིད་ ཀྱི་མཚན་མའམ། རང་བཞིན་སྟོང་པ་ཉིད་ཀྱི་མཚན་མའམ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མཚན་མའམ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་མཚན་མའམ། མི་དམིགས་པ་ སྟོང་པ་ཉིད་ཀྱི་མཚན་མའམ། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་མཚན་མའམ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཚན་མའམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་མཚན་མའམ་ དྲན་པ་ཉེ་བར་བཞག་པའི་མཚན་མའམ། ཡང་དག་པར་སྤོང་བའི་མཚན་མའམ། རྫུ་འཕྲུལ་གྱི་རྐང་པའི་མཚན་མའམ། དབང་པོའི་མཚན་མའམ། སྟོབས་ཀྱི་མཚན་མའམ་ བྱང་ཆུབ་ཀྱི་ཡན་ལག་གི་མཚན་མའམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མཚན་མའམ། འཕགས་པའི་བདེན་པའི་མཚན་མའམ། བསམ་གཏན་གྱི་མཚན་མའམ་ ཚད་མེད་པའི་མཚན་མའམ། གཟུགས་མེད་པའི་སྙོམས་པར་འཇུག་པའི་མཚན་མའམ། རྣམ་པར་ཐར་པའི་མཚན་མའམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་ པའི་མཚན་མའམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པའི་མཚན་མའམ། མངོན་པར་ཤེས་པའི་མཚན་མའམ། ཏིང་ངེ་འཛིན་གྱི་ [243A]༄༅། །མཚན་མའམ། གཟུངས་ཀྱི་སྒོའི་མཚན་མའམ། དེ་བཞིན་གཤེགས་པའི་སྟོབས་ཀྱི་མཚན་མའམ། མི་འཇིགས་པའི་མཚན་མའམ། སོ་སོ་ཡང་དག་པར་རིག་ པའི་མཚན་མ་འམ། བྱམས་པ་ཆེན་པོའི་མཚན་མའམ། སྙིང་རྗེ་ཆེན་པོའི་མཚན་མའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་མཚན་མའམ། རྒྱུན་དུ་ཞུགས་པའི་འབྲས་བུའི་ མཚན་མའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་མཚན་མའམ་ཕྱིར་མི་འོང་བའི་འབྲས་བུའི་མཚན་མ་འམ། དགྲ་བཅོམ་པ་ཉིད་ཀྱི་མཚན་མའམ། རང་བྱང་ཆུབ་ཀྱི་ མཚན་མའམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་མཚན་མའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་མ་ལ་སྤྱོད་སྤྱོད་པ་ཡིན་གྱི། དེ་ལ་བདག་གིས་ཅི་ནས་ཀྱང་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས། སེམས་ཅན་རྣམས་ཀྱི་ཉེས་པ་དེ་དག་མེད་པར་བྱའོ་སྙམ་སྟེ། དེ་སེམས་བསྐྱེད་པ་དེ་ལྟ་བུ་དང་ལྡན་ པ༑ ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་མ་རྫོགས། མི་འཇིགས་པ་བཞི་ཡོངས་སུ་མ་རྫོགས། སོ་ སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་མ་རྫོགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་མ་རྫོགས། བྱམས་པ་ཆེན་པོ་ཡོངས་སུ་མ་རྫོགས། སྙིང་རྗེ་ཆེན་པོ་ཡོངས་ [243B]དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་ པའི་ཏིང་ངེ་འཛིན་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ སྙམ་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་སྨོན་ལམ་ལ་སྤྱོད་སྤྱོད་པ་སྟེ། འདི་ལྟར་བརྒྱ་བྱིན་དང། ཚངས་པ་དང། འཇིག་རྟེན་སྐྱོང་བ་དང། འཁོར་ལོས་སྒྱུར་བ་ལ་མངོན་པར་དགའོ། ། གཟུགས་ལ་མངོན་པར་དགའོ། །ཚོར་བ་ལ་མངོན་པར་དགའོ། །འདུ་ཤེས་ལ་མངོན་པར་དགའོ། །འདུ་བྱེད་ལ་མངོན་པར་དགའོ། །རྣམ་པར་ཤེས་པ་ལ་མངོན་པར་དགའོ། །མིག་ལ་ མངོན་པར་དགའོ། །རྣ་བ་ལ་མངོན་པར་དགའོ། །སྣ་ལ་མངོན་པར་དགའོ། །ལྕེ་ལ་མངོན་པར་དགའོ། །ལུས་ལ་མངོན་པར་དགའོ། །ཡིད་ལ་མངོན་པར་དགའོ། །གཟུགས་ལ་མངོན་པར་ དགའོ། །སྒྲ་ལ་མངོན་པར་དགའོ། །དྲི་ལ་མངོན་པར་དགའོ། །རོ་ལ་མངོན་པར་དགའོ། །རེག་ལ་མངོན་པར་དགའོ། །ཆོས་ལ་མངོན་པར་དགའོ། །མིག་གི་རྣམ་པར་ཤེས་པ་ལ་མངོན་ པར་དགའོ། །རྣ་བའི་རྣམ་པར་ཤེས་པ་ལ་མངོན་པར་དགའོ། །སྣའི་རྣམ་པར་ཤེས་པ་ལ་མངོན་པར་དགའོ། །ལྕེའི་རྣམ་པར་ཤེས་པ་ལ་མངོན་པར་དགའོ། །ལུས་ཀྱི་རྣམ་པར་ཤེས་ [244A]༄༅། །པ་ལ་མངོན་པར་དགའོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་མངོན་པར་དགའོ། །མིག་གི་འདུས་ཏེ་རེག་པ་ལ་མངོན་པར་དགའོ། །རྣ་བའི་འདུས་ཏེ་རེག་པ་ལ་ མངོན་པར་དགའོ། །སྣའི་འདུས་ཏེ་རེག་པ་ལ་མངོན་པར་དགའོ། །ལྕེའི་འདུས་ཏེ་རེག་པ་ལ་མངོན་པར་དགའོ། །ལུས་ཀྱི་འདུས་ཏེ་རེག་པ་ལ་མངོན་པར་དགའོ། །ཡིད་ཀྱི་འདུས་ཏེ་རེག་ པ་ལ་མངོན་པར་དགའོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་མངོན་པར་དགའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་མངོན་པར་དགའོ། །སྣའི་འདུས་ཏེ་རེག་ པའི་རྐྱེན་གྱིས་ཚོར་བ་ལ་མངོན་པར་དགའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་མངོན་པར་དགའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་མངོན་པར་དགའོ། །ཡིད་ ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་མངོན་པར་དགའོ། །སའི་ཁམས་ལ་མངོན་པར་དགའོ། །ཆུའི་ཁམས་ལ་མངོན་པར་དགའོ། །མེའི་ཁམས་ལ་མངོན་པར་དགའོ། །རླུང་གི་ ཁམས་ལ་མངོན་པར་དགའོ། །ནམ་མཁའི་ཁམས་ལ་མངོན་པར་དགའོ་།རྣམ་པར་ཤེས་པའི་ཁམས་ལ་མངོན་པར་དགའོ། །མ་རིག་པ་ལ་མངོན་པར་དགའོ། །འདུ་བྱེད་ལ་མངོན་ པར་དགའོ། །རྣམ་པར་ཤེས་པ་ལ་མངོན་པར་དགའོ། །མིང་དང་གཟུགས་ལ་མངོན་པར་དགའོ། །སྐྱེ་མཆེད་དྲུག་ལ་མངོན་པར་དགའོ། །རེག་པ་ལ་མངོན་པར་དགའོ། །ཚོར་བ་ལ་ [244B] །སྲེད་པ་ལ་མངོན་པར་དགའོ། །ལེན་པ་ལ་མངོན་པར་དགའོ། །སྲིད་པ་ལ་མངོན་པར་དགའོ། །སྐྱེ་བ་ལ་མངོན་པར་དགའོ། །རྒ་ཤི་ལ་མངོན་པར་དགའོ། །སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་དགའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་དགའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་དགའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་མངོན་པར་དགའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་དགའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་དགའོ། །ནང་སྟོང་པ་ཉིད་ལ་མངོན་པར་དགའོ། །ཕྱི་ སྟོང་པ་ཉིད་ལ་མངོན་པར་དགའོ། །ཕྱི་ནང་སྟོང་པ་ཉིད་ལ་མངོན་པར་དགའོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་མངོན་པར་དགའོ་།ཆེན་པོ་སྟོང་པ་ཉིད་ལ་མངོན་པར་དགའོ། །དོན་དམ་པ་སྟོང་ པ་ཉིད་ལ་མངོན་པར་དགའོ། །འདུས་བྱས་སྟོང་པ་ཉིད་ལ་མངོན་པར་དགའོ། །འདུས་མ་བྱས་སྟོང་པ་ཉིད་ལ་མངོན་པར་དགའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་མངོན་པར་དགའོ། ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་མངོན་པར་དགའོ། །དོར་བ་མེད་པ་སྟོང་པ་ཉིད་ལ་མངོན་པར་དགའོ། །རང་བཞིན་སྟོང་པ་ཉིད་ལ་མངོན་པར་དགའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ ལ་མངོན་པར་དགའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་མངོན་པར་དགའོ། །མི་དམིགས་པ་སྟོང་པ་ཉིད་ལ་མངོན་པར་དགའོ། །དངོས་པོ་མེད་པ་སྟོང་པ་ཉིད་ལ་མངོན་པར་དགའོ། །ངོ་བོ་ [245A]༄༅། །ཉིད་སྟོང་པ་ཉིད་ལ་མངོན་པར་དགའོ།། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མངོན་པར་དགའོ། །དྲན་པ་ཉེ་བར་བཞག་པ་རྣམས་ལ་མངོན་པར་དགའོ། །ཡང་དག་ པར་སྤོང་བ་རྣམས་ལ་མངོན་པར་དགའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མངོན་པར་དགའོ། །དབང་པོ་རྣམས་ལ་མངོན་པར་དགའོ་།སྟོབས་རྣམས་ལ་མངོན་པར་དགའོ། །བྱང་ཆུབ་ ཀྱི་ཡན་ལག་རྣམས་ལ་མངོན་པར་དགའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མངོན་པར་དགའོ། །འཕགས་པའི་བདེན་པ་རྣམས་ལ་མངོན་པར་དགའོ། །བསམ་གཏན་ རྣམས་ལ་མངོན་པར་དགའོ། །ཚད་མེད་པ་རྣམས་ལ་མངོན་པར་དགའོ་།གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་མངོན་པར་དགའོ་།རྣམ་པ་ཐར་པ་རྣམས་ལ་ མངོན་པར་དགའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་མངོན་པར་དགའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་ པ་ལ་མངོན་པར་དགའོ། །མངོན་པར་ཤེས་པ་རྣམས་ལ་མངོན་པར་དགའོ། །ཏིང་ངེ་འཛིན་རྣམས་ལ་མངོན་པར་དགའོ། །གཟུངས་ཀྱི་སྒོ་རྣམས་ལ་མངོན་པར་དགའོ། །དེ་བཞིན་ གཤེགས་པའི་སྟོབས་རྣམས་ལ་མངོན་པར་དགའོ། །མི་འཇིགས་པ་རྣམས་ལ་མངོན་པར་དགའོ། །སོ་སོ་ཡང་དག་པར་རིག་པ་རྣམས་ལ་མངོན་པར་དགའོ། །བྱམས་པ་ཆེན་པོ་ [245B] །སྙིང་རྗེ་ཆེན་པོ་ལ་མངོན་པར་དགའོ་།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་མངོན་པར་དགའོ་།རྒྱུན་དུ་ཞུགས་པའི་འབྲས་བུ་ལ་མངོན་པར་དགའོ། །ལན་ ཅིག་ཕྱིར་འོང་བའི་འབྲས་བུ་ལ་མངོན་པར་དགའོ། །ཕྱིར་མི་འོང་བའི་འབྲས་བུ་ལ་མངོན་པར་དགའོ། །དགྲ་བཅོམ་པ་ཉིད་ལ་མངོན་པར་དགའོ། །རང་བྱང་ཆུབ་ལ་མངོན་པར་དགའོ། ། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མངོན་པར་དགའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མངོན་པར་དགའོ། །དེ་ལྟ་བས་ན་དེ་དག་གི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཅི་ནས་ཀྱང་སེམས་ཅན་རྣམས་ཀྱི་སྨོན་ལམ་གྱི་ཉེས་པ་དེ་དག་མེད་པར་འགྱུར་བ་དེ་ལྟར་ཆོས་བསྟན་པར་བྱའོ་སྙམ་སྟེ། རབ་འབྱོར། དེ་ ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་བསྐྱེད་པ་དེ་དག་དང་ལྡན་ལ། ཐབས་མཁས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས། རྣམ་པར་ཐར་པའི་སྒོ་སྟོང་ པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་ཏིང་ངེ་འཛིན་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་མ་རྫོགས། མི་འཇིགས་པ་ བཞི་ཡོངས་སུ་མ་རྫོགས། སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་མ་རྫོགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་མ་རྫོགས། བྱམས་པ་ཆེན་པོ་ཡོངས་སུ་མ་རྫོགས་ [246A]༄༅། །སྙིང་རྗེ་ཆེན་པོ་ཡོངས་སུ་མ་རྫོགས་ཤིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ཡང་དག་པའི་ མཐའ་ཡང་མངོན་དུ་མི་བྱེད་དོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་ བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པ་དང། ནང་སྟོང་པ་ཉིད་ལ་སྤྱོད་པ་དང། ཕྱི་སྟོང་པ་ཉིད་ལ་སྤྱོད་པ་དང། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པ་དང་སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང། ཆེན་པོ་སྟོང་པ་ཉིད་ལ་སྤྱོད་ པ་དང། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་པ་དང། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་པ་ དང༑ ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་།དོར་བ་མེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང། རང་བཞིན་སྟོང་པ་ཉིད་ལ་སྤྱོད་པ་དང། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་ པ་དང། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང། མི་དམིགས་པ་སྟོང་པ་ཉིད་ལ་སྤྱོད་པ་དང། དངོས་པོ་མེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང་ [246B]དང། དྲན་པ་ཉེ་བར་བཞག་པ་རྣམས་ལ་སྤྱོད་པ་དང། ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་པ་དང། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་ པ་དང། དབང་པོ་རྣམས་ལ་སྤྱོད་པ་དང། སྟོབས་རྣམས་ལ་སྤྱོད་པ་དང། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་པ་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་དང། འཕགས་ པའི་བདེན་པ་རྣམས་ལ་སྤྱོད་པ་དང། བསམ་གཏན་རྣམས་ལ་སྤྱོད་པ་དང། ཚད་མེད་པ་རྣམས་ལ་སྤྱོད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པ་དང། རྣམ་ པར་ཐར་པ་རྣམས་ལ་སྤྱོད་པ་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པ་དང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་ པ་ལ་སྤྱོད་པ་དང། མངོན་པར་ཤེས་པ་རྣམས་ལ་སྤྱོད་པ་དང་ཏིང་ངེ་འཛིན་རྣམས་ལ་སྤྱོད་པ་དང། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པ་དང། དེ་བཞིན་གཤེགས་པའི་སྟོབས་རྣམས་ ལ་སྤྱོད་པ་དང། མི་འཇིགས་པ་རྣམས་ལ་སྤྱོད་པ་དང། སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་པ་དང། བྱམས་པ་ཆེན་པོ་ལ་སྤྱོད་པ་དང། སྙིང་རྗེ་ཆེན་པོ་ལ་སྤྱོད་པ་དང། སངས་ རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་པ་དང་འདྲིས་པར་བྱེད་ཅིང། དེ་ལྟ་བུའི་ཡེ་ཤེས་མཐོང་བ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་པར་འདུ་བྱ་བ་ [247A]༄༅། །མེད་པར་ལྟུང་བའམ། ཁམས་གསུམ་པ་དང་ལྷན་ཅིག་གནས་པའི་གནས་མེད་ཅིང་སྐབས་མེད་དེ། དེ་ནི་གནས་མ་ཡིན་ནོ། །རབ་འབྱོར། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་ཅིང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་འདི་དག་ལ་ཡོངས་སུ་འདྲིས་པར་བྱེད་པ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་འདི་དག་ལ་སྤྱད་དེ། ཡོངས་སུ་འདྲིས་པར་བྱས་ནས་སྟོང་པ་ཉིད་དང། ཡང་དག་པའི་ མཐའ་གང་རྟོགས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བ་དང། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་འགྱུར་བ་དང་ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་འགྱུར་བ་ དང༑ དགྲ་བཅོམ་པའི་ཉིད་ཐོབ་པར་འགྱུར་བ་དང། རང་བྱང་ཆུབ་ཐོབ་པར་འགྱུར་བའི་སྟོང་པ་ཉིད་མངོན་དུ་མི་བྱེད་ཅིང། ཡང་དག་པའི་མཐའ་མངོན་དུ་མི་བྱེད་པ་ཡིན། ཇི་ལྟར་ན་མཚན་ མ་མེད་པའང་མངོན་དུ་མི་བྱེད། སྨོན་པ་མེད་པའང་མངོན་དུ་མི་བྱེད། མངོན་པར་འདུ་བྱ་བ་མེད་པའང་མངོན་དུ་མི་བྱེད། སྐྱེ་བ་མེད་པའང་མངོན་དུ་མི་བྱེད། དངོས་པོ་མེད་པའང་ མངོན་དུ་མི་བྱེད་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་བསྒོམ་པར་བྱ་ཞེས་དྲི་བར་བྱའོ། །རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ། བྱང་ཆུབ་སེམས་ [247B] འདི་ལ་ལན་གློང་ཞིང་དེས་སྟོང་པ་ཉིད་ཡིད་ལ་བྱའོ། །དེས་མཚན་མ་མེད་པ་ཡིད་ལ་བྱའོ་།དེས་སྨོན་པ་མེད་པ་ཡིད་ལ་བྱའོ། །དེས་མངོན་པར་འདུ་བྱ་བ་མེད་ པ་ཡིད་ལ་བྱའོ། །དེས་སྐྱེ་བ་མེད་པ་ཡིད་ལ་བྱའོ། །དེས་འགག་པ་མེད་པ་ཡིད་ལ་བྱའོ། །དེས་དངོས་པོ་མེད་པ་ཡིད་ལ་བྱའོ་ཞེས་ཟེར་ན། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་རིག་ པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་འདྲིས་པར་བྱ་བ་དེ་བརྗོད་དོ། །དེ་ལུང་སྟོན་ཏོ། །དེ་རབ་ཏུ་འབྱེད་དོ། ། རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་དེ་སྐད་དུ་དྲིས་ན་འདི་སྐད་དུ་ལུང་སྟོན་ཅིང། དེས་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་མི་བྱའོ། །དེས་མཚན་མ་མེད་ པ་ལ་ཡོངས་སུ་འདྲིས་པར་མི་བྱའོ། །དེས་སྨོན་པ་མེད་པ་ལ་ཡོངས་སུ་འདྲིས་པར་མི་བྱའོ། །དེས་མངོན་པར་འདུ་བྱ་བ་མེད་པ་ལ་ཡོངས་སུ་འདྲིས་པར་མི་བྱའོ། །དེས་སྐྱེ་བ་མེད་པ་ལ་ཡོངས་ སུ་འདྲིས་པར་མི་བྱའོ། །དེས་འགག་པ་མེད་པ་ལ་ཡོངས་སུ་འདྲིས་པར་མི་བྱའོ། །དེས་དངོས་པོ་མེད་པ་ལ་ཡོངས་སུ་འདྲིས་པར་མི་བྱའོ་།དེས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་ཡོངས་སུ་ [248A]༄༅། །འདྲིས་པར་མི་བྱའོ་ཞེས་ཟེར་ན། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་མ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་འདྲིས་པར་བྱ་བ་དེ་མི་བརྗོད་ཅིང་ལུང་མི་སྟོན་ལ་རབ་ཏུ་མི་འབྱེད་པའི་ཕྱིར་ཏེ། ཕྱིར་མི་ལྡོག་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོའི་ཆོས་གང་ཡིན་པ་དེ་མི་བརྗོད་པ་དང། ལུང་མི་སྟོན་པ་དང། རབ་ཏུ་མི་འབྱེད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི། ཡོངས་སུ་འདྲིས་པར་བྱས་ནས། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕྱིར་མི་ལྡོག་པའི་ས་ནོན་པ་ ལྟར༑ བསྲབས་པའི་ས་ནོན་པ་མ་ཡིན་ནོ་ཞས་བྱ་བར་རིག་པར་བྱའོ་།གསོལ་པ། བཅོམ་ལྡན་འདས། གང་གིས་སླར་མི་ལྡོག་པར་འགྱུར་བའི་རྣམ་གྲངས་དེ་ལྟ་བུ་མཆིས་སམ་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནི་ཡོད་དེ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ཕྱིན་པ་དྲུག་ཐོས་ཀྱང་རུང། མ་ཐོས་ཀྱང་རུང་སྟེ་ [248B]ཇི་ལྟ་བ་བཞིན་དུ་ལན་གློན་པའོ། །གསོལ་པ། བཅོམ་ལྡན་འདས། དེའི་སླད་དུ་བྱང་ཆུབ་ཏུ་སྤྱོད་པ་ནི་མང་སྟེ། ཕྱིར་མི་ལྡོག་ པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་སྦྱང་བའི་སའམ། ཡོངས་སུ་སྦྱང་བ་མ་ལགས་པའི་ས་ལ་གནས་པ་བཞིན་དུ་ལན་འདེབས་པ་ནི་ཉུང་ངོ། །བཅོམ་ལྡན་འདས་ ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཕྱིར་མི་ལྡོག་པའི་ ཡེ་ཤེས་ཀྱི་སར་ལུང་བསྟན་པ་དེ་དག་ནི་ཉུང་སྟེ། གང་ལུང་བསྟན་པ་དེ་དག་ནི་རྣམ་པ་དེ་བཞིན་དུ་ལན་གློན་ཏེ། གང་རྣམ་པ་དེ་ལྟར་ལན་གློན་པ་དེ་དག་ནི་དགེ་བའི་རྩ་བ་བསྐྱེད་པར་རིག་པར་ བྱའོ༑ ༑རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དང་དེ་དག་ནི། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མི་འཕྲོགས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་བཞི་པའོ།།།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉིས་བརྒྱ་ཞེ་གཉིས་པ། དེ་ནས་ཡང་བཅོམ་ལྡན་ འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་ནའང་ཉན་ཐོས་ཀྱི་སའམ། རང་སངས་ [249A]༄༅། །རྒྱས་ཀྱི་སའམ། ཁམས་གསུམ་པ་ལ་འདོད་པའི་སེམས་མི་བསྐྱེད། ལེགས་པའི་སེམས་མི་བསྐྱེད་ཅིང། ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ཉིད་དུ་ལྟ་ ཆོས་ཐམས་ཅད་སྒྲ་བརྙན་དང་འདྲ་བ་ཉིད་དུ་ལྟ། ཆོས་ཐམས་ཅད་གཟུགས་བརྙན་དང་འདྲ་བ་ཉིད་དུ་ལྟ། ཆོས་ཐམས་ཅད་སྨིག་རྒྱུ་དང་འདྲ་བ་ཉིད་དུ་ལྟ། ཆོས་ཐམས་ཅད་སྒྱུ་མ་དང་ འདྲ་བ་ཉིད་དུ་ལྟ། ཆོས་ཐམས་ཅད་དྲི་ཟའི་གྲོང་ཁྱེར་དང་འདྲ་བ་ཉིད་དུ་ལྟ། ཆོས་ཐམས་ཅད་སྤྲུལ་པ་དང་འདྲ་བ་ཉིད་དུ་ལྟ་བ་མངོན་དུ་མི་བྱེད་ན། རབ་འབྱོར། འདི་ནི་ཕྱིར་མི་ལྡོག་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ ལམ་ནའང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞབས་འབྲིང་བརྒྱ་ཕྲག་དུ་མ་དང། ཞབས་འབྲིང་སྟོང་ཕྲག་དུ་མ་དང། ཞབས་འབྲིང་བརྒྱ་སྟོང་ ཕྲག་དུ་མ་དང། ཞབས་འབྲིང་བྱེ་བ་ཕྲག་དུ་མ་དང། ཞབས་འབྲིང་བྱེ་བ་བརྒྱ་ཕྲག་དུ་མ་དང། ཞབས་འབྲིང་བྱེ་བ་སྟོང་ཕྲག་དུ་མ་དང། ཞབས་འབྲིང་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང། ཞབས་ འབྲིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་མངའ་བ་དགེ་སློང་དང། དགེ་སློང་མ་དང། དགེ་བསྙེན་དང། དགེ་བསྙེན་མ་དང། ལྷ་དང། ཀླུ་དང་གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་ [249B] ནམ་མཁའ་ལྡིང་དང། མིའམ་ཅི་དང། ལྟོ་འཕྱེ་ཆེན་པོས་ཀུན་ནས་བསྐོར་ཅིང་མདུན་དུ་བྱས་ཏེ་ཆོས་སྟོན་པ་མཐོང་ལ་དེས་ཆོས་དེ་ཐོས་ནས། ཆོས་དེའི་དོན་ཤེས་པར་བྱའོ་ཞེས་ཆོས་ དང་གཉེར་བའི་ཆོས་ལ་ཞུགས་ཤིང། གནས་པ་དང་མཐུན་པར་ཞུགས་ཏེ། གཉེར་བའི་ཆོས་ལ་སྤྱོད་པ་མཐོང་ན། རབ་འབྱོར། འྡིའང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ་།རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་ནའང་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའ་ལ་འཕགས་ཤིང། དགེ་སློང་གི་དགེ་འདུན་ལ་ཆོས་སྟོན་པ་མི་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། འོད་འདོམ་ གང་པ་མངའ་བ། རྫུ་འཕྲུལ་དང། ཆོ་འཕྲུལ་མང་པོ་སྟོན་པ་སྤྲུལ་པ་མང་པོ་སྤྲུལ་པ་མཛད་ཅིང། སྤྲུལ་པ་དེ་དག་ཀྱང་འཇིག་རྟེན་གྱི་ཁམས་གཞན་དག་ཏུ་སངས་རྒྱས་ཀྱི་བྱ་བ་བྱེད་པ་ མཐོང་ན། རབ་འབྱོར། འྡིའང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་གལ་ཏེ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་ནའང་གྲོང་བཅོམ་པའམ། གྲོང་ཁྱེར་བཅོམ་པའམ། མེ་ཐར་པ་འམ། གཅན་གཟན་ཁྲོ་བོ་མཐོང་ངམ། དེ་མ་ཡིན་པའི་རི་དྭགས་ [250A]༄༅། །གཏུམ་པོའི་རྣམ་པ་མཐོང་ངམ། མགོ་བཅད་པར་གྱུར་པ་མཐོང་ངམ། དེ་མ་ཡིན་པའི་འཇིགས་ཤིང་མི་ཟད་པ་དང། དངང་པར་འགྱུར་བ་མཐོང་ངམ། སྡུག་ བསྔལ་དང། ཡིད་མི་བདེ་བ་དང། འཁྲུག་པ་མཐོང་ངམ། བཀྲེས་པའམ། སྐོམ་པ་མཐོང་ངམ། ཕ་ཤི་བ་མཐོང་ངམ། མ་ཤི་བ་མཐོང་ངམ། ཕུ་ནུ་ཤི་བ་མཐོང་ངམ། བུ་སྲིང་ཤི་བ་ མཐོང་ངམ། གྲོགས་པོ་འམ་གཉེན་བཤེས་ཤི་བ་མཐོང་ན། མྱ་ངན་དང། འཇིགས་ཤིང་མི་བཟད་པ་དང། དངང་བར་མི་འགྱུར་ལ། རྨི་ལམ་དེ་རྨིས་པའི་འོག་ཏུ་སད་ནས་ཀྱང་འདི་ སྙམ་སྟེ། ཀྱེ་མ་ཁམས་གསུམ་པ་འདི་དག་ཀུན་ཀྱང་རྨི་ལམ་ལྟ་བུ་སྟེ། བདག་གིས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་ ཁམས་གསུམ་པོའི་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་བསྟན་པར་བྱའོ་སྙམ་ན། རབ་འབྱོར། འྡིའང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་ པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཇི་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་སངས་རྒྱས་ནས་དེའི་སངས་རྒྱས་ཀྱི་ཞིང་ན། ངན་སོང་གསུམ་པོ་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མེད་པར་འགྱུར་བར་རིག་པར་ [250B] གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་དུ་སེམས་ཅན་དམྱལ་བ་བའི་སེམས་ཅན་མཐོང་ངམ། བྱོལ་སོང་གི་སྐྱེ་གནས་པའི་སེམས་ཅན་མཐོང་ངམ་ གཤིན་རྗེའི་འཇིག་རྟེན་པའི་སེམས་ཅན་མཐོང་ན། འདི་ལྟ་བུའི་དྲན་པ་འཐོབ་ཅིང། དྲན་པ་ཐོབ་ནས་ཀྱང་འདི་སྙམ་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ པར་སངས་རྒྱས་ནས་སངས་རྒྱས་ཀྱི་ཞིང་དེ་ན། ངན་སོང་གསུམ་པོ་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐམས་ཅད་མེད་པར་འགྱུར་བ་དེ་ལྟར་སྤྱོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ འདི་ལྟར་རྨི་ལམ་གང་ཡིན་པ་དང། རྨི་ལམ་གྱི་མཐའ་གང་ཡིན་པ་དེ་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་སྙམ་ན། རབ་འབྱོར་འྡིའང་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྨི་ལམ་མམ། སད་པའི་ཚེ་ གྲོང་ཁྱེར་ཚིག་པར་གྱུར་ན། འདི་སྙམ་དུ་བདག་གིས་རྨི་ལམ་མམ་སད་པའི་ཚེ་རྣམ་པ་གང་དང། ཚུལ་གང་དང། མཚན་མ་གང་དག་མཐོང་བའི་རྣམ་པ་དང། ཚུལ་དང། མཚན་མ་དེ་ དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པར་རིག་པར་བྱ་བའི་རྣམ་པ་དེ་དག་དང། ཚུལ་དེ་དག་དང། མཚན་མ་དེ་དག་གལ་ཏེ་བདག་ལ་ཡོད་ན་ [251A]༄༅། །བདེན་པ་དེ་དང་བདེན་པའི་ཚིག་འདིས་གྲོང་ཁྱེར་མེས་ཚིག་པ་འདི་ཞི་བར་གྱུར་ཅིག་བསིལ་བར་གྱུར་ཅིག་མེད་པར་གྱུར་ཅིག་སྙམ་དུ་སེམས་ན། གལ་ ཏེ་ཞི་བ་དང། བསིལ་བ་དང། མེད་པར་གྱུར་ན། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་ པར་ལུང་བསྟན་པར་རིག་པར་བྱའོ། །རབ་འབྱོར། གལ་ཏེའང་མེའི་ཕུང་པོ་དེ་བདེན་པའི་ཚིག་དེ་ལས་གལ་ཏེ་ཁྱིམ་ནས་ཁྱིམ་དུ་ཚིག་སྲང་ནས་སྲང་དུ་ཚིག་སྟེ། ཁྱིམ་ལ་ལ་ནི་ཚིག་ཁྱིམ་ ལ་ལ་ནི་མ་ཚིག་སྲང་ལ་ལ་ནི་ཚིག་སྲང་ལ་ལ་ནི་མ་ཚིག་ན་རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་སེམས་ཅན་འདི་དག་གི་ཁྱིམ་ལ་ལ་ནི་ཚིག་ཁྱིམ་ ལ་ལ་ནི་མ་ཚིག་པ་ལས་ན། སེམས་ཅན་འདི་དག་གིས་ཆོས་སྤོང་བའི་ལས་བྱས་པས། དེ་དག་གི་ལས་ཚེ་འདི་ལ་རྣམ་པར་སྨིན་ཏེ། དེ་དག་ཆོས་ལ་བཀུར་བ་དེ་ཉིད་ཀྱི་ལས་ཀྱི་ ལྷག་མའང་རྣམ་པར་སྨིན་པར་འགྱུར་རོ་ཞེས་བྱ་བར་རིག་པར་བྱ་སྟེ། རབ་འབྱོར། འདི་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྒྱུ་དང་རྐྱེན་ཏེ། རྒྱུ་དེ་ དག་དང་རྐྱེན་དེ་དག་གིས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་རྣམ་པ་གང་དང། ཚུལ་གང་དང། མཚན་མ་ [251B]ཆེན་པོར་རིག་པར་བྱ་བའི་རྣམ་པ་དེ་དག་དང། ཚུལ་དེ་དག་དང་མཚན་མ་དེ་དག་བསྟན་པར་བྱའོ། །རབ་འབྱོར་ གལ་ཏེ་བུད་མེད་དམ། སྐྱེས་པ་ལ་ལ་ཞིག་མི་མ་ཡིན་པས་བྱིན་གྱིས་བརླབས་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་སྙམ་དུ། གལ་ཏེ་བདག་སྔོན་གྱི་དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། བདག་གི་བསམ་པ་ཡོངས་ སུ་དག་ཅིང། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ལ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞིང། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡིད་ལ་བྱེད་པ་ཡོངས་སུ་དག་སྟེ། བདག་ལ་ཉན་ཐོས་ཀྱི་སེམས་མེད་ བདག་ལ་རང་སངས་རྒྱས་ཀྱི་སེམས་མེད་ལ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་མེད་པས། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ འཚང་རྒྱ་བར་འགྱུར་ཞིང། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་བ་མ་ཡིན་གྱི། བདག་གདོན་མི་ཟ་བར་བླ་ན་མེད་པ་ [252A]༄༅། །ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་གྲངས་མེད་ཚད་མེད་པ་དག་ན། སངས་ རྒྱས་བཅོམ་ལྡན་འདས་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང། ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གིས་ནི་ གང་ཅིའང་མ་མཁྱེན་པའམ། མ་གཟིགས་པའམ། ཐུགས་སུ་མ་ཆུད་པའམ། མངོན་དུ་མ་མཛད་པའམ། མངོན་པར་རྫོགས་པར་སངས་མ་རྒྱས་པ་གང་ཡང་མེད་དེ། སངས་རྒྱས་ བཅོམ་ལྡན་འདས་དེ་དག་གིས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བར་བདག་གི་བསམ་པ་ཐུགས་སུ་ ཆུད་ཅེ་ན། བདེན་པ་དེ་དང་བདེན་པའི་ཚིག་དེས་སྐྱེས་པའམ། བུད་མེད་འདི་མི་མ་ཡིན་པ་གང་གིས་བཟུང་བའམ། གཙེས་པར་གྱུར་པའི་མི་མ་ཡིན་པ་དེ་གུད་དུ་འགྲོ་བར་གྱུར་ ཅིག་ཅེས་བསམས་ཏེ་སྨྲས་ན། རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་སྐད་དུ་བརྗོད་པས་མི་མ་ཡིན་པ་དེ་གུད་དུ་མ་སོང་ན། རབ་འབྱོར། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་ [252B] །རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་སྐད་ཅེས་བརྗོད་པས་མི་མ་ཡིན་པ་དེ་གུད་དུ་སོང་ན། རབ་འབྱོར་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་ལུང་བསྟན་པར་རིག་པར་བྱ་སྟེ། རབ་འབྱོར་རྣམ་པ་དེ་དག་དང། ཚུལ་དེ་དག་དང། མཚན་མ་དེ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ ཕྱིར་མི་ལྡོག་པར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ། ཐབས་མཁས་པ་དང་མི་ལྡན་པ། དྲན་ པ་ཉེ་བར་བཞག་པ་བཞི་ལ་མ་སྤྱད་པ། ཡང་དག་པར་སྤོང་བ་བཞི་ལ་མ་སྤྱད་པ། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་མ་སྤྱད་པ། དབང་པོ་ལྔ་ལ་མ་སྤྱད་པ། སྟོབས་ལྔ་ལ་མ་སྤྱད་པ་བྱང་ཆུབ་ ཀྱི་ཡན་ལག་བདུན་ལ་མ་སྤྱད་པ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མ་སྤྱད་པ། འཕགས་པའི་བདེན་པ་བཞི་ལ་མ་སྤྱད་པ། བསམ་གཏན་བཞི་ལ་མ་སྤྱད་པ། ཚད་མེད་པ་ བཞི་ལ་མ་སྤྱད་པ། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་མ་སྤྱད་པ། རྣམ་པར་ཐར་པ་བརྒྱད་ལ་མ་སྤྱོད་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མ་སྤྱད་ [253A]༄༅། །པ༑ རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་མ་སྤྱད་པ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་མ་ཆུད་པའི་ བདེན་པའི་བྱིན་གྱི་རླབས་ཀྱིས་བདུད་སྡིག་ཏོ་ཅན་ཉེ་བར་འོངས་ནས་རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདེན་པའི་བྱིན་གྱི་རླབས་བྱས་ཏེ་ བདེན་པ་དང། བདེན་པའི་ཚིག་གང་གིས་བདག་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་ལུང་བསྟན་པའི་བདེན་པ་དང། བདེན་པའི་ཚིག་དེས་མི་མ་ཡིན་པ་དེ་གུད་དུ་འགྲོ་བར་གྱུར་ཅིག་ཅེས་བརྗོད་པ་ལས་བདུད་སྡིག་ཏོ་ཅན་གྱིས་མི་མ་ཡིན་པར་གྱུར་པ་ དེ་ཅི་ནས་ཀྱང་གུད་དུ་འགྲོ་བར་བྱ་བའི་ཕྱིར་ནན་ཏན་དུ་བྱེད་དེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བདུད་སྡིག་ཏོ་ཅན་ནི་མི་མ་ཡིན་པ་དེ་བས་ཆེས་མཐུ་དང་ལྡན་ཞིང། ཆེས་གཟི་བརྗིད་ དང་ལྡན་པས་དེའི་ཕྱིར་བདུད་སྡིག་ཏོ་ཅན་དེའི་བྱིན་གྱི་རླབས་ཀྱིས་མི་མ་ཡིན་པ་དེ་གུད་དུ་སོང་བར་གྱུར་པ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་འདི་སྙམ་སྟེ། དེ་ ལྟར་བདག་གི་མཐུས་མི་མ་ཡིན་པ་དེ་གུད་དུ་སོང་ངོ་སྙམ་ནས་བདུད་ཀྱི་མཐུས་མི་མ་ཡིན་པ་དེ་གུད་དུ་སོང་བར་ནི་མ་ཤེས་ཏེ། དེ་དེའི་རྒྱུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ [253B] འཕྱ་བ་དང། འཐིང་སླད་བྱེད་ཅིང་སྨོད་ལ་ཁྱད་དུ་གསོད་ཅིང། བདག་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཡིན་གྱི། འདི་དག་གཞན་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་མ་བསྟན་ཏོ་ ཞེས་ནས། དེ་དེ་ཙམ་གྱིས་ང་རྒྱལ་འཕེལ་བར་བྱེད་པ་དང། ང་རྒྱལ་བསྐྱེད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རིང་དུ་བྱེད་བླ་ན་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་རིང་དུ་བྱེད་ན། དེ་ལྟར་ ཐབས་མི་མཁས་པའི་བྱང་ཆུབ་སེམས་དཔའ་དེ་ནི། དེ་ཙམ་གྱིས་ལྷག་པའི་ང་རྒྱལ་བསྐྱེད་པས་དེས་ས་གཉིས་པོར་འགྲོ་བར་རིག་པར་བྱ་སྟེ། འདི་ལྟར་ཉན་ཐོས་ཀྱི་སའམ། རང་སངས་ རྒྱས་ཀྱི་སའོ། །དེ་ལྟར་ན་བདེན་པའི་བྱིན་གྱི་རླབས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་བདུད་ཀྱི་ལས་འབྱུང་སྟེ། དེ་ལ་དེ་དགེ་བའི་བཤེས་གཉེན་ལ་མི་སྙེན་མི་སྟེན་ ཅིང་མི་འགྲོགས་ལ། བསྙེན་བཀུར་མི་བྱེད་ན། དེ་ཉིད་དུ་བདུད་ཀྱི་བཅིངས་པ་དེ་དམ་པོར་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་སྤྱད་པ་དང། ཐབས་ མཁས་པས་ཡོངས་སུ་མ་བཟུང་བའི་ཕྱིར་ཏེ། རབ་འབྱོར། དེ་ལྟ་བུའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །རབ་འབྱོར། ཇི་ལྟར་ན་ [254A]༄༅། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མ་སྤྱད་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་སྤྱད་པ། བཟོད་པའི་ཕ་རོལ་ ཏུ་ཕྱིན་པ་ལ་མ་སྤྱད་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་སྤྱད་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་སྤྱད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་སྤྱད་པ། དྲན་པ་ ཉེ་བར་བཞག་པ་བཞི་ལ་མ་སྤྱད་པ། ཡང་དག་པར་སྤོང་བ་བཞི་ལ་མ་སྤྱད་པ། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་མ་སྤྱད་པ་དབང་པོ་ལྔ་ལ་མ་སྤྱད་པ། སྟོབས་ལྔ་ལ་མ་སྤྱད་པ། བྱང་ ཆུབ་ཀྱི་ཡན་ལག་བདུན་ལ་མ་སྤྱད་པ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་མ་སྤྱད་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་ མ་སྤྱད་པ། སྐྱོན་མེད་པར་མ་ཆུད་པའི་དྲུང་དུ་བདུད་སྡིག་ཏོ་ཅན་མིང་གི་བྱིན་གྱི་རླབས་ཀྱིས་ཉེ་བར་འོང་བ་ཡིན་ཞེ་ན། རབ་འབྱོར། འདི་ལ་བདུད་སྡིག་ཏོ་ཅན་ཆ་བྱད་གང་ཡང་རུང་ བས་ཉེ་བར་འོངས་ཤིང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་འདི་སྐད་དུ། རིགས་ཀྱི་བུ། ཁྱོད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་སྟེ། ཁྱོད་ཀྱི་མིང་ནི་འདི་ཞེས་བྱའོ་།ཁྱོད་ཀྱི་ཕའི་མིང་ནི་འདི་ཞེས་བྱའོ། །ཁྱོད་ཀྱི་མའི་མིང་ནི་ [254B] །ཁྱོད་ཀྱི་ཕུ་ནུའི་མིང་ནི་འདི་ཞེས་བྱའོ་།ཁྱོད་ཀྱི་བུ་སྲིང་གི་མིང་ནི་འདི་ཞེས་བྱའོ། །ཁྱོད་ཀྱི་མཛའ་བོ་དང། བློན་པོ་དང། གཉེན་བཤེས་ཀྱི་མིང་ནི་འདི་ཞེས་བྱའོ་ཞེས་བྱ་བ་ ནས༑ ཕ་མའི་རབས་བདུན་གྱི་བར་དུ་ཉེ་བར་སྟོན་ཅིང། ཁྱོད་ནི་ཡུལ་ཆེ་གེ་མོ་ཞིག་དང། ཁྱོད་ནི་གྲོང་ཁྱེར་ཆེ་གེ་མོ་ཞིག་དང། ཁྱོད་ནི་ཕྱོགས་ཆེ་གེ་མོ་ཞིག་ནས་ཡུལ་ཆེ་གེ་མོ་ཞིག་ཏུ་ སྐྱེས་སོ། །གྲོང་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །གྲོང་རྡལ་ཆེ་གེ་མོ་ཞིག་ཏུ་སྐྱེས་སོ། །གལ་ཏེ་ངང་གིས་འཇམ་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་འདི་བཞིན་དུ་འཇམ་པར་ གྱུར་ཏོ་ཞེས་ཟེར། གལ་ཏེ་རྣོ་བ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་འདི་བཞིན་དུ་རྣོ་བར་གྱུར་ཏོ་ཞེས་ཟེར། གལ་ཏེ་དགོན་པ་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་ སྔོན་ཡང་དགོན་པ་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་བསོད་སྙོམས་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་བསོད་སྙོམས་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་ཕྱག་དར་ཁྲོད་པ་ ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་ཕྱག་དར་ཁྲོད་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་བསོད་སྙོམས་ཕྱིས་མི་ལེན་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་བསོད་ སྙོམས་ཕྱིས་མི་ལེན་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་སྟན་གཅིག་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་སྟན་གཅིག་པར་གྱུར་ཏེ་ཞེས་ཟེར། གལ་ཏེ་ཅི་ཐོབ་པའི་བསོད་སྙོམས་ [255A]༄༅། །པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་ཅི་ཐོབ་པའི་བསོད་སྙོམས་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་དུར་ཁྲོད་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ ཁྱོད་ནི་སྔོན་ཡང་དུར་ཁྲོད་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་བླ་གབ་མེད་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་བླ་གབ་མེད་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་ཤིང་དྲུང་པ་ཞིག་ ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་ཤིང་དྲུང་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་ཅོག་པུ་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་ཅོག་པུ་པར་གྱུར་ཏོ་ཞེས་ཟེར་ གལ་ཏེ་གཞི་ཇི་བཞིན་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་གཞི་ཇི་བཞིན་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་ཆོས་གོས་གསུམ་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་ སྔོན་ཡང་ཆོས་གོས་གསུམ་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་འདོད་པ་ཆུང་བ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་འདོད་པ་ཆུང་བར་གྱུར་ཏོ་ཞེས་ཟེར། གལ་ཏེ་ཆོག་ཤེས་ པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་ཆོག་ཤེས་པར་གྱུར་ཏོ་ཞེས་ཟེར། གལ་ཏེ་དབེན་པ་པ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་དབེན་པ་བར་གྱུར་ཏོ་ཞེས་ ཟེར། གལ་ཏེ་རྐང་པ་བསྐུ་བ་དང་བྲལ་བ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་རྐང་པ་བསྐུ་བ་དང་བྲལ་བར་གྱུར་ཏོ་ཞེས་ཟེར། གལ་ཏེ་སྨྲ་བ་ཉུང་བ་ཞིག་ཡིན་ན། དེ་དེ་ལ་འདི་ [255B]ཟེར། གལ་ཏེ་འཐམ་པ་ཉུང་བ་ཞིག་ཡིན་ན། དེ་དེ་ལ་འདི་སྐད་དུ་ཁྱོད་ནི་སྔོན་ཡང་འཐམ་པ་ཉུང་བར་གྱུར་ཏོ་ཞེས་ཟེར། དེ་ཅིའི་ཕྱིར་ཞེ་ན་ དེ་ནི་འདི་ལྟར་ཁྱོད་ལ་རྣམ་པ་འདི་ལྟ་བུའི་སྦྱངས་པའི་ཡོན་ཏན་དག་ཡོད་པ་ལས་ན། གདོན་མི་ཟ་བར་སྔོན་ཡང་སྦྱངས་པའི་ཡོན་ཏན་དང། སྡོམ་པ་འདི་དག་དང་ལྡན་པར་མ་གྱུར་མི་སྲིད་དོ་ཞེས་ ཟེར་བ་ལ། དེ་དེ་ལྟར་སྔོན་གྱི་མིང་དང། རུས་བསྟན་པ་དང། ད་ལྟར་བྱུང་བའི་སྦྱངས་པའི་ཡོན་ཏན་དང། སྡོམ་པ་བསྟན་པས་རློམ་སེམས་སྐྱེད་པས་དེ་ལྟར་བདུད་སྡིག་ཏོ་ཅན་དེའི་དྲུང་ དུ་ཉེ་བར་འོངས་ཤིང་འདི་སྐད་དུ། རིགས་ཀྱི་བུ། ཁྱོད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཁྱོད་ལ་ཡོན་ཏན་ཡོད་པ་ཅི་འདྲ་བ་བཞིན་དུ། བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་ལུང་བསྟན་ཏོ་ཞེས་ཟེར་ཞིང། ཡང་ན་དགེ་སློང་གི་ཆ་བྱད་དུ་ཉེ་བར་འོང། ཡང་ན་དགེ་སློང་མའི་ཆ་བྱད་དུ་ཉེ་བར་འོང། ཡང་ན་ ཁྱིམ་བདག་གི་ཆ་བྱད་དུ་ཉེ་བར་འོང། ཡང་ན་ཕའི་ཆ་བྱད་དུ་ཉེ་བར་འོང། ཡང་ན་མའི་ཆ་བྱད་དུ་ཉེ་བར་འོང་ཞིང། འདི་སྐད་དུ། རིགས་ཀྱི་བུ། ཁྱོད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །དེ་ཅིའི་ཕྱིར་ཞེ་ན། དེ་འདི་ལྟར་ཁྱོད་ལ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་ [256A]༄༅། །དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཡོན་ཏན་གང་ཇི་སྙེད་པ་དེ་དག་ཡོད་དོ་ཞེས་ཟེར་ལ། རབ་འབྱོར། ངས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་དང། ཚུལ་དང། མཚན་མ་གང་བཤད་པ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་མེད་ན། རབ་འབྱོར། དེ་ལ་བྱང་ཆུབ་སེམས་དཔའ་གཞན་ གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བདུད་ཀྱིས་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། དེ་ནི་འདི་ལྟར་གང་ཕྱིར་མི་ ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་དང་ཚུལ་དང། མཚན་མ་དེ་དག་ཀྱང་མེད་ལ། མིང་བསྟན་པ་དེས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ གཞན་ལ་བརྙས་པ་དང། འཕྱ་བ་དང་སྨོད་པ་བྱེད་ཅིང་ཁྱད་དུ་གསོད་ལ་སྨོད་ན། རབ་འབྱོར། འྡིའང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མིང་གི་བྱིན་གྱི་རླབས་ཀྱིས་བདུད་ཀྱི་ ལས་སུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མིང་གི་བྱིན་གྱི་རླབས་ཀྱིས་བདུད་ཀྱི་ལས་སུ་རིག་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མ་སྤྱད་པས་ཕུང་པོའི་བདུད་མི་ཤེས་ཏེ། གཟུགས་མི་ཤེས། ཚོར་བ་མི་ཤེས། འདུ་ཤེས་མི་ཤེས་ [256B] རྣམ་པར་ཤེས་པ་མི་ཤེས་པས་དེ་ལ་བདུད་སྡིག་ཏོ་ཅན་མིང་གི་བྱིན་གྱི་རླབས་ཀྱིས་ལུང་སྟོན་ཅིང། ཁྱོད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་སངས་རྒྱས་ནས་མིང་འདི་ཞེས་བྱ་བར་འགྱུར་རོ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་མིང་གང་བསམས་པ་དང་དཔྱད་པ་དེ་ཉིད་བརྗོད་དེ། དེ་ལ་བྱང་ཆུབ་སེམས་ དཔའ་ཤེས་རབ་འཆལ་པའི་ངང་ཚུལ་ཅན་ཐབས་ལ་མི་མཁས་པ་དེ་འདི་སྙམ་སྟེ། བདག་གིས་མིང་གང་ཡིད་ཀྱིས་རྣམ་པར་བརྟགས་ཏེ་བསམས་པ་དང། རྗེས་སུ་དཔྱད་པ་དེ་ཉིད་བདག་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་མིང་དུ་འགྱུར་རོ་སྙམ་སྟེ། ཇི་ལྟ་ཇི་ལྟར་བདུད་སྡིག་ཏོ་ཅན་ནམ། བདུད་ཀྱི་རིས་ཀྱི་ལྷའམ། བདུད་ཀྱི་བྱིན་ གྱི་རླབས་པའི་དགེ་སློང་དག་སྟོན་པ་དེ་ལྟ་དེ་ལྟར་སེམས་ཤིང་ཇི་ལྟར་བདག་གིས་སེམས་བསྐྱེད་པ་དང། བདག་གི་མིང་ཇི་ལྟ་བ་བཞིན་དུ་དགེ་སློང་འདིས་བསྟན་ཏེ། མིང་དང་མིང་དུ་ མཐུན་གྱིས། བདག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ་སྙམ་ནས། རབ་ འབྱོར༑ བྱང་ཆུབ་སེམས་དཔའ་དེ་ལ་གང་ངས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་དང། ཚུལ་དང་མཚན་མ་བཤད་པ་དེ་དག་ཀྱང་མེད་ལ། མིང་ [257A]༄༅། །དེ་དང་ལུང་བསྟན་པར་བརྗོད་པ་དེས་ཀྱང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དག་ལ་ཁྱད་དུ་གསོད་ན། དེ་རློམ་སེམས་དེས་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་རིང་དུ་འགྱུར་རོ། །དེ་ལྟར་ཐབས་མཁས་པ་དང་མི་ལྡན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ཞིང་དགེ་བའི་བཤེས་གཉེན་དང་བྲལ་ཏེ་ སྡིག་པའི་གྲོགས་པོས་ཡོངས་སུ་བཟུང་བ་དེའི་ས་ནི་གཉིས་སུ་རིག་པར་བྱ་སྟེ། འདི་ལྟར་ཉན་ཐོས་ཀྱི་ས་འམ། རང་སངས་རྒྱས་ཀྱི་སའོ། ཡང་ནའང་ཤིན་ཏུ་ཡུན་རིང་པོར་འཁོར་ཞིང་ འཕྱན་འཕྱན་ནས་དགེ་བའི་བཤེས་གཉེན་ལ་བསྙེན་པ་དང། བསྟེན་པ་དང། རིམ་གྲོ་བྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བརྟེན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་མངོན་པར་རྫོགས་བར་འཚང་རྒྱ་བར་འགྱུར་རོ་།རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔས་ཡང་དང་ཡང་དུ་དགེ་བའི་བཤེས་གཉེན་བལྟ་བ་དང། བསྙེན་བཀུར་ བར་མ་གྱུར་ལ། ལུས་ཐོབ་པ་དེས་སེམས་བསྐྱེད་པ་སྔ་མ་དག་མི་སྨོད་མི་འཆགས་ན། དེ་ནི་ས་གཉིས་སུ་འགྲོ་བར་རིག་པར་བྱ་སྟེ་འདི་ལྟར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ ཀྱི་སའོ། །འདི་ལྟ་སྟེ། དཔེར་ན། དགེ་སློང་ཉན་ཐོས་ཀྱི་ཐེག་པ་པས་ལྟུང་བའི་རྩ་བ་བཞི་ལས་ལྟུང་བ་གང་ཡང་རུང་བ་གཅིག་བྱས་ན། དགེ་སྦྱོང་མ་ཡིན། ཤཱཀྱའི་བུ་མ་ཡིན་པར་ [257B] དེ་ནི་ལུས་དེ་ཉིད་ཀྱིས་དགེ་སྦྱོང་གི་འབྲས་བུ་བཞི་ལས་དགེ་སྦྱང་གི་འབྲས་བུ་གང་ཡང་རུང་བ་ལ་ལ་འཐོབ་པར་འགྱུར་བའི་སྐལ་བ་མེད་དོ། །རབ་འབྱོར། དེ་བཞིན་དུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་གང་མིང་བསྟན་པ་ཙམ་གྱིས་རློམ་སེམས་དང་ལྡན་པའི་སེམས་བསྐྱེད་ཅིང་མིང་ཙམ་བརྗོད་པ་དེས་བྱང་ཆུབ་སེམས་དཔའ་གཞན་དག་ལ་བརྙས་པ་དང་ འཕྱ་བ་དང། ཁྱད་དུ་གསོད་པའི་སེམས་སྐྱེད་པ་དེ་ནི་དེ་བས་ཀྱང་ཤིན་ཏུ་ལྕི་བ་སྟེ། སེམས་བསྐྱེད་པ་དེ་ནི་དེ་བས་ཀྱང་ཤིན་ཏུ་ལྕི་བར་རིག་པར་བྱའོ། །རབ་འབྱོར། དེ་ལྟར་མིང་བསྟན་པས་ བདུད་ཀྱི་ལས་ཤིན་ཏུ་ཕྲ་བ་དེ་ལྟ་བུ་དག་སྐྱེ་བར་འགྱུར་རོ་།རབ་འབྱོར། ལྟུང་བའི་རྩ་བ་ལྕི་བ་བཞི་པོ་ལྟ་ཞོག་གི་བྱང་ཆུབ་སེམས་དཔའི་མིང་བསྟན་པ་ཙམ་གྱིས་རློམ་སེམས་དང་ལྡན་པའི་ སེམས་བསྐྱེད་པ་སྐྱེས་པ་དེ་ནི་མཚམས་མེད་པ་ལྔ་བས་ཀྱང་ཤིན་ཏུ་ལྕི་བ་སྟེ། སེམས་བསྐྱེད་པ་དེ་ནི་དེ་བས་ཀྱང་ཤིན་ཏུ་ལྕི་བར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་བདུད་སྡིག་ཏོ་ཅན་ དབེན་པའི་ཡོན་ཏན་སྟོན་ཅིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཉེ་བར་འོངས་ཏེ། འདི་སྐད་དུ་དེ་བཞིན་གཤེགས་པ་ནི་དབེན་པའི་ཡོན་ཏན་གསུང་བའོ་ཞེས་ཟེར་ཏེ་ རབ་འབྱོར། ངས་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགོན་པའམ། ནགས་འདབས་སའམ། བས་མཐའི་གནས་དབེན་པར་མ་བཤད་དོ། །གསོལ་པ། བཅོམ་ལྡན་ [258A]༄༅། །འདས། གལ་ཏེ་དེ་ལྟར་དགོན་པ་དང། ནགས་འདབ་དང། བས་མཐའི་གནས་དབེན་པ་མ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབེན་ པ་གཞན་ནི་གང་ཞིག་མཆིས། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དབེན་པ་གཞན་ནི་ཇི་ལྟ་བུ་ཞིག་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ༑ རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་དབེན་ན། དགོན་པ་དང། ནགས་འདབ་དང་ བས་མཐའི་གནས་ན་རྣམ་པར་སྤྱོད་པ་ཡིན་ཏེ། རབ་འབྱོར། འདི་ནི་དབེན་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ངས་གནང་བའོ། །གལ་ཏེ་དབེན་པ་འདིས་ ཉིན་མཚན་དུ་རྣམ་པར་སྤྱོད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་དབེན་པས་དབེན་པ་རྣམ་པར་སྤྱོད་པ་ཡིན་ནོ། །བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དགོན་པ་དང། ནགས་འདབ་དང། བས་མཐའི་གནས་ན་རྣམ་པར་སྤྱོད་ཀྱང་ཉན་ཐོས་དང། རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་འདྲེས་པར་རྣམ་པར་ སྤྱོད་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་མི་དབེན་པར་རྣམ་པར་སྤྱོད་པ་ཡིན་ནོ། །གལ་ཏེ་གྲོང་ན་སྤྱོད་ཀྱང་ཉན་ཐོས་དང། རང་སངས་རྒྱས་ཀྱི་ཡིད་ལ་བྱ་བ་དང་མ་ [258B] བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དབེན་པར་རྣམ་པར་སྤྱོད་པ་ཡིན་ནོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་དབེན་པའི་རྣམ་ པ་དེ་ལྟ་བུ་ངས་གནང་བ་ལས་དྲིས་ཤིང་བདུད་སྡིག་ཏོ་ཅན་དེ་ལ་དགོན་པ་དང། ནགས་འདབ་དང། བས་མཐའི་གནས་སུ་རྣམ་པར་སྤྱོད་ཅིག་ཅེས་དབེན་པ་སྟོན་ཏེ། དེ་དབེན་པ་དེས་འདུ་འཛིར་ གྱུར་ཅིང། ཉན་ཐོས་དང། རང་སངས་རྒྱས་ཀྱི་ས་དང་ལྡན་པའི་ཡིད་ལ་བྱ་བ་དང་འདྲེས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པ་མ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་ སུ་རྫོགས་པར་མི་འགྱུར་རོ། །དེ་དེ་ལྟར་རྣམ་པར་སྤྱོད་པ་དེས་རྣམ་པར་སྤྱོད་ཅིང་ཡིད་ལ་བྱ་བ་ཡོངས་སུ་མ་དག་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྲོང་འདབས་ན་ རྣམ་པར་སྤྱོད་ཅིང་ཡིད་ལ་བྱ་བ་ཡོངས་སུ་དག་པ་དང་ལྡན་པ་ཉན་ཐོས་ཀྱི་སེམས་དང་མ་འདྲེས་པ། རང་སངས་རྒྱས་ཀྱི་སེམས་དང་མ་འདྲེས་པ། དེ་མ་ཡིན་པ་སྡིག་པའི་སེམས་གཞན་ དང་མ་འདྲེས་པ། བསམ་གཏན་དང། རྣམ་པར་ཐར་པ་དང། ཏིང་ངེ་འཛིན་དང། སྙོམས་པར་འཇུག་པ་དང། མངོན་པར་ཤེས་པ་ཡོངས་སུ་རྫོགས་པར་གྱུར་པ་དག་ལ་བརྙས་པའི་སེམས་ བསྐྱེད་དེ། ཐབས་མི་མཁས་པའི་བྱང་ཆུབ་སེམས་དཔའ་དེ་བས་དགོན་པ་སྦྲུལ་དང། རི་དྭགས་དང། བྱ་ཡོད་པ། རྐུན་པོ་དང། སྨེ་ཤ་ཅན་ཡོད་པ། གཅན་གཟན་མཆེ་བ་ཅན་དང། སྲིན་ [259A]༄༅། །པོ་རྒྱུ་བ་དཔག་ཚད་བརྒྱ་ཙམ་དུ་འཕགས་པ་དེ་ལྟ་བུའི་ནང་ན་འདུག་ཅིང། ལོ་གཅིག་གམ། ལོ་བརྒྱ་འམ། ལོ་སྟོང་ངམ་ལོ་བརྒྱ་ཕྲག་སྟོང་ངམ། ལོ་བྱེ་བའམ་ ལོ་བྱེ་བ་ཕྲག་བྲྒྱའམ། ལོ་བྱེ་བ་ཕྲག་སྟོང་ངམ། ལོ་བྱེ་བ་བརྒྱ་ཕྲག་སྟོང་ངམ། ལོ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་ངམ། དེ་བས་ཀྱང་ལྷག་པར་གནས་སུ་ཟིན་ཀྱང་དབེན་པ་གང་གིས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པ་ལ་ཡང་དག་པར་གནས་ཤིང་རྣམ་པར་སྤྱོད་པ་དེ་ལྟ་བུའི་དབེན་པ་ཤེས་པར་མི་འགྱུར་ཏེ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་ནི་ཉན་ཐོས་དང། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བ་མང་པོ་དང་འདྲེས་པ་ཉིད་དུ་རྣམ་པར་སྤྱོད་པར་འགྱུར་ཏེ། དབེན་པ་དེ་ལ་ཡང་དག་པར་གཅེས་ པར་གནས་ཤིང། ཆགས་པ་དང་ཞེན་ཅིང་མངོན་པར་ཞེན་པ་དེ་ཙམ་གྱིས་ནི་ངའི་སེམས་རངས་པར་མི་འགྱུར་ཏེ། ངས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ དབེན་པ་གང་བཤད་པའི་དབེན་པ་དེ་དང་མི་ལྡན་པས་དབེན་པ་དེ་ལ་མི་གནས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དབེན་པ་དེ་དང་བྲལ་བའི་ཕྱིར་ཏེ། དེ་ལྟར་དེའི་དྲུང་དུ་བདུད་ སྡིག་ཏོ་ཅན་ཉེ་བར་འོངས་ཤིང། སྟེང་གི་བར་སྣང་ལ་གནས་ཏེ་འདི་སྐད་དུ། རིགས་ཀྱི་བུ། ལེགས་སོ། །ལེགས་སོ། །འདི་ནི་དེ་བཞིན་གཤེགས་པས་བསྟན་པའི་དབེན་པ་མ་ནོར་ [259B]ཅིག་དེར་ཁྱོད་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་ཟེར་ཏེ་ དེའི་རྒྱུས་དེ་དབེན་པ་དེ་བས་ཀྱང་དབེན་པ་དེ་གཅེས་པར་འཛིན་ཅིང། ཕྱིར་གྲོང་འདབ་ཏུ་འོངས་ནས། དགེ་སློང་བྱང་ཆུབ་སེམས་དཔའི་ཐེག་པ་པ་སེམས་དང་ཡིད་ལ་བྱ་བ་ཡོངས་སུ་དག་པ་ དེས་དགེ་བའི་ཆོས་དང་ལྡན་པ། གཞན་དག་ལ་ཚེ་དང་ལྡན་པ་འདི་དག་ནི་འདུ་འཛིའི་རྣམ་པར་སྤྱོད་པས་རྣམ་པར་སྤྱོད་དོ་ཞེས་ཁྱད་དུ་གསོད་ཅིང། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དབེན་པར་སྤྱོད་པ་དེ་དག་ལ་འདུ་འཛིས་རྣམ་པར་སྤྱོད་པར་སྐྱོན་དུ་གདགས་པ་དང། འདྲེས་པར་རྣམ་པར་སྤྱོད་པར་སྐྱོན་དུ་གདགས་པས་བརྙས་པའི་སེམས་བསྐྱེད་དོ། །གང་འདུ་ འཛིའི་རྣམ་པར་སྤྱོད་པར་རྣམ་པར་སྤྱོད་པ་དེ་དག་ལ་ནི་དབེན་པས་རྣམ་པར་སྤྱོད་པས་འཛིན་ཅིང། དེ་དག་ལ་རིམ་གྲོར་བསྐྱེད་དོ་།གང་ལ་རིམ་གྲོ་བསྐྱེད་པར་བྱ་བ་དེ་དག་ལ་ནི་ང་རྒྱལ་ བསྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བདག་ནི་མི་མ་ཡིན་པས་བསྐུལ་བའོ། །མི་མ་ཡིན་པས་དྲན་པར་བྱ་བའོ། །རྣམ་པར་སྤྱོད་པ་གང་གིས་བདག་སྤྱོད་པ་དེ་ནི་རྣམ་པར་སྤྱོད་པ་ མ་ནོར་བ་སྟེ། གྲོང་འདབས་ན་སྤྱོད་པ་ལ་ལྟ་སུ་ཞིག་བསྐུལ་བར་འགྱུར། གྲོང་འདབས་ན་སྤྱོད་པ་ལྟ་སུ་ཞིག་དྲན་པར་བྱེད་པར་འགྱུར་ཞེས་ང་རྒྱལ་བསྐྱེད་དེ། དེ་ལྟར་བྱང་ཆུབ་སེམས་དཔའ་དེ་ [260A]༄༅། །བྱང་ཆུབ་སེམས་དཔའི་ཐེག་པའི་རིགས་ཀྱི་བུ་གཞན་དག་ལ་སྨོད་པར་བྱེད་དེ། རབ་འབྱོར། གང་ཟག་དེ་ནི་བྱང་ཆུབ་སེམས་དཔའ་གདོལ་པར་རིག་པར་བྱའོ། ། བྱང་ཆུབ་སེམས་དཔའ་སུན་འབྱིན་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའི་གཟུགས་བརྙན་དུ་རིག་པར་བྱའོ། །དེ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་རྐུན་ པོ་སྟེ། དེ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་དགེ་སྦྱོང་གི་ཆ་བྱད་ཀྱི་རྐུན་པོར་རིག་པར་བྱ་སྟེ། ངང་ཚུལ་དེ་ལྟ་བུ་དང་ལྡན་པའི་གང་ཟག་ནི། བྱང་ཆུབ་སེམས་དཔའི་ ཐེག་པ་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་གིས་བསྙེན་པར་མི་བྱ། བསྟེན་པར་མི་བྱ། རིམ་གྲོར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན་རབ་འབྱོར། གང་ཟག་དེ་ལྟ་བུ་དག་ནི་ལྷག་ པའི་ང་རྒྱལ་ཅན་དུ་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཡོངས་སུ་མ་བཏང་ལ། བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཀྱང་ཡོངས་སུ་མ་བཏང་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་པ་ཐག་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་འཚང་རྒྱ་བར་འདོད་པ། སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་འདོད་པ་དེས། གང་ཟག་དེ་ལྟ་བུའི་ངང་ཚུལ་ཅན་བསྙེན་པར་མི་བྱ། བསྟེན་པར་མི་བྱ། རིམ་གྲོར་མི་བྱའི་ [260B]འཁོར་བ་ལས་རྟག་ཏུ་སྐྱོ་ཞིང་འཇིགས་པའི་ཡིད་ཀྱིས་ཁམས་གསུམ་དང་མ་འདྲེས་པར་སྤྱད་པར་བྱའོ། །བྱང་ཆུབ་སེམས་དཔའ་ གདོལ་པ་དེ་ལའང་བྱམས་པ་བསྐྱེད་པར་བྱ་སྟེ། དེ་ཉིད་ལ་སྙིང་བརྩེ་བའི་ཕྱིར་སྙིང་རྗེ་བསྐྱེད་པར་བྱའོ། །དགའ་བ་དང་བཏང་སྙོམས་བསྐྱེད་པར་བྱའོ། །དེས་སེམས་འདི་ལྟར་བསྐྱེད་པར་བྱ་ སྟེ༑ ཅི་ནས་ཀྱང་བདག་གི་ཉེས་པ་འདི་དག་ཐམས་ཅད་དུ་ཐམས་ཅད་མེད་ཅིང་མི་སྐྱེ་བར་འགྱུར་བ་དེ་ལྟར་བྱའོ། །གལ་ཏེ་སྐྱེས་ནའང་མྱུར་དུ་སྤང་བར་བྱའོ་ཞེས་བསླབ་པར་བྱ་སྟེ། རབ་ འབྱོར། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རང་གིས་ཁོང་དུ་ཆུད་པའི་མངོན་པར་ཤེས་པའི་མཐུར་རིག་པར་བྱའོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། དགེ་བའི་བཤེས་གཉེན་དག་ ལ་བསྙེན་པར་བྱའོ། །བསྟེན་པར་བྱའོ། །རིམ་གྲོར་བྱའོ། །གསོལ་པ་བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་དུ་རིག་པར་བགྱི་བ་དེ་ དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་ [261A]༄༅། །གཉེན་དུ་རིག་པར་བྱའོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར། ཉན་ཐོས་གང་ཕ་རོལ་ཏུ་ཕྱིན་པ་དྲུག་བརྗོད་ཅིང་སྟོན་པ་དང། འཆད་ཅིང་འགྲེལ་བ་དང། རྣམ་པར་འབྱེད་ཅིང་གསལ་བར་བྱེད་ པ་དང། ཡང་དག་པར་སྟོན་པ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ཕ་རོལ་ཏུ་ཕྱིན་ པ་དྲུག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །དྲན་པ་ཉེ་བར་བཞག་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །ཡང་དག་པར་སྤོང་བ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་ བྱའོ༑ ༑རྫུ་འཕྲུལ་གྱི་རྐང་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །དབང་པོ་ལྔ་ནི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ་།སྟོབས་ལྔ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། ། [261B]དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ་།འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །འཕགས་པའི་བདེན་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་ བཤེས་གཉེན་དུ་རིག་པར་བྱའོ། །བསམ་གཏན་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །ཚད་མེད་པ་བཞི་ནི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རྣམ་པར་ཐར་པ་བརྒྱད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །མཐར་ གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་ མཚན་མ་མེད་པ་དང། སྨོན་པ་མེད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ་།མངོན་པར་ཤེས་པ་རྣམས་ནི་བྱང་ཆུབ་སེམས་ [262A]༄༅། །དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །ཏིང་ངེ་འཛིན་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་ བའི་བཤེས་གཉེན་དུ་རིག་པར་བྱའོ། །གཟུངས་ཀྱི་སྒོ་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །དེ་བཞིན་གཤེགས་ པའི་སྟོབས་བཅུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །མི་འཇིགས་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་ རིག་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །དེ་བཞིན་ཉིད་ དང༑ ཡང་དག་པའི་མཐའ་དང། ཆོས་ཀྱི་དབྱིངས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་བའི་བཤེས་གཉེན་དུ་རིག་པར་བྱའོ། །རབ་འབྱོར། གཞན་ཡང་ ཕ་རོལ་ཏུ་ཕྱིན་ཕ་དྲུག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ལམ་མོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྣང་བའོ། །ཕ་ [262B] །བློའོ། །ཤེས་པའོ་།ཤེས་རབ་བོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་དཔུང་གཉེན་ནོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་སྐྱབས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་མགོན་ནོ། །ཕ་རོལ་ཏུ་ ཕྱིན་པ་དྲུག་ནི་མའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ནི་ཕའོ། །སྟོང་པ་ཉིད་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། སྟོང་པ་ཉིད་ཐམས་ཅད་ནི་ ལམ་མོ། །སྟོང་པ་ཉིད་ཐམས་ཅད་ནི་སྣང་བའོ། །སྟོང་པ་ཉིད་ཐམས་ཅད་ནི་སྒྲོན་མའོ། །སྟོང་པ་ཉིད་ཐམས་ཅད་ནི་བློའོ་།སྟོང་པ་ཉིད་ཐམས་ཅད་ནི་ཤེས་པའོ། །སྟོང་པ་ཉིད་ཐམས་ཅད་ ནི་ཤེས་རབ་བོ། །སྟོང་པ་ཉིད་ཐམས་ཅད་ནི་དཔུང་གཉེན་ནོ་།སྟོང་པ་ཉིད་ཐམས་ཅད་ནི་སྐྱབས་སོ། །སྟོང་པ་ཉིད་ཐམས་ཅད་ནི་མགོན་ནོ། །སྟོང་པ་ཉིད་ཐམས་ཅད་ནི་མའོ། །སྟོང་པ་ཉིད་ཐམས་ ཅད་ནི་ཕའོ། །དྲན་པ་ཉེ་བར་བཞག་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། དྲན་པ་ཉེ་བར་བཞག་པ་བཞི་ནི་ལམ་མོ། །དྲན་པ་ཉེ་བར་བཞག་པ་ བཞི་ནི་སྣང་བའོ། །དྲན་པ་ཉེ་བར་བཞག་པ་བཞི་ནི་སྒྲོན་མའོ་།བློའོ། །ཤེས་པའོ། །ཤེས་རབ་བོ། །དྲན་པ་ཉེ་བར་བཞག་པ་བཞི་ནི་དཔུང་གཉེན་ནོ། །དྲན་པ་ཉེ་བར་བཞག་པ་བཞི་ནི་སྐྱབས་སོ། ། དྲན་པ་ཉེ་བར་བཞག་པ་བཞི་ནི་མགོན་ནོ། །དྲན་པ་ཉེ་བར་བཞག་པ་བཞི་ནི་མའོ། །དྲན་པ་ཉེ་བར་བཞག་པ་བཞི་ནི་ཕའོ། །ཡང་དག་པར་སྤོང་བ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ [263A]༄༅། །པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། ཡང་དག་པར་སྤོང་བ་བཞི་ནི་ལ་མོ། །ཡང་དག་པར་སྤོང་བ་བཞི་ནི་སྣང་བའོ། །ཡང་དག་པར་སྤོང་བ་བཞི་ནི་སྒྲོན་མའོ། ། བློའོ། །ཤེས་པའོ། །ཤེས་རབ་བོ། །ཡང་དག་པར་སྤོང་བ་བཞི་ནི་དཔུང་གཉེན་ནོ། །ཡང་དག་པར་སྤོང་བ་བཞི་ནི་སྐྱབས་སོ། །ཡང་དག་པར་སྤོང་བ་བཞི་ནི་མགོན་ནོ། །ཡང་དག་པར་སྤོང་བ་ བཞི་ནི་མའོ། །ཡང་དག་པར་སྤོང་བ་བཞི་ནི་ཕའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་ ལམ་མོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་སྣང་བའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་སྒྲོན་མའོ། །བློའོ། ཤེས་པའོ། །ཤེས་རབ་བོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་དཔུང་གཉེན་ནོ། །རྫུ་འཕྲུལ་གྱི་རྐང་པ་ བཞི་ནི་སྐྱབས་སོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་མགོན་ནོ་།རྫུ་འཕྲུལ་གྱི་རྐང་པ་བཞི་ནི་མའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི་ཕའོ། །དབང་པོ་ལྔ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ སྟོན་པར་རིག་པར་བྱ་སྟེ། དབང་པོ་ལྔ་ནི་ལམ་མོ། །དབང་པོ་ལྔ་ནི་སྣང་བའོ། །དབང་པོ་ལྔ་ནི་སྒྲོན་མའོ། །བློའོ། །ཤེས་པའོ་།ཤེས་རབ་བོ། །དབང་པོ་ལྔ་ནི་དཔུང་གཉེན་ནོ། །དབང་པོ་ལྔ་ནི་སྐྱབས་ སོ༑ ༑དབང་པོ་ལྔ་ནི་མགོན་ནོ། །དབང་པོ་ལྔ་ནི་མའོ། །དབང་པོ་ལྔ་ནི་ཕའོ། །སྟོབས་ལྔ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། སྟོབས་ལྔ་ནི་ལམ་ [263B] ༑སྟོབས་ལྔ་ནི་སྣང་བའོ། །སྟོབས་ལྔ་ནི་སྒྲོན་མའོ་།བློའོ། ཤེས་པའོ། །ཤེས་རབ་བོ། །སྟོབས་ལྔ་ནི་དཔུང་གཉེན་ནོ་།སྟོབས་ལྔ་ནི་སྐྱབས་སོ། །སྟོབས་ལྔ་ནི་མགོན་ནོ། །སྟོབས་ལྔ་ནི་མའོ། །སྟོབས་ ལྔ་ནི་ཕའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་ནི་ལམ་མོ། །བྱང་ཆུབ་ཀྱི་ཡན་ལག་ བདུན་ནི་སྣང་བའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་སྒྲོན་མའོ་།བློའོ། །ཤེས་པའོ། །ཤེས་རབ་བོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་དཔུང་གཉེན་ནོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་སྐྱབས་ སོ༑ ༑བྱང་ཆུབ་ཀྱི་ཡན་ལག་བདུན་ནི་མགོན་ནོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་མའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི་ཕའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ལམ་མོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སྣང་བའོ། །འཕགས་པའི་ལམ་ ཡན་ལག་བརྒྱད་པ་ནི་སྒྲོན་མའོ། །བློའོ། །ཤེས་པའོ། །ཤེས་རབ་བོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་དཔུང་གཉེན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སྐྱབས་སོ། ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་མགོན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་མའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཕའོ།། །།ཤེས་རབ་ཀྱི་ཕ་ [264A]༄༅། །རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་ཞེ་གསུམ་པ། །འཕགས་པའི་བདེན་པ་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་ རིག་པར་བྱ་སྟེ། འཕགས་པའི་བདེན་པ་རྣམས་ནི་ལམ་མོ། །འཕགས་པའི་བདེན་པ་རྣམས་ནི་སྣང་བའོ། །འཕགས་པའི་བདེན་པ་རྣམས་ནི་སྒྲོན་མའོ། །བློའོ། །ཤེས་པའོ། །ཤེས་རབ་བོ། ། འཕགས་པའི་བདེན་པ་རྣམས་ནི་དཔུང་གཉེན་ནོ། །འཕགས་པའི་བདེན་པ་རྣམས་ནི་སྐྱབས་སོ། །འཕགས་པའི་བདེན་པ་རྣམས་ནི་མགོན་ནོ་།འཕགས་པའི་བདེན་པ་རྣམས་ནི་མའོ། །འཕགས་ པའི་བདེན་པ་རྣམས་ནི་ཕའོ། །བསམ་གཏན་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། བསམ་གཏན་རྣམས་ནི་ལམ་མོ། །བསམ་གཏན་རྣམས་ ནི་སྣང་བའོ། །བསམ་གཏན་རྣམས་ནི་སྒྲོན་མའོ། །བློའོ། །ཤེས་པའོ། །ཤེས་རབ་བོ། །བསམ་གཏན་རྣམས་ནི་དཔུང་གཉེན་ནོ། །བསམ་གཏན་རྣམས་ནི་སྐྱབས་སོ། །བསམ་གཏན་རྣམས་ནི་ མགོན་ནོ། །བསམ་གཏན་རྣམས་ནི་མའོ། །བསམ་གཏན་རྣམས་ནི་ཕའོ་།ཚད་མེད་པ་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། ཚད་མེད་པ་ རྣམས་ནི་ལམ་མོ། །ཚད་མེད་པ་རྣམས་ནི་སྣང་བའོ། །ཚད་མེད་པ་རྣམས་ནི་སྒྲོན་མའོ། །བློའོ། །ཤེས་པའོ། །ཤེས་རབ་བོ། །ཚད་མེད་པ་རྣམས་ནི་དཔུང་གཉེན་ནོ། །ཚད་མེད་པ་རྣམས་ནི་སྐྱབས་ [264B] ༑ཚད་མེད་པ་རྣམས་ནི་མགོན་ནོ། །ཚད་མེད་པ་རྣམས་ནི་མའོ། །ཚད་མེད་པ་རྣམས་ནི་ཕའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་ལམ་མོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་སྣང་བའོ། །གཟུགས་མེད་པའི་སྙོམས་ པར་འཇུག་པ་རྣམས་ནི་སྒྲོན་མའོ། །བློའོ། །ཤེས་པའོ། །ཤེས་རབ་བོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་དཔུང་གཉེན་ནོ་།གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་ སྐྱབས་སོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་མགོན་ནོ་།གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་མའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་ཕའོ། ། རྣམ་པར་ཐར་པ་བརྒྱད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། རྣམ་པར་ཐར་པ་བརྒྱད་ནི་ལམ་མོ། །རྣམ་པར་ཐར་པ་བརྒྱད་ནི་སྣང་བའོ། །རྣམ་ པར་ཐར་པ་བརྒྱད་ནི་སྒྲོན་མའོ། །བློའོ། །ཤེས་པའོ། །ཤེས་རབ་བོ། །རྣམ་པར་ཐར་པ་བརྒྱད་ནི་དཔུང་གཉེན་ནོ། །རྣམ་པར་ཐར་པ་བརྒྱད་ནི་སྐྱབས་སོ། །རྣམ་པར་ཐར་པ་བརྒྱད་ནི་མགོན་ནོ། །རྣམ་ པར་ཐར་པ་བརྒྱད་ནི་མའོ། །རྣམ་པར་ཐར་པ་བརྒྱད་ནི་ཕའོ་།མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་ [265A]༄༅། །པར་བྱ་སྟེ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་ལམ་མོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པར་དགུ་ནི་སྣང་བའོ། །མཐར་གྱིས་གནས་ པའི་སྙོམས་པར་འཇུག་པ་དགུ་ནི་སྒྲོན་མའོ། །བློའོ། ཤེས་པའོ་།ཤེས་རབ་བོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་དཔུང་གཉེན་ནོ། །མཐར་གྱིས་གནས་པའི་སྙོམས་ པར་འཇུག་པ་དགུ་ནི་སྐྱབས་སོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་མགོན་ནོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ནི་མའོ། །མཐར་གྱིས་གནས་ པའི་སྙོམས་པར་འཇུག་པ་དགུ་ནི་ཕའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་ པར་རིག་པར་བྱ་སྟེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་ནི་ལམ་མོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་ མེད་པ་ནི་སྣང་བའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་ནི་སྒྲོན་མའོ། །བློའོ། །ཤེས་པའོ། །ཤེས་རབ་བོ། །རྣམ་པར་ཐར་པའི་སྒྲོ་སྟོང་པ་ ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ནི་དཔུང་གཉེན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ནི་སྐྱབས་སོ། །རྣམ་པར་ཐར་ [265B] མཚན་མ་མེད་པ་དང། སྨོན་པ་མེད་པ་ནི་མགོན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་ནི་མའོ། །རྣམ་བར་ཐར་པའི་ སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ནི་ཕའོ། །མངོན་པར་ཤེས་པ་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། མངོན་ པར་ཤེས་པ་རྣམས་ནི་ལམ་མོ། །མངོན་པར་ཤེས་པ་རྣམས་ནི་སྣང་བའོ། །མངོན་པར་ཤེས་པ་རྣམས་ནི་སྒྲོན་མའོ། །བློའོ། །ཤེས་པའོ་།ཤེས་རབ་བོ། །མངོན་པར་ཤེས་པ་རྣམས་ནི་དཔུང་ གཉེན་ནོ། །མངོན་པར་ཤེས་པ་རྣམས་ནི་སྐྱབས་སོ། །མངོན་པར་ཤེས་པ་རྣམས་ནི་མགོན་ནོ། །མངོན་པར་ཤེས་པ་རྣམས་ནི་མའོ། །མངོན་པར་ཤེས་པ་རྣམས་ནི་ཕའོ། །ཏིང་ངེ་འཛིན་རྣམས་ ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། ཏིང་ངེ་འཛིན་རྣམས་ནི་ལམ་མོ། །ཏིང་ངེ་འཛིན་རྣམས་ནི་སྣང་བའོ། །ཏིང་ངེ་འཛིན་རྣམས་ནི་སྒྲོན་མའོ། ། བློའོ། །ཤེས་པའོ། །ཤེས་རབ་བོ། །ཏིང་ངེ་འཛིན་རྣམས་ནི་དཔུང་གཉེན་ནོ། །ཏིང་ངེ་འཛིན་རྣམས་ནི་སྐྱབས་སོ། །ཏིང་ངེ་འཛིན་རྣམས་ནི་མགོན་ནོ། །ཏིང་ངེ་འཛིན་རྣམས་ནི་མའོ། །ཏིང་ངེ་ འཛིན་རྣམས་ནི་ཕའོ། །གཟུངས་ཀྱི་སྒོ་རྣམས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། གཟུངས་ཀྱི་སྒོ་རྣམས་ནི་ལམ་མོ། །གཟུངས་ཀྱི་སྒོ་རྣམས་ [266A]༄༅། །ནི་སྣང་བའོ། །གཟུངས་ཀྱི་སྒོ་རྣམས་ནི་སྒྲོན་མའོ་།བློའོ། །ཤེས་པའོ། །ཤེས་རབ་བོ། །གཟུངས་ཀྱི་སྒོ་རྣམས་ནི་དཔུང་གཉེན་ནོ། །གཟུངས་ཀྱི་སྒོ་རྣམས་ནི་སྐྱབས་ སོ༑ ༑གཟུངས་ཀྱི་སྒོ་རྣམས་ནི་མགོན་ནོ། །གཟུངས་ཀྱི་སྒོ་རྣམས་ནི་མའོ། །གཟུངས་ཀྱི་སྒོ་རྣམས་ནི་ཕའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་ལམ་མོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་སྣང་བའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་སྒྲོན་ མའོ༑ ༑བློའོ། །ཤེས་པའོ། །ཤེས་རབ་བོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་དཔུང་གཉེན་ནོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་སྐྱབས་སོ། །དེ་བཞིན་གཤེགས་པའི་ སྟོབས་བཅུ་ནི་མགོན་ནོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་མའོ་།དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་ཕའོ། །མི་འཇིགས་པ་བཞི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། མི་འཇིགས་པ་བཞི་ནི་ལམ་མོ། །མི་འཇིགས་པ་བཞི་ནི་སྣང་བའོ། །མི་འཇིགས་པ་བཞི་ནི་སྒྲོན་མའོ། །བློའོ། །ཤེས་པའོ། །ཤེས་རབ་བོ། ། མི་འཇིགས་པ་བཞི་ནི་དཔུང་གཉེན་ནོ། །མི་འཇིགས་པ་བཞི་ནི་སྐྱབས་སོ། །མི་འཇིགས་པ་བཞི་ནི་མགོན་ནོ། །མི་འཇིགས་པ་བཞི་ནི་མའོ། །མི་འཇིགས་པ་བཞི་ནི་ཕའོ། །སོ་སོ་ཡང་ [266B]པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། སོ་སོ་ཡང་དག་པར་རིག་པ་བཞི་ནི་ལམ་མོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་ སྣང་བའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་སྒྲོན་མའོ་།བློའོ། །ཤེས་པའོ། །ཤེས་རབ་བོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་དཔུང་གཉེན་ནོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་སྐྱབས་ སོ༑ ༑སོ་སོ་ཡང་དག་པར་རིག་པ་བཞི་ནི་མགོན་ནོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་མའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་ཕའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་ལམ་མོ་།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་སྣང་ བའོ༑ ༑སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་སྒྲོན་མའོ་།བློའོ། །ཤེས་པའོ། །ཤེས་རབ་བོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་དཔུང་གཉེན་ནོ། །སངས་རྒྱས་ཀྱི་ཆོས་མ་ འདྲེས་པ་བཅོ་བརྒྱད་ནི་སྐྱབས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་མགོན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་མའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་ བརྒྱད་ནི་ཕའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པར་རིག་པར་བྱ་སྟེ། ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ལམ་མོ། །ལམ་གྱི་རྣམ་པ་ [267A]༄༅། །ཤེས་པ་ཉིད་ནི་སྣང་བའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་སྒྲོན་མའོ། །བློའོ། །ཤེས་པའོ། །ཤེས་རབ་བོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་དཔུང་གཉེན་ནོ། ། ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་སྐྱབས་སོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་མགོན་ནོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་མའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ཕའོ། །རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ནི་བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤོང་བར་བྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། དེ་ནི་འདི་ལྟར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ པོ་འདི་དག་ནི། འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ གིའང་ཡབ་དང་ཡུམ་དུ་གྱུར་ཏོ། །རབ་འབྱོར། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་དག་ནི། མ་འོངས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་འབྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིའང་ཡབ་དང་ཡུམ་དུ་འགྱུར་རོ། །རབ་འབྱོར། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ པོ་འདི་དག་ནི། ད་ལྟར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ [267B] །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། འདི་ལྟར་འདི་ལས་བྱུང་བ་ནི་འདས་པ་དང། མ་འོངས་པ་དང། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ་ རབ་འབྱོར། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དང། སངས་རྒྱས་ཀྱི་ ཞིང་ཡོངས་སུ་དག་པར་བྱ་བར་འདོད་པ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བར་འདོད་པས་བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་བསྡུ་བར་བྱའོ། །བཞི་གང་ཞེ་ན། སྦྱིན་པ་དང་ ཚིག་སྙན་པ་དང། དོན་སྤྱད་པ་དང། དོན་མཐུན་པ་སྟེ། རབ་འབྱོར། ངས་དོན་གྱི་དབང་དེ་མཐོང་བས་འདི་སྐད་དུ་འདི་ལྟ་སྟེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་འདི་དག་ནི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྟོན་པ་དང། མ་དང། ཕ་དང། དཔུང་གཉེན་དང། སྐྱབས་དང། མགོན་ཡིན་ནོ་ཞེས་བརྗོད་དོ་།རབ་འབྱོར། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་གཞན་གྱི་དྲིང་མི་འཇོག་པར་བྱ་བར་འདོད་པ་དང་གཞན་གྱི་དྲིང་མི་འཇོག་པ་ལ་གནས་པར་འདོད་པ་དང། སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་བཅད་པར་འདོད་པ་དང། སངས་ རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བར་འདོད་པ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ [268A]༄༅། །སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གང་ལ་བསླབ་པར་བྱ་བ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་རྒྱ་ཆེར་བསྟན་ཏོ། །རབ་འབྱོར་གྱིས་ གསོལ་པ། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ནམ་མཁའ་ལྟར་ཆགས་པ་མེད་པའི་ མཚན་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་ཉིད་མེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཚན་ཉིད་གང་ཡང་མེད་དོ། ། གསོལ་པ། བཅོམ་ལྡན་འདས། མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆིས་པའི་མཚན་ཉིད་དེས་ཆོས་ཐམས་ཅད་མཆིས་པར་འགྱུར་བའི་རྣམ་གྲངས་དེ་ལྟ་བུ་མཆིས་ སམ༑ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པའི་མཚན་ཉིད་དེ་ཉིད་ཀྱིས་ཆོས་ ཐམས་ཅད་ཡོད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། ཆོས་ཐམས་ཅད་ནི་རང་བཞིན་གྱིས་དབེན་པ་སྟེ། ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་དབེན་པའོ། །ཆོས་ཐམས་ཅད་ནི་ཆོས་ཐམས་ ཅད་ཀྱིས་སྟོང་པའོ། །རབ་འབྱོར། རྣམ་གྲངས་དེས་ན་འདི་ལྟར་སྟོང་པ་ཉིད་ཀྱི་མཚན་ཉིད་དང། དབེན་པའི་མཚན་ཉིད་དུ་མཚན་ཉིད་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པའི་མཚན་ [268B] །རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས། གལ་ཏེ་ཆོས་ཐམས་ཅད་ཀྱང་ཆོས་ཐམས་ཅད་ཀྱིས་དབེན་ལ། ཆོས་ཐམས་ཅད་ཀྱང་ཆོས་ཐམས་ཅད་ཀྱིས་ སྟོང་ན། སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་དང། རྣམ་པར་བྱང་བའང་ཇི་ལྟར་མཆིས་པར་འགྱུར། བཅོམ་ལྡན་འདས། དབེན་པ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར། རྣམ་པར་ བྱང་བར་མི་འགྱུར། སྟོང་པ་ཉིད་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར། རྣམ་པར་བྱང་བར་མི་འགྱུར། དབེན་པ་དང་སྟོང་པ་ཉིད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་འཚང་མི་རྒྱ། དབེན་པས་ནི་སྟོང་པ་ཉིད་ལ་ཆོས་གང་ཡང་མི་དམིགས། དབེན་པས་ནི་སྟོང་པ་ཉིད་ལས་སེམས་ཅན་གང་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ལྟ་བུ་མི་ དམིགས་ན། བཅོམ་ལྡན་འདས། བསྟན་པ་དེའི་དོན་བདག་གིས་ཇི་ལྟར་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། སེམས་ཅན་རྣམས་ཡུན་ རིང་པོ་ནས་བདག་དང་བདག་གི་ཞེས་བྱ་བ་ལ་སྤྱོད་དམ། གསོལ་པ་བཅོམ་ལྡན་འདས། དེ་དེ་ལྟར་ལགས་སོ། །བདེ་བར་གཤེགས་པ། དེ་དེ་ལྟར་ལགས་ཏེ། སེམས་ཅན་རྣམས་ཡུན་རིང་པོ་ ནས་བདག་དང་བདག་གིར་བགྱི་བ་ལ་སྤྱོད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། འོན་ཀྱང་བདག་དང་བདག་གིར་བྱ་བ་དབེན་ཞིང་སྟོང་ངམ། གསོལ་པ་ [269A]༄༅། །བཅོམ་ལྡན་འདས། དབེན་ནོ། །བདེ་བར་གཤེགས་པ། སྟོང་ངོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། འོན་ཀྱང་བདག་དང་ བདག་གིར་བྱ་བས་སེམས་ཅན་རྣམས་ཀུན་ཏུ་རྒྱུག་ཅིང། ཀུན་ཏུ་འཁོར་བར་གྱུར་ཏམ། གསོལ་པ། བཅོམ་ལྡན་འདས། དེ་དེ་ལྟ་ལགས་སོ། །བདེ་པར་གཤེགས་པ། དེ་དེ་ལྟ་ལགས་ ཏེ༑ བདག་ཏུ་བགྱི་བ་དང་བདག་གིར་བགྱི་བས་སེམས་ཅན་རྣམས་ཀུན་དུ་རྒྱུག་ཅིང། ཀུན་དུ་འཁོར་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །རབ་འབྱོར། དེ་ལྟར་ན་སེམས་ཅན་ རྣམས་ཀྱི་ཀུན་ནས་ཉོན་མོངས་པ་ཡོད་པ་ཡིན་ཏེ། གང་ལ་བདག་ཏུ་བྱ་བ་མེད་པ་དང། བདག་གིར་བྱ་བ་མེད་པ་དེ་ལ་འཛིན་པ་མེད་གང་ལ་འཛིན་པ་མེད་པ་དེ་ལ་སེམས་ཅན་ཀུན་ཏུ་རྒྱུག་ཅིང་ ཀུན་ཏུ་འཁོར་བ་མེད་དེ། དེ་ལ་ཀུན་ནས་ཉོན་མོངས་པ་གང་ཡང་མེད་པས། རབ་འབྱོར། དེ་ལྟར་ན་སེམས་ཅན་རྣམས་ཀྱི་རྣམ་པར་བྱང་བ་ཡོད་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། གཟུགས་ལ་མི་སྤྱོད། ཚོར་བ་ལ་མི་སྤྱོད། འདུ་ཤེས་ལ་མི་སྤྱོད། འདུ་བྱེད་ལ་མི་སྤྱོད། རྣམ་པར་ཤེས་པ་ལ་མི་སྤྱོད་དོ། །མིག་ལ་ མི་སྤྱོད། རྣ་བ་ལ་མི་སྤྱོད། སྣ་ལ་མི་སྤྱོད། ལྕེ་ལ་མི་སྤྱོད་ལུས་ལ་མི་སྤྱོད། ཡིད་ལ་མི་སྤྱོད་དོ། །གཟུགས་ལ་མི་སྤྱོད། སྒྲ་ལ་མི་སྤྱོད། དྲི་ལ་མི་སྤྱོད། རོ་ལ་མི་སྤྱོད། རེག་ལ་མི་སྤྱོད། ཆོས་ [269B] །མིག་གི་རྣམ་པར་ཤེས་པ་ལ་མི་སྤྱོད། རྣ་བའི་རྣམ་པར་ཤེས་པ་ལ་མི་སྤྱོད། སྣའི་རྣམ་པར་ཤེས་པ་ལ་མི་སྤྱོད། ལྕེའི་རྣམ་པར་ཤེས་པ་ལ་མི་སྤྱོད། ལུས་ཀྱི་རྣམ་པར་ཤེས་པ་ལ་མི་ སྤྱོད༑ ཡིད་ཀྱི་རྣམ་པར་ཤེས་པ་ལ་མི་སྤྱོད་དོ། །མིག་གི་འདུས་ཏེ་རེག་པ་ལ་མི་སྤྱོད། རྣ་བའི་འདུས་ཏེ་རེག་པ་ལ་མི་སྤྱོད། སྣའི་འདུས་ཏེ་རེག་པ་ལ་མི་སྤྱོད། ལྕེའི་འདུས་ཏེ་རེག་པ་ལ་མི་སྤྱོད་ ལུས་ཀྱི་འདུས་ཏེ་རེག་པ་ལ་མི་སྤྱོད། ཡིད་ཀྱི་འདུས་ཏེ་རེག་པ་ལ་མི་སྤྱོད་དོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་མི་སྤྱོད། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་མི་སྤྱོད་སྣའི་ འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་མི་སྤྱོད། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་མི་སྤྱོད། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ལ་མི་སྤྱོད། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ ཚོར་བ་ལ་མི་སྤྱོད་དོ། །སའི་ཁམས་ལ་མི་སྤྱོད། ཆུའི་ཁམས་ལ་མི་སྤྱོད། མེའི་ཁམས་ལ་མི་སྤྱོད། རླུང་གི་ཁམས་ལ་མི་སྤྱོད། ནམ་མཁའི་ཁམས་ལ་མི་སྤྱོད། རྣམ་པར་ཤེས་པའི་ཁམས་ལ་མི་ སྤྱོད་དོ། །མ་རིག་པ་ལ་མི་སྤྱོད། འདུ་བྱེད་ལ་མི་སྤྱོད། རྣམ་པར་ཤེས་པ་ལ་མི་སྤྱོད། མིང་དང་གཟུགས་ལ་མི་སྤྱོད། སྐྱེ་མཆེད་དྲུག་ལ་མི་སྤྱོད། རེག་པ་ལ་མི་སྤྱོད། ཚོར་བ་ལ་མི་སྤྱོད། སྲེད་པ་ལ་ མི་སྤྱོད། ལེན་པ་ལ་མི་སྤྱོད། སྲིད་པ་ལ་མི་སྤྱོད། སྐྱེ་བ་ལ་མི་སྤྱོད། རྒ་ཤི་ལ་མི་སྤྱོད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད། བཟོད་པའི་ཕ་རོལ་ཏུ་ [270A]༄༅། །ཕྱིན་པ་ལ་མི་སྤྱོད། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ནང་ སྟོང་པ་ཉིད་ལ་མི་སྤྱོད། ཕྱི་སྟོང་པ་ཉིད་ལ་མི་སྤྱོད། ཕྱི་ནང་སྟོང་པ་ཉིད་ལ་མི་སྤྱོད། སྟོང་པ་ཉིད་སྟོང་པ་ཉིད་ལ་མི་སྤྱོད། ཆེན་པོ་སྟོང་པ་ཉིད་ལ་མི་སྤྱོད། དོན་དམ་པ་སྟོང་པ་ཉིད་ལ་མི་སྤྱོད། འདུས་ བྱས་སྟོང་པ་ཉིད་ལ་མི་སྤྱོད། འདུས་མ་བྱས་སྟོང་པ་ཉིད་ལ་མི་སྤྱོད། མཐའ་ལས་འདས་པ་སྟོང་པ་ཉིད་ལ་མི་སྤྱོད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་མི་སྤྱོད། དོར་བ་མེད་པ་སྟོང་པ་ཉིད་ ལ་མི་སྤྱོད། རང་བཞིན་སྟོང་པ་ཉིད་ལ་མི་སྤྱོད། ཆོས་ཐམས་ཅད་སྟོང་པ་ཉིད་ལ་མི་སྤྱོད། རང་གི་མཚན་ཉིད་སྟོང་པ་ཉིད་ལ་མི་སྤྱོད། མི་དམིགས་པ་སྟོང་པ་ཉིད་ལ་མི་སྤྱོད། དངོས་པོ་མེད་པ་ སྟོང་པ་ཉིད་ལ་མི་སྤྱོད། ངོ་བོ་ཉིད་སྟོང་པ་ཉིད་ལ་མི་སྤྱོད་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་མི་སྤྱོད་དོ། །དྲན་པ་ཉེ་བར་བཞག་པ་རྣམས་ལ་མི་སྤྱོད། ཡང་དག་པར་སྤོང་བ་རྣམས་ལ་ མི་སྤྱོད། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་མི་སྤྱོད། དབང་པོ་རྣམས་ལ་མི་སྤྱོད། སྟོབས་རྣམས་ལ་མི་སྤྱོད། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་མི་སྤྱོད། འཕགས་པའི་ལམ་ཡན་ལག་བརྒྱད་ པ་ལ་མི་སྤྱོད། འཕགས་པའི་བདེན་པ་རྣམས་ལ་མི་སྤྱོད། བསམ་གཏན་རྣམས་ལ་མི་སྤྱོད། ཚད་མེད་པ་རྣམས་ལ་མི་སྤྱོད། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་མི་ [270B] རྣམ་པར་ཐར་པ་བརྒྱད་ལ་མི་སྤྱོད། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མི་སྤྱོད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་མི་སྤྱོད་ མངོན་པར་ཤེས་པ་རྣམས་ལ་མི་སྤྱོད། ཏིང་ངེ་འཛིན་རྣམས་ལ་མི་སྤྱོད། གཟུངས་ཀྱི་སྒོ་རྣམས་ལ་མི་སྤྱོད། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་མི་སྤྱོད། མི་འཇིགས་པ་བཞི་ལ་མི་ སྤྱོད༑ སོ་སོ་ཡང་དག་པར་རིག་པ་བཞི་ལ་མི་སྤྱོད། བྱམས་པ་ཆེན་པོ་ལ་མི་སྤྱོད། སྙིང་རྗེ་ཆེན་པོ་ལ་མི་སྤྱོད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་མི་སྤྱོད། རྒྱུན་དུ་ཞུགས་པའི་ འབྲས་བུ་ལ་མི་སྤྱོད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་མི་སྤྱོད། ཕྱིར་མི་འོང་བའི་འབྲས་བུ་ལ་མི་སྤྱོད། དགྲ་བཅོམ་པ་ཉིད་ལ་མི་སྤྱོད། རང་བྱང་ཆུབ་ལ་མི་སྤྱོད། ལམ་གྱི་རྣམ་པ་ ཤེས་པ་ཉིད་ལ་མི་སྤྱོད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མི་སྤྱོད་དོ། །དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གང་སྤྱོད་པ་དང། གང་གིས་སྤྱོད་པ་དང། གང་ལ་སྤྱོད་པར་འགྱུར་བའི་ཆོས་ དེ་དག་ཐམས་ཅད་མི་དམིགས་སོ། །བཅོམ་ལྡན་འདས། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མི་ཐུབ་པ་སྟེ་ བཅོམ་ལྡན་འདས། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་ཀྱིས་ཟིལ་གྱིས་གནོན་པར་མི་ནུས་སོ། །དེ་ཅིའི་སླད་དུ་ཞེ་ན། དེ་ [271A]༄༅། །ནི་འདི་ལྟར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པའི་གནས་ཟིལ་གྱིས་མི་ནོན་པ་ལ་གནས་པས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བགྱིད་པ་དང་མ་བྲལ་བ་ནི་ཟིལ་གྱིས་མི་ནོན་པ་སྟེ། བཅོམ་ལྡན་འདས། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། གལ་ཏེ་ཛམྦུའི་གླིང་གི་སེམས་ཅན་ཇི་སྙེད་ཡོད་པ་དེ་དག་ཐམས་ ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་དེ་དག་ནམ་འཚོའི་བར་དུ་བཞུགས་པ་དེ་ལ་ རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་རིམ་གྲོར་བྱས། བཀུར་སྟི་བྱས། ཕུ་དུད་དུ་བྱས། མཆོད་པ་བྱས་ཏེ། དགེ་བའི་རྩ་བ་དེའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་ཡོངས་སུ་བསྔོས་ན། རབ་འབྱོར། དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ་གསོལ་པ། བཅོམ་ལྡན་འདས། མང་ངོ། །བདེ་ བར་གཤེགས་པ་མང་ངོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་ [271B] འཆད་པ་དང། རྣམ་པར་གཞོག་པ་དང། རབ་ཏུ་གཞོག་པ་དང། འགྲེལ་པ་དང། རྣམ་པར་འབྱེད་པ་དང། གསལ་བར་བྱེད་པ་དང། ཡང་དག་པར་སྟོན་པ་དང། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པས་རྣམ་པར་སྤྱོད་ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར། གལ་ཏེ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་ དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ལ། དེ་དག་ནམ་འཚོའི་བར་དུ་བཞུགས་ པ་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་རིམ་གྲོ་བྱས་བཀུར་སྟི་བྱས། ཕུ་དུད་བྱས། མཆོད་པ་བྱས་ཏེ། དགེ་བའི་རྩ་བ་དེའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་ཡོངས་སུ་བསྔོས་ན། རབ་འབྱོར། དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ་གསོལ་པ། བཅོམ་ལྡན་འདས། མང་ངོ། །བདེ་བར་ གཤེགས་པ། མང་ངོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང། འཆད་པ་ དང༑ རྣམ་པར་གཞོག་པ་དང། རབ་ཏུ་གཞོག་པ་དང། འགྲེལ་པ་དང། རྣམ་པར་འབྱེད་པ་དང། གསལ་བར་བྱེད་པ་དང། ཡང་དག་པར་སྟོན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ [272A]༄༅། །ཡིད་ལ་བྱེད་པས་རྣམ་པར་སྤྱོད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར། གལ་ཏེ་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ལ། དེ་དག་ནམ་འཚོའི་བར་དུ་བཞུགས་ པ་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་རིམ་གྲོ་བྱས་བཀུར་སྟི་བྱས། ཕུ་དུད་བྱས། མཆོད་པ་བྱས་ཏེ། དགེ་བའི་རྩ་བ་དེའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་ཡོངས་སུ་བསྔོས་ན། རབ་འབྱོར། དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ་གསོལ་པ། བཅོམ་ལྡན་འདས། མང་ངོ། ། བདེ་བར་གཤེགས་པ། མང་ངོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར། དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་ པ་དང། འཆད་པ་དང། རྣམ་པར་གཞོག་པ་དང། རབ་ཏུ་གཞོག་པ་དང། འགྲེལ་པ་དང། རྣམ་པར་འབྱེད་པ་དང། གསོལ་བར་བྱེད་པ་དང། ཡང་དག་པར་སྟོན་པ་དང། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པས་རྣམ་པར་སྤྱོད་ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར། གལ་ཏེ་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་ [272B]པར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ལ། དེ་དག་ནམ་འཚོའི་བར་དུ་ བཞུགས་པ་ལ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་རིམ་གྲོ་བྱས། བཀུར་སྟི་བྱས། ཕུ་དུད་བྱས། མཆོད་པ་བྱས་ཏེ། དགེ་བའི་རྩ་བ་དེའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར། དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས། མང་ ངོ༑ ༑བདེ་བར་གཤེགས་པ། མང་ངོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་ དང༑ འཆད་པ་དང། རྣམ་པར་གཞོག་པ་དང། རབ་ཏུ་གཞོག་པ་དང། འགྲེལ་པ་དང། རྣམ་པར་འབྱེད་པ་དང། གསལ་བར་བྱེད་པ་དང། ཡང་དག་པར་སྟོན་པ་དང། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པས་རྣམ་པར་སྤྱོད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་ [273A]༄༅། །གྱུར་ལ། དེ་དག་ནམ་འཚོའི་བར་ཏུ་བཞུགས་པ་ལ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་རིམ་གྲོ་བྱས། བཀུར་སྟི་བྱས། ཕུ་དུད་བྱས། མཆོད་ པ་བྱས་ཏེ། དགེ་བའི་རྩ་བ་དེའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར། དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་ བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས་མང་ངོ། །བདེ་བར་གཤེགས་པ། མང་ངོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང། འཆད་པ་དང། རྣམ་པར་གཞོག་པ་དང། རབ་ཏུ་གཞོག་པ་དང། འགྲེལ་ བ་དང། རྣམ་པར་འབྱེད་པ་དང། གསལ་བར་བྱེད་པ་དང། ཡང་དག་པར་སྟོན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱེད་པས་རྣམ་པར་སྤྱོད་ན། དེའི་ བསོད་ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར། གལ་ཏེ་ཛམྦུའི་གླིང་གི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། དེ་དག་ རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་དང། བསམ་གཏན་བཞི་ལ་རབ་ཏུ་བཀོད་པ་དང། ཚད་མེད་པ་བཞི་ལ་རབ་ཏུ་ [273B] གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་བཀོད་པ་དང། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་པ་དང་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་ ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང། ཕྱིར་མི་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང། དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་པ་དང། རང་བྱང་ཆུབ་ལ་རབ་ཏུ་བཀོད་ པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་བཀོད་དེ། དགེ་བའི་རྩ་བ་དེའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར། དེ་ ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས། མང་ངོ་།བདེ་བར་གཤེགས་པ། མང་ངོ། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང། འཆད་པ་དང། རྣམ་ པར་གཞོག་པ་དང། རབ་ཏུ་གཞོག་པ་དང། འགྲེལ་པ་དང། རྣམ་པར་འབྱེད་པ་དང། གསལ་བར་བྱེད་པ་དང། ཡང་དག་པར་སྟོན་ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །རབ་ འབྱོར། གལ་ཏེ་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། དེ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་ [274A]༄༅། །མོ་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་དང། བསམ་གཏན་བཞི་ལ་རབ་ཏུ་བཀོད་པ་དང། ཚད་མེད་པ་བཞི་ལ་རབ་ཏུ་བཀོད་པ་དང་ གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་བཀོད་པ་དང་མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་པ་དང། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང། ལན་ གཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང། ཕྱིར་མི་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང། དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་པ་དང། རང་བྱང་ཆུབ་ལ་རབ་ཏུ་ བཀོད་པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་བཀོད་དེ། དགེ་བའི་རྩ་བ་དེའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ ན༑ རབ་འབྱོར། དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས། མང་ངོ། །བདེ་བར་ གཤེགས་པ། མང་ངོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་ སྟོན་པ་དང། འཆད་པ་དང། རྣམ་པར་གཞོག་པ་དང། རབ་ཏུ་གཞོག་པ་དང། འགྲེལ་པ་དང། རྣམ་པར་འབྱེད་པ་དང། གསལ་པར་བྱེད་པ་དང། ཡང་དག་པར་སྟོན་ན་དེའི་བསོད་ [274B] །རབ་འབྱོར། གལ་ཏེ་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། དེ་ དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་དང། བསམ་གཏན་བཞི་ལ་རབ་ཏུ་བཀོད་པ་དང། ཚད་མེད་པ་བཞི་ལ་རབ་ཏུ་ བཀོད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་བཀོད་པ་དང། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་པ་དང་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཀོད་པ་ དང༑ ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་ཕྱིར་མི་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང། དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་པ་དང། རང་བྱང་ཆུབ་ལ་ རབ་ཏུ་བཀོད་པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་བཀོད་དེ། དགེ་བའི་རྩ་བ་དེའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ ན༑ རབ་འབྱོར། དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས། མང་ངོ། །བདེ་བར་གཤེགས་ པ༑ མང་ངོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་ཅིང་འཆད་པ་ [275A]༄༅། །དང༑ རྣམ་པར་གཞོག་པ་དང། རབ་ཏུ་གཞོག་པ་དང་འགྲེལ་པ་དང། རྣམ་པར་འབྱེད་པ་དང། གསལ་བར་བྱེད་པ་དང་ཡང་དག་པར་སྟོན་ན། དེའི་བསོད་ ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར། གལ་ཏེ་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ ལ༑ དེ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་དང། བསམ་གཏན་བཞི་ལ་རབ་ཏུ་བཀོད་པ་དང། ཚད་མེད་པ་ བཞི་ལ་རབ་ཏུ་བཀོད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་བཀོད་པ་དང། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་བཀོད་པ་དང། རྒྱུན་དུ་ཞུགས་པའི་ འབྲས་བུ་ལ་རབ་ཏུ་བཀོད་པ་དང། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང། ཕྱིར་མི་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང། དགྲ་བཅོམ་པ་ཉིད་ལ་རབ་ ཏུ་བཀོད་པ་དང། རང་བྱང་ཆུབ་ལ་རབ་ཏུ་བཀོད་པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་བཀོད་དེ། དགེ་བའི་རྩ་བ་དེའང་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར། དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ་ [275B] མང་ངོ། །བདེ་བར་གཤེགས་པ། མང་ངོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང། འཆད་པ་དང། རྣམ་པར་གཞོག་པ་དང། རབ་ཏུ་གཞོག་པ་དང། རྣམ་པར་འགྲེལ་པ་དང་རྣམ་པར་འབྱེད་པ་དང། གསལ་བར་བྱེད་པ་དང་ ཡང་དག་པར་སྟོན་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར། གལ་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ལ། དེ་དག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་བཀོད་པ་དང། བསམ་གཏན་ བཞི་ལ་རབ་ཏུ་བཀོད་པ་དང། ཚད་མེད་པ་བཞི་ལ་རབ་ཏུ་བཀོད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་རབ་ཏུ་བཀོད་པ་དང། མངོན་པར་ཤེས་པ་ལྔ་ལ་རབ་ཏུ་ བཀོད་པ་དང། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་ཕྱིར་མི་འོང་བའི་འབྲས་བུ་ལ་རབ་ཏུ་བཀོད་པ་དང་ དགྲ་བཅོམ་པ་ཉིད་ལ་རབ་ཏུ་བཀོད་པ་དང། རང་བྱང་ཆུབ་ལ་རབ་ཏུ་བཀོད་པ་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་བཀོད་དེ། དགེ་བའི་རྩ་བ་དེའང་བླ་ [276A]༄༅། །ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། རབ་འབྱོར། དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ དེའི་རྒྱུས་མང་དུ་འཕེལ་ལམ། གསོལ་པ། བཅོམ་ལྡན་འདས། མང་ངོ་།བདེ་བར་གཤེགས་པ། མང་ངོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར། དེ་བས་ཀྱང་རིགས་ ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གཞན་ལ་སྟོན་པ་དང། འཆད་པ་དང། རྣམ་པར་གཞོག་པ་དང་རབ་ཏུ་གཞོག་པ་དང། འགྲེལ་པ་དང། རྣམ་ པར་འབྱེད་པ་དང། གསལ་བར་བྱེད་པ་དང། ཡང་དག་པར་སྟོན་ན་དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བས་རྣམ་པར་འབྱེད་པ་ནི། སེམས་ཅན་ཐམས་ཅད་ཀྱི་སྦྱིན་པའི་གནས་སུ་འགྲོ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ ན༑ དེ་ནི་འདི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་གཏོགས་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པར་སྤྱོད་པ་ དེ་ལྟ་བུ་ནི་སེམས་ཅན་གང་ལའང་མེད་དེ། དེ་ཅིའི་ཕྱིར་ཞེ་ན་དེ་ནི་འདི་ལྟར་རིགས་ཀྱི་བུ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱམས་པ་ཆེན་པོ་མངོན་པར་ [276B] དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་ཐམས་ཅད་གསད་པར་འགྱུར་བ་དང་འདྲ་བར་ལྟ་སྟེ། དེ་དག་སྙིང་རྗེ་ཆེན་པོ་འཐོབ་བོ། །དེ་དག་རྣམ་པར་ སྤྱོད་པ་དེས། རྣམ་པར་སྤྱོད་པས་དགའ་བས་རབ་ཏུ་དགའ་བ་དང་མངོན་པར་དགའ་བར་འགྱུར་ཏེ། དེ་དག་དགའ་བ་ཆེན་པོ་མངོན་པར་སྒྲུབ་བོ། །དེ་དག་མཚན་མ་དེ་དང་ལྷན་ཅིག་ཏུ་མི་ གནས་ཏེ། དེ་དག་བཏང་སྙོམས་ཆེན་པོ་འཐོབ་བོ། །རབ་འབྱོར། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཤེས་རབ་ཀྱི་སྣང་བ་ཆེན་པོ་སྟེ། འདི་ལྟར་སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པའི་སྣང་བའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣང་བའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྣང་བའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣང་བའོ། །བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པའི་སྣང་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྣང་བའོ། །རིགས་ཀྱི་བུ་དེ་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱང། སེམས་ཅན་ ཐམས་ཅད་ཀྱི་སྦྱིན་པའི་གནས་སུ་འགྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་གོ་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱ་བས་ རྣམ་པར་སྤྱོད་པའི་ཕྱིར། སུའི་གོས་དང། བསོད་སྙོམས་དང། མལ་ཆ་དང། །ནད་ཀྱི་རྐྱེན་རྩི་དང། ཡོ་བྱད་ལ་ཡོངས་སུ་སྤྱོད་པའི་གཏོང་བ་དང། སྦྱིན་པ་དག་གི་སྦྱིན་པ་དག་པར་འགྱུར་ [277A]༄༅། །ཏེ༑ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཡང་ཉེ་བར་འགྱུར་རོ། །རབ་འབྱོར། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཡོད་པར་ ཁམས་ཀྱི་བསོད་སྙོམས་ལ་ཡོངས་སུ་སྤྱོད་པར་འདོད་པ་དང། སེམས་ཅན་ཐམས་ཅད་ཀྱི་ལམ་བསྟན་པར་འདོད་པ་དང། སྣང་བ་ཆེན་པོ་འབྱུང་བར་འདོད་པ་དང། ཁམས་གསུམ་ གྱི་བཙོན་ར་ན་གནས་པའི་སེམས་ཅན་རྣམས་ཡོངས་སུ་དགྲོལ་བར་འདོད་པ་དང། སེམས་ཅན་ཐམས་ཅད་ཀྱི་བླ་ན་མེད་པའི་ཤེས་རབ་ཀྱི་མིག་བསྐྱེད་པར་འདོད་པས། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱ་བས་རྟག་ཏུ་རྒྱུན་མི་ཆད་པར་གནས་པར་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ དང་ལྡན་པའི་ཡིད་ལ་བྱ་བས་རྣམ་པར་མི་སྤྱོད་ནའང། དེས་ཡིད་ལ་བྱ་བ་གཞན་གྱི་གོ་སྐབས་མི་དབྱེ་སྟེ། དེས་ཅི་ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཡིད་ལ་བྱ་བ་ ཉིད་ཀྱིས་ཉིན་མཚན་དུ་མི་གཏོང་ཞིང་བརྩོན་པར་གནས་པ་དེ་ལྟར་བྱའོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། སྔོན་ཆད་ནོར་བུ་རིན་པོ་ཆེ་རྙེད་མ་མྱོང་བའི་སྐྱེས་བུ་ཞིག་ཡོད་ལ་ དེས་དུས་གཞན་ཞིག་ན་ནོར་བུ་རིན་པོ་ཆེ་རྙེད་པར་གྱུར་ཏེ། དེས་ནོར་བུ་རིན་པོ་ཆེ་དེ་རྙེད་པས་དགའ་བ་དང། སྤྲོ་བ་དང། ཡིད་བདེ་བ་དང་ལྡན་པར་གྱུར་པ་ལས། དེས་ནོར་བུ་རིན་ [277B] དེའི་རྒྱུས་སྡུག་བསྔལ་བ་དང། ཡིད་མི་བདེ་བ་ཆེན་པོ་དང་ལྡན་པར་འགྱུར་ཏེ། རྟག་ཏུ་རྒྱུན་མི་ཆད་པར་ཀྱི་ཧུད་བདག་ནི་ཡིད་དུ་འོང་ བའི་ནོར་བུ་རིན་པོ་ཆེ་དེ་དང་བྲལ་བར་གྱུར་ཏོ་ཞེས་ནོར་བུ་རིན་པོ་ཆེ་དང་ལྡན་པའི་ཡིད་ལ་བྱ་བ་ཤ་སྟག་རྒྱུན་དུ་འབྱུང་ངོ་།རབ་འབྱོར། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་འདི་ནི་རིན་པོ་ཆེའི་སྙམ་དུ་བསམས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དང་མ་བྲལ་བར་བྱའོ། །རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་རིན་པོ་ཆེ་དེ་སྟོར་བར་ཡང་མི་བྱ་སྟེ། དེ་ལྟར་ན་རྟག་ཏུ་བདེ་བ་དང། ཡིད་བདེ་བ་མང་པོ་དང་ལྡན་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས། ཡིད་ལ་བགྱི་ བ་དེ་དག་ཐམས་ཅད་ཀྱང་རང་བཞིན་དང་བྲལ་བ་སྟེ། ཡིད་ལ་བགྱི་བ་ཐམས་ཅད་ཀྱང་རང་བཞིན་གྱིས་སྟོང་པ་ལགས་ན། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དང་མ་བྲལ་བ་ལགས། བྲལ་བ་ལ་ནི་བྱང་ཆུབ་སེམས་དཔའ་མི་དམིགས། ཡིད་ལ་བགྱི་བ་མི་དམིགས་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདི་ལྟར་ཆོས་ [278A]༄༅། །ཐམས་ཅད་ནི་རང་བཞིན་དང་བྲལ་བ་སྟེ། དེ་ནི་ཉན་ཐོས་ཀྱིས་མ་བྱས། རང་སངས་རྒྱས་ཀྱིས་མ་བྱས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ ཀྱང་མ་མཛད་དེ། ཆོས་རྣམས་ཀྱི་ཆོས་ཉིད་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་དང། གཞན་མ་ཡིན་པ་དེ་བཞིན་ ཉིད་དང། ཆོས་ཀྱི་དབྱིངས་དང། ཡང་དག་པའི་མཐའ་འདི་ནི་གནས་པ་ཡིན་ནོ་ཞེས་བྱ་བར་ཤེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་དང་མ་བྲལ་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་དབེན། རང་བཞིན་གྱིས་སྟོང་པ་སྟེ། དེ་ལ་ འཕེལ་བ་མེད་དོ། །ཡོངས་སུ་འགྲིབ་པ་མེད་དོ། །གསོལ་པ། བཅོམ་ལྡན་འདས། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་དབེན་ཞིང་རང་བཞིན་གྱིས་སྟོང་ པ་ལགས་ན། བཅོམ་ལྡན་འདས། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཡང་དག་པར་བྱུང་ཞིང། བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་ [278B]དག་པར་བྱུང་ཡང་འཕེལ་བའམ་ཡོངས་སུ་འགྲིབ་པ་མེད་དེ། དེ་བཞིན་ཉིད་ལ་འཕེལ་བའམ་ཡོངས་སུ་འགྲིབ་པ་མེད་ དོ༑ ༑ཆོས་ཀྱི་དབྱིངས་ལ་འཕེལ་བའམ་ཡོངས་སུ་འགྲིབ་པ་མེད་དོ་།ཡང་དག་པའི་མཐའ་ལ་འཕེལ་བའམ་ཡོངས་སུ་འགྲིབ་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ནི་གཅིག་ཀྱང་མ་ཡིན། གཉིས་ཀྱང་མ་ཡིན་ནོ། །རབ་འབྱོར། གལ་ཏེ་དེ་སྐད་དུ་བཤད་པ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་འཇུམ་མི་འགོང་ མི་འཇིགས་མི་དངང། སྐྲག་པར་མི་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱིར་མི་ལྡོག་པའི་དབྱིངས་ལ་གནས་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་བྱ་བར་རྟོགས་པར་རིག་པར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་ བརྒྱ་ཞེ་བཞི་པ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དང། གསོག་ཉིད་དང་གསོབ་ཉིད་དང། རག་ལུས་པ་ཉིད་ དང། སྙིང་པོ་མ་མཆིས་པ་གང་ལགས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནི་མ་ཡིན་ནོ། །གསོལ་པ་ [279A]༄༅། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གུད་ན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆོས་གང་ཡང་དམིགས་སུ་མཆིས་སམ་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནི་མ་ཡིན་ནོ་།གསོལ་པ། བཅོམ་ལྡན་འདས། ཅི་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། ཅི་ལགས། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་དམ་ བཅོམ་ལྡན་འདས་ཀྱིས་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། ཅི་ལགས། སྟོང་པ་ཉིད་ལས་གུད་དུ་སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་དམ། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། ཅི་ལགས། གཟུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ ལྡན་འདས། ཅི་ལགས། ཚོར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། འདུ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་ བཅོམ་ལྡན་འདས། ཅི་ལགས། འདུ་བྱེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། རྣམ་པར་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ [279B] བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཅི་ལགས་མིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། རྣ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། སྣ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། །བཅོམ་ ལྡན་འདས། ཅི་ལགས། ལྕེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ལུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ ཅི་ལགས། ཡིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་ འདས། ཅི་ལགས། གཟུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། སྒྲ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ ཅི་ལགས། དྲི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། རོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། རེག་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ [280A]༄༅། །འབྱོར། །དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཅི་ལགས། མིག་གི་རྣམ་པར་ཤེས་པ་ཤེས་རབ་ཀྱིས་རོལ་ཏུ་ཕྱིན་པ་ ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། རྣ་བའི་རྣམ་པར་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། སྣའི་རྣམ་པར་ཤེས་ པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ལྕེའི་རྣམ་པར་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ ཅི་ལགས། ལུས་ཀྱི་རྣམ་པར་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ཡིད་ཀྱི་རྣམ་པར་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། མིག་གི་འདུས་ ཏེ་རེག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། རྣ་བའི་འདུས་ཏེ་རེག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་ འདས། ཅི་ལགས། སྣའི་འདུས་ཏེ་རེག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ལྕེའི་འདུས་ཏེ་རེག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ [280B] བཅོམ་ལྡན་འདས། ཅི་ལགས། ལུས་ཀྱི་འདུས་ཏེ་རེག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ཡིད་ཀྱི་འདུས་ཏེ་རེག་པ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས། ཅི་ལགས། མིག་གི་ འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས་ ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར། དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཅི་ལགས། སའི་ཁམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་ [281A]༄༅། །འདས། ཅི་ལགས། ཆུའི་ཁམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། མེའི་ཁམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། རླུང་གི་ཁམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས་ནམ་མཁའི་ཁམས་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། རྣམ་པར་ཤེས་པའི་ཁམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར། དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། མ་རིག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་བཅོམ་ལྡན་འདས། ཅི་ལགས། འདུ་ བྱེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། རྣམ་པར་ཤེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས་ མིང་དང་གཟུགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་བཅོམ་ལྡན་འདས། ཅི་ལགས། སྐྱེ་མཆེད་དྲུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ ཅི་ལགས། རེག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་བཅོམ་ལྡན་འདས། ཅི་ལགས། ཚོར་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས་ [281B] བཅོམ་ལྡན་འདས། ཅི་ལགས། ལེན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། སྲིད་པ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། སྐྱེ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། རྒ་ཤི་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ ལགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཅི་ལགས་ [282A]༄༅། །ནང་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ཕྱི་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ དམ༑ བཅོམ་ལྡན་འདས། ཅི་ལགས། ཕྱི་ནང་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས་སྟོང་པ་ཉིད་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ཆེན་པོ་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། དོན་དམ་པ་སྟོང་པ་ཉིད་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། འདུས་བྱས་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ ལགས། འདུས་མ་བྱས་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། མཐའ་ལས་འདས་པ་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས་ དོར་བ་མེད་པ་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། རང་བཞིན་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་ [282B] ཅི་ལགས། ཆོས་ཐམས་ཅད་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། རང་གི་མཚན་ཉིད་སྟོང་པ་ཉིད་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། མི་དམིགས་པ་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། དངོས་ པོ་མེད་པ་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ངོ་བོ་ཉིད་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ ཅི་ལགས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནི་མ་ཡིན་ནོ། །རབ་འབྱོར་ གྱིས་གསོལ་པ། བཅོམ་ལྡན་འདས། ཅི་ལགས། དྲན་པ་ཉེ་བར་བཞག་པ་བཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ཡང་དག་པར་སྤོང་བ་ བཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། རྫུ་འཕྲུལ་གྱི་རྐང་པ་བཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ ལགས། དབང་པོ་ལྔ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། སྟོབས་ལྔ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ [283A]༄༅། །ཅི་ལགས། བྱང་ཆུབ་ཀྱི་ཡན་ལག་བདུན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། འཕགས་པའི་ལམ་ཡན་ལག་ བརྒྱད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། འཕགས་པའི་བདེན་པ་བཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་ འདས། ཅི་ལགས། བསམ་གཏན་བཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ཚད་མེད་པ་བཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་ བཅོམ་ལྡན་འདས། ཅི་ལགས། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། རྣམ་པར་ཐར་པ་ བརྒྱད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ དམ༑ བཅོམ་ལྡན་འདས། ཅི་ལགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་ འདས། ཅི་ལགས། མངོན་པར་ཤེས་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ཏིང་ངེ་འཛིན་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ [283B] བཅོམ་ལྡན་འདས། ཅི་ལགས། གཟུངས་ཀྱི་སྒོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། དེ་བཞིན་གཤེགས་པའི་སྟོབས་ བཅུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། མི་འཇིགས་པ་བཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། སོ་སོ་ ཡང་དག་པར་རིག་པ་བཞི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། སྙིང་རྗེ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ ཅི་ལགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། རྒྱུན་དུ་ཞུགས་པའི་འབྲས་བུ་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་བཅོམ་ལྡན་འདས། ཅི་ལགས། ཕྱིར་མི་འོང་ བའི་འབྲས་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། དགྲ་བཅོམ་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ ལགས། རང་བྱང་ཆུབ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ [284A]༄༅། །ལྡན་འདས། ཅི་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར། དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། གཟུགས་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང་ སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་ དང༑ ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས་ ཚོར་བའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་ མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་ དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། འདུ་ཤེས་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ [284B] སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང་བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས་ འདུ་བྱེད་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང་རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་ མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་ དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། རྣམ་པར་ཤེས་པའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་ པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་ [285A]༄༅། །བཀའ་སྩལ་པ། རབ་འབྱོར། དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཅི་ལགས། མིག་གི་སྟོང་པ་ཉིད་དང་གསོག་ཉིད་དང་ གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང་ ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ དམ། བཅོམ་ལྡན་འདས། ཅི་ལགས། རྣ་བའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང་ མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང་ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང་ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་ དང༑ བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། སྣའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་ དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་ [285B] ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང་ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ ལྡན་འདས། ཅི་ལགས། ལྕེའི་སྟོང་པ་ཉིད་དང། གསོག་ཉིད་དང་གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང་ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་ མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ལུས་ཀྱི་སྟོང་པ་ཉིད་དང་གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང་མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང་ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་ གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ ཅི་ལགས། ཡིད་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་ [286A]༄༅། །དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་ མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར། དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་ གསོལ་པ། བཅོམ་ལྡན་འདས། ཅི་ལགས། གཟུགས་ཀྱི་སྟོང་པ་ཉིད་དང་གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་ དང༑ མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་ པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། སྒྲའི་སྟོང་པ་ཉིད་དང། གསོག་ཉིད་དང་ གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང་ ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ [286B] བཅོམ་ལྡན་འདས། ཅི་ལགས། དྲིའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང་སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང་ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང་ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང་ བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། རོའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་ པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང་བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། རེག་ གི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང་མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་ པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང་ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་ [287A]༄༅། །རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ཆོས་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་ དང༑ སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་ དང༑ ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ པ། རབ་འབྱོར། དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཅི་ལགས། མིག་གི་རྣམ་པར་ཤེས་པའི་སྟོང་པ་ཉིད་དང་གསོག་ཉིད་དང། གསོབ་ཉིད་དང་ རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང་ ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ ཅི་ལགས། རྣ་བའི་རྣམ་པར་ཤེས་པའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་ [287B] གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་ གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། སྣའི་རྣམ་པར་ཤེས་པའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོ་བ་ཉིད་དང་ རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང་ ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ ཅི་ལགས། ལྕེའི་རྣམ་པར་ཤེས་པའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་ བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་ མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ལུས་ཀྱི་རྣམ་པར་ཤེས་པའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང་ [288A]༄༅། །རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང་དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་ དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ཡིད་ཀྱི་རྣམ་པར་ཤེས་པའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་ མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར། དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། མིག་གི་འདུས་ཏེ་རེག་པའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང་ རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་ [288B] ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང་ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ ལྡན་འདས། ཅི་ལགས། རྣ་བའི་འདུས་ཏེ་རེག་པའི་སྟོང་བ་ཉིད་དང་གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་ དང༑ མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང་ བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། སྣའི་འདུས་ཏེ་རེག་པའི་སྟོང་པ་ཉིད་དང། གསོག་ཉིད་དང་ གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་ དང༑ ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་ འདས། ཅི་ལགས། ལྕེའི་འདུས་ཏེ་རེག་པའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ [289A]༄༅། །ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང་ ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ལུས་ཀྱི་འདུས་ཏེ་རེག་པའི་སྟོང་པ་ཉིད་ དང༑ གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང་སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང་བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ཡིད་ཀྱི་འདུས་ཏེ་རེག་པའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང་མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང་ཆོས་ཉིད་དང། །ཆོས་ཀྱི་དབྱིངས་དང་ ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ [289B] རབ་འབྱོར། དེ་ནི་མ་ཡིན་ནོ་།རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཅི་ལགས། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང་སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་པ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང་བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་དང་གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་ དང༑ སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང་བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས་ སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་དང་གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་ [290A]༄༅། །བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང་ ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ ཚོར་བའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་ མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་ དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་དང། གསོག་ཉིད་དང་ གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་ དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ [290B] བཅོམ་ལྡན་འདས། ཅི་ལགས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་ པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང་ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་ སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཅི་ལགས། སའི་ཁམས་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་ མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། །ཆོས་ཉིད་དང་ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་ སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ཆུའི་ཁམས་ ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་ [291A]༄༅། །དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་ གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། མེའི་ཁམས་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང་ རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་ དང༑ ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་ བཅོམ་ལྡན་འདས། ཅི་ལགས། རླུང་གི་ཁམས་ཀྱི་སྟོང་པ་ཉིད་དང་གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་ དང༑ མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་ དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས་ནམ་མཁའི་ཁམས་ཀྱི་སྟོང་པ་ཉིད་ [291B] གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང་སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང་བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། རྣམ་པར་ཤེས་པའི་ཁམས་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་ མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་ མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཅི་ལགས་མ་རིག་པའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང་རག་ལུས་པ་ཉིད་དང། སྙིང་པོ་མ་ མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་ [292A]༄༅། །མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ ལགས། འདུ་བྱེད་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང་ གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་ པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་བཅོམ་ལྡན་འདས། ཅི་ལགས། རྣམ་པར་ཤེས་པའི་སྟོང་པ་ཉིད་དང་གསོག་ཉིད་དང། གསོབ་ཉིད་དང། རག་ལུས་ པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་ སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། མིང་དང་ གཟུགས་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང་ [292B] ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་ དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། སྐྱེ་མཆེད་དྲུག་གི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་ དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང་བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ ལགས། རེག་པའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང་ གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་ མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ཚོར་བའི་སྟོང་པ་ཉིད་དང་གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ [293A]༄༅། །ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང་ ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། སྲེད་པའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང་སྙིང་པོ་མ་མཆིས་པ་ཉིད་དང་ དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ལེན་པའི་སྟོང་པ་ཉིད་ དང༑ གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང་སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་ བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་ [293B] བཅོམ་ལྡན་འདས། ཅི་ལགས། སྲིད་པའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་ མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་ སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། སྐྱེ་བའི་སྟོང་པ་ ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང་སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང་བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། །བཅོམ་ལྡན་འདས། ཅི་ལགས། རྒ་ཤིའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང་ དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང་ [294A]༄༅། །ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཅི་ལགས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་ པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང་ ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་ འདས། ཅི་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང་སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་ དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་སྟོང་ [294B] གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང་མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་ བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང་ སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང་ ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དང། གསོག་ཉིད་དང་གསོབ་ཉིད་དང། རག་ལུས་པ་ཉིད་དང། །སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང་ གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་ [295A]༄༅། །པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང་དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རབ་འབྱོར། དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ་བཅོམ་ལྡན་འདས། ཅི་ལགས། ནང་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང་ ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་ འདས། ཅི་ལགས། ཕྱི་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ [295B] གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་ དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ཕྱི་ནང་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང་ སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང་ ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། སྟོང་པ་ཉིད་ སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་ མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་ དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ཆེན་པོ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དང་གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ [296A]༄༅། །ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ དམ༑ བཅོམ་ལྡན་འདས། ཅི་ལགས། དོན་དམ་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང་ དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང་ ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། འདུས་བྱས་སྟོང་པ་ཉིད་ཀྱི་སྟོང་ པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་ དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ [296B]སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། འདུས་མ་བྱས་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་ དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་ དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་ འདས། ཅི་ལགས། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང་སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང་ མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང་ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང་།ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་ དང༑ བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང་ གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ [297A]༄༅། །ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། དོར་བ་མེད་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་ པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་ མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་བཅོམ་ལྡན་འདས། ཅི་ལགས། རང་བཞིན་ སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང་ གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་ མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ [297B] རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་ དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་ འདས། ཅི་ལགས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང་སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང་ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང་ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་ དང༑ བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། མི་དམིགས་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དང། གསོག་ ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་ དང༑ ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ [298A]༄༅། །སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་ མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང་ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང་ ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས་ ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང་གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང་ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་ གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང་དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་ [298B] ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནི་མ་ཡིན་ནོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉིས་བརྒྱ་ཞེ་ལྔ་པ། །རབ་འབྱོར་གྱིས་གསོལ་ པ༑ བཅོམ་ལྡན་འདས། ཅི་ལགས། དྲན་པ་ཉེ་བར་བཞག་པ་བཞིའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང་ དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང་ ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ཡང་དག་པར་སྤོང་བ་བཞིའི་སྟོང་པ་ཉིད་ དང༑ གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང་སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང་བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ [299A]༄༅། །ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རྫུ་འཕྲུལ་གྱི་རྐང་པ་བཞིའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང་ ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་ བཅོམ་ལྡན་འདས། ཅི་ལགས། དབང་པོ་ལྔའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང་ཆོས་སྐྱོན་མེད་པ་ཉིད་དང་ ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། སྟོབས་ལྔའི་སྟོང་པ་ཉིད་ དང༑ གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང་སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་ [299B] ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང་ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་ དང༑ སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང་བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས་ འཕགས་པའི་ལམ་ཡན་ལག་བརྒྱད་པའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང་ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང་ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་ དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། འཕགས་པའི་བདེན་པ་བཞིའི་སྟོང་པ་ཉིད་དང། གསོག་ [300A]༄༅། །ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་ པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང་ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་ དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། བསམ་གཏན་བཞིའི་སྟོང་པ་ཉིད་དང། གསོག་ཉིད་དང་གསོབ་ཉིད་དང། རག་ལུས་པ་ཉིད་ དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་ གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ ཅི་ལགས། ཚད་མེད་པ་བཞིའི་སྟོང་པ་ཉིད་དང། གསོག་ཉིད་དང་གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་ དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང་ [300B]ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིའི་སྟོང་པ་ཉིད་དང་ གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང་ ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང་ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། རྣམ་པར་ཐར་པ་བརྒྱད་ ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་ དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང་ [301A]༄༅། །རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང་དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་ དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང་དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། མངོན་པར་ཤེས་པ་རྣམས་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་ [301B] ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ཏིང་ངེ་འཛིན་རྣམས་ཀྱི་ སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང་མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང་ཆོས་ཉིད་ དང༑ ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་བཅོམ་ ལྡན་འདས། ཅི་ལགས། གཟུངས་ཀྱི་སྒོ་རྣམས་ཀྱི་སྟོང་པ་ཉིད་དང་གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་ བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་ གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། དེ་བཞིན་གཤེགས་པའི་སྟོབས་བཅུའི་སྟོང་པ་ཉིད་དང། གསོག་ཉིད་དང་ གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་ [302A]༄༅། །དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། མི་འཇིགས་པ་བཞིའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་ མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་བཅོམ་ལྡན་འདས། ཅི་ལགས། སོ་སོ་ཡང་ དག་པར་རིག་པ་བཞིའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང་དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང་ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང་ བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། བྱམས་པ་ཆེན་པོའི་སྟོང་པ་ཉིད་དང། གསོག་ཉིད་དང་ [302B] རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ་ བཅོམ་ལྡན་འདས། ཅི་ལགས། སྙིང་རྗེ་ཆེན་པོའི་སྟོང་པ་ཉིད་དང་གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང་ མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང་ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང་ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་ མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་སྟོང་ པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ [303A]༄༅། །ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། རྒྱུན་དུ་ཞུགས་པའི་འབྲས་བུའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་ པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། ལན་ ཅིག་ཕྱིར་འོང་བའི་འབྲས་བུའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་ པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང་ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་ དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། ཕྱིར་མི་འོང་བའི་འབྲས་བུའི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་ པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ [303B] ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ ཅི་ལགས། དགྲ་བཅོམ་པ་ཉིད་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང་ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་ མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ལགས། རང་བྱང་ཆུབ་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང་མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང་ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་ གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས། ཅི་ ལགས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ [304A]༄༅། །ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང། ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་ དང༑ ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཅི་ལགས། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཀྱི་སྟོང་པ་ཉིད་དང། གསོག་ཉིད་དང། གསོབ་ཉིད་དང། རག་ལུས་པ་ཉིད་དང། སྙིང་པོ་མ་མཆིས་པ་ཉིད་དང། དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ ཡིན་པ་དེ་བཞིན་ཉིད་དང། ཆོས་ཉིད་དང། ཆོས་ཀྱི་དབྱིངས་དང་ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དང། བསམ་གྱིས་མི་ཁྱབ་པའི་ དབྱིངས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནི་མ་ཡིན་ནོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ གལ་ཏེ་ཆོས་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་ན། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། ཆོས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཆོས་དེ་ཁྱོད་ཀྱིས་མཐོང་ངམ་ [304B] བཅོམ་ལྡན་འདས། དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱོད་ པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལྟ་བུ་ཁྱོད་ཀྱིས་མཐོང་ངམ། གསོལ་པ། བཅོམ་ལྡན་འདས། དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་ དུ་སེམས། ཆོས་གང་ཁྱེད་ཀྱིས་མ་མཐོང་བའི་ཆོས་དེ་དམིགས་སུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས། དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ དེ་ཇི་སྙམ་དུ་སེམས། ཆོས་གང་དམིགས་སུ་མེད་པ་དེ་སྐྱེ་བའམ་འགག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ རབ་འབྱོར། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་སྟེ། རབ་འབྱོར། བཟོད་པ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏེ། རབ་འབྱོར་འདི་ནི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང་ སོ་སོ་ཡང་དག་པར་རིག་པ་བཞི་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་ལམ་ཞེས་བྱ་སྟེ། ལམ་དེར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད། དེ་ལྟར་ [305A]༄༅། །རྩོལ༑ དེ་ལྟར་འབད་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་མི་ འགྱུར་ཞེས་བྱ་བའི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕྱིར་ཏེ། དེའི་ཆོས་ དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་ཡོངས་སུ་འགྲིབ་པར་མི་འགྱུར་རོ། །རབ་འབྱོར་གྱིས་གསོལ་ པ༑ བཅོམ་ལྡན་འདས། ཅི་ལགས། ཆོས་ཐམས་ཅད་ཀྱི་མི་སྐྱེ་བ་ཉིད་གང་ལགས་པ་དེ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། ཅི་ལགས། སྐྱེ་ བའང་མ་ལགས། མི་སྐྱེ་བ་འང་མ་ལགས་པ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏམ། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནི་མ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། གལ་ཏེ་སྐྱེ་བའང་མ་ལགས། མི་སྐྱེ་བ་འང་མ་ལགས་པ་ལས་ཀྱང་བྱང་ཆུབ་ [305B]རྫོགས་པའི་བྱང་ཆུབ་ཏུ་ལུང་མི་བསྟན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཇི་ལྟར་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་ཆོས་དེ་ལྟ་བུ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས། དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་ ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་ཆོས་དེ་དག་ནི་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ། །བཅོམ་ལྡན་འདས་ ཆོས་གང་མངོན་པར་རྫོགས་པར་འཚང་རྒྱ་བ་དང། གང་གིས་མངོན་པར་རྫོགས་པར་འཚང་རྒྱ་བ་དང། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བ་དེ་ལྟ་བུའི་ཆོས་ཀྱང་ བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཆོས་ཐམས་ཅད་མི་དམིགས་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་སྙམ་དུ་བདག་ནི་མངོན་པར་རྫོགས་པར་འཚང་རྒྱའོ། །འདིས་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ། །འདི་ནི་མངོན་པར་ [306A]༄༅། །རྫོགས་པར་འཚང་རྒྱ་བར་བྱའོ་སྙམ་དུ་མི་སེམས་སོ་།དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རྣམ་པར་རྟོག་པ་དེ་ཐམས་ཅད་མེད་པའི་ཕྱིར་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་མི་རྟོག་ པའོ༑ ༑ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས་ལེའུ་བཞི་བཅུ་ལྔ་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ ཏོ༑ ༑བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའི་སླད་དུ་ཟབ་པའོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའི་ སླད་དུ་བལྟ་དཀའ་བའོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའི་སླད་དུ་རྟོགས་པར་དཀའ་བའོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའི་སླད་དུ་བརྟག་ཏུ་མ་མཆིས་པའོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའི་སླད་དུ་བརྟག་པའི་སྤྱོད་ ཡུལ་མ་ལགས་པའོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའི་སླད་དུ་ཞི་བ་ཕྲ་བ་ཞིབ་པའོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ [306B]པར་བགྱི་བའོ། །བཅོམ་ལྡན་འདས། སེམས་ཅན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་ཅིང་འཛིན་པ་དང་ འཆང་ཞིང་ཀློག་པ་དང། ཀུན་ཆུབ་པར་བགྱིད་པ་དང། དེ་བཞིན་ཉིད་དུ་ནན་ཏན་བགྱིད་ཅིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་ བར་དུ་སེམས་དང་སེམས་ལས་བྱུང་བའི་ཆོས་གཞན་གྱི་གོ་མི་འབྱེད་པ་དེ་དག་ནི་དགེ་བའི་རྩ་བ་ཐ་མ་དང་ལྡན་པ་མ་ལགས་སོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་ དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། སེམས་ཅན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་ཅིང་འཛིན་པ་དང། འཆང་ཞིང་ཀློག་པ་དང། ཀུན་ཆུབ་པར་བྱེད་པ་དང། དེ་བཞིན་ ཉིད་དུ་ནན་ཏན་བྱེད་ཅིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ། སེམས་དང་སེམས་ལས་བྱུང་བའི་ཆོས་གཞན་གྱི་གོ་ མི་འབྱེད་པ་དེ་དག་ནི་དགེ་བའི་རྩ་བ་ཐ་མ་དང་ལྡན་པ་མ་ཡིན་ནོ། །ཀཽ་ཤི་ཀ། དེ་ཇི་སྙམ་དུ་སེམས། ཛམྦུའི་གླིང་གི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་དགེ་བ་བཅུའི་ལས་ ཀྱི་ལམ་དང་ལྡན་པར་གྱུར། བསམ་གཏན་བཞི་དང་ལྡན་པར་གྱུར་ཚད་མེད་པ་བཞི་དང་ལྡན་པར་གྱུར། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་ལྡན་པར་གྱུར། མངོན་པར་ཤེས་ [307A]༄༅། །པ་ལྔ་དང་ལྡན་པར་གྱུར་ལ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་ཅིང་འཆང་ལ། ཀློག་ཅིང་ཀུན་ཆུབ་པར་ བྱེད་པར་འགྱུར་ཏེ། བཟུང་ཞིང་བཅངས། ཀླགས་ཤིང་ཀུན་ཆུབ་པར་བྱས་ནས་ཀྱང། དེ་བཞིན་ཉིད་དུ་ནན་ཏན་བྱེད་ན། ཀཽ་ཤི་ཀ། དགེ་བའི་རྩ་བ་འདི་ལ་སྔ་མའི་དགེ་བའི་རྩ་བ་དེས་ བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ་།བྱེ་བའི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་བརྒྱའི་ཆར་ ཡང་ཉེ་བར་མི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ་།བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། ། གྲངས་དང། ཆ་དང། བགྲང་བ་དང། དཔེ་དང། རྒྱུར་ཡང་མི་བཟོད་དོ། །དེ་ནས་དགེ་སློང་གཅིག་གིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ། ཛམ་བུའི་གླིང་གི་ སེམས་ཅན་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ། བསམ་གཏན་བཞི་དང་ལྡན་པ། ཚད་མེད་པ་བཞི་དང་ལྡན་པ། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་ལྡན་པ་ མངོན་པར་ཤེས་པ་ལྔ་དང་ལྡན་པ་དེ་དག་ཐམས་ཅད་ནི། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མི་གཡེང་བའི་སེམས་ཀྱིས་འཛིན་པ་དང་ [307B] ཀློག་པ་དང། ཀུན་ཆུབ་པར་བྱེད་པ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང། དེ་བཞིན་ཉིད་དུ་ནན་ཏན་བྱེད་ཅིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་སངས་རྒྱས་ཀྱི་བར་དུ་སེམས་དང་སེམས་ལས་བྱུང་བའི་ཆོས་གཞན་གྱི་གོ་མི་འབྱེད་པ་དེ་དག་གིས་ཟིལ་གྱིས་ནོན་ཏོ། །དེ་སྐད་ཅེས་སྨྲས་པ་དང། ལྷའི་དབང་པོ་བརྒྱ་བྱིན་གྱིས་དགེ་ སློང་དེ་ལ་འདི་སྐད་ཅེས་སྨྲས་སོ། །དགེ་སློང། ཛམྦུའི་གླིང་གི་སེམས་ཅན་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པ། བསམ་གཏན་བཞི་དང་ལྡན་པ། ཚད་མེད་པ་བཞི་དང་ལྡན་པ། གཟུགས་ མེད་པའི་སྙོམས་པར་འཇུག་པ་བཞི་དང་ལྡན་པ། མངོན་པར་ཤེས་པ་ལྔ་དང་ལྡན་པ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དང་ལྡན་པའི་སེམས་དང་པོ་བསྐྱེད་པས་ཀྱང་ཟིལ་གྱིས་ནོན་ན། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང། འཆང་བ་དང། ཀློག་པ་དང། ཀུན་ཆུབ་པར་བྱེད་པ་དང་ ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང། བཟུང་ཞིང་བཅངས་ཏེ། ཀླགས་ཤིང་ཀུན་ཆུབ་པར་བྱས་ནས་ཀྱང་དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ལྷ་དང་མི་དང་ལྷ་མ་ ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་གནོན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ནི། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་ [308A]༄༅། །འགྲོ་བར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ཅིང་འགྲོ་བར་ ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་རྒྱུན་དུ་ཞུགས་པ་དང། ལན་ཅིག་ཕྱིར་འོང་བ་དང། ཕྱིར་མི་འོང་བ་དང། དགྲ་བཅོམ་པ་དང། རང་སངས་རྒྱས་ གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་ཟིལ་གྱིས་མནན་ཅིང་འགྲོ་བར་འགྱུར་རོ། །རྒྱུན་དུ་ཞུགས་པ་དང། ལན་ཅིག་ཕྱིར་འོང་བ་དང། ཕྱིར་མི་འོང་བ་དང། དགྲ་བཅོམ་པ་དང་ རང་སངས་རྒྱས་སུའང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་ མཁས་པ་དང་བྲལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཇི་སྙེད་པ་དེ་དག་ཀྱང་ཟིལ་གྱིས་གནོན་ཅིང་འགྲོ་བར་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པ་ དང་བྲལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཇི་སྙེད་པ་དེ་དག་ཀྱང་ཟིལ་གྱིས་གནོན་ཅིང་འགྲོ་བར་འགྱུར་རོ་།ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཡང་མ་ཟད་ [308B] བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པ་དང་བྲལ་བ། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཇི་སྙེད་པ་དེ་དག་ཀྱང་ཟིལ་གྱིས་གནོན་ཅིང་འགྲོ་བར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པ་དང་བྲལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ ཇི་སྙེད་པ་དེ་དག་ཀྱང་ཟིལ་གྱིས་གནོན་ཅིང་འགྲོ་བར་འགྱུར་རོ་།བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཐབས་མཁས་པ་དང་བྲལ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་གང་ཇི་སྙེད་པ་དེ་དག་ཀྱང་ ཟིལ་གྱིས་གནོན་ཅིང་འགྲོ་བར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཡང་མ་ཟད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་ཇི་སྐད་དུ་བསྟན་པ་བཞིན་དུ་སྤྱོད་པ་དེ་དག་ནི། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་ཟིལ་གྱིས་གནོན་པར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ [309A]༄༅། །གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་སྐད་དུ་བསྟན་པ་དང་མཐུན་པར་སྤྱོད་པ་སྟེ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རིགས་རྒྱུན་མི་གཅད་པའི་དོན་དུ་གནས་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་དེ་བཞིན་གཤེགས་ པ་རྣམས་རྒྱང་རིང་དུ་མི་བྱེད་པའོ། །དེ་ལྟར་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སྙིང་པོ་བྱང་ཆུབ་ལས་འཕང་བར་མི་འགྱུར་རོ། །བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་ནི། སེམས་ཅན་བྱིང་བ་རྣམས་འདོན་པར་འདོད་པའོ། །དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། བྱང་ཆུབ་སེམས་དཔའི་ བསླབ་པ་ལ་སློབ་པ་སྟེ། ཉན་ཐོས་ཀྱི་བསླབ་པ་ལ་སློབ་པ་མ་ཡིན་ནོ། །རང་སངས་རྒྱས་ཀྱི་བསླབ་པ་ལ་སློབ་པ་མ་ཡིན་ནོ། །དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོའི་དྲུང་དུ་རྒྱལ་པོ་ཆེན་པོ་བཞི་དག་ཀྱང་འགྲོ་བར་བྱ་བར་སེམས་ཏེ། ཉེ་བར་འདོང་ཞིང་འདི་སྐད་ཅེས་སྨྲའོ། །ཀྱེ་སྐྱེས་བུ་ཆེན་པོ་མྱུར་དུ་སློབས་ཤིག་སྐྱེས་བུ་ཆེན་ པོ་སྐྱེན་པར་སློབས་ཤིག་ལྷུང་བཟེད་བཞི་པོ་འདི་དག་ནི་ཁྱོད་ཀྱིས་སྙིང་པོ་བྱང་ཆུབ་ཏུ་འདུག་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་ [309B] འདི་དག་ནི་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཞེས་པའོ་ཞེས་ཟེར་ཞིང་སྟོན་ཏོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་རྒྱལ་པོ་ཆེན་པོ་བཞི་དག་ཀྱང། རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་རྣམས་དང་ལྷན་ཅིག་འདོང་བར་སེམས་ སོ༑ ༑དེའི་དྲུང་དུ་བདག་ཀྱང་སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་སོ། ལྷའི་རྒྱལ་པོ་རབ་མཚེ་མའམ་མཚེ་མའི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་ སོ༑ ༑ལྷའི་རྒྱལ་པོ་རབ་དགའ་ལྡན་ཡང་དགའ་ལྡན་གྱི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་སོ། །ལྷའི་རྒྱལ་པོ་རབ་འཕྲུལ་དགའ་ཡང་འཕྲུལ་དགའི་ལྷའི་བུ་རྣམས་དང་ལྷན་ ཅིག་འགྲོ་བར་སེམས་སོ། །ལྷའི་རྒྱལ་པོ་དབང་སྒྱུར་ཡང་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་སོ། །ཚངས་པ་མི་མཇེད་ཀྱི་བདག་པོ་འང་ཚངས་རིས་ ཀྱི་ལྷའི་བུ་རྣམས་དང་ལྷན་ཅིག་འགྲོ་བར་སེམས་སོ། །ཀུན་སྣང་དང་བའི་ལྷ་རྣམས་ཀྱང་ཉེ་བར་འདོང་བར་སེམས་སོ། །དགེ་རྒྱས་ཀྱི་ལྷ་རྣམས་ཀྱང་ཉེ་བར་འདོང་བར་སེམས་སོ། ། འབྲས་བུ་ཆེ་བའི་ལྷ་རྣམས་ཀྱང་ཉེ་བར་འདོང་བར་སེམས་སོ། །མི་ཆེ་བའི་ལྷ་རྣམས་ཀྱང་ཉེ་བར་འདོང་བར་སེམས་སོ། །མི་གདུང་བའི་ལྷ་རྣམས་ཀྱང་ཉེ་བར་འདོང་བར་སེམས་སོ། །ཤིན་ [310A]༄༅། །ཏུ་མཐོང་བའི་ལྷ་རྣམས་ཀྱང་ཉེ་བར་འདོང་བར་སེམས་སོ། །གྱ་ནོམ་སྣང་བའི་ལྷ་རྣམས་ཀྱང་ཉེ་བར་འདོང་བར་སེམས་སོ། །གནས་གཙང་མའི་རིས་ཀྱི་ལྷ་ རྣམས་ཀྱང་ཉེ་བར་འདོང་བར་སེམས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེ་ནི། དེ་བཞིན་གཤེགས་པ་ རྣམས་ཀྱིས་ཀྱང་རྟག་ཏུ་དགོངས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དེ་ལྟར་སྤྱོད་པ་དེའི་ལུས་ལ་ནི། འཇིག་ རྟེན་པའི་སྡུག་བསྔལ་གཞན་གྱིས་གནོད་པར་བྱས་པ་གང་ཇི་སྙེད་ཅིག་ལུས་ལ་འབྱུང་བ་དེ་དག་ཀྱང་ཐམས་ཅད་དུ་ཐམས་ཅད་ལུས་ལ་མི་འབྱུང་མི་འབབ་སྟེ། དགེ་སློང་དེ་ནི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། འདིའི་ཡོན་ཏན་དུ་འགྱུར་བ་སྟེ། འདུས་པའི་ནད་རྣམས་གང་ཇི་སྙེད་པ་འདི་ལྟ་ སྟེ༑ མིག་གི་ནད་དམ། རྣ་བའི་ནད་དམ། སྣའི་ནད་དམ། ལྕེའི་ནད་དམ། ལུས་ཀྱི་ནད་དམ། སྙིང་གི་ནད་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་ལུས་ལ་མི་འབྱུང་མི་འབབ་སྟེ་ འདི་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། འདིའི་ཡོན་ཏན་དུ་རིག་པར་བྱའོ། །དེ་ནས་ཚེ་དང་ལྡན་པ་ [310B] ལྷའི་དབང་པོ་བརྒྱ་བྱིན་འདི་རང་གི་སྤོབས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་དང་ལེགས་པ་བརྗོད་ དམ༑ འོན་ཏེ་སངས་རྒྱས་ཀྱི་མཐུས་སྟོན་སྙམ་པ་དང། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་དགའ་བོའི་སེམས་ཀྱི་ཡོངས་སུ་རྟོག་པ་སེམས་ཀྱིས་ཡོངས་སུ་ཤེས་ནས། ཚེ་ དང་ལྡན་པ་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་དགའ་བོ་བདག་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་དང་ལེགས་ པ་བརྗོད་པ་ནི། སངས་རྒྱས་ཀྱི་མཐུར་རིག་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགའ་བོ། དེ་དེ་བཞིན་ནོ། །དེ་དེ་བཞིན་ ཏེ༑ ལྷའི་དབང་པོ་བརྒྱ་བྱིན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ཡོན་ཏན་དང། ལེགས་པ་བརྗོད་པ་དེ་ནི་དེ་བཞིན་གཤེགས་ པའི་མཐུའོ། །དེ་ནི་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་སོ་།དགའ་བོ། གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་དང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྒོམ་པ་དེའི་ཚེ། གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་བདུད་སྡིག་ཏོ་ [311A]༄༅། །ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཅི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ཡང་དག་པའི་མཐའ་མངོན་དུ་བྱས་ཏེ། རྒྱུན་དུ་ཞུགས་ པའི་འབྲས་བུ་དང། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང། ཕྱིར་མི་འོང་བའི་འབྲས་བུ་དང། དགྲ་བཅོམ་པ་ཉིད་དང། རང་བྱང་ཆུབ་ཐོབ་པར་འགྱུར་རམ། འོན་ཏེ་མ་ཡིན་གྱི་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་སྙམ་སྟེ། དོགས་པ་རྙེད་པར་འགྱུར་རོ། །དགའ་བོ། གཞན་ཡང་གང་གི་ཚེ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་གྱུར་པ་དེའི་ཚེ། བདུད་སྡིག་ཏོ་ཅན་མྱ་ངན་གྱི་ཟུག་རྔུས་ཟུག་པར་འགྱུར་རོ། ། དགའ་བོ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདུད་སྡིག་ཏོ་ཅན་ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་ལས་སེམས་གཅིག་ཙམ་འཁྲུག་པར་འགྱུར་བ་དང། ཞུམ་པར་འགྱུར་བ་དང། སྤུ་གཡོ་བར་འགྱུར་ བར་སྐར་མདའ་ལྟུང་བར་གཏོང་ཞིང་འཇིགས་པ་བསྐྱེད་དོ། །དེ་ནས་ཚེ་དང་ལྡན་པ་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་།བཅོམ་ལྡན་འདས། ཅི་ལགས་ [311B]དུ་བདུད་སྡིག་ཏོ་ཅན་གཙེ་བའི་བསམ་པས་མཆི་བར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་དྲུང་དུ་བདུད་སྡིག་ཏོ་ཅན་གཙེ་བའི་བསམ་པས་འོང་བ་མ་ཡིན་ནོ། །དགའ་བོས་གསོལ་པ། བཅོམ་ལྡན་འདས། འོ་ན་ཇི་ལྟ་བུའི་དྲུང་དུ་ མཆི་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ། བྱང་ཆུབ་སེམས་དཔའ་གང་གིས་སྔོན་གྱི་མཐར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། སེམས་ མོས་པར་མ་བྱས་པ་དེའི་དྲུང་དུ་བདུད་སྡིག་ཏོ་ཅན་གཙེ་བའི་བསམ་པས་ཉེ་བར་འོང་ངོ། །དགའ་བོ། གཞན་ཡང་བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ བསྟན་པའི་ཚེ། འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནམ། འོན་ཏམ་མ་ཡིན་ཞེས་ཐེ་ཚོམ་དུ་གྱུར་པ་དེ་དག་གི་དྲུང་དུ་བདུད་སྡིག་ཏོ་ཅན་གཙེ་བའི་བསམ་པས་ཉེ་བར་འོང་ངོ། །དགའ་བོ་ གཞན་ཡང་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས་གཉེན་དང་བྲལ་ན། དེས་དགེ་བའི་བཤེས་གཉེན་མི་མཐོང་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་མི་ཐོས་སོ། །མ་ཐོས་ པས་མི་ཤེས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་བསྒོམ་པ་མ་ཤེས་པས་དེ་བཞིན་ཉིད་དུ་ནན་ཏན་མི་བྱེད་དོ། །དགའ་བོ་བྱང་ཆུབ་སེམས་དཔའ་དེ་ལའང་བདུད་སྡིག་ཏོ་ཅན་གྱིས་ [312A]༄༅། །གླགས་རྙེད་པར་འགྱུར་རོ། །དགའ་བོ། གཞན་ཡང་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ལ། དམ་པའི་ཆོས་མ་ཡིན་པ་ཡོངས་ སུ་འཛིན་པ་བྱེད་ན། དགའ་བོ། བྱང་ཆུབ་སེམས་དཔའ་དེ་ལའང་བདུད་སྡིག་ཏོ་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །དགའ་བོ། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ བྲལ་བའི་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་མ་ཡིན་པ་ལ་བསྔགས་པ་བརྗོད་ན། དེ་ལ་བདུད་སྡིག་ཏོ་ཅན་འདི་སྙམ་དུ་སེམས་ཏེ། གང་དམ་པའི་ཆོས་མ་ཡིན་པའི་བསྔགས་པ་སྨྲ་བ་ནི་བདག་གི་གྲོགས་ཡིན་ཏེ། གང་ དམ་པའི་ཆོས་མ་ཡིན་པའི་བསྔགས་པ་སྨྲ་བ་འདི་ནི། བྱང་ཆུབ་སེམས་དཔའི་ཐེག་པ་པ་མང་པོའི་ནང་ནས། བདག་གིས་གྲོགས་སུ་རྙེད་པ་སྟེ། དེ་ལྟར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་འདི་ལྟ་སྟེ། ཉན་ཐོས་ཀྱི་ས་ དང༑ རང་སངས་རྒྱས་ཀྱི་ས་གཉིས་ལས་གཅིག་ཏུ་གནས་པར་འགྱུར་བ་ནི། དེ་བདག་གི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པའོ་སྙམ་སྟེ་དགའ་བོ། བྱང་ཆུབ་སེམས་དཔའ་དེ་ ལའང་བདུད་སྡིག་ཏོ་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །དགའ་བོ་གཞན་ཡང་བྱང་ཆུབ་སེམས་དཔའ་ཇི་ལྟ་བུ་ལ་བདུད་ཀྱིས་གླགས་རྙེད་པར་འགྱུར་ཞེ་ན། བྱང་ཆུབ་སེམས་ དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པའི་ཚེ། འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་ཟབ་སྟེ། ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ [312B] བསྒོམས་པ་དང་བཟུང་བ་དང་བཀླགས་པ་དང། ཀུན་ཆུབ་པར་བྱས་པས་ཀྱང་ཅི་ཞིག་བྱ། ངས་ཀྱང་དེའི་གཏིང་མ་རྙེད་ན། ཁྱོད་ཀྱིས་ལྟ་རྙེད་རེ་སྐན་ཞེས་ཟེར་ན། དགའ་ བོ༑ བྱང་ཆུབ་སེམས་དཔའ་དེ་ལའང་བདུད་སྡིག་ཏོ་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །དགའ་བོ། གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་ལ་བྱང་ ཆུབ་སེམས་དཔའ་བརྙེས་པར་སྐྱེད་ཅིང། ང་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །ང་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །ང་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ པའོ༑ ༑ང་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་།ང་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །ང་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། ཁྱོད་ནི་སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཁྱོད་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཁྱོད་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཁྱོད་ནི་བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཁྱོད་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ། །ཁྱོད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་རློམ་ སེམས་སུ་བྱེད་ན། དགའ་བོ། བྱང་ཆུབ་སེམས་དཔའ་དེ་ལའང་བདུད་སྡིག་ཏོ་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །དགའ་བོ། གཞན་ཡང་གང་གི་ཚེ་བྱང་ཆུབ་སེམས་དཔའ་བདག་ [313A]༄༅། །ཉིད་མཆོག་ཏུ་རློམ་སེམས་བསྐྱེད་ན། དགའ་བོ། དེའི་ཚེ་བདུད་སྡིག་ཏོ་ཅན་དགའ་བ་དང། སྤྲོ་བ་དང། ཉམས་བདེ་བ་དང་རབ་ཏུ་དགའ་བ་དང། ཚིམ་ཞིང་ ཡིད་བདེ་བ་སྐྱེ་བར་འགྱུར་ཏེ། དགའ་བོ། བྱང་ཆུབ་སེམས་དཔའ་དེ་ལའང་བདུད་སྡིག་ཏོ་ཅན་གྱིས་གླགས་རྙེད་པར་འགྱུར་རོ། །དགའ་བོ་གཞན་ཡང་གང་གི་ཚེ། བྱང་ཆུབ་སེམས་ དཔའི་མིང་བརྗོད་པའམ། རུས་བརྗོད་པ་ཀུན་ཏུ་གྲགས་པར་གྱུར་ན། དེ་མིང་བརྗོད་པ་འམ་རུས་བརྗོད་པ་དེས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་དགེ་བའི་ཆོས་ ཅན་དག་ཁྱད་དུ་གསོད་ཅིང་བདག་བསྟོད་གཞན་སྨོད་ལ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པ་དང། ཚུལ་དང། མཚན་མར་བྱ་བའི་ཡོན་ ཏན་དེ་དག་ཀྱང་དེ་ལ་མེད་པར་རྣམ་པ་དང། ཚུལ་དང། མཚན་མ་དེ་དག་གིས་ཉོན་མོངས་པ་བསྐྱེད་ཅིང་བདག་བསྟོད་གཞན་སྨོད་དེ་འདི་སྐད་དུ་ཇི་ལྟར་ང་བྱང་ཆུབ་སེམས་དཔའི་ཐེག་ པ་དང། བྱང་ཆུབ་སེམས་དཔའི་རིགས་ལ་གནས་པར་སྣང་བ་དེ་ལྟར་ཁྱོད་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གནས་པར་མི་སྣང་ངོ་།བྱང་ཆུབ་སེམས་དཔའི་རིགས་ལ་གནས་པར་ མི་སྣང་ངོ་ཞེས་དེ་དེ་ལྟར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་དག་ལ་མི་སྙན་པར་བརྗོད་ཅིང་སྨོད་ན། དེ་ལ་བདུད་སྡིག་ཏོ་ཅན་འདི་སྙམ་དུ་སེམས་ཏེ། བདག་གི་གནས་ནི་སྟོངས་ [313B] །སེམས་ཅན་དམྱལ་བ་ཆེན་པོ་དང། བྱོལ་སོང་གི་སྐྱེ་གནས་དང། གཤིན་རྗེའི་འཇིག་རྟེན་དང། ཡི་དྭགས་ཀྱི་ཡུལ་ཡང་ཤིན་ཏུ་འཕེལ་བར་འགྱུར་རོ་ཞེས་ཅི་ནས་ཀྱང་དེའི་ ཚིག་གཟུང་དུ་རུང་བར་འགྱུར་བ་དེ་ལྟ་དེ་ལྟར་བདུད་སྡིག་ཏོ་ཅན་བྱང་ཆུབ་སེམས་དཔའ་དེ་བྱིན་གྱིས་རློབ་སྟེ། དེའི་ཚིག་བཟུང་དུ་རུང་བས་སྐྱེ་བོ་མང་པོ་དག་ཀྱང་མཉན་པ་དང། ཡིད་ཆེས་པར་ བྱ་བར་སེམས་ཏེ། དེ་ལ་དེ་དག་གིས་ཐོས་སམ། མཐོང་ན་མཐུན་པར་སྤྱོད་པར་འགྱུར་ཏེ། དེ་དག་གིས་ཐོས་སམ་མཐོང་ནས་མཐུན་པར་སྤྱོད་ཅིང་དེ་བཞིན་དུ་སློབ་སྟེ། དེ་དག་དེ་བཞིན་ཉིད་དུ་ སློབ་ཅིང་དེ་བཞིན་ཉིད་དུ་ནན་ཏན་བྱེད་པའི་ཚེ། ཉོན་མོངས་པ་ཤིན་ཏུ་འཕེལ་བར་འགྱུར་ཏེ། དེ་ལྟར་དེ་དག་བསམ་པ་ཕྱིན་ཅི་ལོག་དུ་གྱུར་པས། ལུས་དང་ངག་དང་ཡིད་ཀྱིས་ལས་གང་དང་ གང་བརྩམས་པ་དེ་ཐམས་ཅད་མི་འདོད་པ་དང། མི་སྡུག་པ་དང་ཡིད་དུ་མི་འོང་བར་འགྲུབ་པར་འགྱུར་ཏེ། དེ་ལྟར་ན་སེམས་ཅན་དམྱལ་བ་ཆེན་པོ་དེ་དག་ཀྱང་རབ་ཏུ་འཕེལ་བར་འགྱུར་ བྱོལ་སོང་གི་སྐྱེ་གནས་དང། གཤིན་རྗེའི་འཇིག་རྟེན་དང། ཡི་དྭགས་ཀྱི་ཡུལ་ཡང་རབ་ཏུ་འཕེལ་བར་འགྱུར་ཏེ། བདུད་ཀྱི་གནས་ཀྱང་ཤིན་ཏུ་འཕེལ་བར་འགྱུར་བས། དགའ་བོ། དོན་ གྱི་དབང་དེ་མཐོང་ནས། བདུད་སྡིག་ཏོ་ཅན་དགའ་བ་དང། སྤྲོ་བ་དང། ཚིམ་པ་དང། ཡིད་བདེ་བ་སྐྱེ་བར་འགྱུར་རོ། །དགའ་བོ། གཞན་ཡང་གལ་ཏེ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་ [314A]༄༅། །པ་པ་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་དང་རྩོད་ཅིང། ང་ནི་མཆོག་ཏུ་གྱུར་པ་ཡིན་གྱི། ཁྱོད་ནི་མ་ཡིན་ནོ་ཞེས་ཟེར་ན། དེ་ལ་བདུད་སྡིག་ཏོ་ཅན་འདི་སྙམ་དུ་ སེམས་ཏེ། ཀྱེ་རིགས་ཀྱི་བུ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་རིང་དུ་བྱེད་པ་སྟེ། འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་འགྱུར་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ འཐབ་མོ་དང། འཁྲུག་པ་དང། རྩོད་པ་དང། མཚང་འདྲུ་བ་འདི་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་མ་ཡིན་ཏེ། དེ་ནི་སེམས་ཅན་དམྱལ་བའི་ལམ་མོ། །དེ་ནི་བྱོལ་སོང་ གི་སྐྱེ་གནས་ཀྱི་ལམ་མོ། །དེ་ནི་གཤིན་རྗེའི་འཇིག་རྟེན་གྱི་ལམ་མོ་།དེ་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་མ་ཡིན་ནོ་སྙམ་དུ་སེམས་པར་འགྱུར་རོ། །དགའ་བོ། གཞན་ཡང་གང་ ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དང། གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་གཞན་དུ་འཐབ་ཅིང་རྩོད་ལ། འཁྲུག་ཅིང་མཚང་འདྲུ་ན། དེ་ལ་བདུད་སྡིག་ཏོ་ཅན་འདི་སྙམ་དུ་སེམས་ ཏེ༑ འདི་གཉིས་ཀའང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རིང་དུ་བྱེད་པའོ། །འདི་གཉིས་ཀའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་ རྒྱའོ༑ ༑དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རིགས་ཀྱི་བུ་འདི་གཉིས་ཀྱིས་གང་བརྩམས་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་མ་ཡིན། རིགས་ཀྱི་བུ་འདི་གཉིས་ཀྱིས་ནི་སེམས་ [314B] བྱོལ་སོང་གི་སྐྱེ་གནས་དང། གཤིན་རྗེའི་འཇིག་རྟེན་གྱི་ལམ་བརྩམས་སོ་ཞེས་ནས་དགའ་ཞིང་སྤྲོ་བ་དང་ཚིམ་ཞིང་ཡིད་བདེ་བ་སྐྱེ་བར་འགྱུར་རོ། །དགའ་བོ་ གཞན་ཡང་གལ་ཏེ་བྱང་ཆུབ་སེམས་དཔའ་ལུང་མ་བསྟན་པ། བྱང་ཆུབ་སེམས་དཔའ་ལུང་བསྟན་པ་ལ་གནོད་པར་སེམས་ཤིང། འཐབ་ཅིང་རྩོད་ལ་འཁྲུག་ཅིང་མཚང་འདྲུ་ན་ གལ་ཏེ་དེས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མི་བཏང་ཞེ་ན། ཅི་ཙམ་དུ་སྡིག་པའི་སེམས་བསྐྱེད་པ་སྐྱེས་པ་དང། འཐབ་ཅིང་རྩོད་པ་དང། འཁྲུག་ཅིང་མཚང་འདྲུ་བར་གྱུར་ བ་དེ་སྲིད་ཀྱི་བསྐལ་པར་གོ་ཆ་བགོ་བར་བྱའོ། །དགའ་བོས་གསོལ་པ་བཅོམ་ལྡན་འདས། དེདག་གི་སེམས་བསྐྱེད་པ་དེ་དག་ལ་འབྱུང་བ་གཞན་མཆིས་སམ། འོན་ཏེ་མ་ལགས་ ཀྱི༑ བསྐལ་པ་དེ་སྙེད་ཁོ་ནར་གོ་ཆ་བགོ་འཆལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ། གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་རྣམས་དང། རང་སངས་རྒྱས་ཀྱི་ཐེག་པ་པ་ རྣམས་དང། བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ལ་ངས་འབྱུང་བ་དང་བཅས་པའི་ཆོས་བསྟན་ཏེ། དགའ་བོ། དེ་ལ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ། བྱང་ཆུབ་ སེམས་དཔའི་ཐེག་པ་པའི་གང་ཟག་དང་འཐབ་ཅིང་རྩོད་ལ་གཤེ་ཞིང་མི་སྙན་དུ་བརྗོད་པ་དང། འཐབ་ཅིང་རྩོད་དེ་གཤེ་བ་དང། མི་སྙན་པར་བརྗོད་པ་བྱས་ནས། ཕྱིར་མི་ཆགས་ [315A]༄༅། །པར་མདུད་པར་འཛིན་ཅིང་ཁོན་དུ་གཟུང་སྟེ་གནས་ན། དགའ་བོ། གང་ཟག་དེ་ནི་འབྱུང་བར་ང་མི་སྨྲ་སྟེ། གང་ཟག་དེས་གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ཡོངས་སུ་མི་བཏང་ཞེ་ན། གདོན་མི་ཟ་བར་བསྐལ་བ་དེ་སྙེད་དུ་གོ་ཆ་བགོ་བར་བྱའོ། །དགའ་བོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་འཐབ་ཅིང་རྩོད་དེ་ གཤེ་བ་དང་མི་སྙན་པར་བརྗོད་པར་གྱུར་ནའང། མདུད་པར་མི་འཛིན་ལ་ཕྱིན་ཆད་སྡོམ་པ་འཛིན་ཅིང། བདག་གིས་ནི་ཐོབ་པར་བྱ་བ་ཉེས་པར་ཐོབ་སྟེ། བདག་གིས་སེམས་ ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་དགོས་ན། དེ་ལྟར་བདག་སྨྲས་པ་ལ་ཕྱིར་སྨྲ་བ་དང། བདག་གིས་སེམས་ཅན་ཐམས་ཅད་ཀྱི་ཟམ་པར་གྱུར་པར་བྱ་དགོས་ན། དེ་ལྟར་ན་ བདག་གཞན་ལ་མི་སྙན་པར་སྨྲ་ཞིང། ཕྱིར་ཟློགས་པ་ནི་མི་ཚུལ་གྱིས། བདག་གིས་དེ་ལྟར་མི་བྱའི། བདག་གིས་གླེན་པ་དང། ལྐུག་པ་བཞིན་དུ་བྱའོ། །བདག་གི་བསམ་པ་ལ་ འཁྲུག་པ་མེད་པར་བྱའོ། །སེམས་ཅན་འདི་དག་ནི་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཡོངས་སུ་མྱ་ངན་ལས་བཟླ་ བར་བྱ་དགོས་ན། དེ་དག་ཉིད་ལ་བདག་ངན་སེམས་སུ་བྱེད་པ་དང་དེ་དག་ཉིད་ལ་བདག་འཁྲུག་པ་ནི་ཚུལ་མ་ཡིན་གྱི། བདག་གིས་དེ་དག་ལ་གནོད་སེམས་སུ་མི་བྱའོ། །བདག་གིས་ [315B] དགའ་བོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འབྱུང་བ་ཡོད་པར་ངས་བཤད་དེ། དེ་ལ་ནི་བདུད་སྡིག་ཏོ་ཅན་གླགས་ལྟ་ཞིང་གླགས་ ཚོལ་བས་ཀྱང་གླགས་མི་རྙེད་དོ། །དགའ་བོ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་དག་དང་འགྲོགས་པར་མི་བྱའོ། །དེ་དག་དང་ ལྷན་ཅིག་ཏུ་གནས་པར་མི་བྱའོ། །འདུག་པར་མི་བྱའོ། །གལ་ཏེ་འདུག་ནའང་དེས་སུ་ལའང་གནོད་སེམས་སུ་མི་བྱ། འཁྲུག་པར་མི་བྱའོ་།དེ་ཅིའི་ཕྱིར་ཞེ་ན། གང་བདག་གིས་འདི་ དག་ལ་གནོད་སེམས་སུ་བྱ་བ་དང། འཁྲུག་པར་བྱ་བ་དེ་ནི་བདག་ལ་མི་ཚུལ་ལོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ནི་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་དགྲོལ་བར་བྱ་བ་དག་གོ་སྙམ་དུ་བྱའོ། །དགའ་བོས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དག་དང་གནས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ། འདི་ལྟ་སྟེ་ དཔེར་ན། སྟོན་པ་དང་ཇི་ལྟར་གནས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དང་གནས་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ [316A]༄༅། །ན༑ འདི་ནི་བདག་གི་གྲོགས་ཏེ་གྲུ་གཅིག་ཏུ་ཞུགས་པའོ་།འདིས་ཇི་ལྟར་བསླབ་པར་བྱ་བ་དེ་བཞིན་དུ་བདག་གིས་ཀྱང་བསླབ་པར་བྱའོ། །འདིས་སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ནང་སྟོང་པ་ཉིད་དང་ཕྱི་སྟོང་པ་ཉིད་དང། ཕྱི་ནང་སྟོང་པ་ཉིད་དང། སྟོང་པ་ཉིད་སྟོང་པ་ཉིད་དང། ཆེན་པོ་སྟོང་པ་ཉིད་དང། དོན་དམ་པ་སྟོང་པ་ ཉིད་དང། འདུས་བྱས་སྟོང་པ་ཉིད་དང། འདུས་མ་བྱས་སྟོང་པ་ཉིད་དང། མཐའ་ལས་འདས་པ་སྟོང་པ་ཉིད་དང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང། དོར་བ་མེད་པ་སྟོང་པ་ ཉིད་དང། རང་བཞིན་སྟོང་པ་ཉིད་དང། ཆོས་ཐམས་ཅད་སྟོང་པ་ཉིད་དང། རང་གི་མཚན་ཉིད་སྟོང་པ་ཉིད་དང། མི་དམིགས་པ་སྟོང་པ་ཉིད་དང། དངོས་པོ་མེད་པ་སྟོང་པ་ཉིད་དང་ ངོ་བོ་ཉིད་སྟོང་པ་ཉིད་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང། དྲན་པ་ཉེ་བར་བཞག་པ་བཞི་དང། ཡང་དག་པར་སྤོང་བ་བཞི་དང། རྫུ་འཕྲུལ་གྱི་རྐང་པ་བཞི་དང། དབང་ པོ་ལྔ་དང། སྟོབས་ལྔ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་དང་འཕགས་པའི་ལམ་ཡན་ལག་བརྒྱད་པ་དང། འཕགས་པའི་བདེན་པ་བཞི་དང། བསམ་གཏན་བཞི་དང། ཚད་ [316B] གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང། རྣམ་པར་ཐར་པ་བརྒྱད་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང། རྣམ་པར་ཐར་པའི་སྒོ་སྟོང་ པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང། མངོན་པར་ཤེས་པ་ལྔ་དང། ཏིང་ངེ་འཛིན་ཐམས་ཅད་དང། གཟུངས་ཀྱི་སྒོ་ཐམས་ཅད་དང། དེ་བཞིན་གཤེགས་པའི་སྟོབས་ བཅུ་དང། མི་འཇིགས་པ་བཞི་དང། སོ་སོ་ཡང་དག་པར་རིག་པ་བཞི་དང། བྱམས་པ་ཆེན་པོ་དང། སྙིང་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང། ཐམས་ཅད་ ཤེས་པ་ཉིད་དང། ལམ་གྱི་རྣམ་པ་ཤེས་པ་ཉིད་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ལ་བསླབ་པར་བྱ་བ་དེ་ཉིད་ལ་བདག་གིས་ཀྱང་བསླབ་པར་བྱའོ་སྙམ་དུ་སེམས་བསྐྱེད་དོ། ། དེས་གཞན་ཡང་སེམས་འདི་ལྟར་བསྐྱེད་པར་བྱ་སྟེ། འདི་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་སྟོན་པ་སྟེ། གལ་ཏེ་དེ་འདྲེས་པར་སྤྱོད་ཅིང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དང་ལྡན་པའི་ཡིད་ལ་བྱ་བ་དང་བྲལ་བར་གྱུར་ན་དེ་ལ་བདག་གིས་བསླབ་པར་མི་བྱའི། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་ པའི་ཡིད་ལ་བྱ་བ་དང་མ་བྲལ་བར་གནས་ན། བདག་གིས་ཀྱང་དེ་ལྟར་བསླབ་པར་བྱའོ་སྙམ་དུ་སེམས་བསྐྱེད་དེ། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ [317A]༄༅། །བསླབ་པ་མཉམ་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་ཞེ་དྲུག་པའོ།།།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་ཞེ་དྲུག་པ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་མཉམ་པ་ཉིད་གང་ལ་བསླབ་པར་བགྱི་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་གང་ལགས། བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། །རབ་འབྱོར། ནང་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར། ཕྱི་སྟོང་པ་ཉིད་ནི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར། ཕྱི་ནང་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། ། རབ་འབྱོར། སྟོང་པ་ཉིད་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར། ཆེན་པོ་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར། དོན་དམ་པ་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར་ [317B]ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར། འདུས་མ་བྱས་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར། མཐའ་ལས་འདས་པ་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར། ཐོག་མ་དང་ཐ་མ་ མེད་པ་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར། དོར་བ་མེད་པ་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ ཀྱི་མཉམ་པ་ཉིད་དོ། །རབ་འབྱོར། རང་བཞིན་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར། ཆོས་ཐམས་ཅད་སྟོང་པ་ཉིད་ནི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར། རང་གི་མཚན་ཉིད་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་ པ་ཉིད་དོ། །རབ་འབྱོར། མི་དམིགས་པ་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར། དངོས་པོ་མེད་པ་སྟོང་པ་ཉིད་ནི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར། ངོ་བོ་ཉིད་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། ། [318A]༄༅། །རབ་འབྱོར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །རབ་འབྱོར། གཟུགས་ནི་ གཟུགས་ཀྱིས་སྟོང། ཚོར་བ་ནི་ཚོར་བས་སྟོང། འདུ་ཤེས་ནི་འདུ་ཤེས་ཀྱིས་སྟོང། འདུ་བྱེད་ནི་འདུ་བྱེད་ཀྱིས་སྟོང། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང། མིག་ནི་མིག་ གིས་སྟོང། རྣ་བ་ནི་རྣ་བས་སྟོང། སྣ་ནི་སྣས་སྟོང། ལྕེ་ནི་ལྕེས་སྟོང། ལུས་ནི་ལུས་ཀྱིས་སྟོང། ཡིད་ནི་ཡིད་ཀྱིས་སྟོང། གཟུགས་ནི་གཟུགས་ཀྱིས་སྟོང། སྒྲ་ནི་སྒྲས་སྟོང། དྲི་ ནི་དྲིས་སྟོང། རོ་ནི་རོས་སྟོང། རེག་ནི་རེག་གིས་སྟོང། ཆོས་ནི་ཆོས་ཀྱིས་སྟོང། མིག་གི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པས་སྟོང། རྣ་བའི་རྣམ་པར་ཤེས་པ་ནི་རྣ་ བའི་རྣམ་པར་ཤེས་པས་སྟོང། སྣའི་རྣམ་པར་ཤེས་པ་ནི་སྣའི་རྣམ་པར་ཤེས་པས་སྟོང། ལྕེའི་རྣམ་པར་ཤེས་པ་ནི་ལྕེའི་རྣམ་པར་ཤེས་པས་སྟོང། ལུས་ཀྱི་རྣམ་པར་ཤེས་པ་ ནི་ལུས་ཀྱི་རྣམ་པར་ཤེས་པས་སྟོང། ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སྟོང། མིག་གི་འདུས་ཏེ་རེག་པ་ནི་མིག་གི་འདུས་ཏེ་རེག་པས་སྟོང། རྣ་བའི་འདུས་ ཏེ་རེག་པ་ནི་རྣ་བའི་འདུས་ཏེ་རེག་པས་སྟོང། སྣའི་འདུས་ཏེ་རེག་པ་ནི་སྣའི་འདུས་ཏེ་རེག་པས་སྟོང། ལྕེའི་འདུས་ཏེ་རེག་པ་ནི་ལྕེའི་འདུས་ཏེ་རེག་པས་སྟོང། ལུས་ཀྱི་འདུས་ཏེ་རེག་པ་ [318B] ཡིད་ཀྱི་འདུས་ཏེ་རེག་པ་ནི་ཡིད་ཀྱི་འདུས་ཏེ་རེག་པས་སྟོང། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་ བས་སྟོང། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ ཚོར་བས་སྟོང། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་ལུས་ཀྱི་འདུས་ཏེ་རེག་པའི་ རྐྱེན་གྱིས་ཚོར་བས་སྟོང། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ནི་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བས་སྟོང་སའི་ཁམས་ནི་སའི་ཁམས་ཀྱིས་སྟོང། ཆུའི་ཁམས་ནི་ཆུའི་ ཁམས་ཀྱིས་སྟོང། མེའི་ཁམས་ནི་མེའི་ཁམས་ཀྱིས་སྟོང། རླུང་གི་ཁམས་ནི་རླུང་གི་ཁམས་ཀྱིས་སྟོང། ནམ་མཁའི་ཁམས་ནི་ནམ་མཁའི་ཁམས་ཀྱིས་སྟོང། རྣམ་པར་ཤེས་པའི་ ཁམས་ནི་རྣམ་པར་ཤེས་པའི་ཁམས་ཀྱིས་སྟོང། མ་རིག་པ་ནི་མ་རིག་པས་སྟོང། འདུ་བྱེད་ནི་འདུ་བྱེད་ཀྱིས་སྟོང། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང། མིང་དང་གཟུགས་ ནི་མིང་དང་གཟུགས་ཀྱིས་སྟོང། སྐྱེ་མཆེད་དྲུག་ནི་སྐྱེ་མཆེད་དྲུག་གིས་སྟོང། རེག་པ་ནི་རེག་པས་སྟོང། ཚོར་བ་ནི་ཚོར་བས་སྟོང་སྲེད་པ་ནི་སྲེད་པས་སྟོང། ལེན་པ་ནི་ལེན་པས་སྟོང་ [319A]༄༅། །སྲིད་པ་ནི་སྲིད་པས་སྟོང། སྐྱེ་བ་ནི་སྐྱེ་བས་སྟོང་རྒ་ཤི་ནི་རྒ་ཤིས་སྟོང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སྟོང། ཚུལ་ཁྲིམས་ཀྱི་ཕ་རོལ་ ཏུ་ཕྱིན་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པར་སྟོང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་སྟོང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང། ནང་སྟོང་པ་ཉིད་ ནི་ནང་སྟོང་པ་ཉིད་ཀྱིས་སྟོང། ཕྱི་སྟོང་པ་ཉིད་ནི་ཕྱི་སྟོང་པ་ཉིད་ཀྱིས་སྟོང། ཕྱི་ནང་སྟོང་པ་ཉིད་ནི་ཕྱི་ནང་སྟོང་པ་ཉིད་ཀྱིས་སྟོང། སྟོང་པ་ཉིད་སྟོང་པ་ཉིད་ནི་སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་སྟོང་ ཆེན་པོ་སྟོང་པ་ཉིད་ནི་ཆེན་པོ་སྟོང་པ་ཉིད་ཀྱིས་སྟོང། དོན་དམ་པ་སྟོང་པ་ཉིད་ནི་དོན་དམ་པ་སྟོང་པ་ཉིད་ཀྱིས་སྟོང། འདུས་བྱས་སྟོང་པ་ཉིད་ནི་འདུས་བྱས་སྟོང་པ་ཉིད་ཀྱིས་སྟོང། འདུས་ མ་བྱས་སྟོང་པ་ཉིད་ནི་འདུས་མ་བྱས་སྟོང་པ་ཉིད་ཀྱིས་སྟོང་མཐའ་ལས་འདས་པ་སྟོང་པ་ཉིད་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་སྟོང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ ཉིད་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱིས་སྟོང། དོར་བ་མེད་པ་སྟོང་པ་ཉིད་ནི་དོར་བ་མེད་པ་སྟོང་པ་ཉིད་ཀྱིས་སྟོང། རང་བཞིན་སྟོང་པ་ཉིད་ནི་རང་བཞིན་སྟོང་པ་ཉིད་ཀྱིས་ [319B] ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྟོང། རང་གི་མཚན་ཉིད་སྟོང་པ་ཉིད་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་སྟོང། མི་དམིགས་པ་སྟོང་པ་ཉིད་ནི་མི་ དམིགས་པ་སྟོང་པ་ཉིད་ཀྱིས་སྟོང། དངོས་པོ་མེད་པ་སྟོང་པ་ཉིད་ནི་དངོས་པོ་མེད་པ་སྟོང་པ་ཉིད་ཀྱིས་སྟོང། ངོ་བོ་ཉིད་སྟོང་པ་ཉིད་ནི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང། དངོས་པོ་མེད་པའི་ངོ་བོ་ ཉིད་སྟོང་པ་ཉིད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་སྟོང། དྲན་པ་ཉེ་བར་བཞག་པ་རྣམས་ནི་དྲན་པ་ཉེ་བར་བཞག་པ་རྣམས་ཀྱིས་སྟོང། ཡང་དག་པར་སྤོང་བ་རྣམས་ནི་ཡང་ དག་པར་སྤོང་བ་རྣམས་ཀྱིས་སྟོང། རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱིས་སྟོང། དབང་པོ་རྣམས་ནི་དབང་པོ་རྣམས་ཀྱིས་སྟོང། སྟོབས་རྣམས་ནི་སྟོབས་རྣམས་ ཀྱིས་སྟོང། བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་སྟོང། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པས་སྟོང་ འཕགས་པའི་བདེན་པ་རྣམས་ནི་འཕགས་པའི་བདེན་པ་རྣམས་ཀྱིས་སྟོང། བསམ་གཏན་རྣམས་ནི་བསམ་གཏན་རྣམས་ཀྱིས་སྟོང། ཚད་མེད་པ་རྣམས་ནི་ཚད་མེད་པ་རྣམས་ཀྱིས་སྟོང་ གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང། རྣམ་པར་ཐར་པ་རྣམས་ནི་རྣམ་པར་ཐར་པ་རྣམས་ཀྱིས་སྟོང། མཐར་ [320A]༄༅། །གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱིས་སྟོང། རྣམ་པར་ཐར་པའི་སྒོ་སྟོང་པ་ ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པས་སྟོང། མངོན་པར་ཤེས་པ་རྣམས་ནི་ མངོན་པར་ཤེས་པ་རྣམས་ཀྱིས་སྟོང། ཏིང་ངེ་འཛིན་རྣམས་ནི་ཏིང་ངེ་འཛིན་རྣམས་ཀྱིས་སྟོང། གཟུངས་ཀྱི་སྒོ་རྣམས་ནི་གཟུངས་ཀྱི་སྒོ་རྣམས་ཀྱིས་སྟོང། དེ་བཞིན་གཤེགས་པའི་ སྟོབས་རྣམས་ནི་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱིས་སྟོང། མི་འཇིགས་པ་རྣམས་ནི་མི་འཇིགས་པ་རྣམས་ཀྱིས་སྟོང། སོ་སོ་ཡང་དག་པར་རིག་པ་རྣམས་ནི་སོ་སོ་ཡང་ དག་པར་རིག་པ་རྣམས་ཀྱིས་སྟོང། བྱམས་པ་ཆེན་པོ་ནི་བྱམས་པ་ཆེན་པོས་སྟོང། སྙིང་རྗེ་ཆེན་པོ་ནི་སྙིང་རྗེ་ཆེན་པོས་སྟོང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སངས་རྒྱས་ ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང། རྒྱུན་དུ་ཞུགས་པའི་འབྲས་བུ་ནི་རྒྱུན་དུ་ཞུགས་པའི་འབྲས་བུས་སྟོང། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་ལན་ཅིག་ཕྱིར་འོང་བའི་ འབྲས་བུས་སྟོང། ཕྱིར་མི་འོང་བའི་འབྲས་བུ་ནི་ཕྱིར་མི་འོང་བའི་འབྲས་བུས་སྟོང། དགྲ་བཅོམ་པ་ཉིད་ནི་དགྲ་བཅོམ་པ་ཉིད་ཀྱིས་སྟོང། རང་བྱང་ཆུབ་ནི་རང་བྱང་ཆུབ་ཀྱིས་སྟོང་ [320B]ཉིད་ཀྱིས་སྟོང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་སྟེ། རབ་འབྱོར། འདི་ནི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་མཉམ་པ་ཉིད་དོ། །དེ་ལ་གནས་ཤིང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །གསོལ་ པ༑ བཅོམ་ལྡན་འདས། ཅི་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ གཟུགས་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། གཟུགས་འགག་པར་བགྱི་བར་སླད་དུ་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། གཟུགས་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཚོར་བ་བས་པར་བགྱི་བའི་སླད་དུ་སློབ་ ན༑ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཚོར་བ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ ཚོར་བ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཚོར་བ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ [321A]༄༅། །སློབ་པ་ལགས་སམ། འདུ་ཤེས་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་འདུ་ཤེས་འདོད་ཆགས་དང་བྲལ་ བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འདུ་ཤེས་འགག་པར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་ པ་ལགས་སམ། འདུ་ཤེས་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འདུ་བྱེད་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འདུ་བྱེད་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འདུ་བྱེད་ འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འདུ་བྱེད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་ པ་ལགས་སམ། རྣམ་པར་ཤེས་པ་བས་པར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པར་ཤེས་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་ དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་རྣམ་པར་ཤེས་པ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ [321B]རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མིག་བས་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་ པ་ལགས་སམ། མིག་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མིག་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མིག་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་བ་བས་པར་བགྱི་བའི་སླད་དུ་སློབ་ ན༑ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བ་ འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་ པ་ལགས་སམ། སྣ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྣ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྣ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྣ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན་ [322A]༄༅། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ལྕེ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལྕེ་ འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལྕེ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དུ་སློབ་པ་ལགས་སམ། ལྕེ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་འགག་པར་བགྱི་ བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ ཡིད་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ཡིད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་ [322B] གཟུགས་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། གཟུགས་འདོད་ཆགས་དང་ བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། གཟུགས་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ ལགས་སམ། གཟུགས་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྒྲ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དུ་སློབ་པ་ལགས་སམ། སྒྲ་འདོད་ཆགས་དང་བྲལ་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྒྲ་འགག་པར་བགྱི་བའི་སླད་དུ་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྒྲ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དྲི་བས་པར་བགྱི་བའི་སླད་དུ་ སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་དྲི་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ དྲི་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དྲི་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་ [323A]༄༅། །སམ༑ རོ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རོ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རོ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རོ་མི་སྐྱེ་བར་བགྱི་བའི་སླད་དུ་ སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་རེག་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རེག་འདོད་ཆགས་ དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རེག་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ སློབ་པ་ལགས་སམ། རེག་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཆོས་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཆོས་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཆོས་འགག་པར་བགྱི་བའི་སླད་དུ་ སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ཆོས་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མིག་གི་རྣམ་ [323B] རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མིག་གི་རྣམ་པར་ཤེས་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མིག་གི་རྣམ་པར་ཤེས་པ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མིག་གི་རྣམ་ པར་ཤེས་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བའི་རྣམ་པར་ཤེས་པ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བའི་རྣམ་པར་ཤེས་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བའི་ རྣམ་པར་ཤེས་པ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བའི་རྣམ་པར་ཤེས་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྣའི་རྣམ་པར་ཤེས་པ་པས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྣའི་རྣམ་པར་ཤེས་པ་འདོད་ ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྣའི་རྣམ་པར་ཤེས་པ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ [324A]༄༅། །སློབ་པ་ལགས་སམ། སྣའི་རྣམ་པར་ཤེས་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལྕེའི་རྣམ་པར་ཤེས་པ་ བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལྕེའི་རྣམ་པར་ཤེས་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལྕེའི་རྣམ་པར་ཤེས་པ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལྕེའི་རྣམ་ པར་ཤེས་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་ཀྱི་རྣམ་པར་ཤེས་པ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་ཀྱི་རྣམ་པར་ཤེས་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ ལུས་ཀྱི་རྣམ་པར་ཤེས་པ་འགག་པར་བགྱི་པའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་ཀྱི་རྣམ་པར་ཤེས་པ་མི་སྐྱེ་བར་བགྱི་བའི་སླད་དུ་ སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ཡིད་ཀྱི་རྣམ་པར་ཤེས་པ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ [324B] ཡིད་ཀྱི་རྣམ་པར་ཤེས་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་ཀྱི་རྣམ་པར་ཤེས་པ་འགག་ པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་ཀྱི་རྣམ་པར་ཤེས་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དུ་སློབ་པ་ལགས་སམ། མིག་གི་འདུས་ཏེ་རེག་པ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་མིག་གི་འདུས་ཏེ་རེག་པ་འདོད་ཆགས་ དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མིག་གི་འདུས་ཏེ་རེག་པ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མིག་གི་འདུས་ཏེ་རེག་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བའི་འདུས་ཏེ་རེག་ པ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བའི་འདུས་ཏེ་རེག་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བའི་འདུས་ཏེ་རེག་པ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བའི་འདུས་ཏེ་ [325A]༄༅། །རེག་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྣའི་འདུས་ཏེ་རེག་པ་བས་པར་བགྱི་བའི་སླད་དུ་སློབ་ ན༑ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྣའི་འདུས་ཏེ་རེག་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་ པ་ལགས་སམ། སྣའི་འདུས་ཏེ་རེག་པ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྣའི་འདུས་ཏེ་རེག་པ་མི་སྐྱེ་བར་བགྱི་བའི་སླད་དུ་ སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ལྕེའི་འདུས་ཏེ་རེག་པ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ ལྕེའི་འདུས་ཏེ་རེག་པ་འདོད་ཆགས་དང་བྲལ་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ལྕེའི་འདུས་ཏེ་རེག་པ་འགག་པར་བགྱི་བའི་སླད་ དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ལྕེའི་འདུས་ཏེ་རེག་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་ སམ༑ ལུས་ཀྱི་འདུས་ཏེ་རེག་པ་བས་པར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་ཀྱི་འདུས་ཏེ་རེག་པ་འདོད་ཆགས་དང་བྲལ་བར་བགྱི་ [325B] རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་ཀྱི་འདུས་ཏེ་རེག་པ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ ལུས་ཀྱི་འདུས་ཏེ་རེག་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་ཀྱི་འདུས་ཏེ་རེག་པ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་ཀྱི་འདུས་ཏེ་རེག་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་ཀྱི་འདུས་ཏེ་རེག་པ་ འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་ཀྱི་འདུས་ཏེ་རེག་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ སློབ་པ་ལགས་སམ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མིག་གི་འདུས་ཏེ་རེག་པའི་རྐྱེན་ གྱིས་ཚོར་བ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་འགག་པར་བགྱི་ བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་ [326A]༄༅། །པ་ལགས་སམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་བ་ལགས་སམ། རྣ་བའི་ འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ གྱིས་ཚོར་བ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མི་སྐྱེ་བར་བགྱི་བའི་སླད་དུ་ སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ སློབ་པ་ལགས་སམ། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྣའི་འདུས་ ཏེ་རེག་པའི་རྐྱེན་གྱིས་ཚོར་བ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མི་སྐྱེ་བར་བགྱི་ བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་བས་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་ [326B] ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་བ་ལགས་སམ། ལྕེའི་ འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མི་སྐྱེ་བར་བགྱི་ བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པའི་ཉིད་དུ་སློབ་པ་ལགས་སམ། ལུས་ ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་ བ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་བས་པར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ [327A]༄༅། །ཚོར་བ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མི་སྐྱེ་བར་ བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སའི་ཁམས་བས་པར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ ལགས་སམ། སའི་ཁམས་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་སའི་ཁམས་འགག་པར་བགྱི་ བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སའི་ཁམས་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ ལགས་སམ། ཆུའི་ཁམས་བས་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཆུའི་ཁམས་འདོད་ཆགས་དང་བྲལ་བར་བགྱི་བའི་ སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཆུའི་ཁམས་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་ སམ༑ ཆུའི་ཁམས་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མེའི་ཁམས་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ [327B] མེའི་ཁམས་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མེའི་ཁམས་འགག་ པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མེའི་ཁམས་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་ སམ༑ རླུང་གི་ཁམས་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རླུང་གི་ཁམས་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རླུང་གི་ཁམས་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རླུང་གི་ཁམས་ མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ནམ་མཁའི་ཁམས་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དུ་སློབ་པ་ལགས་སམ། ནམ་མཁའི་ཁམས་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ནམ་མཁའི་ཁམས་འགག་ པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ནམ་མཁའི་ཁམས་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ [328A]༄༅། །སློབ་པ་ལགས་སམ། རྣམ་པར་ཤེས་པའི་ཁམས་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པར་ཤེས་ པའི་ཁམས་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པར་ཤེས་པའི་ཁམས་འགག་པར་བགྱི་བའི་སླད་ དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་རྣམ་པར་ཤེས་པའི་ཁམས་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ ལགས་སམ། མ་རིག་པ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མ་རིག་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ ན༑ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མ་རིག་པ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མ་རིག་པ་ མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འདུ་བྱེད་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ སློབ་པ་ལགས་སམ། འདུ་བྱེད་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འདུ་བྱེད་འགག་པར་བགྱི་བའི་སླད་དུ་ [328B] རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འདུ་བྱེད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པར་ ཤེས་པ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པར་ཤེས་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པར་ཤེས་པ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་ པར་ཤེས་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མིང་དང་གཟུགས་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མིང་དང་གཟུགས་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མིང་ དང་གཟུགས་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མིང་དང་གཟུགས་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྐྱེ་མཆེད་དྲུག་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྐྱེ་མཆེད་དྲུག་འདོད་ཆགས་ [329A]༄༅། །དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྐྱེ་མཆེད་དྲུག་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྐྱེ་མཆེད་དྲུག་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རེག་པ་བས་པར་ བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རེག་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དུ་སློབ་པ་ལགས་སམ། རེག་པ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རེག་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཚོར་བ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཚོར་བ་འདོད་ ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཚོར་བ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཚོར་བ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྲེད་པ་བས་པར་བགྱི་ [329B] རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྲེད་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་ པ་ལགས་སམ། སྲེད་པ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྲེད་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལེན་པ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལེན་པ་འདོད་ཆགས་དང་བྲལ་ བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལེན་པ་འགག་པར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ སློབ་པ་ལགས་སམ། ལེན་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྲིད་པ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྲིད་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྲིད་པ་འགག་ པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྲིད་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ [330A]༄༅། །སྐྱེ་བ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྐྱེ་བ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ ན༑ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྐྱེ་བ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྐྱེ་བ་མི་སྐྱེ་བར་ བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྒ་ཤི་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་ སམ༑ རྒ་ཤི་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྒ་ཤི་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྒ་ཤི་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བས་པར་ བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྦྱིན་པའི་ [330B]རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བས་པར་བགྱི་བའི་སླད་དུ་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དུ་སློབ་པ་ལགས་སམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་ སམ༑ བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་སྐྱེ་བར་བགྱི་བའི་ སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བས་པར་བགྱི་པའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ [331A]༄༅། །དུ་སློབ་པ་ལགས་སམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་ པ་ལགས་སམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ ཕྱིན་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བས་པར་བགྱི་བའི་སླད་དུ་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བས་པར་ བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ [331B] ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ནང་སྟོང་པ་ཉིད་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ནང་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ནང་སྟོང་པ་ཉིད་འགག་ པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ནང་སྟོང་པ་ཉིད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་ པ་ལགས་སམ། ཕྱི་སྟོང་པ་ཉིད་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཕྱི་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བགྱི་བའི་ སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཕྱི་སྟོང་པ་ཉིད་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་ སམ། ཕྱི་སྟོང་པ་ཉིད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཕྱི་ནང་སྟོང་པ་ཉིད་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ [332A]༄༅། །ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཕྱི་ནང་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དུ་སློབ་པ་ལགས་སམ། ཕྱི་ནང་སྟོང་པ་ཉིད་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཕྱི་ནང་སྟོང་པ་ཉིད་མི་སྐྱེ་བར་བགྱི་ བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྟོང་པ་ཉིད་སྟོང་པ་ཉིད་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དུ་སློབ་པ་ལགས་སམ། སྟོང་པ་ཉིད་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྟོང་པ་ཉིད་ སྟོང་པ་ཉིད་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྟོང་པ་ཉིད་སྟོང་པ་ཉིད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཆེན་པོ་སྟོང་པ་ཉིད་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཆེན་པོ་ སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཆེན་པོ་སྟོང་པ་ཉིད་འགག་པར་བགྱི་བའི་སླད་དུ་ [332B] རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཆེན་པོ་སྟོང་པ་ཉིད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དོན་ དམ་པ་སྟོང་པ་ཉིད་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དོན་དམ་པ་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ ན༑ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དོན་དམ་པ་སྟོང་པ་ཉིད་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ དོན་དམ་པ་སྟོང་པ་ཉིད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འདུས་བྱས་སྟོང་པ་ཉིད་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འདུས་བྱས་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་ སམ༑ འདུས་བྱས་སྟོང་པ་ཉིད་འགག་པར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འདུས་བྱས་སྟོང་པ་ཉིད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འདུས་མ་བྱས་སྟོང་པ་ཉིད་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འདུས་ [333A]༄༅། །མ་བྱས་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འདུས་མ་བྱས་སྟོང་པ་ ཉིད་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འདུས་མ་བྱས་སྟོང་པ་ཉིད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མཐའ་ལས་འདས་པ་སྟོང་པ་ཉིད་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མཐའ་ ལས་འདས་པ་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་མཐའ་ལས་འདས་པ་སྟོང་པ་ཉིད་ འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མཐའ་ལས་འདས་པ་སྟོང་པ་ཉིད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཐོག་ མ་དང་ཐ་མ་མེད་པ་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ [333B] རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དོར་བ་མེད་པ་སྟོང་པ་ཉིད་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དོར་བ་མེད་པ་སྟོང་པ་ཉིད་ འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དོར་བ་མེད་པ་སྟོང་པ་ཉིད་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དོར་བ་མེད་པ་སྟོང་པ་ཉིད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རང་བཞིན་ སྟོང་པ་ཉིད་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རང་བཞིན་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ ན༑ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རང་བཞིན་སྟོང་པ་ཉིད་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ རང་བཞིན་སྟོང་པ་ཉིད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཆོས་ཐམས་ཅད་སྟོང་པ་ཉིད་བས་པར་བགྱི་བའི་སླད་དུ་སློབ་ན་ [334A]༄༅། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ཆོས་ཐམས་ཅད་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཆོས་ཐམས་ཅད་སྟོང་པ་ཉིད་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་ སམ༑ ཆོས་ཐམས་ཅད་སྟོང་པ་ཉིད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་རང་གི་མཚན་ཉིད་སྟོང་པ་ཉིད་བས་པར་ བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རང་གི་མཚན་ཉིད་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རང་གི་མཚན་ཉིད་སྟོང་པ་ཉིད་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་ སམ༑ རང་གི་མཚན་ཉིད་སྟོང་པ་ཉིད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་མི་དམིགས་པ་སྟོང་པ་ཉིད་བས་པར་ བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མི་དམིགས་པ་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ [334B] མི་དམིགས་པ་སྟོང་པ་ཉིད་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མི་དམིགས་པ་ སྟོང་པ་ཉིད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དངོས་པོ་མེད་པ་སྟོང་པ་ཉིད་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དངོས་པོ་མེད་པ་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ དངོས་པོ་མེད་པ་སྟོང་པ་ཉིད་འགག་པར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དངོས་པོ་མེད་པ་སྟོང་པ་ཉིད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ ན༑ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ངོ་བོ་ཉིད་སྟོང་པ་ཉིད་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ངོ་ བོ་ཉིད་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ངོ་བོ་ཉིད་སྟོང་པ་ཉིད་འགག་པར་བགྱི་བའི་སླད་དུ་ སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ངོ་བོ་ཉིད་སྟོང་པ་ཉིད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ [335A]༄༅། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་ པོ་ཉིད་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འགག་པར་བགྱི་བའི་སླད་དུ་ སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དུ་སློབ་པ་ལགས་སམ། དྲན་པ་ཉེ་བར་བཞག་པ་བཞི་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དྲན་པ་ཉེ་བར་བཞག་པ་བཞི་ འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དྲན་པ་ཉེ་བར་བཞག་པ་བཞི་འགག་པར་བགྱི་བའི་སླད་དུ་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དྲན་པ་ཉེ་བར་བཞག་པ་བཞི་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ ཡང་དག་པར་སྤོང་བ་བཞི་བས་པར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡང་དག་པར་སྤོང་བ་བཞི་འདོད་ཆགས་དང་བྲལ་བར་བགྱི་ [335B] རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཡང་དག་པར་སྤོང་བ་བཞི་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་ སམ༑ ཡང་དག་པར་སྤོང་བ་བཞི་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་རྫུ་འཕྲུལ་གྱི་རྐང་པ་བཞི་བས་པར་བགྱི་བའི་སླད་དུ་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་བ་ལགས་སམ། རྫུ་འཕྲུལ་གྱི་རྐང་པ་བཞི་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ ལགས་སམ། རྫུ་འཕྲུལ་གྱི་རྐང་པ་བཞི་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་རྫུ་འཕྲུལ་གྱི་རྐང་པ་བཞི་མི་སྐྱེ་བར་བགྱི་བའི་སླད་ དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་དབང་པོ་ལྔ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དབང་པོ་ལྔ་ འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དབང་པོ་ལྔ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དབང་པོ་ལྔ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྟོབས་ལྔ་བས་པར་བགྱི་བའི་སླད་དུ་ [336A]༄༅། །སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྟོབས་ལྔ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་སློབ་པ་ལགས་སམ། སྟོབས་ལྔ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་སྟོབས་ལྔ་མི་སྐྱེ་བར་བགྱི་བའི་སླད་དུ་ སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་བྱང་ཆུབ་ཀྱི་ཡན་ལག་བདུན་བས་པར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ ལགས་སམ། བྱང་ཆུབ་ཀྱི་ཡན་ལག་བདུན་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། བྱང་ཆུབ་ཀྱི་ཡན་ ལག་བདུན་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། བྱང་ཆུབ་ཀྱི་ཡན་ལག་བདུན་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ ལགས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འཕགས་ [336B]ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་མི་སྐྱེ་བར་བགྱི་ བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འཕགས་པའི་བདེན་པ་བཞི་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ སློབ་པ་ལགས་སམ། འཕགས་པའི་བདེན་པ་བཞི་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འཕགས་པའི་བདེན་ པ་བཞི་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། འཕགས་པའི་བདེན་པ་བཞི་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། བསམ་གཏན་བཞི་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། བསམ་གཏན་བཞི་འདོད་ ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། བསམ་གཏན་བཞི་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། བསམ་གཏན་བཞི་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཚད་མེད་པ་བཞི་བས་པར་བགྱི་ [337A]༄༅། །བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཚད་མེད་པ་བཞི་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཚད་མེད་པ་བཞི་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཚད་མེད་ པ་བཞི་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་བས་པར་བགྱི་བའི་སླད་དུ་ སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ ལགས་སམ། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པར་ཐར་པ་ བརྒྱད་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པར་ཐར་པ་བརྒྱད་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན་ [337B] རྣམ་པར་ཐར་པ་བརྒྱད་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་ པར་ཐར་པ་བརྒྱད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བས་པར་བགྱི་ བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ སློབ་པ་ལགས་སམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པར་ཐར་ པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པར་ཐར་པའི་སྒོ་སྟོང་ པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པར་ཐར་ [338A]༄༅། །པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་འགག་པར་བགྱི་པའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་ སམ༑ རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་ སམ༑ མངོན་པར་ཤེས་པ་རྣམས་བས་པར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མངོན་པར་ཤེས་པ་རྣམས་འདོད་ཆགས་དང་ བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མངོན་པར་ཤེས་པ་རྣམས་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མངོན་པར་ཤེས་པ་རྣམས་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཏིང་ངེ་ འཛིན་རྣམས་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཏིང་ངེ་འཛིན་རྣམས་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ ན༑ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཏིང་ངེ་འཛིན་རྣམས་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་ [338B] ཏིང་ངེ་འཛིན་རྣམས་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་གཟུངས་ཀྱི་སྒོ་རྣམས་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། གཟུངས་ཀྱི་སྒོ་རྣམས་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ གཟུངས་ཀྱི་སྒོ་རྣམས་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། གཟུངས་ཀྱི་སྒོ་རྣམས་ཀྱི་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དེ་བཞིན་གཤེགས་པའི་སྟོབས་བཅུ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ དེ་བཞིན་གཤེགས་པའི་སྟོབས་བཅུ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དེ་བཞིན་གཤེགས་པའི་སྟོབས་ བཅུ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དེ་བཞིན་གཤེགས་པའི་སྟོབས་བཅུ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མི་འཇིགས་པ་བཞི་བས་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། །མི་འཇིགས་པ་ [339A]༄༅། །བཞི་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མི་འཇིགས་པ་བཞི་འགག་པར་བགྱི་ བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། མི་འཇིགས་པ་བཞི་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་ པ་ལགས་སམ། སོ་སོ་ཡང། །དག་པར་རིག་པ་བཞི་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སོ་སོ་ཡང་དག་པར་རིག་པ་བཞི་ འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སོ་སོ་ཡང་དག་པར་རིག་པ་བཞི་འགག་པར་བགྱི་བའི་སླད་དུ་ སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སོ་སོ་ཡང་དག་པར་རིག་པ་བཞི་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ ལགས་སམ། བྱམས་པ་ཆེན་པོ་བས་པར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། བྱམས་པ་ཆེན་པོ་འདོད་ཆགས་དང་བྲལ་བར་ བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། བྱམས་པ་ཆེན་པོ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་ [339B] བྱམས་པ་ཆེན་པོ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་སྙིང་རྗེ་ཆེན་པོ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྙིང་རྗེ་ཆེན་པོ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྙིང་རྗེ་ ཆེན་པོ་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སྙིང་རྗེ་ཆེན་པོ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་སློབ་པ་ལགས་སམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སངས་རྒྱས་ཀྱི་ ཆོས་མ་འདྲེས་པ་རྣམས་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་འགག་ པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྒྱུན་དུ་ཞུགས་པའི་འབྲས་བུ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྒྱུན་དུ་ཞུགས་པའི་ [340A]༄༅། །འབྲས་བུ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་རྒྱུན་དུ་ཞུགས་པའི་འབྲས་བུ་ འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྒྱུན་དུ་ཞུགས་པའི་འབྲས་བུ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལན་ཅིག་ ཕྱིར་འོང་བའི་འབྲས་བུ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་འགག་ པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཕྱིར་མི་འོང་བའི་འབྲས་བུ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཕྱིར་མི་འོང་བའི་ འབྲས་བུ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཕྱིར་མི་འོང་བའི་འབྲས་བུ་འགག་པར་བགྱི་བའི་སླད་དུ་ [340B] རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ཕྱིར་མི་འོང་བའི་འབྲས་བུ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ དགྲ་བཅོམ་པ་ཉིད་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དགྲ་བཅོམ་པ་ཉིད་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དགྲ་བཅོམ་པ་ཉིད་འགག་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། དགྲ་ བཅོམ་པ་ཉིད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རང་བྱང་ཆུབ་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་སློབ་པ་ལགས་སམ། རང་བྱང་ཆུབ་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རང་བྱང་ཆུབ་འགག་ པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རང་བྱང་ཆུབ་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་ པ་ལགས་སམ། ལམ་གྱི་རྣམ་པ་ཤེས་པ་ཉིད་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ལམ་གྱི་རྣམ་པ་ཤེས་པ་ཉིད་འདོད་ [341A]༄༅། །ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལམ་གྱི་རྣམ་པ་ཤེས་པ་ཉིད་འགག་པར་ བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། ལམ་གྱི་རྣམ་པ་ཤེས་པ་ཉིད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དུ་སློབ་པ་ལགས་སམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བས་པར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་འདོད་ཆགས་དང་བྲལ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འགག་པར་ བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་སྐྱེ་བར་བགྱི་བའི་སླད་དུ་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ལགས་སམ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉིས་བརྒྱ་ཞེ་བདུན་པ་བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རབ་འབྱོར། དེ་ནི་མ་ཡིན་ཏེ། གནས་བརྟན་རབ་འབྱོར་གྱིས་གང་འདི་སྐད་དུ། གཟུགས་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ [341B] གཟུགས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། གཟུགས་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། གཟུགས་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཚོར་བ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཚོར་བ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཚོར་བ་འགག་པར་ བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཚོར་བ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འདུ་ཤེས་ ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འདུ་ཤེས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དེ་སློབ་པ་ཡིན་ནམ། འདུ་ཤེས་འགག་པར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པར་ཉིད་དུ་སློབ་པ་ཡིན་ནམ། འདུ་ཤེས་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འདུ་བྱེད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འདུ་བྱེད་འདོད་ཆགས་དང་བྲལ་བར་བྱ་བའི་ [342A]༄༅། །ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འདུ་བྱེད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་ པ་ཡིན་ནམ། འདུ་བྱེད་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པར་ཤེས་པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དུ་སློབ་པ་ཡིན་ནམ། རྣམ་པར་ཤེས་པ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པར་ཤེས་པ་འགག་པར་བྱ་བའི་ ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པར་ཤེས་པ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མིག་ ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མིག་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དུ་སློབ་པ་ཡིན་ནམ། མིག་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མིག་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དུ་སློབ་པ་ཡིན་ནམ། རྣ་བ་ཟད་པར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣ་བ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ [342B] རྣ་བ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣ་བ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྣ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྣ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ ན༑ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྣ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྣ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལྕེ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལྕེ་འདོད་ཆགས་དང་བྲལ་བར་བྱ་བའི་ ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལྕེ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལྕེ་མི་སྐྱེ་བར་བྱ་བའི་ ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལུས་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལུས་འདོད་ཆགས་དང་ བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལུས་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་ [343A]༄༅། །ལུས་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཡིད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཡིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཡིད་འགག་པར་བྱ་བའི་ ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཡིད་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། གཟུགས་ཟད་ པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། གཟུགས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དུ་སློབ་པ་ཡིན་ནམ། གཟུགས་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། གཟུགས་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྒྲ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྒྲ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྒྲ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྒྲ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་ [343B] དྲི་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དྲི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དྲི་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དྲི་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རོ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རོ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ ན༑ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རོ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རོ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རེག་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རེག་འདོད་ཆགས་དང་བྲལ་བར་བྱ་བའི་ ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རེག་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རེག་མི་སྐྱེ་བར་བྱ་ བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཆོས་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཆོས་འདོད་ཆགས་ [344A]༄༅། །དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཆོས་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དུ་སློབ་པ་ཡིན་ནམ། ཆོས་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མིག་གི་རྣམ་པར་ཤེས་པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མིག་གི་རྣམ་པར་ཤེས་པ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མིག་ གི་རྣམ་པར་ཤེས་པ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མིག་གི་རྣམ་པར་ཤེས་པ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣ་བའི་རྣམ་པར་ཤེས་པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣ་བའི་རྣམ་པར་ཤེས་པ་འདོད་ ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣ་བའི་རྣམ་པར་ཤེས་པ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣ་བའི་རྣམ་པར་ཤེས་པ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྣའི་རྣམ་པར་ཤེས་པ་ཟད་པར་ [344B] རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྣའི་རྣམ་པར་ཤེས་པ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ ཡིན་ནམ། སྣའི་རྣམ་པར་ཤེས་པ་འགག་པར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྣའི་རྣམ་པར་ཤེས་པ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལྕེའི་རྣམ་པར་ཤེས་པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལྕེའི་རྣམ་པར་ཤེས་པ་འདོད་ ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལྕེའི་རྣམ་པར་ཤེས་པ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དུ་སློབ་པ་ཡིན་ནམ། ལྕེའི་རྣམ་པར་ཤེས་པ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལུས་ཀྱི་རྣམ་པར་ཤེས་པ་ཟད་པར་བྱ་བའི་ཕྱིར་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལུས་ཀྱི་རྣམ་པར་ཤེས་པ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་ ལུས་ཀྱི་རྣམ་པར་ཤེས་པ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལུས་ཀྱི་རྣམ་པར་ཤེས་པ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ [345A]༄༅། །ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཡིད་ཀྱི་རྣམ་པར་ཤེས་པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཡིད་ཀྱི་ རྣམ་པར་ཤེས་པ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཡིད་ཀྱི་རྣམ་པར་ཤེས་པ་འགག་པར་བྱ་བའི་ཕྱིར་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཡིད་ཀྱི་རྣམ་པར་ཤེས་པ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མིག་གི་འདུས་ ཏེ་རེག་པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མིག་གི་འདུས་ཏེ་རེག་པ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མིག་གི་འདུས་ཏེ་རེག་པ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མིག་གི་འདུས་ཏེ་རེག་པ་མི་སྐྱེ་ བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣ་བའི་འདུས་ཏེ་རེག་པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་ པ་ཡིན་ནམ། རྣ་བའི་འདུས་ཏེ་རེག་པ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣ་བའི་འདུས་ཏེ་རེག་པ་འགག་ [345B] རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣ་བའི་འདུས་ཏེ་རེག་པ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ ནམ༑ སྣའི་འདུས་ཏེ་རེག་པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྣའི་འདུས་ཏེ་རེག་པ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྣའི་འདུས་ཏེ་རེག་པ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྣའི་འདུས་ཏེ་རེག་པ་མི་ སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལྕེའི་འདུས་ཏེ་རེག་པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ ནམ༑ ལྕེའི་འདུས་ཏེ་རེག་པ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་ལྕེའི་འདུས་ཏེ་རེག་པ་འགག་པར་བྱ་བའི་ཕྱིར་སློབ་ ན༑ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལྕེའི་འདུས་ཏེ་རེག་པ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལུས་ཀྱི་འདུས་ ཏེ་རེག་པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལུས་ཀྱི་འདུས་ཏེ་རེག་པ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ [346A]༄༅། །ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལུས་ཀྱི་འདུས་ཏེ་རེག་པ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་ ལུས་ཀྱི་འདུས་ཏེ་རེག་པ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཡིད་ཀྱི་འདུས་ཏེ་རེག་པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཡིད་ཀྱི་འདུས་ཏེ་རེག་པ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཡིད་ཀྱི་འདུས་ ཏེ་རེག་པ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཡིད་ཀྱི་འདུས་ཏེ་རེག་པ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་སློབ་པ་ཡིན་ནམ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མིག་གི་འདུས་ཏེ་ རེག་པ་ལས་བྱུང་བའི་ཚོར་བ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་ བ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ [346B] རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣ་བའི་འདུས་ཏེ་ རེག་པ་ལས་བྱུང་བའི་ཚོར་བ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འགག་ པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་སློབ་པ་ཡིན་ནམ། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྣའི་འདུས་ཏེ་རེག་པ་ལས་ བྱུང་བའི་ཚོར་བ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འགག་པར་བྱ་བའི་ ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ སློབ་པ་ཡིན་ནམ། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལྕེའི་འདུས་ཏེ་རེག་པ་ལས་བྱུང་ [347A]༄༅། །བའི་ཚོར་བ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ ཚོར་བ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ ནམ༑ ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལུས་ཀྱི་འདུས་ཏེ་རེག་ པ་ལས་བྱུང་བའི་ཚོར་བ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་སྐྱེ་བར་བྱ་ བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་སློབ་པ་ཡིན་ནམ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཡིད་ཀྱི་ [347B]ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་སྐྱེ་བར་ བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སའི་ཁམས་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སའི་ ཁམས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སའི་ཁམས་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སའི་ཁམས་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཆུའི་ཁམས་ཟད་པར་བྱ་བའི་ཕྱིར་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཆུའི་ཁམས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཆུའི་ཁམས་ འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཆུའི་ཁམས་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ ནམ༑ མེའི་ཁམས་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མེའི་ཁམས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ [348A]༄༅། །ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མེའི་ཁམས་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་ མེའི་ཁམས་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རླུང་གི་ཁམས་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་སློབ་པ་ཡིན་ནམ། རླུང་གི་ཁམས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རླུང་གི་ཁམས་འགག་ པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རླུང་གི་ཁམས་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ ཡིན་ནམ། ནམ་མཁའི་ཁམས་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ནམ་མཁའི་ཁམས་འདོད་ཆགས་དང་བྲལ་བར་བྱ་བའི་ ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ནམ་མཁའི་ཁམས་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་ ནམ་མཁའི་ཁམས་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པར་ཤེས་པའི་ཁམས་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ [348B] རྣམ་པར་ཤེས་པའི་ཁམས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་ རྣམ་པར་ཤེས་པའི་ཁམས་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པར་ཤེས་པའི་ཁམས་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མ་རིག་པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མ་རིག་པ་འདོད་ཆགས་དང་ བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མ་རིག་པ་འགག་པར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་ མ་རིག་པ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འདུ་བྱེད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ ཡིན་ནམ། འདུ་བྱེད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འདུ་བྱེད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འདུ་བྱེད་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པར་ཤེས་པ་ཟད་པར་བྱ་བའི་ཕྱིར་སློབ་ [349A]༄༅། །ན༑ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པར་ཤེས་པ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པར་ཤེས་པ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པར་ཤེས་པ་མི་སྐྱེ་བར་བྱ་བའི་ཕྱིར་ སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་མིང་དང་གཟུགས་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མིང་དང་ གཟུགས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མིང་དང་གཟུགས་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མིང་དང་གཟུགས་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྐྱེ་མཆེད་དྲུག་ ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྐྱེ་མཆེད་དྲུག་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་སློབ་པ་ཡིན་ནམ། སྐྱེ་མཆེད་དྲུག་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྐྱེ་མཆེད་དྲུག་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ [349B] རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་རེག་པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རེག་པ་འདོད་ཆགས་དང་བྲལ་ བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རེག་པ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རེག་ པ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཚོར་བ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་ ཚོར་བ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཚོར་བ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་སློབ་པ་ཡིན་ནམ། ཚོར་བ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་སྲེད་པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྲེད་པ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྲེད་པ་འགག་པར་བྱ་བའི་ཕྱིར་སློབ་ ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྲེད་པ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལེན་པ་ཟད་པར་བྱ་བའི་ཕྱིར་ [350A]༄༅། །སློབ་ན༑ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལེན་པ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དུ་སློབ་པ་ཡིན་ནམ། ལེན་པ་འགག་པར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལེན་པ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྲིད་པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྲིད་པ་འདོད་ཆགས་དང་བྲལ་བར་བྱ་ བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྲིད་པ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྲིད་ པ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྐྱེ་བ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ ནམ༑ སྐྱེ་བ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྐྱེ་བ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྐྱེ་བ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྒ་ཤི་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ [350B] རྒ་ཤི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྒ་ཤི་འགག་པར་བྱ་བའི་ ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྒ་ཤི་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་སློབ་པ་ཡིན་ནམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཚུལ་ཁྲིམས་ཀྱི་ཕ་རོལ་ ཏུ་ཕྱིན་པ་འགག་པར་བྱ་པའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་ [351A]༄༅། །མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བཟོད་ པའི་ཕ་རོལ་ཏུ་ཕྱིན་པ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འགག་པར་བྱ་བའི་ཕྱིར་ སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོད་ཆགས་དང་བྲལ་ བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དུ་སློབ་པ་ཡིན་ནམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ [351B] བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགག་པར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ནང་སྟོང་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ནང་སྟོང་པ་ཉིད་འདོད་ ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ནང་སྟོང་པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དུ་སློབ་པ་ཡིན་ནམ། ནང་སྟོང་པ་ཉིད་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཕྱི་སྟོང་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་ [352A]༄༅། །པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཕྱི་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཕྱི་སྟོང་པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཕྱི་སྟོང་པ་ཉིད་མི་སྐྱེ་བར་བྱ་བའི་ ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཕྱི་ནང་སྟོང་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་ ཕྱི་ནང་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་ཕྱི་ནང་སྟོང་པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཕྱི་ནང་སྟོང་པ་ཉིད་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྟོང་པ་ཉིད་ སྟོང་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྟོང་པ་ཉིད་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྟོང་པ་ཉིད་སྟོང་པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྟོང་པ་ [352B] རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཆེན་པོ་སྟོང་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དུ་སློབ་པ་ཡིན་ནམ། ཆེན་པོ་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཆེན་པོ་སྟོང་པ་ཉིད་འགག་པར་བྱ་བའི་ ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཆེན་པོ་སྟོང་པ་ཉིད་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དོན་ དམ་པ་སྟོང་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དོན་དམ་པ་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དོན་དམ་པ་སྟོང་པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དོན་དམ་པ་ སྟོང་པ་ཉིད་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འདུས་བྱས་སྟོང་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་སློབ་པ་ཡིན་ནམ། འདུས་བྱས་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འདུས་བྱས་སྟོང་པ་ཉིད་ [353A]༄༅། །འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འདུས་བྱས་སྟོང་པ་ཉིད་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ ན༑ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འདུས་མ་བྱས་སྟོང་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་ པ་ཡིན་ནམ། འདུས་མ་བྱས་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འདུས་མ་བྱས་ སྟོང་པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འདུས་མ་བྱས་སྟོང་པ་ཉིད་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མཐའ་ལས་འདས་པ་སྟོང་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་ མཐའ་ལས་འདས་པ་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མཐའ་ལས་འདས་པ་སྟོང་ པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མཐའ་ལས་འདས་པ་སྟོང་པ་ཉིད་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་ [353B] ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཐོག་ མ་དང་ཐ་མ་མེད་པ་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་འགག་ པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ ཡིན་ནམ། དོར་བ་མེད་པ་སྟོང་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དོར་བ་མེད་པ་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་ བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དོར་བ་མེད་པ་སྟོང་པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་ པ་ཡིན་ནམ། དོར་བ་མེད་པ་སྟོང་པ་ཉིད་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རང་བཞིན་སྟོང་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རང་བཞིན་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རང་ [354A]༄༅། །བཞིན་སྟོང་པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རང་བཞིན་སྟོང་པ་ཉིད་མི་སྐྱེ་བར་ བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཆོས་ཐམས་ཅད་སྟོང་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དུ་སློབ་པ་ཡིན་ནམ། ཆོས་ཐམས་ཅད་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཆོས་ཐམས་ཅད་སྟོང་ པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཆོས་ཐམས་ཅད་སྟོང་པ་ཉིད་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རང་གི་མཚན་ཉིད་སྟོང་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རང་གི་མཚན་ཉིད་ སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རང་གི་མཚན་ཉིད་སྟོང་པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ ན༑ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རང་གི་མཚན་ཉིད་སྟོང་པ་ཉིད་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ [354B] མི་དམིགས་པ་སྟོང་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མི་དམིགས་པ་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་ བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མི་དམིགས་པ་སྟོང་པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ ཡིན་ནམ། མི་དམིགས་པ་སྟོང་པ་ཉིད་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་དངོས་པོ་མེད་པ་སྟོང་པ་ཉིད་ཟད་པར་བྱ་བའི་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དངོས་པོ་མེད་པ་སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ ནམ༑ དངོས་པོ་མེད་པ་སྟོང་པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དངོས་པོ་མེད་པ་སྟོང་པ་ཉིད་མི་སྐྱེ་བར་བྱ་བའི་ཕྱིར་ སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ངོ་བོ་ཉིད་སྟོང་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ངོ་བོ་ཉིད་ སྟོང་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ངོ་བོ་ཉིད་སྟོང་པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་ [355A]༄༅། །པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ངོ་བོ་ཉིད་སྟོང་པ་ཉིད་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ ནམ༑ དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ ན༑ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ ཡིན་ནམ། དྲན་པ་ཉེ་བར་བཞག་པ་བཞི་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་དྲན་པ་ཉེ་བར་བཞག་པ་བཞི་འདོད་ཆགས་ དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དྲན་པ་ཉེ་བར་བཞག་པ་བཞི་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དྲན་པ་ཉེ་བར་བཞག་པ་བཞི་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཡང་དག་པར་སྤོང་བ་ [355B] རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཡང་དག་པར་སྤོང་བ་བཞི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཡང་དག་པར་སྤོང་བ་བཞི་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཡང་དག་པར་སྤོང་བ་བཞི་མི་སྐྱེ་བར་ བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྫུ་འཕྲུལ་གྱི་རྐང་པ་བཞི་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ ནམ༑ རྫུ་འཕྲུལ་གྱི་རྐང་པ་བཞི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྫུ་འཕྲུལ་གྱི་རྐང་པ་བཞི་འགག་པར་བྱ་བའི་ ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྫུ་འཕྲུལ་གྱི་རྐང་པ་བཞི་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་ དབང་པོ་ལྔ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དབང་པོ་ལྔ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དབང་པོ་ལྔ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དབང་པོ་ལྔ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་ [356A]༄༅། །པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྟོབས་ལྔ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྟོབས་ ལྔ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྟོབས་ལྔ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྟོབས་ལྔ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བྱང་ཆུབ་ཀྱི་ཡན་ལག་བདུན་ཟད་པར་བྱ་ བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བྱང་ཆུབ་ཀྱི་ཡན་ལག་བདུན་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བྱང་ཆུབ་ཀྱི་ཡན་ལག་བདུན་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བྱང་ཆུབ་ཀྱི་ཡན་ལག་བདུན་ མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ [356B] འཕགས་པའི་ལམ་ཡན་ལག་བརྒྱད་པ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་མི་སྐྱེ་བར་ བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འཕགས་པའི་བདེན་པ་བཞི་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ ཡིན་ནམ། འཕགས་པའི་བདེན་པ་བཞི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འཕགས་པའི་བདེན་པ་བཞི་འགག་ པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། འཕགས་པའི་བདེན་པ་བཞི་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ སློབ་པ་ཡིན་ནམ། བསམ་གཏན་བཞི་ཟད་པར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བསམ་གཏན་བཞི་འདོད་ཆགས་དང་བྲལ་བར་བྱ་བའི་ ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བསམ་གཏན་བཞི་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བསམ་ གཏན་བཞི་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཚད་མེད་པ་བཞི་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ [357A]༄༅། །ཉིད་དུ་སློབ་པ་ཡིན་ནམ། ཚད་མེད་པ་བཞི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་ ཚད་མེད་པ་བཞི་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཚད་མེད་པ་བཞི་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་སློབ་པ་ཡིན་ནམ། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། གཟུགས་མེད་པའི་ སྙོམས་པར་འཇུག་པ་བཞི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པར་ཐར་པ་བརྒྱད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པར་ཐར་པ་ བརྒྱད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པར་ཐར་པ་བརྒྱད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ [357B] རྣམ་པ་ཐར་པ་བརྒྱད་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མཐར་གྱིས་གནས་པའི་སྙོམས་ པར་འཇུག་པ་དགུ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འདོད་ཆགས་དང་བྲལ་བར་ བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་སློབ་པ་ཡིན་ནམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པར་ཐར་ པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ དང༑ མཚན་མ་མེད་པ་དང། སྨོན་པ་མེད་པ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ དང། མཚན་མ་མེད་པ་དང། སྨོན་པ་མེད་པ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་ [358A]༄༅། །མ་མེད་པ་དང། སྨོན་པ་མེད་པ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མངོན་པར་ཤེས་པ་རྣམས་ ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མངོན་པར་ཤེས་པ་རྣམས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མངོན་པར་ཤེས་པ་རྣམས་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མངོན་པར་ཤེས་པ་ རྣམས་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཏིང་ངེ་འཛིན་རྣམས་ཟད་པར་བྱ་བའི་ཕྱིར་སློབ་ན༑ རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་སློབ་པ་ཡིན་ནམ། ཏིང་ངེ་འཛིན་རྣམས་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཏིང་ངེ་འཛིན་རྣམས་ འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཏིང་ངེ་འཛིན་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉི་ ཉིད་དུ་སློབ་པ་ཡིན་ནམ། གཟུངས་ཀྱི་སྒོ་རྣམས་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། གཟུངས་ཀྱི་སྒོ་རྣམས་འདོད་ཆགས་དང་ [358B] རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། གཟུངས་ཀྱི་སྒོ་རྣམས་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་ པ་ཡིན་ནམ། གཟུངས་ཀྱི་སྒོ་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཟད་པར་བྱ་བའི་ཕྱིར་ སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དེ་བཞིན་གཤེགས་པའི་སྟོབས་བཅུ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དུ་སློབ་པ་ཡིན་ནམ། དེ་བཞིན་གཤེགས་པའི་སྟོབས་བཅུ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དེ་བཞིན་གཤེགས་པའི་སྟོབས་ བཅུ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མི་འཇིགས་པ་བཞི་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ ཡིན་ནམ། མི་འཇིགས་པ་བཞི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མི་འཇིགས་པ་བཞི་འགག་པར་བྱ་བའི་ཕྱིར་ སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། མི་འཇིགས་པ་བཞི་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སོ་སོ་ཡང་ [359A]༄༅། །དག་པར་རིག་པ་བཞི་ཟད་པར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སོ་སོ་ཡང་དག་པར་རིག་པ་བཞི་འདོད་ ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སོ་སོ་ཡང་དག་པར་རིག་པ་བཞི་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སོ་སོ་ཡང་དག་པར་རིག་པ་བཞི་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བྱམས་པ་ཆེན་ པོ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བྱམས་པ་ཆེན་པོ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བྱམས་པ་ཆེན་པོ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། བྱམས་པ་ཆེན་པོ་མི་སྐྱེ་བར་བྱ་ བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། །སྙིང་རྗེ་ཆེན་པོ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྙིང་རྗེ་ཆེན་ པོ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སྙིང་རྗེ་ཆེན་པོ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ [359B] སྙིང་རྗེ་ཆེན་པོ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ ནམ༑ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མི་སྐྱེ་བར་ བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྒྱུན་དུ་ཞུགས་པའི་འབྲས་བུ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་རྒྱུན་ དུ་ཞུགས་པའི་འབྲས་བུ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་རྒྱུན་དུ་ཞུགས་པའི་འབྲས་བུ་འགག་པར་བྱ་བའི་ཕྱིར་སློབ་ན་རྣམ་ པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྒྱུན་དུ་ཞུགས་པའི་འབྲས་བུ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལན་ཅིག་ཕྱིར་ འོང་བའི་འབྲས་བུ་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན་ [360A]༄༅། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་འགག་པར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་ པ་ཡིན་ནམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཕྱིར་མི་འོང་བའི་འབྲས་བུ་ཟད་པར་བྱ་བའི་ཕྱིར་སློབ་ ན༑ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཕྱིར་མི་འོང་བའི་འབྲས་བུ་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཕྱིར་མི་འོང་ བའི་འབྲས་བུ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ཕྱིར་མི་འོང་བའི་འབྲས་བུ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་དུ་སློབ་པ་ཡིན་ནམ། དགྲ་བཅོམ་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་དགྲ་བཅོམ་པ་ཉིད་འདོད་ཆགས་དང་བྲལ་བའི་ཕྱིར་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དགྲ་བཅོམ་པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། དགྲ་བཅོམ་པ་ཉིད་མི་སྐྱེ་ བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རང་བྱང་ཆུབ་ཟད་པར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རང་ [360B]རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རང་བྱང་ཆུབ་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་དུ་སློབ་པ་ཡིན་ནམ། རང་བྱང་ཆུབ་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལམ་གྱི་རྣམ་པར་ཤེས་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ ནམ༑ ལམ་གྱི་རྣམ་པ་ཤེས་པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། ལམ་གྱི་རྣམ་པ་ཤེས་པ་ཉིད་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཟད་པར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འགག་པར་བྱ་བའི་ཕྱིར་སློབ་ ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་སྐྱེ་བར་བྱ་བའི་ཕྱིར་སློབ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ཡིན་ནམ་ཞེས་སྨྲས་པ་དེ་ནི་མ་ཡིན་ [361A]༄༅། །ནོ༑༑ ༑༑ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་ཞེ་བརྒྱད་པ། །རབ་འབྱོར། དེ་ཇི་སྙམ་དུ་སེམས། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ་ སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། འདུ་ཤེས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ་ སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། འདུ་བྱེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ་འགག་པར་འགྱུར་རམ། རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་ དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། མིག་གི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ་འགག་པར་འགྱུར་རམ། རྣ་བའི་དེ་ བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ་འགག་པར་འགྱུར་རམ། སྣའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ་སྤང་བའམ། སྐྱེ་བའམ། འགག་པར་འགྱུར་ རམ༑ ལྕེའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ་སྐྱེ་བའམ། འགག་པར་འགྱུར་རམ། ལུས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ་ འགག་པར་འགྱུར་རམ། ཡིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་ [361B] སྐྱེ་བའམ། འགག་པར་འགྱུར་རམ། སྒྲའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། དྲིའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ་ སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། རོའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། རེག་གི་དེ་བཞིན་ཉིད་གང་ཡིན་ པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ་ཆོས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ་སྐྱེ་བའམ། འགག་པར་འགྱུར་རམ། མིག་གི་ རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། རྣ་བའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ་ སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། སྣའི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། ལྕེའི་རྣམ་པར་ ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བའམ་སྐྱེ་བའམ། འགག་པར་འགྱུར་རམ། ལུས་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ་ སྐྱེ་བའམ། འགག་པར་འགྱུར་རམ། ཡིད་ཀྱི་རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བ་འམ་འགག་པར་འགྱུར་རམ། མིག་གི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ [362A]༄༅། །ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། རྣ་བའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་ བའམ། སྐྱེ་བའམ། འགག་པར་འགྱུར་རམ། སྣའི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ་འགག་པར་འགྱུར་རམ། ལྕེའི་འདུས་ ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ་སྐྱེ་བའམ། འགག་པར་འགྱུར་རམ། ལུས་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ་ སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། ཡིད་ཀྱི་འདུས་ཏེ་རེག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། མིག་གི་ འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་ བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ་འགག་པར་འགྱུར་རམ། སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་ བའམ། སྐྱེ་བའམ། འགག་པར་འགྱུར་རམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ་སྤང་བའམ། སྐྱེ་བའམ། འགག་པར་འགྱུར་ [362B] ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བ་འམ། འགག་པར་འགྱུར་རམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ ཚོར་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ་སྐྱེ་བའམ། འགག་པར་འགྱུར་རམ། སའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ་ འགག་པར་འགྱུར་རམ། ཆུའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བ་འམ། སྐྱེ་བའམ། འགག་པར་འགྱུར་རམ། མེའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ་ སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། རླུང་གི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ་འགག་པར་འགྱུར་རམ། ནམ་མཁའི་ཁམས་ ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། རྣམ་པར་ཤེས་པའི་ཁམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་ བ་འམ། འགག་པར་འགྱུར་རམ། མ་རིག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། འདུ་བྱེད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་ པའམ། སྤང་བ་འམ། སྐྱེ་བའམ། འགག་པར་འགྱུར་རམ། རྣམ་པར་ཤེས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ་སྐྱེ་བའམ། འགག་པར་འགྱུར་རམ། མིང་དང་ [363A]༄༅། །གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། སྐྱེ་མཆེད་དྲུག་གི་དེ་བཞིན་ཉིད་གང་ཡིན་པ་དེ་ ཟད་པའམ། སྤང་བ་འམ། སྐྱེ་བའམ། འགག་པར་འགྱུར་རམ། རེག་པ་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ་འགག་པར་འགྱུར་རམ། ཚོར་བའི་དེ་ བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བའམ། སྐྱེ་བའམ་འགག་པར་འགྱུར་རམ། སྲེད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ་ འགག་པར་འགྱུར་རམ། ལེན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། སྲིད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་ པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། སྐྱེ་བའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བའམ། སྐྱེ་བའམ་འགག་པར་འགྱུར་རམ། རྒ་ཤིའི་ དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ་འགག་པར་འགྱུར་རམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་ བའམ། སྐྱེ་བའམ། འགག་པར་འགྱུར་རམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ་སྐྱེ་བའམ། འགག་པར་འགྱུར་ [363B] བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་ གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ་ འགག་པར་འགྱུར་རམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། ནང་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། ཕྱི་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་ འགྱུར་རམ། ཕྱི་ནང་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། ཆེན་པོ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་ རམ༑ དོན་དམ་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། འདུས་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ [364A]༄༅། །ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། འདུས་མ་བྱས་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ་ སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ་ ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ་དོར་བ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་ དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། རང་བཞིན་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ་སྤང་བའམ། སྐྱེ་བའམ། འགག་པར་འགྱུར་ རམ༑ ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། མི་དམིགས་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ་ འགག་པར་འགྱུར་རམ། དངོས་པོ་མེད་པ་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ [364B] སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་ བའམ། སྐྱེ་བའམ། འགག་པར་འགྱུར་རམ། དྲན་པ་ཉེ་བར་བཞག་པ་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། ཡང་དག་ པར་སྤོང་བ་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། རྫུ་འཕྲུལ་གྱི་རྐང་པ་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ་ སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། དབང་པོ་ལྔའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ་འགག་པར་འགྱུར་རམ། སྟོབས་ལྔའི་དེ་ བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ་འགག་པར་འགྱུར་རམ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ་ སྐྱེ་བའམ། འགག་པར་འགྱུར་རམ། འཕགས་པའི་ལམ་ཡན་ལག་བརྒྱད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། འཕགས་ པའི་བདེན་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། བསམ་གཏན་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་ [365A]༄༅། །བའམ། སྐྱེ་བའམ། འགག་པར་འགྱུར་རམ། ཚད་མེད་པ་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པ་འམ། སྤང་བའམ། སྐྱེ་བའམ། འགག་ པར་འགྱུར་རམ། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། རྣམ་པར་ཐར་པ་ བརྒྱད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ་སྐྱེ་བའམ། འགག་པར་འགྱུར་རམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུའི་དེ་བཞིན་ཉིད་གང་ཡིན་ པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང་སྨོན་པ་མེད་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། མངོན་པར་ཤེས་པ་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་ འགྱུར་རམ། ཏིང་ངེ་འཛིན་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། གཟུངས་ཀྱི་སྒོ་རྣམས་ཀྱི་དེ་བཞིན་ཉིད་གང་ ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ་དེ་བཞིན་གཤེགས་པའི་སྟོབས་བཅུའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ་ [365B] འགག་པར་འགྱུར་རམ། མི་འཇིགས་པ་བཞིའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། སོ་སོ་ཡང་དག་པར་རིག་པ་བཞིའི་དེ་ བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ་འགག་པར་འགྱུར་རམ། སྙིང་རྗེ་ཆེན་པོའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་ འགྱུར་རམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ་འགག་པར་འགྱུར་རམ། རྒྱུན་དུ་ཞུགས་པའི་འབྲས་བུའི་ དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ་འགག་པར་འགྱུར་རམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ་ སྐྱེ་བའམ། འགག་པར་འགྱུར་རམ། ཕྱིར་མི་འོང་བའི་འབྲས་བུའི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བ་འམ་འགག་པར་འགྱུར་རམ། དགྲ་བཅོམ་པ་ཉིད་ཀྱི་དེ་ བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ་འགག་པར་འགྱུར་རམ། རང་བྱང་ཆུབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་ པར་འགྱུར་རམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དེ་ [366A]༄༅། །བཞིན་ཉིད་གང་ཡིན་པ་དེ་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། དེ་ནི་མ་ལགས་སོ། །བདེ་བར་ གཤེགས་པ། དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་ཉིད་ལ་སློབ་པ་སྟེ་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ཡིན། དེ་བཞིན་ཉིད་ནི་ཟད་པའམ། སྤང་བའམ། སྐྱེ་བའམ། འགག་པར་འགྱུར་བ་མེད་དེ། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་ཉིད་ལ་སློབ་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ནི་སྤྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན་ རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ [366B] རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི་ནང་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱི་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར་ དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱི་ནང་སྟོང་པ་ཉིད་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྟོང་པ་ ཉིད་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆེན་པོ་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ནི་དོན་དམ་པ་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདུས་བྱས་སྟོང་པ་ ཉིད་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདུས་མ་བྱས་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཐོག་མ་དང་ [367A]༄༅། །ཐ་མ་མེད་པ་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར་དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དོར་བ་མེད་པ་སྟོང་པ་ཉིད་ལ་སློབ་ པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རང་བཞིན་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་དང་སེམས་དཔའ་ཆེན་པོ་ནི་རང་གི་མཚན་ཉིད་ སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མི་དམིགས་པ་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་ པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དངོས་པོ་མེད་པ་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ནི་ངོ་བོ་ཉིད་སྟོང་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སློབ་པ་ཡིན་ རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དྲན་པ་ཉེ་བར་བཞག་པ་བཞི་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་ [367B]སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་ སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དབང་པོ་ལྔ་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི་སྟོབས་ལྔ་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སློབ་པ་ཡིན། རབ་འབྱོར་ དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི་འཕགས་པའི་བདེན་པ་བཞི་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསམ་གཏན་བཞི་ལ་སློབ་པ་ཡིན་ རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཚད་མེད་པ་བཞི་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པར་ཐར་པ་བརྒྱད་ལ་ [368A]༄༅། །སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་སློབ་པ་ ལ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མངོན་པར་ཤེས་པ་རྣམས་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི་ཏིང་ངེ་འཛིན་རྣམས་ལ་སློབ་པ་ཡིན་རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཟུངས་ཀྱི་སྒོ་རྣམས་ལ་ སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་ པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མི་འཇིགས་པ་བཞི་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ སོ་སོ་ཡང་དག་པར་རིག་པ་བཞི་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྙིང་རྗེ་ཆེན་པོ་ལ་སློབ་པ་ཡིན། རབ་འབྱོར་ [368B]སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སློབ་བ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སློབ་པ་ཡིན་རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལན་ཅིག་ཕྱིར་འོང་བའི་ འབྲས་བུ་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་འོང་བའི་འབྲས་བུ་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དགྲ་བཅོམ་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རང་བྱང་ཆུབ་ལ་ སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སློབ་པ་ཡིན་རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསླབ་པ་ ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་འཐོབ་པར་འགྱུར་བ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདུད་དམ། བདུད་ཀྱི་རིས་ཀྱི་ལྷ་རྣམས་ [369A]༄༅། །ཀྱིས་ཕམ་པར་མི་ནུས་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མྱུར་དུ་ཕྱིར་མི་ལྡོག་པའི་ས་འཐོབ་ པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདག་གི་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་སྤྱོད་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་མགོན་དུ་འགྱུར་བའི་ཆོས་རྣམས་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ བྱམས་པ་ཆེན་པོ་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་ལ་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སློབ་པ་ཡིན་རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་བཅུ་གཉིས་ ལན་གསུམ་དུ་བསྐོར་བའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ [369B] རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དེ་བཞིན་གཤེགས་པའི་རིགས་རྒྱུན་མི་འཆད་པའི་ ཕྱིར་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འཆི་བ་མེད་པའི་སྒོ་དབྱེ་བར་བྱའོ་ཞེས་སློབ་པ་ཡིན། རབ་འབྱོར། དེ་ལྟར་སློབ་ པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདུས་བྱས་ཀྱི་ཁམས་བསྟན་པར་བྱའོ་ཞེས་སློབ་པ་ཡིན་ཏེ། རབ་འབྱོར། སེམས་ཅན་དམའ་བས་ནི་བསླབ་པ་བརྒྱ་ཆེན་པོ་འདི་ ལ་བསླབ་པར་མི་ནུས་སོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསླབ་པ་འདི་ལ་སློབ་པ་དེ་ནི། སེམས་ཅན་ཐམས་ཅད་འཁོར་བ་ལས་གདོན་པར་འདོད་པ་སྟེ། རབ་ འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་དམྱལ་བར་མི་སྐྱེའོ། །བྱོལ་སོང་གི་སྐྱེ་གནས་སུ་མི་སྐྱེའོ། །གཤིན་རྗེའི་འཇིག་རྟེན་དུ་མི་ སྐྱེའོ། །ཡུལ་མཐའ་འཁོབ་ཏུ་མི་སྐྱེའོ། །ཡུལ་གཅོང་རོང་ཅན་དུ་མི་སྐྱེའོ། །ཕྱག་དར་བ་དང། གདོལ་པའི་རིགས་སུ་མི་སྐྱེའོ། །ཞར་བར་མི་འགྱུར་རོ། །སྒུར་པོར་མི་འགྱུར་རོ། །ཞ་ བོར་མི་འགྱུར་རོ། །ཡན་ལག་སྐྱོན་ཅན་དུ་མི་འགྱུར་རོ། །འོན་པར་མི་འགྱུར་རོ། །ལག་པ་མེད་པར་མི་འགྱུར་རོ། །དབང་པོ་དང་མི་ལྡན་པར་མི་འགྱུར་ཏེ། དབང་པོ་ཡོངས་སུ་ཚང་ [370A]༄༅། །ཞིང་དབང་པོ་མ་ཚང་བར་མི་འགྱུར་རོ། །སྲོག་གཅོད་པར་མི་འགྱུར་རོ། །མ་བྱིན་པར་ལེན་པར་མི་འགྱུར་རོ། །འདོད་པས་ལོག་པར་གཡེམ་པར་མི་འགྱུར་རོ། ། བརྫུན་དུ་སྨྲ་བར་མི་འགྱུར་རོ། །ཕྲ་མ་ཅན་དུ་མི་འགྱུར་རོ། །ཞེ་གཅོད་པ་སྨྲ་བར་མི་འགྱུར་རོ། །ཚིག་བསྐྱལ་པ་ཅན་དུ་མི་འགྱུར་རོ་།ཆགས་སེམས་ཅན་དུ་མི་འགྱུར་རོ། །གནོད་སེམས་ ཅན་དུ་མི་འགྱུར་རོ། །ལོག་པར་ལྟ་བར་མི་འགྱུར་རོ། །འཚོ་བ་ལོག་པས་འཚོ་བར་མི་འགྱུར་རོ། །ཡང་དག་པ་མ་ཡིན་པས་ཡོངས་སུ་འཛིན་པར་མི་འགྱུར་རོ། །ཚུལ་ཁྲིམས་ངན་པ་ ཅན་དུ་མི་འགྱུར་རོ། །ཚུལ་ཁྲིམས་ངན་པ་ཡོངས་སུ་འཛིན་པར་མི་འགྱུར་རོ། །རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལྷ་ཚེ་རིངས་པོའི་ནང་ དུ་མི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། ཐབས་མཁས་པ་དང་ལྡན་པ་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷ་ཚེ་རིངས་པོར་མི་སྐྱེ་བའི་ཐབས་མཁས་པ་དེ་ལྟ་བུ་དེ་ལ་ ཡོད་དེ། དེའང་གང་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་ཐབས་མཁས་པ་བསྟན་ཏེ། ཐབས་མཁས་པ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་བསམ་གཏན་རྣམས་ལ་སྙོམས་པར་འཇུག་ཚད་མེད་པ་རྣམས་ལ་སྙོམས་པར་འཇུག་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྙོམས་ [370B] བསམ་གཏན་དང། ཚད་མེད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་དབང་གིས་ཀྱང་མི་སྐྱེའོ། །རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ནི། འདི་ལྟ་སྟེ་ཉན་ཐོས་དང། རང་སངས་རྒྱས་ཀྱི་ཡིད་ལ་བྱ་བའི་དྲི་མ་ཡོངས་སུ་དག་པས། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་སྟོབས་ཡོངས་སུ་དག་པ་ འཐོབ་པར་འགྱུར་རོ། །གསོལ་པ། བཅོམ་ལྡན་འདས། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་གང་གི་སྟོབས་ ཡོངས་སུ་དག་པ་འཐོབ་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་དེ་བཞིན་ནོ། །རབ་འབྱོར། ཆོས་ ཐམས་ཅད་ནི་རང་བཞིན་གྱི་ཡོངས་སུ་དག་པ་སྟེ། རབ་འབྱོར། དེ་ལྟར་ཆོས་ཐམས་ཅད་ཡོངས་སུ་དག་པ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པའི་ཚེ། སེམས་ཞུམ་པ་མེད་ཅིང་འགོད་པ་མེད་པ་དེ་ནི་རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱིས་ནི་ཆོས་ཉིད་དེ་མི་ཤེས་མི་ མཐོང་བས། སེམས་ཅན་དེ་དག་གི་དོན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། བཟོད་པའི་ཕ་ [371A]༄༅། །རོལ་ཏུ་ཕྱིན་པ་ལ་སྤྱོད། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ ནང་སྟོང་པ་ཉིད་ལ་སྤྱོད། ཕྱི་སྟོང་པ་ཉིད་ལ་སྤྱོད། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད། ཆེན་པོ་སྟོང་པ་ཉིད་ལ་སྤྱོད། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད། འདུས་བྱས་ སྟོང་པ་ཉིད་ལ་སྤྱོད། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་མཐའ་ལས་འདས་པ་སྟོང་པ་ཉིད་ལ་སྤྱོད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་སྤྱོད། དོར་བ་མེད་པ་སྟོང་པ་ཉིད་ལ་སྤྱོད་ རང་བཞིན་སྟོང་པ་ཉིད་ལ་སྤྱོད། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སྤྱོད། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད། མི་དམིགས་པ་སྟོང་པ་ཉིད་ལ་སྤྱོད། དངོས་པོ་མེད་པ་སྟོང་པ་ཉིད་ལ་ སྤྱོད། ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད། དྲན་པ་ཉེ་བར་བཞག་པ་བཞི་ལ་སྤྱོད། ཡང་དག་པར་སྤོང་བ་བཞི་ལ་སྤྱོད། རྫུ་འཕྲུལ་གྱི་རྐང་པ་ བཞི་ལ་སྤྱོད། དབང་པོ་ལྔ་ལ་སྤྱོད། སྟོབས་ལྔ་ལ་སྤྱོད། བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད། འཕགས་པའི་བདེན་པ་བཞི་ལ་སྤྱོད་ བསམ་གཏན་བཞི་ལ་སྤྱོད། ཚད་མེད་པ་བཞི་ལ་སྤྱོད། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྤྱོད། རྣམ་པར་ཐར་པ་བརྒྱད་ལ་སྤྱོད། མཐར་གྱིས་གནས་པའི་སྙོམས་པར་ [371B] རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་སྤྱོད། མངོན་པར་ཤེས་པ་རྣམས་ལ་སྤྱོད། ཏིང་ངེ་འཛིན་རྣམས་ལ་སྤྱོད་ གཟུངས་ཀྱི་སྒོ་རྣམས་ལ་སྤྱོད། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད། མི་འཇིགས་པ་བཞི་ལ་སྤྱོད། སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱོད། བྱམས་པ་ཆེན་པོ་ལ་སྤྱོད། སྙིང་ རྗེ་ཆེན་པོ་ལ་སྤྱོད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སྤྱོད། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སྤྱོད། ཕྱིར་མི་འོང་བའི་འབྲས་བུ་ ལ་སྤྱོད། དགྲ་བཅོམ་པ་ཉིད་ལ་སྤྱོད། རང་བྱང་ཆུབ་ལ་སྤྱོད་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་དེ། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་སྟོབས་དང། མི་འཇིགས་པ་ཉིད་རབ་ཏུ་ཐོབ་པར་འགྱུར་ཏེ། ཉན་ཐོས་དང། རང་སངས་རྒྱས་ཀྱི་སར་མི་ལྟུང་ངོ། །རབ་འབྱོར་ དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་དང། སྤྱོད་པ་དང། གཡོ་བ་རྣམས་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །རབ་འབྱོར་ འདི་ལྟ་སྟེ། དཔེར་ན། ས་ཆེན་པོའི་ཕྱོགས་གང་ན་ཛམྦུའི་ཆུ་ཀླུང་གི་གསེར་གྱི་ས་ལེ་སྦྲམ་འབྱུང་བ་དེ་ལྟ་བུ་ནི་ཆོས་ཉུང་ངོ། །རབ་འབྱོར། དེ་བཞིན་དུ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ [372A]༄༅། །ཏུ་ཕྱིན་པའི་བསླབ་པ་འདི་ལ་སློབ་པའི་སེམས་ཅན་དེ་ལྟ་བུའང་ཉུང་སྟེ། སེམས་ཅན་གང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་ འགྱུར་བ་དེ་ལྟ་བུ་ནི་དེ་བས་ཆེས་མང་ངོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། སེམས་ཅན་གང་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་ལས་ཡང་དག་པར་བླངས་ཏེ་གནས་ པ་དེ་ལྟ་བུ་ནི་ཉུང་སྟེ། སེམས་ཅན་གང་ཁམས་ཀྱི་རྒྱལ་ཕྲན་དུ་འགྱུར་བའི་ལས་ཡང་དག་པར་བླངས་ཤིང་གནས་པ་དེ་ལྟ་བུ་ནི་ཆེས་མང་ངོ། །རབ་འབྱོར། དེ་བཞིན་དུ་སེམས་ ཅན་གང་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་འདིར་འཇུག་པ་དེ་ལྟ་བུའང་ཉུང་སྟེ། སེམས་ཅན་གང་ཉན་ཐོས་ཀྱི་སའམ། རབ་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་དེ་ལྟ་བུ་ནི་ དེ་བས་ཀྱང་ཆེས་མང་ངོ། །རབ་འབྱོར། གང་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་ དག་པས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དེ་ལྟ་བུ་ཆེས་ཉུང་ངོ། །དེ་བས་ཀྱང་སེམས་ཅན་གང་ཉན་ཐོས་སམ། རང་སངས་ རྒྱས་སུ་གནས་པར་འགྱུར་བ་དེ་ལྟ་བུ་ནི་ཆེས་མང་ངོ། །རབ་འབྱོར། གང་ཡང་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ [372B] ཐེ་ཚོམ་མེད་པར་ཕྱིར་མི་ལྡོག་པའི་ས་གནོན་པ་དེ་དག་པས་ནི། གང་ཕྱིར་མི་ལྡོག་པའི་ས་གནོན་པར་འགྱུར་བ་དེ་ལྟ་བུ་ཆེས་མང་ངོ། །རབ་འབྱོར་ དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་མི་ལྡོག་པའི་ས་འཐོབ་པར་འདོད་པ་དང། ཕྱིར་མི་ལྡོག་པའི་སར་ཆུད་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ འདི་ཉིད་ལ་བསླབ་པར་བྱའོ། །རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེར་སྣ་དང་ལྡན་པའི་སེམས་ མི་སྐྱེའོ། །ཚུལ་ཁྲིམས་ངན་པ་དང་ལྡན་པའི་སེམས་མི་སྐྱེའོ་།འཁྲུག་པ་དང་ལྡན་པའི་སེམས་མི་སྐྱེའོ། །ལེ་ལོ་དང་ལྡན་པའི་སེམས་མི་སྐྱེའོ། །གཡེང་བ་དང་ལྡན་པའི་སེམས་མི་སྐྱེའོ། ། ཤེས་རབ་འཆལ་པ་དང་ལྡན་པའི་སེམས་མི་སྐྱེའོ། །འདོད་ཆགས་དང་ལྡན་པའི་སེམས་མི་སྐྱེའོ། །ཞེ་སྡང་དང་ལྡན་པའི་སེམས་མི་སྐྱེའོ། །གཏི་མུག་དང་ལྡན་པའི་སེམས་མི་སྐྱེའོ། ། ཐ་བ་དང་ལྡན་པའི་སེམས་མི་སྐྱེའོ། །གཟུགས་དང་ལྡན་པའི་སེམས་མི་སྐྱེའོ། །ཚོར་བ་དང་ལྡན་པའི་སེམས་མི་སྐྱེའོ། །འདུ་ཤེས་དང་ལྡན་པའི་སེམས་མི་སྐྱེའོ། །འདུ་བྱེད་དང་ལྡན་པའི་ སེམས་མི་སྐྱེའོ། །རྣམ་པར་ཤེས་པ་དང་ལྡན་པའི་སེམས་མི་སྐྱེའོ་།མིག་དང་ལྡན་པའི་སེམས་མི་སྐྱེའོ། །རྣ་བ་དང་ལྡན་པའི་སེམས་མི་སྐྱེའོ། །སྣ་དང་ལྡན་པའི་སེམས་མི་སྐྱེའོ། ། [373A]༄༅། །ལྕེ་དང་ལྡན་པའི་སེམས་མི་སྐྱེའོ། །ལུས་དང་ལྡན་པའི་སེམས་མི་སྐྱེའོ། །ཡིད་དང་ལྡན་པའི་སེམས་མི་སྐྱེའོ། །གཟུགས་དང་ལྡན་པའི་སེམས་ མི་སྐྱེའོ། །སྒྲ་དང་ལྡན་པའི་སེམས་མི་སྐྱེའོ། །དྲི་དང་ལྡན་པའི་སེམས་མི་སྐྱེའོ། །རོ་དང་ལྡན་པའི་སེམས་མི་སྐྱེའོ། །རེག་དང་ལྡན་པའི་སེམས་མི་སྐྱེའོ། །ཆོས་དང་ལྡན་པའི་ སེམས་མི་སྐྱེའོ། །མིག་གི་རྣམ་པར་ཤེས་པ་དང་ལྡན་པའི་སེམས་མི་སྐྱེའོ། །རྣ་བའི་རྣམ་པར་ཤེས་པ་དང་ལྡན་པའི་སེམས་མི་སྐྱེའོ་།རྣའི་རྣམ་པར་ཤེས་པ་དང་ལྡན་ པའི་སེམས་མི་སྐྱེའོ། །ལྕེའི་རྣམ་པར་ཤེས་པ་དང་ལྡན་པའི་སེམས་མི་སྐྱེའོ། །ལུས་ཀྱི་རྣམ་པར་ཤེས་པ་དང་ལྡན་པའི་སེམས་མི་སྐྱེའོ། །ཡིད་ཀྱི་རྣམ་པར་ཤེས་པ་དང་ ལྡན་པའི་སེམས་མི་སྐྱེའོ། །མིག་གི་འདུས་ཏེ་རེག་པ་དང་ལྡན་པའི་སེམས་མི་སྐྱེའོ། །རྣ་བའི་འདུས་ཏེ་རེག་པ་དང་ལྡན་པའི་སེམས་མི་སྐྱེའོ། །རྣའི་འདུས་ཏེ་རེག་པ་དང་ལྡན་ པའི་སེམས་མི་སྐྱེའོ། །ལྕེའི་འདུས་ཏེ་རེག་པ་དང་ལྡན་པའི་སེམས་མི་སྐྱེའོ། །ལུས་ཀྱི་འདུས་ཏེ་རེག་པ་དང་ལྡན་པའི་སེམས་མི་སྐྱེའོ་།ཡིད་ཀྱི་འདུས་ཏེ་རེག་པ་དང་ལྡན་པའི་ སེམས་མི་སྐྱེའོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་ལྡན་པའི་སེམས་མི་སྐྱེའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་ལྡན་པའི་སེམས་མི་སྐྱེའོ། །སྣའི་ [373B]སྐྱེའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་ལྡན་པའི་སེམས་མི་སྐྱེའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་ བ་དང་ལྡན་པའི་སེམས་མི་སྐྱེའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་དང་ལྡན་པའི་སེམས་མི་སྐྱེའོ། །སའི་ཁམས་དང་ལྡན་པའི་སེམས་མི་སྐྱེའོ། །ཆུའི་ཁམས་དང་ལྡན་ པའི་སེམས་མི་སྐྱེའོ། །མེའི་ཁམས་དང་ལྡན་པའི་སེམས་མི་སྐྱེའོ་།རླུང་གི་ཁམས་དང་ལྡན་པའི་སེམས་མི་སྐྱེའོ། །ནམ་མཁའི་ཁམས་དང་ལྡན་པའི་སེམས་མི་སྐྱེའོ། །རྣམ་པར་ ཤེས་པའི་ཁམས་དང་ལྡན་པའི་སེམས་མི་སྐྱེའོ། །མ་རིག་པ་དང་ལྡན་པའི་སེམས་མི་སྐྱེའོ། །འདུ་བྱེད་དང་ལྡན་པའི་སེམས་མི་སྐྱེའོ། །རྣམ་པར་ཤེས་པ་དང་ལྡན་པའི་སེམས་མི་ སྐྱེའོ༑ ༑མིང་དང་གཟུགས་དང་ལྡན་པའི་སེམས་མི་སྐྱེའོ། །སྐྱེ་མཆེད་དྲུག་དང་ལྡན་པའི་སེམས་མི་སྐྱེའོ། །རེག་པ་དང་ལྡན་པའི་སེམས་མི་སྐྱེའོ། །ཚོར་བ་དང་ལྡན་པའི་སེམས་མི་སྐྱེའོ། ། སྲེད་པ་དང་ལྡན་པའི་སེམས་མི་སྐྱེའོ། །ལེན་པ་དང་ལྡན་པའི་སེམས་མི་སྐྱེའོ། །སྲིད་པ་དང་ལྡན་པའི་སེམས་མི་སྐྱེའོ། །སྐྱེ་བ་དང་ལྡན་པའི་སེམས་མི་སྐྱེའོ། །རྒ་ཤི་དང་ལྡན་པའི་ སེམས་མི་སྐྱེའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་མི་སྐྱེའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་མི་སྐྱེའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ [374A]༄༅། །པའི་སེམས་མི་སྐྱེའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་མི་སྐྱེའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་ མི་སྐྱེའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་སེམས་མི་སྐྱེའོ། །ནང་སྟོང་པ་ཉིད་དང་ལྡན་པའི་སེམས་མི་སྐྱེའོ་།ཕྱི་སྟོང་པ་ཉིད་དང་ལྡན་པའི་སེམས་མི་སྐྱེའོ། །ཕྱི་ནང་ སྟོང་པ་ཉིད་དང་ལྡན་པའི་སེམས་མི་སྐྱེའོ། །སྟོང་པ་ཉིད་སྟོང་པ་ཉིད་དང་ལྡན་པའི་སེམས་མི་སྐྱེའོ། །ཆེན་པོ་སྟོང་པ་ཉིད་དང་ལྡན་པའི་སེམས་མི་སྐྱེའོ། །དོན་དམ་པ་སྟོང་པ་ཉིད་ དང་ལྡན་པའི་སེམས་མི་སྐྱེའོ། །འདུས་བྱས་སྟོང་པ་ཉིད་དང་ལྡན་པའི་སེམས་མི་སྐྱེའོ། །འདུས་མ་བྱས་སྟོང་པ་ཉིད་དང་ལྡན་པའི་སེམས་མི་སྐྱེའོ། །མཐའ་ལས་འདས་པ་སྟོང་པ་ ཉིད་དང་ལྡན་པའི་སེམས་མི་སྐྱེའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་ལྡན་པའི་སེམས་མི་སྐྱེའོ། །དོར་བ་མེད་པ་སྟོང་པ་ཉིད་དང་ལྡན་པའི་སེམས་མི་སྐྱེའོ། །རང་བཞིན་ སྟོང་པ་ཉིད་དང་ལྡན་པའི་སེམས་མི་སྐྱེའོ། །ཆོས་ཐམས་ཅད་སྟོང་པ་ཉིད་དང་ལྡན་པའི་སེམས་མི་སྐྱེའོ། །རང་གི་མཚན་ཉིད་སྟོང་པ་ཉིད་དང་ལྡན་པའི་སེམས་མི་སྐྱེའོ། །མི་དམིགས་ པ་སྟོང་པ་ཉིད་དང་ལྡན་པའི་སེམས་མི་སྐྱེའོ། །དངོས་པོ་མེད་པ་སྟོང་པ་ཉིད་དང་ལྡན་པའི་སེམས་མི་སྐྱེའོ། །ངོ་བོ་ཉིད་སྟོང་པ་ཉིད་དང་ལྡན་པའི་སེམས་མི་སྐྱེའོ། །དངོས་པོ་མེད་ [374B]སྐྱེའོ། །དྲན་པ་ཉེ་བར་བཞག་པ་དང་ལྡན་པའི་སེམས་མི་སྐྱེའོ་།ཡང་དག་པར་སྤོང་བ་དང་ལྡན་པའི་སེམས་མི་སྐྱེའོ། །རྫུ་འཕྲུལ་གྱི་ རྐང་པ་དང་ལྡན་པའི་སེམས་མི་སྐྱེའོ། །དབང་པོ་དང་ལྡན་པའི་སེམས་མི་སྐྱེའོ། །སྟོབས་དང་ལྡན་པའི་སེམས་མི་སྐྱེའོ། །བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པའི་སེམས་མི་སྐྱེའོ། །འཕགས་ པའི་ལམ་ཡན་ལག་བརྒྱད་པ་དང་ལྡན་པའི་སེམས་མི་སྐྱེའོ། །འཕགས་པའི་བདེན་པ་དང་ལྡན་པའི་སེམས་མི་སྐྱེའོ། །བསམ་གཏན་དང་ལྡན་པའི་སེམས་མི་སྐྱེའོ། །ཚད་མེད་པ་དང་ལྡན་ པའི་སེམས་མི་སྐྱེའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་དང་ལྡན་པའི་སེམས་མི་སྐྱེའོ། །རྣམ་པར་ཐར་པ་དང་ལྡན་པའི་སེམས་མི་སྐྱེའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་ པ་དང་ལྡན་པའི་སེམས་མི་སྐྱེའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང་ལྡན་པའི་སེམས་མི་སྐྱེའོ། །མངོན་པར་ཤེས་པ་དང་ལྡན་པའི་སེམས་ མི་སྐྱེའོ། །ཏིང་ངེ་འཛིན་དང་ལྡན་པའི་སེམས་མི་སྐྱེའོ། །གཟུངས་ཀྱི་སྒོ་དང་ལྡན་པའི་སེམས་མི་སྐྱེའོ། །དེ་བཞིན་གཤེགས་པའི་སྟོབས་དང་ལྡན་པའི་སེམས་མི་སྐྱེའོ། །མི་འཇིགས་ པ་དང་ལྡན་པའི་སེམས་མི་སྐྱེའོ། །སོ་སོ་ཡང་དག་པར་རིག་པ་དང་ལྡན་པའི་སེམས་མི་སྐྱེའོ། །བྱམས་པ་ཆེན་པོ་དང་ལྡན་པའི་སེམས་མི་སྐྱེའོ། །སྙིང་རྗེ་ཆེན་པོ་དང་ལྡན་པའི་ [375A]༄༅། །སེམས་མི་སྐྱེའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་ལྡན་པའི་སེམས་མི་སྐྱེའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དང་ལྡན་པའི་སེམས་མི་སྐྱེའོ། །ལན་ ཅིག་ཕྱིར་འོང་བའི་འབྲས་བུ་དང་ལྡན་པའི་སེམས་མི་སྐྱེའོ་།ཕྱིར་མི་འོང་བའི་འབྲས་བུ་དང་ལྡན་པའི་སེམས་མི་སྐྱེའོ། །དགྲ་བཅོམ་པ་ཉིད་དང་ལྡན་པའི་སེམས་མི་སྐྱེའོ། །རང་བྱང་ ཆུབ་དང་ལྡན་པའི་སེམས་མི་སྐྱེའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དང་ལྡན་པའི་སེམས་མི་སྐྱེའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་མི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན་ རབ་འབྱོར། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་ཚེ། ཆོས་གང་ཡང་དམིགས་པ་མེད་དོ། །མི་དམིགས་ པས་ཆོས་གང་ལ་འང་སེམས་བསྐྱེད་པ་མེད་དོ། །རབ་འབྱོར། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཕ་རོལ་ཏུ་ ཕྱིན་པ་ཐམས་ཅད་ཡོངས་སུ་ཟིན་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་པར་འགྱུར་རོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་མཐུན་པར་སྤྱོད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ ན༑ རབ་འབྱོར། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་སོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། འཇིག་ཚོགས་སུ་ལྟ་ [375B]འདུས་པ་ཡིན་ཏེ། རབ་འབྱོར། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདིར་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་སོ། །རབ་ འབྱོར། འདི་ལྟ་སྟེ། དཔེར་ན། སྐྱེས་བུ་འཆི་བའི་དུས་བྱས་པར་གྱུར་པའི་འཚོ་བའི་དབང་པོ་འགགས་པས། དབང་པོ་ཐམས་ཅད་འགགས་པར་འགྱུར་རོ། །རབ་འབྱོར། དེ་བཞིན་དུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པས། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་འདུས་པ་ཡིན་ཏེ། རབ་འབྱོར། དེ་བས་ན་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་འགྲོ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསླབ་པར་བྱའོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཟབ་མོ་འདི་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ལ་སློབ་པ་ཡིན་ནོ། །རབ་འབྱོར། དེ་ཇི་སྙམ་དུ་སེམས། སྟོང་ གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་ཇི་སྙེད་ཅིག་འཁོད་པ་དེ་དག་མང་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས། མང་ངོ། །བདེ་བར་གཤེགས་པ་ མང་ངོ། །བཅོམ་ལྡན་འདས། ཛམྦུའི་གླིང་གི་སེམས་ཅན་རྣམས་ཀྱང་མང་བ་ལགས་ན། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལྟ་སྨོས་ཀྱང་ཅི་ [376A]༄༅། །འཚལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ ཐམས་ཅད་སྔ་ཕྱི་མེད་པར་མིའི་ལུས་ཐོབ་པར་གྱུར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ལ། དེ་བཞིན་གཤེགས་པ་དེ་དག་ཐམས་ ཅད་རེ་རེ་ལའང། སྐུ་ཚེའི་མཐར་ཕྱིན་གྱི་བར་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྒྱུན་མི་འཆད་པར། ན་བཟའ་དང་བསོད་སྙོམས་དང། གཟིམས་ཆ་དང། སྙུན་ གྱི་རྐྱེན་སྨན་དང། ཡོ་བྱད་མང་པོས་བསྙེན་བཀུར་བྱས་ན། རབ་འབྱོར། དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ ལམ༑ གསོལ་པ། བཅོམ་ལྡན་འདས། མང་ངོ། །བདེ་བར་གཤེགས་པ། མང་ངོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་བས་ཀྱང་རིགས་ཀྱི་བུའམ་རིགས་ ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་ཅིང་འཆང་བ་དང། ཀློག་ཅིང་ཀུན་ཆུབ་པར་བྱེད་པ་དང། ཚུལ་བཞིན་དུ་ཡིད་ལ་བྱེད་ཅིང། དེ་བཞིན་ཉིད་དུ་ནན་ཏན་ བྱེད་ན། དེའི་བསོད་ནམས་ཆོས་མང་དུ་འཕེལ་ལོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་ [376B] བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པའོ། །རབ་འབྱོར། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ ཅད་ཀྱི་བླ་ན་མེད་པར་འགྱུར་བར་འདོད་པ་དང། སེམས་ཅན་མགོན་མེད་པ་ཐམས་ཅད་ཀྱི་མགོན་དུ་འགྱུར་བར་འདོད་པ་དང། སྐྱབས་མེད་པ་རྣམས་ཀྱི་སྐྱབས་སུ་འགྱུར་བར་འདོད་པ་དང་ གནས་མེད་པ་རྣམས་ཀྱི་གནས་སུ་འགྱུར་བར་འདོད་པ་དང། ལོང་བ་རྣམས་ཀྱི་མིག་ཏུ་འགྱུར་བར་འདོད་པ་དང། མུན་པར་གནས་པ་རྣམས་ཀྱི་སྒྲོན་མར་འགྱུར་བར་འདོད་པ་དང། སངས་ རྒྱས་སུ་འགྱུར་བ་འཐོབ་པར་འདོད་པ་དང། སངས་རྒྱས་ཀྱི་ཡུལ་ཁོང་དུ་ཆུད་པར་འདོད་པ་དང། སངས་རྒྱས་ཀྱི་རྣམ་པར་རོལ་པས་རྣམ་པར་བརྩེ་བར་འདོད་པ་དང། སངས་རྒྱས་ཀྱི་སེང་ གེའི་ང་རོ་བསྒྲག་པར་འདོད་པ་དང། སངས་རྒྱས་ཀྱི་རྔ་བརྡུང་བར་འདོད་པ་དང། སངས་རྒྱས་ཀྱི་དུང་འབུད་པར་འདོད་པ་དང་སངས་རྒྱས་ཀྱི་གཏམ་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཟབ་མོ་འདི་ལ་བསླབ་པར་བྱའོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཕུན་སུམ་ཚོགས་པ་གང་ཐོབ་པར་ བྱ་བ་དེ་དག་ལས་མ་ཐོབ་པ་གང་ཡང་མེད་དོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས། ཉན་ཐོས་ཀྱི་ཕུན་སུམ་ཚོགས་པའང་དེས་ཐོབ་པར་བགྱི་བ་ལགས་སམ། རང་སངས་ [377A]༄༅། །རྒྱས་ཀྱི་ཕུན་སུམ་ཚོགས་པའང་དེས་འཐོབ་པར་བགྱི་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཉན་ཐོས་ཀྱི་ཕུན་སུམ་ ཚོགས་པའང་དེས་འཐོབ་པར་བྱ། རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པའང་དེས་འཐོབ་པར་བྱ་སྟེ། དེ་ལ་གནས་པར་མི་བྱ། འདུག་པར་མི་བྱའི། ཤེས་པ་དང་མཐོང་བས་དེ་དག་ མཐོང་བར་བྱ་སྟེ། དེ་ལས་འདའ་བར་བྱ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པར་ཆུད་པར་བྱའོ། །རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ནི༑ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་ཡིན་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །རབ་འབྱོར། དེ་ལྟར་ སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ལྷ་དང། མི་དང། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན། སྦྱིན་པའི་གནས་སུ་འགྱུར་བ་ཡིན་ཏེ། རབ་འབྱོར། དེ་ལྟར་ སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། དེ་མ་ཡིན་པ་སྦྱིན་པའི་གནས་ཉན་ཐོས་དང། རང་སངས་རྒྱས་གང་ཇི་སྙེད་པ་དེ་དག་ཐམས་ཅད་ཟིལ་གྱིས་མནན་ ཅིང་འགྲོ་བར་གྱུར་པ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་བ་ཡིན། རབ་འབྱོར། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་ [377B] ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བའོ། །རབ་འབྱོར། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཡོངས་སུ་མི་ཉམ་པའི་ཆོས་ཅན་དུ་རིག་པར་བྱ་སྟེ། ཉན་ ཐོས་དང། རང་སངས་རྒྱས་ཀྱི་ས་རིང་དུ་བྱེད་ཅིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དང་ཉེ་བར་གྱུར་པ་ཡིན་གལ་ཏེ་ཡང་འདི་སྙམ་དུ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྒྲུབ་པར་བྱའོ་སྙམ་སྟེ། གལ་ཏེ་དེ་ལྟར་ཤེས་ན་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །གལ་ཏེ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདི་ན་ཡོད་དོ་ཞེས་བྱ་བར་ཤེས་པ་མེད་དེ། གང་ གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་བ་དང། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་བ་དང། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་བྱུང་སྟེ། བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དེ་ལྟ་བུའང་མི་ཤེས་མི་མཐོང་ཞིང། དེ་འདི་སྙམ་སྟེ་ཆོས་ཀྱི་དབྱིངས་དང། དེ་བཞིན་ཉིད་དང། ཡང་དག་ [378A]༄༅། །པའི་མཐའ་གནས་པའི་ཕྱིར། འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་མ་ཡིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ན་ཡོད་པའང་མ་ཡིན། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ནི་ཆོས་གང་ཡང་འབྱུང་བར་འགྱུར་བའང་མེད་དོ་ཞེས། རབ་འབྱོར། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་རྩ་བརྒྱད་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ འདི་སྙམ་དུ་སེམས་པར་གྱུར་ཏེ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཟོད་ པའི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའང་སྤྱོད། ནང་སྟོང་པ་ ཉིད་དང། ཕྱི་སྟོང་པ་ཉིད་དང། ཕྱི་ནང་སྟོང་པ་ཉིད་དང་སྟོང་པ་ཉིད་སྟོང་པ་ཉིད་དང། ཆེན་པོ་སྟོང་པ་ཉིད་དང། དོན་དམ་པ་སྟོང་པ་ཉིད་དང། འདུས་བྱས་སྟོང་པ་ཉིད་ དང༑ འདུས་མ་བྱས་སྟོང་པ་ཉིད་དང། མཐའ་ལས་འདས་པ་སྟོང་པ་ཉིད་དང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང། དོར་བ་མེད་པ་སྟོང་པ་ཉིད་དང། རང་བཞིན་སྟོང་ [378B] ཆོས་ཐམས་ཅད་སྟོང་པ་ཉིད་དང། རང་གི་མཚན་ཉིད་སྟོང་པ་ཉིད་དང། མི་དམིགས་པ་སྟོང་པ་ཉིད་དང་དངོས་པོ་མེད་པ་སྟོང་པ་ཉིད་དང། ངོ་བོ་ཉིད་སྟོང་པ་ ཉིད་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལའང་སྤྱོད། དྲན་པ་ཉེ་བར་བཞག་པ་བཞི་དང། ཡང་དག་པར་སྤོང་བ་བཞི་དང། རྫུ་འཕྲུལ་གྱི་རྐང་པ་བཞི་དང། དབང་ པོ་ལྔ་དང། སྟོབས་ལྔ་དང། བྱང་ཆུབ་ཀྱི་ཡན་ལག་བདུན་དང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལའང་སྤྱོད། འཕགས་པའི་བདེན་པ་བཞི་དང། བསམ་གཏན་བཞི་དང་ ཚད་མེད་པ་བཞི་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལའང་སྤྱོད། རྣམ་པར་ཐར་པ་བརྒྱད་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དང་ རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང་སྨོན་པ་མེད་པ་དང། མངོན་པར་ཤེས་པ་རྣམས་ལའང་སྤྱོད། ཏིང་ངེ་འཛིན་རྣམས་དང། གཟུངས་ཀྱི་སྒོ་རྣམས་ དང༑ དེ་བཞིན་གཤེགས་པའི་སྟོབས་བཅུ་དང། མི་འཇིགས་པ་བཞི་དང་སོ་སོ་ཡང་དག་པར་རིག་པ་བཞི་དང། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང། སངས་རྒྱས་ཀྱི་ ཆོས་མ་འདྲེས་པ་བཅོ་བརྒྱད་ལའང་སྤྱོད་བཞིན་དུ་སེམས་ཅན་ཐམས་ཅད་ཟིལ་གྱིས་ནོན་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ [379A]༄༅། །པར་གྱུར་ན་ལྟ་ཅི་སྨོས། སེམས་ཅན་གང་གི་སེམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འཇུག་པ་དེ་དག་ཀྱང་ཐོབ་པ་ལེགས་པར་ཐོབ་ཅིང། དེ་དག་གི་འཚོ་བ་ ལེགས་པར་འཚོ་བ་ཡིན་ན། གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་ལྟ་ཅི་སྨོས། སེམས་ཅན་གང་གིས་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་སེམས་བསྐྱེད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉན་པ་དེ་དག་ནི། ཀུན་གྱིས་ཡིད་དུ་འོང་བར་བྱ་བ་ཡིན་ནོ་སྙམ་ནས་དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་མེ་ཏོག་མནྡ་ ར་བ་མང་པོ་བླངས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་མེ་ཏོག་མནྡ་ར་བ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གཏོར་ ཏོ༑ ༑མངོན་པར་གཏོར་ཏོ། །རབ་ཏུ་གཏོར་ཏོ། །དེ་ལྟར་གཏོར་ཏེ། མངོན་པར་གཏོར་བ་དང། རབ་ཏུ་གཏོར་བར་བྱས་ནས། ཚིག་འདི་སྐད་དུ་བརྗོད་དོ། །དགེ་བའི་རྩ་བ་འདིས་ གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དམིགས་པ་དེ་དག་གི་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་ གྱུར་ཅིག་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག། རང་བྱུང་གི་ཆོས་རྣམས་ཡོངས་སུ་རྫོགས་པར་གྱུར་ཅིག་ཟག་པ་མེད་པའི་ཆོས་རྣམས་ [379B]བཅོམ་ལྡན་འདས། བདག་ནི་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ལས་སླར་ ལོག་པར་འགྱུར་བར་སེམས་འགའ་ཙམ་ཡང་སྐྱེ་བ་མ་མཆིས་སོ། །བཅོམ་ལྡན་འདས། བདག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སླར་ལོག་སྟེ། ཉན་ཐོས་སམ། རང་སངས་ རྒྱས་སུ་འགྱུར་བར་སེམས་འགའ་ཙམ་ཡང་སྐྱེ་བ་མ་མཆིས་ཀྱི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མོས་པ་བསྐྱེད་ཅིང། ཡང་དང་ཡང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་དང། འཁོར་བའི་སྡུག་བསྔལ་མང་པོ་འདི་དག་མཐོང་ནས། ལྷ་དང། མི་དང། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་དོན་དུ་མོས། སྨན་པར་མོས་ བདེ་བར་མོས་ཤིང། ལེགས་པར་བགྱི་བར་མོས་ཏེ། སེམས་བསྐྱེད་པ་དེ་ལྟ་བུ་དག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་འདི་ལྟར་རྟོག་སྟེ། ཅི་བདག་བརྒལ་ ནས་སེམས་ཅན་མ་བརྒལ་བ་སྒྲོལ་བར་འགྱུར་རམ། ཅི་བདག་གྲོལ་ནས་སེམས་ཅན་མ་གྲོལ་བ་དགྲོལ་བར་འགྱུར་རམ། ཅི་བདག་དབུགས་ཕྱིན་ནས་སེམས་ཅན་དབུགས་མ་ཕྱུང་བ་ དབུགས་འབྱིན་པར་འགྱུར་རམ། ཅི་བདག་ཡོངས་སུ་མྱ་ངན་ལས་འདས་ནས་སེམས་ཅན་ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་ཟློ་བར་འགྱུར་རམ་ཞེས་རྟོག་པར་ [380A]༄༅། །བགྱིད་དེ། བཅོམ་ལྡན་འདས། དེ་ལྟར་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་ དེ་དག་ལ་རྗེས་སུ་ཡི་རང་བར་བགྱིད་པ་དང། ཡུན་རིང་པོ་ནས་སྤྱོད་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་ བགྱིད་པ་དང། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་བགྱིད་པ་དང། སྐྱེ་བ་གཅིག་གིས་ཐོགས་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་བགྱིད་ན། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་ཇི་ཙམ་ཞིག་ཏུ་ འཕེལ་བར་འགྱུར། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀཽ་ཤི་ཀ། གླིང་ཆེན་པོ་བཞི་པའི་འཇིག་རྟེན་ གྱི་ཁམས་ནི་སྐྲའི་རྩེ་མོའི་ཚད་ཀྱིས་ཚད་གཟུང་བར་རུང་ཡང་སྲིད་ཀྱི། དེ་དག་གི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་བསོད་ནམས་ལ་ནི་ཚད་མེད་དོ། །ཀཽ་ཤི་ཀ། སྟོང་ གི་འཇིག་རྟེན་གྱི་ཁམས་ནི་སྐྲའི་རྩེ་མོའི་ཚད་ཀྱིས་ཚད་གཟུང་བར་རུང་ཡང་སྲིད་ཀྱི། དེ་དག་གི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་བསོད་ནམས་ལ་ནི་ཚད་མེད་དོ། ། [380B] སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་ནི་སྐྲའི་རྩེ་མོའི་ཚད་ཀྱིས་ཚད་གཟུང་བར་རུང་ཡང་སྲིད་ཀྱི། དེ་དག་གི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་བསོད་ནམས་ལ་ནི་ཚད་མེད་དོ། ། ཀཽ་ཤི་ཀ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་སྐྲའི་རྩེ་མོའི་ཚད་ཀྱིས་ཚད་གཟུང་བར་རུང་ཡང་སྲིད་ཀྱི། དེ་དག་གི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་བསོད་ ནམས་ལ་ནི་ཚད་མེད་དོ། །ཀཽ་ཤི་ཀ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱ་མཚོ་ཆེན་པོ་རྣམས་ལ་ཆུའི་ཕུང་པོ་ཇི་སྙེད་ཅིག་ཡོད་པ་དེ་ནི། སྐྲའི་རྩེ་མོ་བརྒྱར་བཤགས་ པའི་ཆ་གཅིག་གིས་ཆུའི་ཐིགས་པ་བླང་བའི་ཚད་ཀྱིས་ཚད་གཟུང་པར་རུང་ཡང་སྲིད་ཀྱི། དེ་དག་གི་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པའི་བསོད་ནམས་ལ་ནི་ཚད་མེད་དོ། ། དེ་སྐད་ཅེས་བཀའ་སྩལ་པ་དང། ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གང་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་ བར་མི་བགྱིད་པའི་སེམས་ཅན་དེ་དག་ནི་བདུད་ཀྱི་བྱིན་གྱིས་བརླབས་པའོ། །བཅོམ་ལྡན་འདས། གང་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་མི་བགྱིད་པའི་སེམས་ཅན་དེ་ དག་ནི་བདུད་ཀྱི་ཕྱོགས་སུ་གྱུར་པའོ། །བཅོམ་ལྡན་འདས། གང་སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་མི་བགྱིད་པའི་སེམས་ཅན་དེ་དག་ནི་བདུད་ཀྱི་གནས་ནས་ཤི་འཕོས་ [381A]༄༅། །པའོ༑ ༑དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། གང་གིས་སེམས་བསྐྱེད་པ་འདི་བསྒྲུབས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་ཡོངས་སུ་བསྔོ་བའི་སེམས་ཅན་དེ་དག་ནི་བདུད་ཀྱི་གནས་འཇིག་པར་བགྱིད་པ་སྟེ། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སེམས་ ཅན་དེ་དག་ནི་རྗེས་སུ་ཡི་རང་བར་བགྱི་བ་སྟེ། གང་གིས་སངས་རྒྱས་ཡོངས་སུ་མ་བཏང་བ་དང། ཆོས་ཡོངས་སུ་མ་བཏང་བ་དང་དགེ་འདུན་ཡོངས་སུ་མ་བཏང་བ་དེ་དག་གིས་ སེམས་བསྐྱེད་པ་དེ་དག་ལ་རྗེས་སུ་ཡི་རང་བར་བགྱིའོ། །རྗེས་སུ་ཡི་རང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བགྱིས་ཏེ། ཇི་ལྟར་གཉིས་ཀྱི་འདུ་ ཤེས་སུ་མི་འགྱུར་བ་དང། གཉིས་སུ་མེད་པའི་འདུ་ཤེས་སུའང་མི་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་བར་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ། དེ་དེ་བཞིན་ ནོ༑ ༑དེ་དེ་བཞིན་ཏེ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །ཀཽ་ཤི་ཀ་གང་སེམས་བསྐྱེད་པ་འདི་དག་ལ་རྗེས་སུ་ཡི་རང་བར་བྱེད་པ་དེ་དག་ནི། མྱུར་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་པར་འགྱུར་ཏེ། མཉེས་པར་བྱས་ནས་ཀྱང་ཐུགས་བྱུང་བར་མི་འགྱུར་རོ་།དེ་ལྟར་རྗེས་སུ་ཡི་རང་བ་དང་ལྡན་ [381B]དག་ནི། གང་དང་གང་དུ་སྐྱེས་པ་དེ་དང་དེ་དག་ཏུ་རིམ་གྲོ་བྱ་བར་འགྱུར་རོ། །བཀུར་སྟིར་བྱ་བར་འགྱུར་རོ། །ཕུ་དུད་དུ་བྱ་བར་ འགྱུར་རོ། །མཆོད་པར་བྱ་བར་འགྱུར་རོ། །དེས་ནམ་ཡང་གཟུགས་ཡིད་དུ་མི་འོང་བ་མཐོང་བར་མི་འགྱུར་རོ། །ནམ་ཡང་སྒྲ་ཡིད་དུ་མི་འོང་བ་ཐོས་པར་མི་འགྱུར་རོ། །ནམ་ཡང་དྲི་ཡིད་དུ་ མི་འོང་བ་ཚོར་བར་མི་འགྱུར་རོ། །ནམ་ཡང་རོ་ཡིད་དུ་མི་འོང་བ་མྱོང་བར་མི་འགྱུར་རོ། །ནམ་ཡང་རེག་ཡིད་དུ་མི་འོང་བ་རེག་པར་མི་འགྱུར་རོ། །ནམ་ཡང་ཆོས་ཡིད་དུ་མི་འོང་བ་ ཤེས་པར་མི་འགྱུར་རོ། །ནམ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྲལ་བར་མི་འགྱུར་ཏེ། སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང། སངས་རྒྱས་བཅོམ་ ལྡན་འདས་དེ་དག་ལ་བསྙེན་བཀུར་བྱེད་པ་དང། དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ། དེ་ནི་འདི་ལྟར་རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་དེ་དག་ གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པ་དང། སྤྱོད་པ་ལ་ཞུགས་པ་དང། ཕྱིར་མི་ལྡོག་པ་དང་སྐྱེ་བ་གཅིག་གིས་ཐོགས་པ་ཚད་ མེད༑ གྲངས་མེད། དཔག་ཏུ་མེད་པ་རྣམས་ཀྱི་དགེ་བའི་རྩ་བ་དེ་དག་ལ་རྗེས་སུ་ཡི་རང་བར་བྱས་པའི་ཕྱིར་ཏེ། དགེ་བའི་རྩ་བ་དེ་དག་གིས་རྣམ་པར་འཕེལ་བས། བླ་ན་མེད་པ་ཡང་ [382A]༄༅། །དག་པར་རྫོགས་པའི་བྱང་ཆུབ་ཏུ་ཉེ་བར་གྱུར་པ་ཡིན་ཏེ། དེ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་ རྒྱས་ནས་སེམས་ཅན་ཚད་མེད། གྲངས་མེད། དཔག་ཏུ་མེད་པ་ཡོངས་སུ་མྱ་ངན་ལས་ཟློ་བར་འགྱུར་རོ། །ཀཽ་ཤི་ཀ། རྣམ་གྲངས་དེས་ཀྱང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ དེས་ཅི་ནས་ཀྱང་སེམས་མེད་པ་དང། སེམས་མ་ཡིན་པ་གཞན་ཡང་མེད་པར་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དགེ་ བའི་རྩ་བ་ལ་རྗེས་སུ་ཡི་རང་བར་བྱས་ཤིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ་།སེམས་མེད་པ་དང། སེམས་མ་ཡིན་པ་གཞན་ཡང་ མེད་པར་སྤྱད་པ་སྤྱོད་པ་དང། ཕྱིར་མི་ལྡོག་པ་དང། སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཀྱི་དགེ་བའི་རྩ་བ་དེ་དག་ལའང་རྗེས་སུ་ཡི་རང་བར་བྱས་ཤིང། བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་ཞེ་དགུ་པ། །དེ་ནས་ཚེ་དང་ ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་།བཅོམ་ལྡན་འདས། ཇི་ལྟར་ན་སྒྱུ་མ་ལྟ་བུའི་སེམས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ [382B]བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། སྒྱུ་མ་ལྟ་བུའི་སེམས་དེ་ཁྱོད་ཀྱིས་ ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ། བཅོམ་ལྡན་འདས། དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས། བདག་གིས་སྒྱུ་མའང་ཡང་དག་པར་རྗེས་སུ་མ་མཐོང། སྒྱུ་མ་ལྟ་བུའི་ སེམས་དེའང་ཡང་དག་པར་རྗེས་སུ་མ་མཐོང་ངོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། དེ་ལྟར་སྒྱུ་མའང་མ་མཐོང། སྒྱུ་མ་ལྟ་བུའི་སེམས་ ཀྱང་མ་མཐོང་ན། སེམས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་སེམས་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ་ གསོལ་པ། བཅོམ་ལྡན་འདས། དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ཇི་སྙམ་དུ་སེམས། སྒྱུ་མ་དང་སྒྱུ་མ་ལྟ་བུའི་སེམས་ལས་གུད་ ན་ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཆོས་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ། གསོལ་པ། བཅོམ་ ལྡན་འདས། དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས། སྒྱུ་མ་དང་སྒྱུ་མ་ལྟ་བུའི་སེམས་ལས་གུད་ན་ཆོས་གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་ [383A]༄༅། །པར་འཚང་རྒྱ་བ་དེ་བདག་གིས་ཡང་དག་པར་རྗེས་སུ་མ་མཐོང་ངོ། །བཅོམ་ལྡན་འདས། དེ་ལྟར་བདག་གིས་ཆོས་གཞན་ཡང་དག་པར་རྗེས་སུ་མ་མཐོང་ན་ མཆིས་པའམ་མ་མཆིས་པའི་ཆོས་གང་ཞིག་བདག་གིས་བསྟན་པར་བགྱི་ཆོས་གང་ཤིན་ཏུ་དབེན་པ་དེ་ནི་མཆིས་པའམ་མ་མཆིས་པར་མི་འགྱུར་རོ། །ཆོས་གང་ཤིན་ཏུ་དབེན་ པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། མ་མཆིས་པའི་ཆོས་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ མངོན་པར་རྫོགས་པར་འཚང་མི་རྒྱའོ། །དེ་ཅིའི་ཕྱིར་ཞེ་ན་བཅོམ་ལྡན་འདས། དེ་ནི་འདི་ལྟར་གང་ཉོན་མོངས་པར་འགྱུར་བའམ་རྣམ་པར་བྱང་བར་འགྱུར་བའི་ཆོས་ཐམས་ ཅད་ནི་མ་མཆིས་ཤིང་ཡོངས་སུ་མ་མཆིས་པའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །ཚུལ་ཁྲིམས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །ནང་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །ཕྱི་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །ཕྱི་ནང་ [383B] །སྟོང་པ་ཉིད་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །ཆེན་པོ་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །དོན་དམ་པ་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། ། འདུས་བྱས་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །འདུས་མ་བྱས་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །ཐོག་མ་དང་ཐ་མ་མེད་ པ་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །དོར་བ་མེད་པ་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །རང་བཞིན་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཤིན་ཏུ་ དབེན་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །མི་དམིགས་པ་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །དངོས་པོ་མེད་པ་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །ངོ་བོ་ཉིད་ སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །དྲན་པ་ཉེ་བར་བཞག་པ་རྣམས་ནི་ཤིན་ཏུ་དབེན་པའོ། །ཡང་དག་པར་སྤོང་བ་རྣམས་ ནི་ཤིན་ཏུ་དབེན་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ཤིན་ཏུ་དབེན་པའོ། །དབང་པོ་རྣམས་ནི་ཤིན་ཏུ་དབེན་པའོ། །སྟོབས་རྣམས་ནི་ཤིན་ཏུ་དབེན་པའོ། །བྱང་ཆུབ་ཀྱི་ཡན་ལག་ རྣམས་ནི་ཤིན་ཏུ་དབེན་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་ཤིན་ཏུ་དབེན་པའོ། །འཕགས་པའི་བདེན་པ་རྣམས་ནི་ཤིན་ཏུ་དབེན་པའོ། །བསམ་གཏན་རྣམས་ནི་ཤིན་ཏུ་ [384A]༄༅། །དབེན་པའོ། །ཚད་མེད་པ་རྣམས་ནི་ཤིན་ཏུ་དབེན་པའོ་།གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་ཤིན་ཏུ་དབེན་པའོ་།རྣམ་པར་ཐར་ པ་རྣམས་ནི་ཤིན་ཏུ་དབེན་པའོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་ཤིན་ཏུ་དབེན་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་ དང༑ སྨོན་པ་མེད་པ་ནི་ཤིན་ཏུ་དབེན་པའོ། །མངོན་པར་ཤེས་པ་རྣམས་ནི་ཤིན་ཏུ་དབེན་པའོ། །ཏིང་ངེ་འཛིན་རྣམས་ནི་ཤིན་ཏུ་དབེན་པའོ། །གཟུངས་ཀྱི་སྒོ་རྣམས་ནི་ཤིན་ཏུ་དབེན་ པའོ༑ ༑དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་ཤིན་ཏུ་དབེན་པའོ། །མི་འཇིགས་པ་བཞི་ནི་ཤིན་ཏུ་དབེན་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་ཤིན་ཏུ་དབེན་པའོ། །བྱམས་ པ་ཆེན་པོ་ནི་ཤིན་ཏུ་དབེན་པའོ། །སྙིང་རྗེ་ཆེན་པོ་ནི་ཤིན་ཏུ་དབེན་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི་ཤིན་ཏུ་དབེན་པའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ ནི་ཤིན་ཏུ་དབེན་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་ཤིན་ཏུ་དབེན་པའོ། །ཕྱིར་མི་འོང་བའི་འབྲས་བུ་ནི་ཤིན་ཏུ་དབེན་པའོ་།དགྲ་བཅོམ་པ་ཉིད་ནི་ཤིན་ཏུ་དབེན་པའོ། ། རང་བྱང་ཆུབ་ནི་ཤིན་ཏུ་དབེན་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ཤིན་ཏུ་དབེན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་ཤིན་ཏུ་དབེན་པའོ། །ཆོས་གང་ཤིན་ཏུ་དབེན་ [384B] རྣམ་པར་བསྒོམ་པར་བགྱི་བའང་མ་ལགས་ཏེ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པའི་སླད་དུ་ཆོས་གང་ཡང་བསྒྲུབ་ པ་མ་མཆིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པ་ལགས་ན། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཤིན་ཏུ་དབེན་པ་ལགས་ན། དེ་ཇི་ ལྟར་དབེན་པས་དབེན་པ་འཚང་རྒྱ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ལེགས་སོ། ལེགས་སོ། །རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ་།བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་ པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དབེན་པའོ། །ནང་ སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །ཕྱི་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །ཕྱི་ནང་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ་།སྟོང་པ་ཉིད་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །ཆེན་པོ་སྟོང་ [385A]༄༅། །པ་ཉིད་ནི་ཤིན་ཏུ་དབེན་པའོ། །དོན་དམ་པ་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །འདུས་བྱས་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །འདུས་མ་བྱས་སྟོང་པ་ཉིད་ ནི་ཤིན་ཏུ་དབེན་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །དོར་བ་མེད་པ་སྟོང་པ་ཉིད་ནི་ ཤིན་ཏུ་དབེན་པའོ། །རང་བཞིན་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། ། མི་དམིགས་པ་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །དངོས་པོ་མེད་པ་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་ནི་ཤིན་ཏུ་དབེན་པའོ། །དྲན་པ་ཉེ་བར་བཞག་པ་རྣམས་ནི་ཤིན་ཏུ་དབེན་པའོ། །ཡང་དག་པར་སྤོང་བ་རྣམས་ནི་ཤིན་ཏུ་དབེན་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་ ཤིན་ཏུ་དབེན་པའོ། །དབང་པོ་རྣམས་ནི་ཤིན་ཏུ་དབེན་པའོ། །སྟོབས་རྣམས་ནི་ཤིན་ཏུ་དབེན་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་ཤིན་ཏུ་དབེན་པའོ། །འཕགས་པའི་ལམ་ ཡན་ལག་བརྒྱད་པ་ནི་ཤིན་ཏུ་དབེན་པའོ། །འཕགས་པའི་བདེན་པ་རྣམས་ནི་ཤིན་ཏུ་དབེན་པའོ། །བསམ་གཏན་རྣམས་ནི་ཤིན་ཏུ་དབེན་པའོ། །ཚད་མེད་པ་རྣམས་ནི་ཤིན་ཏུ་ [385B] །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་ཤིན་ཏུ་དབེན་པའོ། །རྣམ་པར་ཐར་པ་རྣམས་ནི་ཤིན་ཏུ་དབེན་པའོ་།མཐར་གྱིས་གནས་པའི་སྙོམས་པར་འཇུག་ པ་རྣམས་ནི་ཤིན་ཏུ་དབེན་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ནི་ཤིན་ཏུ་དབེན་པའོ། །མངོན་པར་ཤེས་པ་རྣམས་ནི་ཤིན་ཏུ་དབེན་པའོ། ། ཏིང་ངེ་འཛིན་རྣམས་ནི་ཤིན་ཏུ་དབེན་པའོ། །གཟུངས་ཀྱི་སྒོ་རྣམས་ནི་ཤིན་ཏུ་དབེན་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི་ཤིན་ཏུ་དབེན་པའོ། །མི་འཇིགས་པ་བཞི་ནི་ཤིན་ཏུ་ དབེན་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ནི་ཤིན་ཏུ་དབེན་པའོ་།བྱམས་པ་ཆེན་པོ་ནི་ཤིན་ཏུ་དབེན་པའོ། །སྙིང་རྗེ་ཆེན་པོ་ནི་ཤིན་ཏུ་དབེན་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་ པ་བཅོ་བརྒྱད་ནི་ཤིན་ཏུ་དབེན་པའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ནི་ཤིན་ཏུ་དབེན་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་ཤིན་ཏུ་དབེན་པའོ། །ཕྱིར་མི་འོང་བའི་འབྲས་བུ་ནི་ ཤིན་ཏུ་དབེན་པའོ། །དགྲ་བཅོམ་པ་ཉིད་ནི་ཤིན་ཏུ་དབེན་པའོ། །རང་བྱང་ཆུབ་ནི་ཤིན་ཏུ་དབེན་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ཤིན་ཏུ་དབེན་པའོ། །རྣམ་པ་ཐམས་ཅད་མཁྱེན་ པ་ཉིད་ནི་ཤིན་ཏུ་དབེན་པའོ། །རབ་འབྱོར། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང། བརྩོན་འགྲུས་ཀྱི་ [386A]༄༅། །ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང། སྦྱིན་པའི་ཕ་ རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང། ནང་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། ཕྱི་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། ཕྱི་ནང་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། སྟོང་པ་ཉིད་སྟོང་པ་ཉིད་ ཤིན་ཏུ་དབེན་པ་དང། ཆེན་པོ་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་དོན་དམ་པ་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། འདུས་བྱས་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། འདུས་མ་བྱས་ སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། མཐའ་ལས་འདས་པ་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། དོར་བ་མེད་པ་སྟོང་པ་ཉིད་ ཤིན་ཏུ་དབེན་པ་དང། རང་བཞིན་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། ཆོས་ཐམས་ཅད་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། རང་གི་མཚན་ཉིད་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང་ མི་དམིགས་པ་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། དངོས་པོ་མེད་པ་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། ངོ་བོ་ཉིད་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། དངོས་པོ་མེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། དྲན་པ་ཉེ་བར་བཞག་པ་རྣམས་ཤིན་ཏུ་དབེན་པ་དང། ཡང་དག་པར་སྤོང་བ་རྣམས་ཤིན་ཏུ་དབེན་པ་དང། རྫུ་འཕྲུལ་གྱི་རྐང་པ་རྣམས་ཤིན་ [386B] དབང་པོ་རྣམས་ཤིན་ཏུ་དབེན་པ་དང། སྟོབས་རྣམས་ཤིན་ཏུ་དབེན་པ་དང། བྱང་ཆུབ་ཀྱི་ཡན་ལག་རྣམས་ཤིན་ཏུ་དབེན་པ་དང། འཕགས་པའི་ལམ་ཡན་ལག་ བརྒྱད་པ་ཤིན་ཏུ་དབེན་པ་དང། འཕགས་པའི་བདེན་པ་རྣམས་ཤིན་ཏུ་དབེན་པ་དང། བསམ་གཏན་རྣམས་ཤིན་ཏུ་དབེན་པ་དང། ཚད་མེད་པ་རྣམས་ཤིན་ཏུ་དབེན་པ་དང། གཟུགས་ མེད་པའི་སྙོམས་པར་འཇུག་པ་རྣམས་ཤིན་ཏུ་དབེན་པ་དང། རྣམ་པར་ཐར་པ་རྣམས་ཤིན་ཏུ་དབེན་པ་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཤིན་ཏུ་དབེན་ པ་དང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ཤིན་ཏུ་དབེན་པ་དང། མངོན་པར་ཤེས་པ་རྣམས་ཤིན་ཏུ་དབེན་པ་དང། ཏིང་ངེ་འཛིན་རྣམས་ ཤིན་ཏུ་དབེན་པ་དང། གཟུངས་ཀྱི་སྒོ་རྣམས་ཤིན་ཏུ་དབེན་པ་དང་དེ་བཞིན་གཤེགས་པའི་སྟོབས་བཅུ་ཤིན་ཏུ་དབེན་པ་དང། མི་འཇིགས་པ་བཞི་ཤིན་ཏུ་དབེན་པ་དང། སོ་སོ་ ཡང་དག་པར་རིག་པ་བཞི་ཤིན་ཏུ་དབེན་པ་དང། བྱམས་པ་ཆེན་པོ་ཤིན་ཏུ་དབེན་པ་དང། སྙིང་རྗེ་ཆེན་པོ་ཤིན་ཏུ་དབེན་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཤིན་ ཏུ་དབེན་པ་དང། རྒྱུན་དུ་ཞུགས་པའི་འབྲས་བུ་ཤིན་ཏུ་དབེན་པ་དང། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤིན་ཏུ་དབེན་པ་དང་ཕྱིར་མི་འོང་བའི་འབྲས་བུ་ཤིན་ཏུ་དབེན་པ་དང་ [387A]༄༅། །དགྲ་བཅོམ་པ་ཉིད་ཤིན་ཏུ་དབེན་པ་དང། རང་བྱང་ཆུབ་ཤིན་ཏུ་དབེན་པ་དང། ལམ་གྱི་རྣམ་པ་ཤེས་པ་ཉིད་ཤིན་ཏུ་དབེན་པ་དང། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་དབེན་པ་དེ་བཞིན་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའང་ཤིན་ཏུ་དབེན་པའོ། །རབ་ འབྱོར། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པར་མ་གྱུར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པར་མ་གྱུར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ ཏུ་དབེན་པར་མ་གྱུར། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པར་མ་གྱུར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པར་མ་གྱུར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ ཏུ་དབེན་པར་མ་གྱུར། ནང་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར་ཕྱི་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། ཕྱི་ནང་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། སྟོང་པ་ཉིད་སྟོང་ པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། ཆེན་པོ་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། དོན་དམ་པ་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། འདུས་བྱས་སྟོང་པ་ཉིད་ཤིན་ཏུ་ དབེན་པར་མ་གྱུར། འདུས་མ་བྱས་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། མཐའ་ལས་འདས་པ་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ [387B] དོར་བ་མེད་པ་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། རང་བཞིན་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། ཆོས་ཐམས་ཅད་སྟོང་པ་ཉིད་ཤིན་ཏུ་དབེན་པར་ མ་གྱུར། རང་གི་མཚན་ཉིད་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། མི་དམིགས་པ་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། དངོས་པོ་མེད་པ་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་ གྱུར༑ ངོ་བོ་ཉིད་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར་དྲན་པ་ཉེ་བར་བཞག་པ་རྣམས་ཤིན་ཏུ་དབེན་པར་ མ་གྱུར། ཡང་དག་པར་སྤོང་བ་རྣམས་ཤིན་ཏུ་དབེན་པར་མ་གྱུར་རྫུ་འཕྲུལ་གྱི་རྐང་པ་རྣམས་ཤིན་ཏུ་དབེན་པར་མ་གྱུར། དབང་པོ་རྣམས་ཤིན་ཏུ་དབེན་པར་མ་གྱུར། སྟོབས་རྣམས་ ཤིན་ཏུ་དབེན་པར་མ་གྱུར། བྱང་ཆུབ་ཀྱི་ཡན་ལག་རྣམས་ཤིན་ཏུ་དབེན་པར་མ་གྱུར། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤིན་ཏུ་དབེན་པར་མ་གྱུར། འཕགས་པའི་བདེན་ པ་རྣམས་ཤིན་ཏུ་དབེན་པར་མ་གྱུར། བསམ་གཏན་རྣམས་ཤིན་ཏུ་དབེན་པར་མ་གྱུར། ཚད་མེད་པ་རྣམས་ཤིན་ཏུ་དབེན་པར་མ་གྱུར། གཟུགས་མེད་པའི་སྙོམས་པར་འཇུག་པ་ རྣམས་ཤིན་ཏུ་དབེན་པར་མ་གྱུར། རྣམ་པར་ཐར་པ་རྣམས་ཤིན་ཏུ་དབེན་པར་མ་གྱུར། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཤིན་ཏུ་དབེན་པར་མ་གྱུར། རྣམ་པར་ [388A]༄༅། །ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང་སྨོན་པ་མེད་པ་ཤིན་ཏུ་དབེན་པར་མ་གྱུར། མངོན་པར་ཤེས་པ་རྣམས་ཤིན་ཏུ་དབེན་པར་མ་གྱུར་ ཏིང་ངེ་འཛིན་རྣམས་ཤིན་ཏུ་དབེན་པར་མ་གྱུར། གཟུངས་ཀྱི་སྒོ་རྣམས་ཤིན་ཏུ་དབེན་པར་མ་གྱུར། དེ་བཞིན་གཤེགས་པའི་སྟོབས་རྣམས་ཤིན་ཏུ་དབེན་པར་མ་གྱུར། མི་འཇིགས་ པ་རྣམས་ཤིན་ཏུ་དབེན་པར་མ་གྱུར། སོ་སོ་ཡང་དག་པར་རིག་པ་རྣམས་ཤིན་ཏུ་དབེན་པར་མ་གྱུར། བྱམས་པ་ཆེན་པོ་ཤིན་ཏུ་དབེན་པར་མ་གྱུར། སྙིང་རྗེ་ཆེན་པོ་ཤིན་ཏུ་དབེན་ པར་མ་གྱུར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཤིན་ཏུ་དབེན་པར་མ་གྱུར། རྒྱུན་དུ་ཞུགས་པའི་འབྲས་བུ་ཤིན་ཏུ་དབེན་པར་མ་གྱུར། ལན་ཅིག་ཕྱིར་འོང་བའི་ འབྲས་བུ་ཤིན་ཏུ་དབེན་པར་མ་གྱུར། ཕྱིར་མི་འོང་བའི་འབྲས་བུ་ཤིན་ཏུ་དབེན་པར་མ་གྱུར། དགྲ་བཅོམ་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། རང་བྱང་ཆུབ་ཤིན་ཏུ་དབེན་པར་མ་ གྱུར༑ ལམ་གྱི་རྣམ་པ་ཤེས་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ཏུ་དབེན་པར་མ་གྱུར་ན། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་མི་འགྱུར་ རོ༑ ༑དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པར་མི་འགྱུར་རོ། །དེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པར་མི་འགྱུར་རོ། །དེ་བཟོད་པའི་ཕ་རོལ་ཏུ་ཕྱིན་པར་མི་འགྱུར་རོ། །དེ་ཚུལ་ཁྲིམས་ [388B] །དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པར་མི་འགྱུར་རོ། །དེ་ནང་སྟོང་པ་ཉིད་དུ་མི་འགྱུར་རོ། །དེ་ཕྱི་སྟོང་པ་ཉིད་དུ་མི་འགྱུར་རོ། །དེ་ཕྱི་ནང་སྟོང་པ་ཉིད་དུ་མི་ འགྱུར་རོ། །དེ་སྟོང་པ་ཉིད་སྟོང་པ་ཉིད་དུ་མི་འགྱུར་རོ། །དེ་ཆེན་པོ་སྟོང་པ་ཉིད་དུ་མི་འགྱུར་རོ། །དེ་དོན་དམ་པ་སྟོང་པ་ཉིད་དུ་མི་འགྱུར་རོ། །དེ་འདུས་བྱས་སྟོང་པ་ཉིད་དུ་མི་འགྱུར་ རོ༑ ༑དེ་འདུས་མ་བྱས་སྟོང་པ་ཉིད་དུ་མི་འགྱུར་རོ། །དེ་མཐའ་ལས་འདས་པ་སྟོང་པ་ཉིད་དུ་མི་འགྱུར་རོ། །དེ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དུ་མི་འགྱུར་རོ། །དེ་དོར་བ་མེད་པ་ སྟོང་པ་ཉིད་དུ་མི་འགྱུར་རོ། །དེ་རང་བཞིན་སྟོང་པ་ཉིད་དུ་མི་འགྱུར་རོ། །དེ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མི་འགྱུར་རོ། །དེ་རང་གི་མཚན་ཉིད་སྟོང་པ་ཉིད་དུ་མི་འགྱུར་རོ། །དེ་མི་དམིགས་ པ་སྟོང་པ་ཉིད་དུ་མི་འགྱུར་རོ། །དེ་དངོས་པོ་མེད་པ་སྟོང་པ་ཉིད་དུ་མི་འགྱུར་རོ། །དེ་ངོ་བོ་ཉིད་སྟོང་པ་ཉིད་དུ་མི་འགྱུར་རོ། །དེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་མི་འགྱུར་རོ། །དེ་ དྲན་པ་ཉེ་བར་བཞག་པ་རྣམས་སུ་མི་འགྱུར་རོ། །དེ་ཡང་དག་པར་སྤོང་བ་རྣམས་སུ་མི་འགྱུར་རོ། །དེ་རྫུ་འཕྲུལ་གྱི་རྐང་པ་རྣམས་སུ་མི་འགྱུར་རོ། །དེ་དབང་པོ་རྣམས་སུ་མི་འགྱུར་རོ། །དེ་ སྟོབས་རྣམས་སུ་མི་འགྱུར་རོ། །དེ་བྱང་ཆུབ་ཀྱི་ཡན་ལག་རྣམས་སུ་མི་འགྱུར་རོ། །དེ་འཕགས་པའི་ལམ་ཡན་ལག་བརྒྱད་པར་མི་འགྱུར་རོ་།དེ་འཕགས་པའི་བདེན་པ་རྣམས་སུ་ [389A]༄༅། །མི་འགྱུར་རོ། །དེ་བསམ་གཏན་རྣམས་སུ་མི་འགྱུར་རོ། །དེ་ཚད་མེད་པ་རྣམས་སུ་མི་འགྱུར་རོ། །དེ་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སུ་ མི་འགྱུར་རོ། །དེ་རྣམ་པར་ཐར་པ་རྣམས་སུ་མི་འགྱུར་རོ། །དེ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སུ་མི་འགྱུར་རོ། །དེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་ མཚན་མ་མེད་པ་དང། སྨོན་པ་མེད་པར་མི་འགྱུར་རོ། །དེ་མངོན་པར་ཤེས་པ་རྣམས་སུ་མི་འགྱུར་རོ། །དེ་ཏིང་ངེ་འཛིན་རྣམས་སུ་མི་འགྱུར་རོ། །དེ་གཟུངས་ཀྱི་སྒོ་རྣམས་སུ་མི་ འགྱུར་རོ། །དེ་དེ་བཞིན་གཤེགས་པའི་སྟོབས་བཅུར་མི་འགྱུར་རོ། །དེ་མི་འཇིགས་པ་བཞིར་མི་འགྱུར་རོ། །དེ་སོ་སོ་ཡང་དག་པར་རིག་པ་བཞིར་མི་འགྱུར་རོ། །དེ་བྱམས་པ་ ཆེན་པོར་མི་འགྱུར་རོ། །དེ་སྙིང་རྗེ་ཆེན་པོར་མི་འགྱུར་རོ། །དེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དུ་མི་འགྱུར་རོ། །དེ་རྒྱུན་དུ་ཞུགས་པའི་འབྲས་བུར་མི་འགྱུར་རོ། །དེ་ ལན་ཅིག་ཕྱིར་འོང་བའི་འབྲས་བུར་མི་འགྱུར། རོ། །དེ་ཕྱིར་མི་འོང་བའི་འབྲས་བུར་མི་འགྱུར་རོ། །དེ་དགྲ་བཅོམ་པ་ཉིད་དུ་མི་འགྱུར་རོ་།དེ་རང་བྱང་ཆུབ་ཏུ་མི་འགྱུར་རོ། །དེ་ ལམ་གྱི་རྣམ་པ་ཤེས་པ་ཉིད་དུ་མི་འགྱུར་རོ། །དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་འགྱུར་རོ། །རབ་འབྱོར། དེ་བས་ན་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་ [389B] ཇི་ལྟར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང། ཇི་ལྟར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང། ཇི་ལྟར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ ཤིན་ཏུ་དབེན་པ་དང། ཇི་ལྟར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང། ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་དབེན་པ་དང། ཇི་ལྟར་ནང་སྟོང་པ་ཉིད་ཤིན་ཏུ་དབེན་ པ་དང། ཇི་ལྟར་ཕྱི་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། ཇི་ལྟར་ཕྱི་ནང་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། ཇི་ལྟར་སྟོང་པ་ཉིད་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། ཇི་ལྟར་ཆེན་པོ་སྟོང་ པ་ཉིད་ཤིན་ཏུ་དབེན་པ་དང། ཇི་ལྟར་དོན་དམ་པ་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། ཇི་ལྟར་འདུས་བྱས་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། ཇི་ལྟར་འདུས་མ་བྱས་སྟོང་པ་ཉིད་ཤིན་ ཏུ་དབེན་པ་དང། ཇི་ལྟར་མཐའ་ལས་འདས་པ་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། ཇི་ལྟར་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། ཇི་ལྟར་དོར་བ་མེད་པ་སྟོང་ པ་ཉིད་ཤིན་ཏུ་དབེན་པ་དང། ཇི་ལྟར་རང་བཞིན་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། ཇི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། ཇི་ལྟར་རང་གི་མཚན་ཉིད་སྟོང་ པ་ཉིད་ཤིན་ཏུ་དབེན་པ་དང། ཇི་ལྟར་མི་དམིགས་པ་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། ཇི་ལྟར་དངོས་པོ་མེད་པ་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། ཇི་ལྟར་ངོ་བོ་ཉིད་སྟོང་པ་ཉིད་ [390A]༄༅། །ཤིན་ཏུ་དབེན་པ་དང། ཇི་ལྟར་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཤིན་ཏུ་དབེན་པ་དང། ཇི་ལྟར་དྲན་པ་ཉེ་བར་བཞག་པ་རྣམས་ཤིན་ཏུ་དབེན་པ་དང་ ཇི་ལྟར་ཡང་དག་པར་སྤོང་བ་རྣམས་ཤིན་ཏུ་དབེན་པ་དང། ཇི་ལྟར་རྫུ་འཕྲུལ་གྱི་རྐང་པ་རྣམས་ཤིན་ཏུ་དབེན་པ་དང། ཇི་ལྟར་དབང་པོ་རྣམས་ཤིན་ཏུ་དབེན་པ་དང། ཇི་ལྟར་ སྟོབས་རྣམས་ཤིན་ཏུ་དབེན་པ་དང། ཇི་ལྟར་བྱང་ཆུབ་ཀྱི་ཡན་ལག་རྣམས་ཤིན་ཏུ་དབེན་པ་དང། ཇི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤིན་ཏུ་དབེན་པ་དང་ ཇི་ལྟར་འཕགས་པའི་བདེན་པ་རྣམས་ཤིན་ཏུ་དབེན་པ་དང། ཇི་ལྟར་བསམ་གཏན་རྣམས་ཤིན་ཏུ་དབེན་པ་དང། ཇི་ལྟར་ཚད་མེད་པ་རྣམས་ཤིན་ཏུ་དབེན་པ་དང། ཇི་ལྟར་ གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཤིན་ཏུ་དབེན་པ་དང། ཇི་ལྟར་རྣམ་པར་ཐར་པ་རྣམས་ཤིན་ཏུ་དབེན་པ་དང། ཇི་ལྟར་མཐར་གྱིས་གནས་པའི་སྙོམས་པར་ འཇུག་པ་རྣམས་ཤིན་ཏུ་དབེན་པ་དང། ཇི་ལྟར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ཤིན་ཏུ་དབེན་པ་དང། ཇི་ལྟར་མངོན་པར་ ཤེས་པ་རྣམས་ཤིན་ཏུ་དབེན་པ་དང། ཇི་ལྟར་ཏིང་ངེ་འཛིན་རྣམས་ཤིན་ཏུ་དབེན་པ་དང། ཇི་ལྟར་གཟུངས་ཀྱི་སྒོ་རྣམས་ཤིན་ཏུ་དབེན་པ་དང། ཇི་ལྟར་དེ་བཞིན་གཤེགས་ [390B] ཇི་ལྟར་མི་འཇིགས་པ་རྣམས་ཤིན་ཏུ་དབེན་པ་དང། ཇི་ལྟར་སོ་སོ་ཡང་དག་པར་རིག་པ་རྣམས་ཤིན་ཏུ་དབེན་པ་དང། ཇི་ལྟར་བྱམས་པ་ ཆེན་པོ་ཤིན་ཏུ་དབེན་པ་དང། ཇི་ལྟར་སྙིང་རྗེ་ཆེན་པོ་ཤིན་ཏུ་དབེན་པ་དང། ཇི་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཤིན་ཏུ་དབེན་པ་དང། ཇི་ལྟར་རྒྱུན་དུ་ཞུགས་པའི་ འབྲས་བུ་ཤིན་ཏུ་དབེན་པ་དང། ཇི་ལྟར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཤིན་ཏུ་དབེན་པ་དང། ཇི་ལྟར་ཕྱིར་མི་འོང་བའི་འབྲས་བུ་ཤིན་ཏུ་དབེན་པ་དང། ཇི་ལྟར་དགྲ་བཅོམ་པ་ ཉིད་ཤིན་ཏུ་དབེན་པ་དང། ཇི་ལྟར་རང་བྱང་ཆུབ་ཤིན་ཏུ་དབེན་པ་དང། ཇི་ལྟར་ལམ་གྱི་རྣམ་པར་ཤེས་པ་ཉིད་ཤིན་ཏུ་དབེན་པ་དང། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཤིན་ ཏུ་དབེན་པ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟེན་པར་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ། དབེན་པས་དབེན་ པ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་ བརྟེན་པར་མངོན་པར་རྫོགས་པར་འཚང་མི་རྒྱའོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དོན་ཟབ་མོ་ལ་སྤྱོད་པའོ། །བཅོམ་ལྡན་འདས་ཀྱིས་ [391A]༄༅། །བཀའ་སྩལ་པ། རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དོན་ཟབ་མོ་ལ་སྤྱོད་པའོ། ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་དོན་ཟབ་མོ་ལ་སྤྱོད་ཅིང། འདི་ལྟ་སྟེ། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་འགྱུར་བའི་དོན་དེ་མངོན་ དུ་མི་བྱེད་པ་དེ་ནི་དཀའ་བ་བྱེད་པའོ། །གསོལ་པ། བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན། དཀའ་བ་ཅུང་ཟད་ཀྱང་མི་བགྱིད་ན། ཇི་ ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཀའ་བ་བགྱིད་པ་ལགས། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི་འདི་ལྟར་གང་མངོན་དུ་བགྱི་བའི་དོན་དེའང་ མི་དམིགས། །གང་གིས་མངོན་དུ་བགྱི་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེའང་མི་དམིགས། གང་མངོན་དུ་བགྱི་བའི་ཆོས་དེའང་མི་དམིགས་ཏེ། བཅོམ་ལྡན་འདས། ཆོས་ ཐམས་ཅད་གང་མངོན་དུ་བགྱིས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་དོན་མངོན་དུ་བགྱི་བ་དེ་ལྟ་བུའང་ གང་ཞིག་མཆིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་གང་ཞིག་གིས་མངོན་དུ་བགྱི། ཆོས་མངོན་དུ་བགྱི་བ་དེ་ལྟ་བུའང་གང་ཞིག་མཆིས། བཅོམ་ལྡན་འདས། འདི་ནི་ [391B] དེ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ལ་མུན་པ་མ་མཆིས་པ་འཐོབ་པའོ། །བཅོམ་ལྡན་འདས། གལ་ཏེ་དེ་སྐད་ དུ་བསྟན་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མི་འཇུམ། ཡོངས་སུ་མི་འཇུམ་ཞིང་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་ན། བཅོམ་ལྡན་འདས། དེ་ལྟར་སྤྱོད་ པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྟེ། དེ་ནི་སྤྱོད་དོ་ཞེས་བགྱི་བར་ཡང་དག་པར་རྗེས་སུ་མི་མཐོང། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པའང་ཡང་དག་པར་རྗེས་སུ་མི་མཐོང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ་ཞེས་བགྱི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་འདི་སྙམ་དུ་བདག་གིས་ཉན་ཐོས་དང། རང་སངས་རྒྱས་ཀྱི་ས་ནི་བསྲིང་བར་ བྱ་སྟེ། བདག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཉེ་བར་གྱུར་ཏོ་སྙམ་ཡང་མི་བགྱིད་དོ། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་ན་ནམ་མཁའ་ནི་འདི་ལྟར་བདག་ནི་ལ་ལ་དང་ནི་རིང་ ངོ༑ ༑ལ་ལ་དང་ནི་ཉེའོ་ཞེས་བགྱི་བར་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། ནམ་མཁའ་ལ་བྱེ་བྲག་མ་མཆིས་ཤིང་མི་གཡོ་བ་དང་རྣམ་པར་རྟོག་པ་མ་མཆིས་པའི་ [392A]༄༅། །སླད་དུ་སྟེ། བཅོམ་ལྡན་འདས། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའང་འདི་ལྟར་བདག་ལས་ ཉན་ཐོས་སམ། རང་སངས་རྒྱས་ཀྱི་ས་ནི་རིང་གི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཉེའོ་ཞེས་བགྱི་བར་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་སླད་དུའོ་།བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་ན། སྒྱུ་མའི་སྐྱེས་བུ་ནི་འདི་ལྟར་བདག་ལས་སྒྱུ་མ་ནི་རིང་ངོ། །སྒྱུ་མའི་མཁན་པོ་ནི་ ཉེའོ༑ ༑སྐྱེ་བོའི་ཚོགས་འདི་ལྟར་འདུས་པ་ནི་བདག་ལས་རིང་ངོ་ཞེའམ། ཉེའོ་ཞེས་བགྱི་བར་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན་བཅོམ་ལྡན་འདས། སྒྱུ་མའི་སྐྱེས་བུ་ནི་རྣམ་པར་མི་ རྟོག་པའི་སླད་དུ་སྟེ། བཅོམ་ལྡན་འདས། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའང། འདི་ལྟར་བདག་ལས་ཉན་ཐོས་ སམ༑ རང་སངས་རྒྱས་ཀྱི་ས་ནི་རིང་ངོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཉེའོ་ཞེས་བགྱི་བར་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་སླད་དུའོ། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་ན། གཟུགས་བརྙན་ནི་འདི་ལྟར་བདག་ལས་དམིགས་པ་གང་གིས་གཟུགས་བརྙན་བྱུང་ [392B] གང་མེ་ལོང་དང་སྣོད་ཆུས་གང་བའི་ནང་དུ་བྱུང་བ་དེ་ནི་བདག་ལས་རིང་ངོ་ཞེས་བགྱི་བར་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། གཟུགས་བརྙན་རྣམ་པར་མི་ རྟོག་པའི་སླད་དུ་སྟེ། བཅོམ་ལྡན་འདས། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའང་འདི་ལྟར་བདག་ལས་ཉན་ཐོས་སམ་ རང་སངས་རྒྱས་ཀྱི་ས་ནི་རིང་ངོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཉེའོ་ཞེས་བགྱི་བར་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་རྣམ་པར་མི་རྟོག་པའི་སླད་དུའོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་སྡུག་པ་དང་མི་སྡུག་པ་མ་མཆིས་སོ་།དེ་ཅིའི་སླད་དུ་ཞེ་ན། དེ་ནི་འདི་ལྟར་གང་གིས་འདི་ལ་སྡུག་ པའམ། མི་སྡུག་པར་འགྱུར་བའི་ངོ་བོ་ཉིད་མི་དམིགས་པའི་སླད་དུའོ། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ནི་སྡུག་ པའམ་མི་སྡུག་པར་འགྱུར་བ་གང་ཡང་མ་མཆིས་སོ། །བཅོམ་ལྡན་འདས། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལའང་སྡུག་པའམ་མི་སྡུག་པར་འགྱུར་བ་གང་ཡང་མ་མཆིས་ སོ༑ ༑བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྣམ་པར་རྟོག་པ་ཐམས་ཅད་སྤངས་པའོ། །བཅོམ་ལྡན་ [393A]༄༅། །འདས། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའང་རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་སྟེ། དེ་ ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་སླད་དུའོ། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་ན། དེ་བཞིན་གཤེགས་པའི་སྤྲུལ་ པ་ནི་འདི་ལྟར་ང་ལས་ཉན་ཐོས་སམ། རང་སངས་རྒྱས་ཀྱི་ས་ནི་རིང་ངོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ཉེའོ་ཞེས་བགྱི་བར་མི་དགོངས་སོ། །དེ་ཅིའི་སླད་ དུ་ཞེ་ན། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་དང། དེ་བཞིན་གཤེགས་པའི་སྤྲུལ་པ་རྣམ་པར་མི་རྟོག་པའི་སླད་དུ་སྟེ། བཅོམ་ལྡན་འདས། དེ་བཞིན་དུ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའང་འདི་ལྟར་བདག་ལས་ཉན་ཐོས་སམ། རང་སངས་རྒྱས་ཀྱི་ས་ནི་རིང་ངོ། །བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ནི་ཉེའོ་ཞེས་བགྱི་བར་མི་སེམས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་སླད་དུའོ། །བཅོམ་ ལྡན་འདས། འདི་ལྟ་སྟེ། དཔེར་ན། དེ་བཞིན་གཤེགས་པས་སྤྲུལ་པ་ཞིག་སྤྲུལ་པ་མཛད་ན། དེ་ནི་དོན་གང་གི་སླད་དུ་སྤྲུལ་པ་དེའི་དོན་སྦྱོར་ཏེ། སྤྲུལ་པ་ནི་མི་རྟོག་རྣམ་པར་མི་ [393B]བཅོམ་ལྡན་འདས། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་དོན་གང་གི་སླད་དུ་བརྗོད་པའི་དོན་དེའང་བགྱིད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་མི་རྟོག་རྣམ་ པར་མི་རྟོག་པའོ། །བཅོམ་ལྡན་འདས། འདི་ལྟ་སྟེ། དཔེར་ན། ཤིང་མཁན་ནམ། ཤིང་མཁན་གྱི་སློབ་མ་མཁས་པ་ཞིག་གིས་བུད་མེད་ཀྱི་གཟུགས་སམ། སྐྱེས་པའི་གཟུགས་སམ་ གླང་པོའི་གཟུགས་སམ། ཆིབས་རྟའི་གཟུགས་སམ། གླང་གི་གཟུགས་ཀྱི་འཁྲུལ་འཁོར་ཞིག་སྦྱར་ན། དེ་དོན་གང་གི་སླད་དུ་བགྱིས་པའི་དོན་དེ་སྒྲུབ་ཀྱང་འཁྲུལ་འཁོར་དེ་ནི་རྣམ་པར་ མི་རྟོག་གོ་བཅོམ་ལྡན་འདས་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་དོན་གང་གི་སླད་དུ་བརྗོད་པའི་དོན་དེ་བགྱིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ནི་རྣམ་པར་མི་རྟོག་ པའོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་རྣམ་པར་ མི་རྟོག་པ་ཡིན་ནམ། འོན་ཏེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའང་རྣམ་པར་མི་རྟོག་པ་ཡིན། འོན་ཏེ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའང་རྣམ་པར་མི་རྟོག་པ་ཡིན། འོན་ཏེ་བཟོད་ པའི་ཕ་རོལ་ཏུ་ཕྱིན་པའང་རྣམ་པར་མི་རྟོག་པ་ཡིན། འོན་ཏེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའང་རྣམ་པར་མི་རྟོག་པ་ཡིན། འོན་ཏེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་རྣམ་པར་མི་ [394A]༄༅། །རྟོག་པ་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའང་རྣམ་པར་མི་རྟོག་པའོ། །བརྩོན་འགྲུས་ཀྱི་ ཕ་རོལ་ཏུ་ཕྱིན་པའང་རྣམ་པར་མི་རྟོག་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའང་རྣམ་པར་མི་རྟོག་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའང་རྣམ་པར་མི་རྟོག་པའོ། །སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པའང་རྣམ་པར་མི་རྟོག་པའོ། །སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར། ཅི་གཟུགས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། ཚོར་བའང་རྣམ་པར་མི་རྟོག་པ་ཡིན་ནམ། འདུ་ཤེས་ཀྱང་ རྣམ་པར་མི་རྟོག་པ་ཡིན་ནམ། འདུ་བྱེད་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། རྣམ་པར་ཤེས་པའང་རྣམ་པར་མི་རྟོག་པ་ཡིན་ནམ། མིག་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། རྣ་བའང་ རྣམ་པར་མི་རྟོག་པ་ཡིན་ནམ། སྣའང་རྣམ་པར་མི་རྟོག་པ་ཡིན་ནམ་ལྕེའང་རྣམ་པར་མི་རྟོག་པ་ཡིན་ནམ། ལུས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། ཡིད་ཀྱང་རྣམ་པར་མི་རྟོག་པ་ ཡིན་ནམ། གཟུགས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། སྒྲའང་རྣམ་པར་མི་རྟོག་པ་ཡིན་ནམ། དྲིའང་རྣམ་པར་མི་རྟོག་པ་ཡིན་ནམ་རོའང་རྣམ་པར་མི་རྟོག་པ་ཡིན་ནམ། རེག་ཀྱང་ རྣམ་པར་མི་རྟོག་པ་ཡིན་ནམ། ཆོས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། མིག་གི་རྣམ་པར་ཤེས་པའང་རྣམ་པར་མི་རྟོག་པ་ཡིན་ནམ། རྣ་བའི་རྣམ་པར་ཤེས་པའང་རྣམ་པར་མི་རྟོག་ [394B] སྣའི་རྣམ་པར་ཤེས་པའང་རྣམ་པར་མི་རྟོག་པ་ཡིན་ནམ། ལྕེའི་རྣམ་པར་ཤེས་པའང་རྣམ་པར་མི་རྟོག་པ་ཡིན་ནམ་ལུས་ཀྱི་རྣམ་པར་ཤེས་པའང་རྣམ་པར་མི་རྟོག་པ་ཡིན་ ནམ༑ ཡིད་ཀྱི་རྣམ་པར་ཤེས་པའང་རྣམ་པར་མི་རྟོག་པ་ཡིན་ནམ་མིག་གི་འདུས་ཏེ་རེག་པའང་རྣམ་པར་མི་རྟོག་པ་ཡིན་ན། རྣ་བའི་འདུས་ཏེ་རེག་པའང་རྣམ་པར་མི་རྟོག་པ་ཡིན་ནམ་ སྣའི་འདུས་ཏེ་རེག་པའང་རྣམ་པར་མི་རྟོག་པ་ཡིན་ནམ། ལྕེའི་འདུས་ཏེ་རེག་པའང་རྣམ་པར་མི་རྟོག་པ་ཡིན་ནམ། ལུས་ཀྱི་འདུས་ཏེ་རེག་པའང་རྣམ་པར་མི་རྟོག་པ་ཡིན་ནམ། ཡིད་ཀྱི་འདུས་ ཏེ་རེག་པའང་རྣམ་པར་མི་རྟོག་པ་ཡིན་ནམ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའང་རྣམ་པར་མི་རྟོག་པ་ཡིན་ནམ། རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའང་རྣམ་པར་ མི་རྟོག་པ་ཡིན་ནམ། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའང་རྣམ་པར་མི་རྟོག་པ་ཡིན་ནམ། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའང་རྣམ་པར་མི་རྟོག་པ་ཡིན་ནམ། ལུས་ཀྱི་ འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའང་རྣམ་པར་མི་རྟོག་པ་ཡིན་ནམ། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བའང་རྣམ་པར་མི་རྟོག་པ་ཡིན་ནམ། སའི་ཁམས་ཀྱང་རྣམ་པར་མི་ རྟོག་པ་ཡིན་ནམ། ཆུའི་ཁམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ་མེའི་ཁམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། རླུང་གི་ཁམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། ནམ་མཁའི་ཁམས་ [395A]༄༅། །ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། རྣམ་པར་ཤེས་པའི་ཁམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། མ་རིག་པའང་རྣམ་པར་མི་རྟོག་པ་ཡིན་ནམ། འདུ་བྱེད་ ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། རྣམ་པར་ཤེས་པའང་རྣམ་པར་མི་རྟོག་པ་ཡིན་ནམ། མིང་དང་གཟུགས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། སྐྱེ་མཆེད་དྲུག་ཀྱང་རྣམ་པར་མི་རྟོག་ པ་ཡིན་ནམ། རེག་པའང་རྣམ་པར་མི་རྟོག་པ་ཡིན་ནམ། ཚོར་བའང་རྣམ་པར་མི་རྟོག་པ་ཡིན་ནམ། སྲེད་པའང་རྣམ་པར་མི་རྟོག་པ་ཡིན་ནམ། ལེན་པའང་རྣམ་པར་མི་རྟོག་པ་ ཡིན་ནམ། སྲིད་པའང་རྣམ་པར་མི་རྟོག་པ་ཡིན་ནམ། སྐྱེ་བའང་རྣམ་པར་མི་རྟོག་པ་ཡིན་ནམ། རྒ་ཤིའང་རྣམ་པར་མི་རྟོག་པ་ཡིན་ནམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་རྣམ་ པར་མི་རྟོག་པ་ཡིན་ནམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའང་རྣམ་པར་མི་རྟོག་པ་ཡིན་ནམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའང་རྣམ་པར་མི་རྟོག་པ་ཡིན་ནམ། བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པའང་རྣམ་པར་མི་རྟོག་པ་ཡིན་ནམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའང་རྣམ་པར་མི་རྟོག་པ་ཡིན་ནམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་རྣམ་པར་མི་ རྟོག་པ་ཡིན་ནམ། ནང་སྟོང་པ་ཉིད་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། ཕྱི་སྟོང་པ་ཉིད་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། ཕྱི་ནང་སྟོང་པ་ཉིད་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ་ [395B]ནམ། ཆེན་པོ་སྟོང་པ་ཉིད་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། དོན་དམ་པ་སྟོང་པ་ཉིད་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། འདུས་བྱས་ སྟོང་པ་ཉིད་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། འདུས་མ་བྱས་སྟོང་པ་ཉིད་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། མཐའ་ལས་འདས་པ་སྟོང་པ་ཉིད་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། ཐོག་ མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། དོར་བ་མེད་པ་སྟོང་པ་ཉིད་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། རང་བཞིན་སྟོང་པ་ཉིད་ཀྱང་རྣམ་པར་མི་རྟོག་པ་ ཡིན་ནམ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། མི་དམིགས་པ་སྟོང་པ་ཉིད་ཀྱང་རྣམ་པར་མི་ རྟོག་པ་ཡིན་ནམ། དངོས་པོ་མེད་པ་སྟོང་པ་ཉིད་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། དྲན་པ་ཉེ་བར་བཞག་པ་རྣམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། ཡང་དག་པར་སྤོང་བ་རྣམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། རྫུ་འཕྲུལ་ གྱི་རྐང་པ་རྣམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། དབང་པོ་རྣམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། སྟོབས་རྣམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། བྱང་ཆུབ་ཀྱི་ཡན་ [396A]༄༅། །ལག་རྣམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། འཕགས་པའི་ལམ་ཡན་ལག་བརྒྱད་པའང་རྣམ་པར་མི་རྟོག་པ་ཡིན་ནམ་འཕགས་པའི་བདེན་ པ་རྣམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། བསམ་གཏན་རྣམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། ཚད་མེད་པ་རྣམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། གཟུགས་མེད་ པའི་སྙོམས་པར་འཇུག་པ་རྣམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ་རྣམ་པར་ཐར་པ་རྣམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། མཐར་གྱིས་གནས་པའི་སྙོམས་པར་འཇུག་ པ་རྣམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པའང་རྣམ་པར་མི་རྟོག་པ་ཡིན་ནམ། མངོན་པར་ ཤེས་པ་རྣམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། ཏིང་ངེ་འཛིན་རྣམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། གཟུངས་ཀྱི་སྒོ་རྣམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། དེ་ བཞིན་གཤེགས་པའི་སྟོབས་རྣམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ་མི་འཇིགས་པ་རྣམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་ རྣམ་པར་མི་རྟོག་པ་ཡིན་ནམ། བྱམས་པ་ཆེན་པོའང་རྣམ་པར་མི་རྟོག་པ་ཡིན་ནམ། སྙིང་རྗེ་ཆེན་པོའང་རྣམ་པར་མི་རྟོག་པ་ཡིན་ནམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ [396B] རྒྱུན་དུ་ཞུགས་པའི་འབྲས་བུའང་རྣམ་པར་མི་རྟོག་པ་ཡིན་ནམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའང་རྣམ་པར་མི་རྟོག་པ་ཡིན་ནམ། ཕྱིར་ མི་འོང་བའི་འབྲས་བུའང་རྣམ་པར་མི་རྟོག་པ་ཡིན་ནམ། དགྲ་བཅོམ་པ་ཉིད་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། རང་བྱང་ཆུབ་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། ལམ་གྱི་རྣམ་ པ་ཤེས་པ་ཉིད་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། འདུས་བྱས་ཀྱི་ཁམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ་ འདུས་མ་བྱས་ཀྱི་ཁམས་ཀྱང་རྣམ་པར་མི་རྟོག་པ་ཡིན་ནམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། ཆོས་ཐམས་ཅད་ནི་རྣམ་པར་མི་རྟོག་པའོ། །སྨྲས་པ། ཚེ་ དང་ལྡན་པ་རབ་འབྱོར། གལ་ཏེ་དེ་ལྟར་ཆོས་ཐམས་ཅད་རྣམ་པར་མི་རྟོག་པ་ཡིན་ན། སེམས་ཅན་དམྱལ་བ་དང། བྱོལ་སོང་གི་སྐྱེ་གནས་དང། གཤིན་རྗེའི་འཇིག་རྟེན་དང། ལྷ་ དང༑ མིའི་འགྲོ་བ་ལྔར་འཁོར་བ་ཞེས་ཐ་དད་དུ་དབྱེ་བ་ཅི་ལས་འོངས། རྒྱུན་དུ་ཞུགས་པ་དང། ལན་ཅིག་ཕྱིར་འོང་བ་དང། ཕྱིར་མི་འོང་བ་དང། དགྲ་བཅོམ་པ་དང། རང་སངས་ རྒྱས་དང། བྱང་ཆུབ་སེམས་དཔའ་དང། སངས་རྒྱས་བཅོམ་ལྡན་འདས་སུ་བརྗོད་པའང་ཅི་ལས་གྱུར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། །སེམས་ཅན་གང་ [397A]༄༅། །ཕྱིན་ཅི་ལོག་ལས་བྱུང་བའི་ལུས་དང་ངག་དང་ཡིད་ཀྱིས་མངོན་པར་འདུ་བྱེད་པ་དེ་དག་འདི་ལྟ་བུའི་སྐྱེ་མཆེད་མངོན་པར་སྒྲུབ་སྟེ། ལས་ཀྱི་རྣམ་པར་སྨིན་ པ་ཕུང་པོའི་གཞི་ཅན་རྣམ་པར་རྟོག་པ་ལས་བྱུང་བ་ཡོངས་སུ་བཟུང་ཞིང་སེམས་ཅན་དམྱལ་བ་དང། བྱོལ་སོང་གི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་དང། ལྷ་དང། མིའི་ འགྲོ་བ་མངོན་པར་སྒྲུབ་བོ། །ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་གང་ཁྱོད་ཀྱིས་འདི་སྐད་དུ། རྒྱུན་དུ་ཞུགས་པར་བརྗོད་པ་ཅི་ལས་གྱུར། ལན་ཅིག་ཕྱིར་འོང་བར་བརྗོད་པ་ཅི་ལས་ གྱུར༑ ཕྱིར་མི་འོང་བར་བརྗོད་པ་ཅི་ལས་གྱུར། དགྲ་བཅོམ་པར་བརྗོད་པ་ཅི་ལས་གྱུར། རང་སངས་རྒྱས་སུ་བརྗོད་པ་ཅི་ལས་གྱུར། བྱང་ཆུབ་སེམས་དཔའ་བརྗོད་པ་ཅི་ལས་ གྱུར༑ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་བརྗོད་པ་ཅི་ལས་གྱུར་ཅེས་ཟེར་བ་ནི། ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། རྣམ་པར་མི་རྟོག་ པ་ལས་རྒྱུན་དུ་ཞུགས་པར་བརྗོད་དོ། །རྣམ་པར་མི་རྟོག་པ་ལས་རྒྱུན་དུ་ཞུགས་པའི་འབྲས་བུར་བརྗོད་དོ། །རྣམ་པར་མི་རྟོག་པ་ལས་ལན་ཅིག་ཕྱིར་འོང་བར་བརྗོད་དོ། ། རྣམ་པར་མི་རྟོག་པ་ལས་ལན་ཅིག་ཕྱིར་འོང་བའི་འབྲས་བུར་བརྗོད་དོ། །རྣམ་པར་མི་རྟོག་པ་ལས་ཕྱིར་མི་འོང་བར་བརྗོད་དོ། །རྣམ་པར་མི་རྟོག་པ་ལས་ཕྱིར་མི་འོང་བའི་ [397B] །རྣམ་པར་མི་རྟོག་པ་ལས་དགྲ་བཅོམ་པར་བརྗོད་དོ། །རྣམ་པར་མི་རྟོག་པ་ལས་དགྲ་བཅོམ་པ་ཉིད་དུ་བརྗོད་དོ་།རྣམ་པར་མི་རྟོག་པ་ལས་རང་སངས་རྒྱས་སུ་ བརྗོད་དོ། །རྣམ་པར་མི་རྟོག་པ་ལས་རང་བྱང་ཆུབ་ཏུ་བརྗོད་དོ་།རྣམ་པར་མི་རྟོག་པ་ལས་སངས་རྒྱས་སུ་བརྗོད་དོ། །རྣམ་པར་མི་རྟོག་པ་ལས་བྱང་ཆུབ་ཏུ་བརྗོད་དོ། །ཚེ་དང་ལྡན་པ་ ཤཱ་རད་ཏིའི་བུ། འདས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ ཀྱང་རྣམ་པར་རྟོག་པ་མི་མངའ་ཞིང་རྣམ་པར་རྟོག་པ་སྤངས་པར་གྱུར་ཏོ། །ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། མ་འོངས་པའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་འབྱུང་བར་འགྱུར་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་རྣམ་པར་རྟོག་པ་མི་མངའ་ཞིང་རྣམ་པར་རྟོག་པ་སྤངས་པར་འགྱུར་ རོ༑ ༑ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། ད་ལྟར་བྱུང་བའི་དུས་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བླ་ན་མེད་པ་ཡང་དག་པར་ རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་རྣམ་པར་རྟོག་པ་མི་མངའ་ཞིང་རྣམ་པར་རྟོག་པ་སྤངས་པ་ཤ་སྟག་གོ་ [398A]༄༅། །དེ་ལྟར་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། །རྣམ་གྲངས་དེས། ཆོས་ཐམས་ཅད་རྣམ་པར་རྟོག་པ་མེད་པའི་དེ་བཞིན་ཉིད་དང། ཡང་དག་པའི་མཐའི་དེ་བཞིན་ ཉིད་དང། ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་ལ་བརྩོན་པར་བྱས་ཏེ། རྣམ་པར་རྟོག་པ་མེད་པར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་དེ་ལྟར་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་བྱ་སྟེ། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་རྣམ་པར་མི་རྟོག་པའི་ཆོས་ ཐམས་ཅད་མངོན་པར་རྫོགས་པར་འཚང་རྒྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་བཅུ་བརྒྱད་པའོ།། །།དེ་ནས་ཚེ་དང་ལྡན་པ་ཤཱ་རད་ ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་།ཀྱེ་མ་ཚེ་དང་ལྡན་པ་རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པ་ནི་སྙིང་པོ་ལ་སྤྱོད་པའོ། །དེ་སྐད་ཅེས་སྨྲས་པ་དང། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རད་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་ཚེ་དང་ལྡན་པ་ཤཱ་ རད་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་སྙིང་པོ་མེད་པ་ལ་སྤྱོད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ [398B] ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྙིང་པོ་མེད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་སྙིང་པོ་མེད་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྙིང་པོ་མེད་པའོ། ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྙིང་པོ་མེད་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྙིང་པོ་མེད་པའོ། །སྤྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་སྙིང་པོ་མེད་པའོ། །ནང་སྟོང་པ་ཉིད་ནི་སྙིང་པོ་མེད་ པའོ། །ཕྱི་སྟོང་པ་ཉིད་ནི་སྙིང་པོ་མེད་པའོ། །ཕྱི་ནང་སྟོང་པ་ཉིད་ནི་སྙིང་པོ་མེད་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་སྙིང་པོ་མེད་པའོ། །ཆེན་པོ་སྟོང་པ་ཉིད་ནི་སྙིང་པོ་མེད་པའོ་།དོན་དམ་པ་ སྟོང་པ་ཉིད་ནི་སྙིང་པོ་མེད་པའོ། །འདུས་བྱས་སྟོང་པ་ཉིད་ནི་སྙིང་པོ་མེད་པའོ། །འདུས་མ་བྱས་སྟོང་པ་ཉིད་ནི་སྙིང་པོ་མེད་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་སྙིང་པོ་མེད་པའོ་།ཐོག་ མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་སྙིང་པོ་མེད་པའོ། །དོར་བ་མེད་པ་སྟོང་པ་ཉིད་ནི་སྙིང་པོ་མེད་པའོ། །རང་བཞིན་སྟོང་པ་ཉིད་ནི་སྙིང་པོ་མེད་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི་སྙིང་པོ་ མེད་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་སྙིང་པོ་མེད་པའོ། །མི་དམིགས་པ་སྟོང་པ་ཉིད་ནི་སྙིང་པོ་མེད་པའོ། །དངོས་པོ་མེད་པ་སྟོང་པ་ཉིད་ནི་སྙིང་པོ་མེད་པའོ། །ངོ་བོ་ཉིད་སྟོང་པ་ ཉིད་ནི་སྙིང་པོ་མེད་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནི་སྙིང་པོ་མེད་པའོ། །དྲན་པ་ཉེ་བར་བཞག་པ་རྣམས་ནི་སྙིང་པོ་མེད་པའོ། །ཡང་དག་པར་སྤོང་པ་རྣམས་ནི་སྙིང་ [399A]༄༅། །པོ་མེད་པའོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་སྙིང་པོ་མེད་པའོ། །དབང་པོ་རྣམས་ནི་སྙིང་པོ་མེད་པའོ། །སྟོབས་རྣམས་ནི་སྙིང་པོ་མེད་པའོ། །བྱང་ཆུབ་ཀྱི་ ཡན་ལག་རྣམས་ནི་སྙིང་པོ་མེད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སྙིང་པོ་མེད་པའོ། །འཕགས་པའི་བདེན་པ་རྣམས་ནི་སྙིང་པོ་མེད་པའོ། །བསམ་གཏན་རྣམས་ནི་ སྙིང་པོ་མེད་པའོ། །ཚད་མེད་པ་རྣམས་ནི་སྙིང་པོ་མེད་པའོ་།གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ནི་སྙིང་པོ་མེད་པའོ་།རྣམ་པར་ཐར་པ་རྣམས་ནི་སྙིང་པོ་མེད་པའོ། ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་སྙིང་པོ་མེད་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ནི་སྙིང་པོ་མེད་པའོ། ། མངོན་པར་ཤེས་པ་རྣམས་ནི་སྙིང་པོ་མེད་པའོ། །ཏིང་ངེ་འཛིན་རྣམས་ནི་སྙིང་པོ་མེད་པའོ། །གཟུངས་ཀྱི་སྒོ་རྣམས་ནི་སྙིང་པོ་མེད་པའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ ནི་སྙིང་པོ་མེད་པའོ། །མི་འཇིགས་པ་རྣམས་ནི་སྙིང་པོ་མེད་པའོ་།སོ་སོ་ཡང་དག་པར་རིག་པ་རྣམས་ནི་སྙིང་པོ་མེད་པའོ། །བྱམས་པ་ཆེན་པོ་ནི་སྙིང་པོ་མེད་པའོ། །སྙིང་རྗེ་ཆེན་པོ་ ནི་སྙིང་པོ་མེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་སྙིང་པོ་མེད་པའོ། །ཐམས་ཅད་ཤེས་པ་ཉིད་ནི་སྙིང་པོ་མེད་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་སྙིང་པོ་མེད་ [399B] །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སྙིང་པོ་མེད་པའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ པས་ནི་སྙིང་པོ་མེད་པ་ཉིད་ཀྱང་མི་དམིགས་ཤིང། ཡང་དག་པར་རྗེས་སུ་མི་མཐོང་ན། སྙིང་པོ་ལ་དམིགས་པ་ལྟ་ག་ལ་ཡོད། དེ་ནས་འདོད་པ་ན་སྤྱོད་པ་དང། གཟུགས་ཡོད་པ་ན་སྤྱོད་ པའི་ལྷའི་བུ་ཤིན་ཏུ་མང་བ་དག་འདི་སྙམ་དུ་གྱུར་ཏེ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང། གང་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ཇི་སྐད་དུ་བསྟན་པ་འདི་ལ་སྤྱོད་པ་དང། དོན་འདི་ལ་སྤྱོད་ཀྱང་ཡང་དག་པའི་མཐའ་གང་མངོན་དུ་བྱས་པས་ཉན་ཐོས་ཀྱི་སའམ། རང་སངས་ རྒྱས་ཀྱི་ས་ལ་གནས་པར་འགྱུར་ཏེ། ཡང་དག་པའི་མཐའ་མངོན་དུ་མི་བྱ་བ་དེ་དག་ནི་ཕྱག་བྱ་བའི་གནས་ཏེ། རྣམ་གྲངས་དེས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཆོས་ཀྱི་མཉམ་པ་ཉིད་འདི་མངོན་པར་མི་བྱེད་པ་དེ་དག་ནི་ཕྱག་བྱ་བར་འོས་པའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་ལྷའི་བུ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ། །ལྷའི་བུ་དག་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་ནི། ཆོས་ཀྱི་མཉམ་པ་ཉིད་གང་མངོན་དུ་བྱ་བས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་དེ་ [400A]༄༅། །མངོན་དུ་མི་བྱ་བ་དེ་ནི་མི་དཀའི། ལྷའི་བུ་དག་སེམས་ཅན་ཚད་མེད། གྲངས་མེད། དཔག་ཏུ་མེད་པ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའོ་ཞེས་ གོ་ཆ་བགོས་ལ། གང་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་སེམས་ཅན་དེ་དག་ཤིན་ཏུ་མི་དམིགས་པ་ནི་དེ་དག་ལ་དེ་བས་དཀའ་སྟེ། དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ནི་སེམས་ཅན་ཐམས་ཅད་གདུལ་བར་བྱའོ་ཞེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་ཡིན་ཏེ། གང་སེམས་ཅན་ གདུལ་བར་སེམས་པ་དེ་ནི་ནམ་མཁའ་གདུལ་བར་སེམས་པ་དང་འདྲའོ་།དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་དབེན་པའི་ཕྱིར་སེམས་ཅན་དབེན་པར་བལྟའོ། །ནམ་མཁའ་སྟོང་པ་ ཉིད་ཀྱི་ཕྱིར་སེམས་ཅན་སྟོང་པ་ཉིད་དུ་བལྟའོ། །ནམ་མཁའ་སྙིང་པོ་མེད་པའི་ཕྱིར་སེམས་ཅན་སྙིང་པོ་མེད་པར་བལྟའོ། །ནམ་མཁའ་གསོག་གི་ཕྱིར་སེམས་ཅན་གསོག་ཏུ་ བལྟའོ། །ལྷའི་བུ་དག། རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་མེད་པ་རྣམས་ཀྱི་དོན་དུ་གོ་ཆ་གྱོན་པ་དེ་དག་ནི་དཀའ་བ་བྱེད་པ་སྟེ་ གང་སེམས་ཅན་རྣམས་ཀྱི་དོན་དུ་གོ་ཆ་གྱོན་པ་དེ་དག་ནི་ནམ་མཁའ་དང་བརྩད་པར་འདོད་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཆ་དེའང་བགོས་ལ་ [400B]པོས་གོ་ཆ་བགོས་པའི་སེམས་ཅན་དེ་དག་ཀྱང་མི་དམིགས་སོ། །དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་དབེན་པའི་ཕྱིར་གོ་ ཆ་དབེན་པར་བལྟའོ། །གལ་ཏེ་དེ་ལྟར་བསྟན་པའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞུམ་པར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་གཟུགས་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཚོར་བ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །འདུ་ཤེས་དབེན་པའི་ ཕྱིར་སེམས་ཅན་དབེན་པའོ། །འདུ་བྱེད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རྣམ་པར་ཤེས་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །མིག་དབེན་པའི་ཕྱིར་སེམས་ཅན་ དབེན་པའོ། །རྣ་བ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སྣ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ལྕེ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ལུས་དབེན་པའི་ཕྱིར་ སེམས་ཅན་དབེན་པའོ། །ཡིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ་།གཟུགས་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སྒྲ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། ། དྲི་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རོ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རེག་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཆོས་དབེན་པའི་ཕྱིར་སེམས་ཅན་དབེན་ [401A]༄༅། །པའོ༑ ༑མིག་གི་རྣམ་པར་ཤེས་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རྣ་བའི་རྣམ་པར་ཤེས་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སྣའི་རྣམ་ པར་ཤེས་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ལྕེའི་རྣམ་པར་ཤེས་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ལུས་ཀྱི་རྣམ་པར་ཤེས་པ་དབེན་པའི་ཕྱིར་སེམས་ཅན་དབེན་ པའོ༑ ༑ཡིད་ཀྱི་རྣམ་པར་ཤེས་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །མིག་གི་འདུས་ཏེ་རེག་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ་།རྣ་བའི་འདུས་ཏེ་རེག་པ་དབེན་པའི་ཕྱིར་ སེམས་ཅན་དབེན་པའོ། །སྣའི་འདུས་ཏེ་རེག་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ལྕེའི་འདུས་ཏེ་རེག་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དབེན་པའི་ཕྱིར་སེམས་ཅན་ དབེན་པའོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དབེན་པའི་ཕྱིར་སེམས་ཅན་དབེན་ པའོ༑ ༑ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། ། [401B]ཕྱིར་སེམས་ཅན་དབེན་པའོ། །སའི་ཁམས་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཆུའི་ཁམས་དབེན་པའི་ཕྱིར་སེམས་ཅན་ དབེན་པའོ། །མེའི་ཁམས་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རླུང་གི་ཁམས་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ནམ་མཁའི་ཁམས་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། ། རྣམ་པར་ཤེས་པའི་ཁམས་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །མ་རིག་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །འདུ་བྱེད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རྣམ་པར་ ཤེས་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །མིང་དང་གཟུགས་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སྐྱེ་མཆེད་དྲུག་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རེག་པ་དབེན་ པའི་ཕྱིར་སེམས་ཅན་དབེན་པའོ། །ཚོར་བ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སྲེད་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ལེན་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། ། སྲིད་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སྐྱེ་བ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རྒ་ཤི་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དབེན་ པའི་ཕྱིར་སེམས་ཅན་དབེན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། ། [402A]༄༅། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ནང་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ་།ཕྱི་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་ དབེན་པའོ། །ཕྱི་ནང་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སྟོང་པ་ཉིད་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཆེན་པོ་སྟོང་པ་ཉིད་དབེན་པའི་ཕྱིར་ སེམས་ཅན་དབེན་པའོ། །དོན་དམ་པ་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །འདུས་བྱས་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །འདུས་མ་བྱས་སྟོང་ པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དབེན་པའི་ཕྱིར་ སེམས་ཅན་དབེན་པའོ། །དོར་བ་མེད་པ་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རང་བཞིན་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཆོས་ཐམས་ཅད་ སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །མི་དམིགས་པ་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ [402B] །དངོས་པོ་མེད་པ་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ངོ་བོ་ཉིད་སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་ སྟོང་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །དྲན་པ་ཉེ་བར་བཞག་པ་བཞི་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཡང་དག་པར་སྤོང་བ་བཞི་དབེན་པའི་ཕྱིར་སེམས་ཅན་ དབེན་པའོ། །རྫུ་འཕྲུལ་གྱི་རྐང་པ་བཞི་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །དབང་པོ་ལྔ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ་།སྟོབས་ལྔ་དབེན་པའི་ཕྱིར་སེམས་ཅན་དབེན་ པའོ༑ ༑བྱང་ཆུབ་ཀྱི་ཡན་ལག་བདུན་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །འཕགས་པའི་ བདེན་པ་བཞི་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །བསམ་གཏན་བཞི་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཚད་མེད་པ་བཞི་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། ། གཟུགས་མེད་པའི་སྙོམས་པར་འཇུག་པ། །བཞི་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རྣམ་པར་ཐར་པ་བརྒྱད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །མཐར་གྱིས་གནས་པའི་ སྙོམས་པར་འཇུག་པ་དགུ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དབེན་པའི་ཕྱིར་སེམས་ཅན་ [403A]༄༅། །དབེན་པའོ། །མངོན་པར་ཤེས་པ་རྣམས་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཏིང་ངེ་འཛིན་རྣམས་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། ། གཟུངས་ཀྱི་སྒོ་རྣམས་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ་།མི་འཇིགས་པ་བཞི་དབེན་པའི་ ཕྱིར་སེམས་ཅན་དབེན་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །བྱམས་པ་ཆེན་པོ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སྙིང་རྗེ་ཆེན་པོ་ དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དབེན་པའི་ཕྱིར་ སེམས་ཅན་དབེན་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ཕྱིར་མི་འོང་བའི་འབྲས་བུ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །དགྲ་ བཅོམ་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །རང་བྱང་ཆུབ་དབེན་པའི་ཕྱིར་སེམས་ཅན་དབེན་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་ པའོ༑ ༑རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དབེན་པའི་ཕྱིར་སེམས་ཅན་དབེན་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་ [403B] །གཟུགས་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ཚོར་བ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །འདུ་ཤེས་དབེན་ པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །འདུ་བྱེད་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །རྣམ་པར་ཤེས་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་དབེན་པའོ། །མིག་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །རྣ་བ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །སྣ་དབེན་ པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ལྕེ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ལུས་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་ པའོ༑ ༑ཡིད་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །གཟུགས་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །སྒྲ་དབེན་པའི་ཕྱིར་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །དྲི་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །རོ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །རེག་དབེན་ པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ཆོས་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །མིག་གི་རྣམ་པར་ཤེས་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ [404A]༄༅། །ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །རྣ་བའི་རྣམ་པར་ཤེས་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ་།སྣའི་རྣམ་པར་ཤེས་ པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ་།ལྕེའི་རྣམ་པར་ཤེས་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །མིག་གི་འདུས་ཏེ་རེག་པ་ དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །རྣ་བའི་འདུས་ཏེ་རེག་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །སྣའི་འདུས་ཏེ་རེག་པ་དབེན་ པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ལྕེའི་འདུས་ཏེ་རེག་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ལུས་ཀྱི་འདུས་ཏེ་རེག་པ་དབེན་ པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །མིག་གི་འདུས་ཏེ་རེག་པ་ལས་ བྱུང་བའི་ཚོར་བ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ [404B] །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ་།ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དབེན་པའི་ཕྱིར་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། ཡིད་ཀྱི་འདུས་ཏེ་རེག་པ་ལས་ བྱུང་བའི་ཚོར་བ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །སའི་ཁམས་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ཆུའི་ཁམས་དབེན་པའི་ ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །མེའི་ཁམས་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ་།རླུང་གི་ཁམས་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་དབེན་པའོ། །ནམ་མཁའི་ཁམས་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །རྣམ་པར་ཤེས་པའི་ཁམས་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་དབེན་པའོ། །མ་རིག་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །འདུ་བྱེད་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །རྣམ་པར་ ཤེས་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །མིང་དང་གཟུགས་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །སྐྱེ་མཆེད་དྲུག་དབེན་པའི་ [405A]༄༅། །ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །རེག་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ་།ཚོར་བ་དབེན་པའི་ཕྱིར་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །སྲེད་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ལེན་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །སྲིད་ པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ་།སྐྱེ་བ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །རྒ་ཤི་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་དབེན་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་དབེན་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་ཕྱིར་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་ ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ནང་སྟོང་པ་ཉིད་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ་།ཕྱི་སྟོང་པ་ཉིད་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ [405B] །ཕྱི་ནང་སྟོང་པ་ཉིད་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །སྟོང་པ་ཉིད་སྟོང་པ་ཉིད་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། ། ཆེན་པོ་སྟོང་པ་ཉིད་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །དོན་དམ་པ་སྟོང་པ་ཉིད་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །འདུས་བྱས་ སྟོང་པ་ཉིད་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །འདུས་མ་བྱས་སྟོང་པ་ཉིད་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །མཐའ་ལས་འདས་ པ་སྟོང་པ་ཉིད་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །དོར་བ་ མེད་པ་སྟོང་པ་ཉིད་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །རང་བཞིན་སྟོང་པ་ཉིད་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ཆོས་ཐམས་ཅད་ སྟོང་པ་ཉིད་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །མི་དམིགས་པ་སྟོང་ པ་ཉིད་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །དངོས་པོ་མེད་པ་སྟོང་པ་ཉིད་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ངོ་བོ་ཉིད་སྟོང་པ་ཉིད་པ་ཉིད་ [406A]༄༅། །དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ དབེན་པའོ། །དྲན་པ་ཉེ་བར་བཞག་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ཡང་དག་པར་སྤོང་བ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་ པའོ༑ ༑རྫུ་འཕྲུལ་གྱི་རྐང་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །དབང་པོ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །སྟོབས་དབེན་ པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །བྱང་ཆུབ་ཀྱི་ཡན་ལག་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་ པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ་།འཕགས་པའི་བདེན་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །བསམ་གཏན་དབེན་པའི་ ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ཚད་མེད་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ་།གཟུགས་མེད་པའི་སྙོམས་པར་འཇུག་པ་དབེན་ པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །རྣམ་པར་ཐར་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །མཐར་གྱིས་གནས་པའི་སྙོམས་པར་ [406B]དབེན་པའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་དབེན་པའོ། །མངོན་པར་ཤེས་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ཏིང་ངེ་འཛིན་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། ། གཟུངས་ཀྱི་སྒོ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །དེ་བཞིན་གཤེགས་པའི་སྟོབས་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །མི་འཇིགས་ པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ་།སོ་སོ་ཡང་དག་པར་རིག་པ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །བྱམས་པ་ཆེན་པོ་དབེན་པའི་ ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །སྙིང་རྗེ་ཆེན་པོ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དབེན་པའི་ཕྱིར་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ་།ལན་ཅིག་ཕྱིར་འོང་བའི་འབྲས་བུ་དབེན་པའི་ ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ཕྱིར་མི་འོང་བའི་འབྲས་བུ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །དགྲ་བཅོམ་པ་ཉིད་དབེན་པའི་ཕྱིར་ཤེས་རབ་ [407A]༄༅། །ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །རང་བྱང་ཆུབ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་དབེན་ པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའོ། །ལྷའི་བུ་དག་གལ་ཏེ་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་དབེན་པར་བཤད་པ་ལ་སེམས་མི་འཇུམ། ཡོངས་སུ་ཞུམ་པར་མི་འགྱུར་ལ། དེའི་ཡིད་འཇིགས་པར་མི་ འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་ སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞུམ་པར་མི་འགྱུར་བ་ཡིན། གསོལ་པ་ བཅོམ་ལྡན་འདས། ཆོས་ཐམས་ཅད་མ་མཆིས་པའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞུམ་པར་མི་འགྱུར་རོ། ། བཅོམ་ལྡན་འདས། ཆོས་ཐམས་ཅད་དབེན་པ་དང། ཞི་བ་དང། མ་སྐྱེས་པའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ [407B] བཅོམ་ལྡན་འདས། དེའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞུམ་པར་མི་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ ན༑ བཅོམ་ལྡན་འདས། དེ་ནི་འདི་ལྟར་གང་ཞུམ་པར་འགྱུར་བ་དང་གང་གིས་ཞུམ་པར་འགྱུར་བ་དང། གང་ལ་ཞུམ་པར་འགྱུར་བའི་ཆོས་དེ་དག་ཐམས་ཅད་ནི་མ་མཆིས་པ་སྟེ་ དམིགས་སུ་མ་མཆིས་སོ། །བཅོམ་ལྡན་འདས། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་སྐད་དུ་བཤད་པ་ལ་མི་འཇུམ་མི་འགོང་ཞིང་ཡིད་ཆད་པ་དང། སྒྱིད་ ལུག་པར་མི་འགྱུར་ལ། མི་འཇིགས་མི་དངང་སྐྲག་པར་མི་འགྱུར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས། དེ་ནི་ འདི་ལྟར་གང་ཞུམ་པར་འགྱུར་བའམ། གང་གིས་ཞུམ་པར་འགྱུར་བའམ། གང། ཞུམ་པར་འགྱུར་བའི་ཆོས་དེ་དག་ཐམས་ཅད་ནི་མ་མཆིས་པ་སྟེ། བཅོམ་ལྡན་འདས་ དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དབང་པོ་དང་བཅས། ཚངས་པ་དང་བཅས། སྐྱེ་དགུའི་བདག་པོ་དང་བཅས་པའི་ལྷ་རྣམས་ཀྱིས་ཕྱག་བགྱི་བར་ འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་དབང་པོ་དང་བཅས་ [408A]༄༅། །ཚངས་པ་དང་བཅས། སྐྱེ་དགུའི་བདག་པོ་དང་བཅས་པའི་ལྷ་རྣམས་ཀྱིས་ཕྱག་བྱ་བར་ཡང་མ་ཟད་དེ། གང་འཕགས་པ་མངོན་པར་འཕགས་པའི་ཁ་ དོག་དང་ལྡན་པ་དགེ་རྒྱས་དང། འབྲས་བུ་ཆེ་བ་དང། གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་ཀྱང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེ་ལ་ཕྱག་བྱ་བར་འགྱུར་རོ། །རབ་འབྱོར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་གྲངས་མེད་ཚད་མེད་པ་གང་ཇི་སྙེད་ཅིག་བཞུགས་ཤིང། འཚོ་སྐྱོང་བ་དེ་དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པ་དེ་ལ་དགོངས་པ་མཛད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་ སུ་རྫོགས་པར་བྱེད་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ། །བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ་།བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་པའོ་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ [408B] །ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པའོ། །ཕྱི་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པའོ། །ཕྱི་ནང་སྟོང་པ་ཉིད་ཡོངས་སུ་རྫོགས་པར་ བྱེད་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པའོ། །ཆེན་པོ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པའོ། །དོན་དམ་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་ བྱེད་པའོ། །འདུས་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པའོ། །འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པའོ་།མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་རྫོགས་ པར་བྱེད་པའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པའོ། །དོར་བ་མེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པའོ། །རང་བཞིན་སྟོང་པ་ཉིད་ཡོངས་སུ་ རྫོགས་པར་བྱེད་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པའོ། །མི་དམིགས་པ་སྟོང་ པ་ཉིད་ཡོངས་སུ་རྫོགས་པར་བྱེད་པའོ། །དངོས་པོ་མེད་པ་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པའོ། །དངོས་པོ་མེད་པའི་ ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པའོ། །དྲན་པ་ཉེ་བར་བཞག་པ་བཞི་ཡོངས་སུ་རྫོགས་པར་བྱེད་པའོ། །ཡང་དག་པར་སྤོང་བ་བཞི་ཡོངས་སུ་རྫོགས་པར་བྱེད་པའོ། །རྫུ་འཕྲུལ་ [409A]༄༅། །གྱི་རྐང་པ་བཞི་ཡོངས་སུ་རྫོགས་པར་བྱེད་པའོ། །དབང་པོ་ལྔ་ཡོངས་སུ་རྫོགས་པར་བྱེད་པའོ། །སྟོབས་ལྔ་ཡོངས་སུ་རྫོགས་པར་བྱེད་པའོ། །བྱང་ཆུབ་ཀྱི་ཡན་ལག་ བདུན་ཡོངས་སུ་རྫོགས་པར་བྱེད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་པའོ། །འཕགས་པའི་བདེན་པ་བཞི་ཡོངས་སུ་རྫོགས་པར་བྱེད་པའོ། །བསམ་ གཏན་བཞི་ཡོངས་སུ་རྫོགས་པར་བྱེད་པའོ། །ཚད་མེད་པ་བཞི་ཡོངས་སུ་རྫོགས་པར་བྱེད་པའོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་རྫོགས་པར་བྱེད་ པའོ༑ ༑རྣམ་པར་ཐར་པ་བརྒྱད་ཡོངས་སུ་རྫོགས་པར་བྱེད་པའོ་།མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་རྫོགས་པར་བྱེད་པའོ། །རྣམ་པར་ཐར་པའི་ སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ཡོངས་སུ་རྫོགས་པར་བྱེད་པའོ། །མངོན་པར་ཤེས་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པའོ། །ཏིང་ངེ་འཛིན་ རྣམས་ཡོངས་སུ་རྫོགས་པར་བྱེད་པའོ། །གཟུངས་ཀྱི་སྒོ་རྣམས་ཡོངས་སུ་རྫོགས་པར་བྱེད་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་རྫོགས་པར་བྱེད་པའོ། །མི་ འཇིགས་པ་བཞི་ཡོངས་སུ་རྫོགས་པར་བྱེད་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་རྫོགས་པར་བྱེད་པའོ། །བྱམས་པ་ཆེན་པོ་ཡོངས་སུ་རྫོགས་པར་བྱེད་པའོ། ། [409B] །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་རྫོགས་པར་བྱེད་པའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཡོངས་སུ་རྫོགས་པར་བྱེད་པའོ། ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་རྫོགས་པར་བྱེད་པའོ། །ཕྱིར་མི་འོང་བའི་འབྲས་བུ་ཡོངས་སུ་རྫོགས་པར་བྱེད་པའོ། །དགྲ་བཅོམ་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པའོ། ། རང་བྱང་ཆུབ་ཡོངས་སུ་རྫོགས་པར་བྱེད་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་རྫོགས་པར་བྱེད་པའོ་ཞེས་ དགོངས་པ་མཛད་དོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི། གང་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ དགོངས་པ་མཛད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་སངས་རྒྱས་སུ་འགྱུར་བར་ཞུགས་པར་རིག་པར་བྱའོ། །རབ་འབྱོར་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་ གྱི་ཁམས་དག་ན། སེམས་ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་བདུད་སྡིག་ཏོ་ཅན་དུ་གྱུར་ཏེ། བདུད་སྡིག་ཏོ་ཅན་དེ་དག་རེ་རེས་ཀྱང་དེ་སྙེད་ཀྱི་བདུད་སྡིག་ཏོ་ཅན་མངོན་པར་ སྤྲུལ་ཀྱང་དེ་དག་ཐམས་ཅད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་བར་ཆད་བྱ་བར་མི་ནུས་སོ། །རབ་འབྱོར། ཆོས་གཉིས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་ [410A]༄༅། །དཔའ་ཆེན་པོ་ནི་བདུད་སྡིག་ཏོ་ཅན་རྣམས་ཀྱིས་མི་ཐུབ་པ་ཡིན་ཏེ། གཉིས་གང་ཞེ་ན། དེས་ཆོས་ཐམས་ཅད་སྟོང་པའོ་ཞེས་བྱ་བར་རྣམ་པར་བལྟས་པ་ ཡིན། དེས་སེམས་ཅན་ཐམས་ཅད་ཀྱང་ཡོངས་སུ་མ་བཏང་བ་ཡིན་ཏེ་རབ་འབྱོར། ཆོས་འདི་གཉིས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདུད་སྡིག་ཏོ་ཅན་ རྣམས་ཀྱིས་མི་ཐུབ་པ་ཡིན་ནོ། །རབ་འབྱོར། གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཉིས་དང་ལྡན་པ་བདུད་སྡིག་ ཏོ་ཅན་རྣམས་ཀྱིས་མི་ཐུབ་པ་ཡིན་ཏེ། གཉིས་གང་ཞེ་ན། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དགོངས་པ་ཡིན་ཏེ། རབ་འབྱོར། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་དེ་གཉིས་དང་ལྡན་པ་ནི། བདུད་སྡིག་ཏོ་ཅན་རྣམས་ཀྱིས་མི་ཐུབ་པ་ཡིན་ནོ། །རབ་འབྱོར་ དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ནི་ལྷའི་བུ་རྣམས་ཀྱང་འོང་བར་སེམས་སོ། །བསྙེན་བཀུར་བ་དང། ཡོངས་སུ་དྲི་བ་དང། ཀུན་དྲི་བའང་བྱེད་ པར་འགྱུར་ཏེ། རིགས་ཀྱི་བུ་ཁྱོད་སངས་རྒྱས་ཀྱི་བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར་གྱི། དེ་བས་ན་རིགས་ཀྱི་བུ་ཁྱོད་ཀྱིས་འདི་ལྟ་སྟེ། སྟོང་པ་ཉིད་ཀྱིས་རྣམ་པར་སྤྱོད་པ་དང་ [410B] སྨོན་པ་མེད་པས་རྣམ་པར་སྤྱོད་པ་དེ་ཉིད་ཀྱིས་རྣམ་པར་སྤྱོད་པར་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཁྱོད་ཀྱིས་རྣམ་པར་སྤྱོད་པ་དེས་ རྣམ་པར་སྤྱད་པ་དང། སེམས་ཅན་མགོན་མེད་པ་རྣམས་ཀྱི་མགོན་དུ་འགྱུར་རོ། །སེམས་ཅན་སྐྱབས་མེད་པ་རྣམས་ཀྱི་སྐྱབས་སུ་འགྱུར་རོ་།སེམས་ཅན་དཔུང་གཉེན་མེད་པ་ རྣམས་ཀྱི་དཔུང་གཉེན་དུ་འགྱུར་རོ། །སེམས་ཅན་གནས་མེད་པ་རྣམས་ཀྱི་གནས་སུ་འགྱུར་རོ། །སེམས་ཅན་རྟེན་མེད་པ་རྣམས་ཀྱི་རྟེན་དུ་འགྱུར་རོ། །སེམས་ཅན་གླིང་མེད་པ་ རྣམས་ཀྱི་གླིང་དུ་འགྱུར་རོ། །སེམས་ཅན་མུན་པར་གྱུར་པ་རྣམས་ཀྱི་སྣང་བར་འགྱུར་རོ་ཞེས་དེ་ལ་སྤྲོ་བ་སྐྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་འཇིག་རྟེན་གྱི་ཁམས་ ཚད་མེད་གྲངས་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་དགེ་སློང་གི་དགེ་འདུན་གྱིས་ཡོངས་སུ་བསྐོར་ཏེ་བཞུགས་ཤིང། འཚོ་སྐྱོང་བ་དང། ཆོས་སྟོན་པ་དེ་ དག་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་དེ་དག་དང་ལྡན་ པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་མིང་དང་རིགས་ཡོངས་སུ་བརྗོད་པའི་ཚུལ་གྱིས་ཆོས་སྟོན་ཅིང། ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་མཛད་དེ། རབ་འབྱོར་ [411A]༄༅། །འདི་ལྟ་སྟེ། དཔེར་ན། ང་ད་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་དཔལ་གྱི་མིང་ཡོངས་སུ་བརྗོད་པའི་ཚུལ་གྱིས་ཆོས་སྟོན་ ཅིང་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙུག་ཕུད་ཀྱི་མིང་ཡོངས་སུ་བརྗོད་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ ཆེད་དུ་བརྗོད་པ་དང། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་ཞམ་རིང་ན་ཚངས་པའི་སྤྱད་པ་སྤྱོད་ཅིང། ཤེས་རབ་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་དག་གི་མིང་ཡོངས་སུ་བརྗོད་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པ་བཞིན་ནོ། །ཤར་ཕྱོགས་ཀྱི་སངས་ རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང། ཆོས་སྟོན་པ་དེ་དག་ཀྱང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཇི་སྙེད་ཅིག་ ཚངས་པའི་སྤྱད་པ་སྤྱོད་ཅིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་དག་ལ་སྤྲོ་བར་མཛད་པའི་ཚུལ་གྱིས་ཆོས་སྟོན་ཏེ། ཆེད་དུ་བརྗོད་པའང་ཆེད་དུ་བརྗོད་པ་མཛད་ དོ༑ ༑ལྷོ་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང། ཆོས་སྟོན་པ་དེ་དག་ཀྱང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ [411B] ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་དག་ལ་སྤྲོ་བ་མཛད་པའི་ཚུལ་གྱིས་ཆོས་སྟོན་ཏེ། ཆེད་དུ་བརྗོད་པའང་ཆེད་དུ་ བརྗོད་པ་མཛད་དོ། །ནུབ་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང། ཆོས་སྟོན་པ་དེ་དག་ཀྱང་དེ་ན་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་གང་ཇི་སྙེད་ཅིག་ཚངས་པའི་སྤྱད་པ་སྤྱོད་ཅིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་དག་ལ་སྤྲོ་བ་མཛད་པའི་ཚུལ་གྱིས་ཆོས་སྟོན་ཏེ། ཆེད་དུ་བརྗོད་ པའང་ཆེད་དུ་བརྗོད་པ་མཛད་དོ། །བྱང་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང། ཆོས་སྟོན་པ་དེ་དག་ཀྱང་དེ་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་གང་ཇི་སྙེད་ཅིག་ཚངས་པའི་སྤྱད་པ་སྤྱོད་ཅིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་དག་ལ་སྤྲོ་བར་མཛད་པའི་ཚུལ་གྱིས་ཆོས་སྟོན་ཏེ་ ཆེད་དུ་བརྗོད་པའང་ཆེད་དུ་བརྗོད་པ་མཛད་དོ། །བྱང་ཤར་གྱི་ཕྱོགས་མཚམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང། ཆོས་སྟོན་པ་ དེ་དག་ཀྱང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཇི་སྙེད་ཅིག་ཚངས་པའི་སྤྱད་པ་སྤྱོད་ཅིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་དག་ལ་སྤྲོ་བར་ [412A]༄༅། །མཛད་པའི་ཚུལ་གྱིས་ཆོས་སྟོན་ཏེ། ཆེད་དུ་བརྗོད་པའང་ཆེད་དུ་བརྗོད་པ་མཛད་དོ། །ཤར་ལྷོའི་ཕྱོགས་མཚམས་ཀྱི་སངས་རྒྱས་བཅོམ་ལྡན་ འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང། ཆོས་སྟོན་པ་དེ་དག་ཀྱང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཇི་སྙེད་ཅིག་ཚངས་པའི་སྤྱད་ པ་སྤྱོད་ཅིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་དག་ལ་སྤྲོ་བར་མཛད་པའི་ཚུལ་གྱིས་ཆོས་སྟོན་ཏེ། ཆེད་དུ་བརྗོད་པའང་ཆེད་དུ་བརྗོད་པ་མཛད་དོ། །ལྷོ་ ནུབ་ཀྱི་ཕྱོགས་མཚམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང། ཆོས་སྟོན་པ་དེ་དག་ཀྱང་དེ་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་གང་ཇི་སྙེད་ཅིག་ཚངས་པའི་སྤྱད་པ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་དག་ལ་སྤྲོ་བ་མཛད་པའི་ཚུལ་གྱིས་ཆོས་སྟོན་ཏེ། ཆེད་དུ་ བརྗོད་པའང་ཆེད་དུ་བརྗོད་པ་མཛད་དོ། །ནུབ་བྱང་གི་ཕྱོགས་མཚམས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང། ཆོས་སྟོན་པ་དེ་དག་ ཀྱང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཇི་སྙེད་ཅིག་ཚངས་པའི་སྤྱད་པ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་དག་ལ་སྤྲོ་བར་ [412B] ཆེད་དུ་བརྗོད་པའང་ཆེད་དུ་བརྗོད་པ་མཛད་དོ། །འོག་གི་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་ དང༑ ཆོས་སྟོན་པ་དེ་དག་ཀྱང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཇི་སྙེད་ཅིག་ཚངས་པའི་སྤྱད་པ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་དེ་ དག་ལ་སྤྲོ་བར་མཛད་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པའང་ཆེད་དུ་བརྗོད་པ་མཛད་དོ། །སྟེང་གི་ཕྱོགས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བཞུགས་ ཤིང་འཚོ་སྐྱོང་བ་དང། ཆོས་སྟོན་པ་དེ་དག་ཀྱང་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཇི་སྙེད་ཅིག་ཚངས་པའི་སྤྱད་པ་སྤྱོད་ཅིང། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་དང་མ་བྲལ་བ་དེ་དག་ལ་སྤྲོ་བར་མཛད་པའི་ཚུལ་གྱིས་ཆོས་སྟོན་ཏེ། ཆེད་དུ་བརྗོད་པའང་ཆེད་དུ་བརྗོད་པ་མཛད་དོ་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཐམས་ཅད་མཁྱེན་པ་ཉིད་ཐོབ་ཀྱི་བར་དུ་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ལའང་སངས་རྒྱས་བཅོམ་ལྡན་ འདས་དེ་དག་སྤྲོ་བར་མཛད་པའི་ཚུལ་གྱིས་ཆོས་སྟོན་ཏེ། ཆེད་དུ་བརྗོད་པའང་ཆེད་དུ་བརྗོད་པ་མཛད་དོ། །དེ་ཅིའི་ཕྱིར་ཞེ་ན་རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ [413A]༄༅། །ཆེན་པོ་གང་སངས་རྒྱས་ཀྱི་ཚུལ་རྒྱུན་མི་འཆད་པའི་དོན་དུ་ཞུགས་པ་དེ་དག་ནི་དཀའ་བ་བྱེད་པའོ། །གསོལ་པ། བཅོམ་ལྡན་འདས། སངས་ རྒྱས་བཅོམ་ལྡན་འདས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སླར་ལྡོག་པའམ། སླར་མི་ལྡོག་པའམ་གང་གི་མིང་ཡོངས་སུ་བརྗོད་པའི་ཚུལ་གྱིས་ཆོས་ སྟོན་པ་མཛད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཕྱིར་མི་ལྡོག་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ སྤྱོད་པའང་ཡོད། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལུང་མ་བསྟན་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའང་ཡོད་དེ། དེ་དག་ལ་སངས་རྒྱས་བཅོམ་ ལྡན་འདས་དེ་དག་སྤྲོ་བར་མཛད་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པའང་ཆེད་དུ་བརྗོད་པ་མཛད་དོ། །གསོལ་པ། བཅོམ་ལྡན་འདས། དེ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བྱང་ཆུབ་སེམས་དཔའ་སྤྱད་པ་སྤྱོད་པའི་ཚེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་རྗེས་སུ་སློབ་པའི་ཚུལ་གྱིས་རྣམ་པར་སྤྱོད་པ་དེ་དག་ལ་སངས་རྒྱས་བཅོམ་ལྡན་འདས་དེ་དག་སྤྲོ་བར་མཛད་པའི་ཚུལ་ [413B]མཛད་དོ། །རབ་འབྱོར། གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་དཔལ་གྱི་རྗེས་སུ་སློབ་པའི་ཚུལ་ གྱིས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དེ་དག་ལའང་སངས་རྒྱས་བཅོམ་ལྡན་འདས་དེ་དག་སྤྲོ་བར་མཛད་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པའང་ཆེད་དུ་བརྗོད་པ་མཛད་ དོ༑ ༑རབ་འབྱོར། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང། ཆོས་ཐམས་ཅད་སྐྱེ་བ་མེད་པར་མོས་ཀྱང་མི་སྐྱེ་བའི་ཆོས་ ལ་བཟོད་པ་མ་ཐོབ་པ་དང། ཆོས་ཐམས་ཅད་སྟོང་པའོ་ཞེས་བྱ་བ་དང། ཆོས་ཐམས་ཅད་ཞི་བའོ་ཞེས་བྱ་བ་དང། ཆོས་ཐམས་ཅད་གསོག། གསོབ་སྟེ། རག་ལུས་པའོ་ཞེས་བྱ་བ་དང་ སྙིང་པོ་མེད་པའོ་ཞེས་བྱ་བར་མོས་ཀྱང་མི་སྐྱེ་བའི་ཆོས་ལ་བཟོད་པ་མ་ཐོབ་པ་དེ་དག་ལའང་སངས་རྒྱས་བཅོམ་ལྡན་འདས་དེ་དག་སྤྲོ་བར་མཛད་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་ པའང་ཆེད་དུ་བརྗོད་པ་མཛད་དོ། །རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་མིང་ཡོངས་སུ་བརྗོད་པའི་ཚུལ་གྱིས་ཆོས་ སྟོན་ཅིང་ཆེད་དུ་བརྗོད་པའང་ཆེད་དུ་བརྗོད་པ་མཛད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ནི། ཉན་ཐོས་ཀྱི་ས་དང། རང་སངས་རྒྱས་ཀྱི་ས་སྤངས་པ་ཡིན་ཏེ། བླ་ [414A]༄༅། །ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུའང་ལུང་བསྟན་པ་ཡིན། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པ་གང་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མིང་ཡོངས་སུ་བརྗོད་པའི་ཚུལ་གྱིས་ཆོས་སྟོན་ཅིང་ཆེད་དུ་བརྗོད་པའང་ཆེད་དུ་བརྗོད་པ་མཛད་པའི་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་འགྱུར་ཏེ། དེ་ལ་གནས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །རབ་ འབྱོར༑ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་བཤད་པ་ཐོས་ནས། འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཇི་ལྟར་བཤད་པ་དེ་བཞིན་ནོ་ཞེས་ནེམ་ནུར་མེད་ཅིང་ཐེ་ཚོམ་མི་ཟ་ལ་རྨོངས་པར་མི་འགྱུར་ན་དེས་ནི་ཕྱིས་ཀྱང་རྒྱ་ཆེར་དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དང། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དེ་དག་ལས་ཐོས་པར་འགྱུར་ཏེ། བྱང་ཆུབ་ སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མོས་ཤིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དེ་བཞིན་གཤེགས་པས་ཇི་ [414B] ཕྱིར་མི་ལྡོག་པ་ཉིད་ལ་གནས་པར་གྱུར་ཏེ། རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ཐོས་པ་ནི་ཕན་པ་མང་པོར་འགྱུར་བ་ཡིན་ཏེ། གང་གིས་མོས་ཤིང་མོས་ནས་དེ་བཞིན་ཉིད་དུ་གནས་པ་དང། དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དེ་དག་ནི་ལྟ་སྨོས་ཀྱང་ཅི་སྨོས་ཏེ། དེ་ དག་དེ་བཞིན་ཉིད་ལ་གནས། དེ་བཞིན་ཉིད་ལ་ནན་ཏན་དུ་བྱས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་རོ། །གསོལ་པ་བཅོམ་ལྡན་འདས། དེ་བཞིན་ཉིད་དུ་ གནས་ནས། དེ་བཞིན་ཉིད་དུ་ནན་ཏན་བགྱིས་ཏེ། ཆོས་གང་ཡང་མི་དམིགས་ན། དེ་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་པ་ལགས། བཅོམ་ལྡན་འདས་ དེ་ལྟར་དེ་བཞིན་ཉིད་ལ་མ་གཏོགས་པའི་ཆོས་ཀྱང་གང་ཡང་མི་དམིགས་ན་སུ་ཞིག་དེ་བཞིན་ཉིད་ལ་གནས་པར་འགྱུར། སུ་ཞིག་དེ་བཞིན་ཉིད་ལ་གནས་ནས། བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། སུ་ཞིག་དེ་བཞིན་ཉིད་ལ་གནས་ཤིང། ཆོས་སྟོན་པར་འགྱུར། དེ་བཞིན་ཉིད་ཀྱང་དམིགས་སུ་མ་ མཆིས་ན། དེ་བཞིན་ཉིད་ལ་གནས་པར་འགྱུར་བ་དང། ད་བཞིན་ཉིད་ལ་གནས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བ་དང། དེ་ [415A]༄༅། །བཞིན་ཉིད་ལ་གནས་ཤིང་ཆོས་སྟོན་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། གང་ ཁྱོད་ཀྱིས་འདི་སྐད་དུ་གང་དེ་བཞིན་ཉིད་ལ་གནས་པ་དང། དེ་བཞིན་ཉིད་ལ་གནས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ བ་དང། དེ་བཞིན་ཉིད་ལ་གནས་ཤིང་ཆོས་སྟོན་པར་འགྱུར་བ་དེ་ལྟ་བུའི་ཆོས་གང་ཡང་དེ་བཞིན་ཉིད་ལ་མ་གཏོགས་པ་གཞན་དམིགས་སུ་མེད་དེ། དེ་བཞིན་ཉིད་ཀྱང་ དམིགས་སུ་མེད་ན། དེ་བཞིན་ཉིད་ལ་གནས་པར་འགྱུར་པ་དང། དེ་བཞིན་ཉིད་ལ་གནས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ འཚང་རྒྱ་བ་དང། དེ་བཞིན་ཉིད་ལ་གནས་ཤིང་ཆོས་སྟོན་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ་ཞེས་ཟེར་བ་ནི། རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་ སྐད་དུ་སྨྲས་པ་དེ་བཞིན་ནོ། །རབ་འབྱོར། གང་དེ་བཞིན་ཉིད་ལ་གནས་པ་དང། གང་དེ་བཞིན་ཉིད་ལ་གནས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་འཚང་རྒྱ་བ་དང། གང་དེ་བཞིན་ཉིད་ལ་གནས་ཤིང་ཆོས་སྟོན་པར་འགྱུར་བ་དེ་ལྟ་བུའི་ཆོས་གང་ཡང་དེ་བཞིན་ཉིད་ལ་མ་གཏོགས་པར་གཞན་དམིགས་སུ་མེད་ [415B] དེ་བཞིན་ཉིད་ཀྱང་དམིགས་སུ་མེད་ན། གང་དེ་བཞིན་ཉིད་ལ་གནས་པར་འགྱུར་བ་དང། དེ་བཞིན་ཉིད་ལ་གནས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་ རྫོགས་པར་འཚང་རྒྱ་བ་དང། དེ་བཞིན་ཉིད་ལ་གནས་ཤིང་ཆོས་སྟོན་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། དེ་བཞིན་གཤེགས་ པ་རྣམས་བྱུང་ཡང་རུང། དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་དེ་བཞིན་ཉིད་དང། མ་ནོར་བ་དེ་བཞིན་ཉིད་དང། གཞན་མ་ཡིན་པ་དེ་བཞིན་ཉིད་དང་ ཆོས་ཉིད་དེ་ནི་གནས་པའོ། །ཆོས་རྣམས་ཀྱི་ཆོས་ཀྱི་དབྱིངས་དང་ཆོས་ཀྱི་གནས་ཉིད་དང། ཆོས་སྐྱོན་མེད་པ་ཉིད་དང། ཡང་དག་པའི་མཐའ་དེ་ནི་གནས་པ་སྟེ། རབ་འབྱོར། དེ་ བཞིན་ཉིད་འདི་ལ་ནི་གང་ཡང་གནས་པར་འགྱུར་བ་མེད་དེ། དེ་ལ་གནས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ སུའང་མེད་ན་དེ་ལ་གནས་ཤིང་ཆོས་སྟོན་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཟབ་པ་སྟེ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བླ་ན་མེད་པ་ཡང་དག་པར་རྫོགས་ [416A]༄༅། །པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་དེ་དག་ནི་དཀའ་བ་བགྱིད་པའོ། །དེ་ཅིའི་སླད་དུ་ཞེ་ན་བཅོམ་ལྡན་འདས། ཆོས་ གང་ཡང་དམིགས་སུ་མ་མཆིས་ཏེ། སུའང་དེ་བཞིན་ཉིད་ལ་གནས་པ་མ་མཆིས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ བའང་གང་ཡང་མ་མཆིས་ཏེ། ཆོས་སྟོན་པའང་གང་ཡང་མ་མཆིས་ལ། དེས་ཞུམ་པར་ཡང་མི་འགྱུར་ཞིང་དེ་དག་ལ་ནེམ་ནུར་དུ་འགྱུར་བའམ། རྨོངས་པར་འགྱུར་བ་མ་ མཆིས་པ་ནི་དཀའ་བ་བགྱིད་པའོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་གང་ཁྱོད་ཀྱིས་འདི་སྐད་དུ་བཅོམ་ ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཆོས་ཟབ་མོ་འདི་དག་ལ་ནེམ་ནུར་དུ་མི་འགྱུར། རྨོངས་པར་མི་འགྱུར་བ་ནི། དཀའ་བ་བགྱིད་པའོ་ཞེས་གསོལ་ པ་ནི། ཀཽ་ཤི་ཀ་ཆོས་ཐམས་ཅད་སྟོང་པ་ཡིན་ན། དེ་ལ་ནེམ་ནུར་དུ་འགྱུར་བའམ། རྨོངས་པར་འགྱུར་བ་ལྟ་སུ་ཞིག་ཡོད། བརྒྱ་བྱིན་གྱིས་སྨྲས་པ། གནས་བརྟན་རབ་འབྱོར་ ནི༑ གང་ཅི་སྟོན་ཀྱང་དེ་ཐམས་ཅད་སྟོང་པ་ཉིད་བརྩམས་ཤིང་སྟོན་ཏེ། ཅི་ལའང་ཆགས་པ་མེད་དོ། །འདི་ལྟ་སྟེ། དཔེར་ན། བར་སྣང་ལ་འཕངས་པའི་མདའ་ནི་ཅི་ལའང་ [416B] །དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱིས་ཆོས་བསྟན་པའང་ཅི་ལའང་ཆགས་པ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བཞི་ བཅུ་དགུ་པའོ།། །།དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཅི་ལགས། བདག་གིས་འདི་ སྐད་དུ་གསོལ་ཏེ། དེ་སྐད་དུ་བརྗོད་པས། བཅོམ་ལྡན་འདས་ཀྱིས་གསུངས་པའི་རྗེས་སུ་བརྗོད་པ་དང། ཆོས་སུ་བརྗོད་ཅིང་ཆོས་ཀྱི་གཉེར་བའི་ཆོས་ཉིད་ཡང་དག་པར་ལུང་ བསྟན་པས་ལུང་བསྟན་པར་འགྱུར་བ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་གང་ཁྱོད་ཀྱིས་དེ་སྐད་དུ་སྨྲས་ཏེ་དེ་སྐད་དུ་བརྗོད་པས། དེ་བཞིན་གཤེགས་པས་ གསུངས་པའི་རྗེས་སུ་བརྗོད་པ་དང། ཆོས་སུ་བརྗོད་ཅིང་ཆོས་ཀྱི་གཉེར་བའི་ཆོས་ཉིད་ལུང་སྟོན་པར་འགྱུར་རོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས། གནས་བརྟན་རབ་འབྱོར་ འདིས་ཅི་དང་ཅི་སྤོབས་པ་དེ་ཐམས་ཅད་སྟོང་པ་ཉིད་བརྩམས་ཤིང་སྤོབས། མཚན་མ་མ་མཆིས་པ་ཉིད་བརྩམས་ཤིང་སྤོབས། སྨོན་པ་མ་མཆིས་པ་ཉིད་བརྩམས་ཤིང་སྤོབས། སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་ཉིད་བརྩམས་ཤིང་སྤོབས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བརྩམས་ཤིང་སྤོབས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་བརྩམས་ཤིང་སྤོབས། བརྩོན་འགྲུས་ [417A]༄༅། །ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བརྩམས་ཤིང་སྤོབས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བརྩམས་ཤིང་སྤོབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ བརྩམས་ཤིང་སྤོབས་པ་དང། ནང་སྟོང་པ་ཉིད་བརྩམས་ཤིང་སྤོབས། ཕྱི་སྟོང་པ་ཉིད་བརྩམས་ཤིང་སྤོབས། ཕྱི་ནང་སྟོང་པ་ཉིད་བརྩམས་ཤིང་སྤོབས། སྟོང་པ་ཉིད་སྟོང་པ་ཉིད་ བརྩམས་ཤིང་སྤོབས། ཆེན་པོ་སྟོང་པ་ཉིད་བརྩམས་ཤིང་སྤོབས་དོན་དམ་པ་སྟོང་པ་ཉིད་བརྩམས་ཤིང་སྤོབས། འདུས་བྱས་སྟོང་པ་ཉིད་བརྩམས་ཤིང་སྤོབས། འདུས་མ་བྱས་ སྟོང་པ་ཉིད་བརྩམས་ཤིང་སྤོབས། མཐའ་ལས་འདས་པ་སྟོང་པ་ཉིད་བརྩམས་ཤིང་སྤོབས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་བརྩམས་ཤིང་སྤོབས། དོར་བ་མེད་པ་སྟོང་པ་ཉིད་ བརྩམས་ཤིང་སྤོབས། རང་བཞིན་སྟོང་པ་ཉིད་བརྩམས་ཤིང་སྤོབས། ཆོས་ཐམས་ཅད་སྟོང་པ་ཉིད་བརྩམས་ཤིང་སྤོབས། རང་གི་མཚན་ཉིད་སྟོང་པ་ཉིད་བརྩམས་ཤིང་སྤོབས་ མི་དམིགས་པ་སྟོང་པ་ཉིད་བརྩམས་ཤིང་སྤོབས། དངོས་པོ་མེད་པ་སྟོང་པ་ཉིད་བརྩམས་ཤིང་སྤོབས། ངོ་བོ་ཉིད་སྟོང་པ་ཉིད་བརྩམས་ཤིང་སྤོབས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་ པ་ཉིད་བརྩམས་ཤིང་སྤོབས་པ་དང། དྲན་པ་ཉེ་བར་བཞག་པ་རྣམས་བརྩམས་ཤིང་སྤོབས། ཡང་དག་པར་སྤོང་བ་རྣམས་བརྩམས་ཤིང་སྤོབས། རྫུ་འཕྲུལ་གྱི་རྐང་པ་རྣམས་བརྩམས་ [417B] དབང་པོ་རྣམས་བརྩམས་ཤིང་སྤོབས། སྟོབས་རྣམས་བརྩམས་ཤིང་སྤོབས། བྱང་ཆུབ་ཀྱི་ཡན་ལག་རྣམས་བརྩམས་ཤིང་སྤོབས། འཕགས་པའི་ལམ་ཡན་ ལག་བརྒྱད་པ་བརྩམས་ཤིང་སྤོབས་པ་དང། འཕགས་པའི་བདེན་པ་རྣམས་བརྩམས་ཤིང་སྤོབས། བསམ་གཏན་རྣམས་བརྩམས་ཤིང་སྤོབས་ཚད་མེད་པ་རྣམས་བརྩམས་ ཤིང་སྤོབས། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་བརྩམས་ཤིང་སྤོབས། རྣམ་པར་ཐར་པ་རྣམས་བརྩམས་ཤིང་སྤོབས། མཐར་གྱིས་གནས་པའི་སྙོམས་པར་ འཇུག་པ་རྣམས་བརྩམས་ཤིང་སྤོབས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་བརྩམས་ཤིང་སྤོབས། མངོན་པར་ཤེས་པ་རྣམས་བརྩམས་ ཤིང་སྤོབས། ཏིང་ངེ་འཛིན་རྣམས་བརྩམས་ཤིང་སྤོབས། གཟུངས་ཀྱི་སྒོ་རྣམས་བརྩམས་ཤིང་སྤོབས་པ་དང། དེ་བཞིན་གཤེགས་པའི་སྟོབས་རྣམས་བརྩམས་ཤིང་སྤོབས་ མི་འཇིགས་པ་རྣམས་བརྩམས་ཤིང་སྤོབས། སོ་སོ་ཡང་དག་པར་རིག་པ་རྣམས་བརྩམས་ཤིང་སྤོབས། བྱམས་པ་ཆེན་པོ་བརྩམས་ཤིང་སྤོབས་སྙིང་རྗེ་ཆེན་པོ་བརྩམས་ ཤིང་སྤོབས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་བརྩམས་ཤིང་སྤོབས་པ་དང། རྒྱུན་དུ་ཞུགས་པའི་འབྲས་བུ་བརྩམས་ཤིང་སྤོབས་ལན་ཅིག་ཕྱིར་འོང་བའི་འབྲས་ [418A]༄༅། །བུ་བརྩམས་ཤིང་སྤོབས། ཕྱིར་མི་འོང་བའི་འབྲས་བུ་བརྩམས་ཤིང་སྤོབས། དགྲ་བཅོམ་པ་ཉིད་བརྩམས་ཤིང་སྤོབས། རང་བྱང་ཆུབ་བརྩམས་ ཤིང་སྤོབས། ལམ་གྱི་རྣམ་པ་ཤེས་པ་ཉིད་བརྩམས་ཤིང་སྤོབས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྩམས་ཤིང་སྤོབས་པ་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། ཀཽ་ཤི་ཀ་གནས་བརྟན་རབ་འབྱོར་སྟོང་པ་ཉིད་ལ་རྣམ་པར་སྤྱོད་པས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མི་དམིགས་ན། གང་སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པ་ལྟ་ཅི་སྨོས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མི་དམིགས་ན། གང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལྟ་ཅི་སྨོས། བཟོད་པའི་ཕ་རོལ་ཏུ་ ཕྱིན་པ་ཉིད་ཀྱང་མི་དམིགས་ན། གང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལྟ་ཅི་སྨོས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མི་དམིགས་ན། གང་བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལྟ་ཅི་སྨོས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མི་དམིགས་ན། གང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལྟ་ཅི་སྨོས། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མི་དམིགས་ན། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལྟ་ཅི་སྨོས། ནང་སྟོང་པ་ཉིད་ཀྱང་མི་དམིགས་ན། གང་ནང་སྟོང་པ་ཉིད་ལ་བསྒོམ་པ་ [418B] ཕྱི་སྟོང་པ་ཉིད་ཀྱང་མི་དམིགས་ན། གང་ཕྱི་སྟོང་པ་ཉིད་ལ་བསྒོམ་པ་ལྟ་ཅི་སྨོས། ཕྱི་ནང་སྟོང་པ་ཉིད་ཀྱང་མི་དམིགས་ན། གང་ཕྱི་ནང་སྟོང་པ་ཉིད་ལ་བསྒོམ་པ་ལྟ་ ཅི་སྨོས༑ སྟོང་པ་ཉིད་སྟོང་པ་ཉིད་ཀྱང་མི་དམིགས་ན། གང་སྟོང་པ་ཉིད་སྟོང་པ་ཉིད་ལ་བསྒོམ་པ་ལྟ་ཅི་སྨོས། ཆེན་པོ་སྟོང་པ་ཉིད་ཀྱང་མི་དམིགས་ན། གང་ཆེན་པོ་སྟོང་པ་ཉིད་ ལ་བསྒོམ་པ་ལྟ་ཅི་སྨོས། དོན་དམ་པ་སྟོང་པ་ཉིད་ཀྱང་མི་དམིགས་ན། གང་དོན་དམ་པ་སྟོང་པ་ཉིད་ལ་བསྒོམ་པ་ལྟ་ཅི་སྨོས། འདུས་བྱས་སྟོང་པ་ཉིད་ཀྱང་མི་དམིགས་ན། གང་ འདུས་བྱས་སྟོང་པ་ཉིད་ལ་བསྒོམ་པ་ལྟ་ཅི་སྨོས། འདུས་མ་བྱས་སྟོང་པ་ཉིད་ཀྱང་མི་དམིགས་ན། གང་འདུས་མ་བྱས་སྟོང་པ་ཉིད་ལ་བསྒོམ་པ་ལྟ་ཅི་སྨོས། མཐའ་ལས་འདས་ པ་སྟོང་པ་ཉིད་ཀྱང་མི་དམིགས་ན། གང་མཐའ་ལས་འདས་པ་སྟོང་པ་ཉིད་ལ་བསྒོམ་པ་ལྟ་ཅི་སྨོས། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཀྱང་མི་དམིགས་ན། གང་ཐོག་མ་དང་ ཐ་མ་མེད་པ་སྟོང་པ་ཉིད་ལ་བསྒོམ་པ་ལྟ་ཅི་སྨོས། དོར་བ་མེད་པ་སྟོང་པ་ཉིད་ཀྱང་མི་དམིགས་ན། གང་དོར་བ་མེད་པ་སྟོང་པ་ཉིད་ལ་བསྒོམ་པ་ལྟ་ཅི་སྨོས། རང་བཞིན་སྟོང་ པ་ཉིད་ཀྱང་མི་དམིགས་ན། གང་རང་བཞིན་སྟོང་པ་ཉིད་ལ་བསྒོམ་པ་ལྟ་ཅི་སྨོས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱང་མི་དམིགས་ན་གང་ཆོས་ཐམས་ཅད་སྟོང་པ་ཉིད་ལ་ [419A]༄༅། །བསྒོམ་པ་ལྟ་ཅི་སྨོས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱང་མི་དམིགས་ན། གང་རང་གི་མཚན་ཉིད་སྟོང་པ་ཉིད་ལ་བསྒོམ་པ་ལྟ་ཅི་སྨོས། མི་དམིགས་ པ་སྟོང་པ་ཉིད་ཀྱང་མི་དམིགས་ན། གང་མི་དམིགས་པ་སྟོང་པ་ཉིད་ལ་བསྒོམ་པ་ལྟ་ཅི་སྨོས། དངོས་པོ་མེད་པ་སྟོང་པ་ཉིད་ཀྱང་མི་དམིགས་ན། གང་དངོས་པོ་མེད་པ་སྟོང་པ་ཉིད་ལ་ བསྒོམ་པ་ལྟ་ཅི་སྨོས། ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མི་དམིགས་ན། གང་ངོ་བོ་ཉིད་སྟོང་པ་ཉིད་ལ་བསྒོམ་པ་ལྟ་ཅི་སྨོས། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱང་མི་དམིགས་ ན༑ གང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་བསྒོམ་པ་ལྟ་ཅི་སྨོས། དྲན་པ་ཉེ་བར་བཞག་པ་རྣམས་ཀྱང་མི་དམིགས་ན་གང་དྲན་པ་ཉེ་བར་བཞག་པ་རྣམས་ལ་བསྒོམ་ པ་ལྟ་ཅི་སྨོས། ཡང་དག་པར་སྤོང་བ་རྣམས་ཀྱང་མི་དམིགས་ན་གང་ཡང་དག་པར་སྤོང་བ་རྣམས་ལ་བསྒོམ་པ་ལྟ་ཅི་སྨོས། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་མི་དམིགས་ ན༑ གང་རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་བསྒོམ་པ་ལྟ་ཅི་སྨོས་དབང་པོ་རྣམས་ཀྱང་མི་དམིགས་ན། གང་དབང་པོ་རྣམས་ལ་བསྒོམ་པ་ལྟ་ཅི་སྨོས། སྟོབས་རྣམས་ཀྱང་མི་དམིགས་ ན། གང་སྟོབས་རྣམས་ལ་བསྒོམ་པ་ལྟ་ཅི་སྨོས། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་མི་དམིགས་ན། གང་བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་བསྒོམ་པ་ལྟ་ཅི་སྨོས། འཕགས་ [419B] གང་འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་བསྒོམ་པ་ལྟ་ཅི་སྨོས། འཕགས་པའི་བདེན་པ་རྣམས་ཀྱང་མི་དམིགས་ན། གང་འཕགས་ པའི་བདེན་པ་རྣམས་ལ་བསྒོམ་པ་ལྟ་ཅི་སྨོས། བསམ་གཏན་རྣམས་ཀྱང་མི་དམིགས་ན། གང་བསམ་གཏན་རྣམས་ལ་བསྒོམ་པ་ལྟ་ཅི་སྨོས། ཚད་མེད་པ་རྣམས་ཀྱང་མི་དམིགས་ ན༑ གང་ཚད་མེད་པ་རྣམས་ལ་བསྒོམ་པ་ལྟ་ཅི་སྨོས། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་མི་དམིགས་ན། གང་གཟུགས་མེད་པའི་སྙོམས་པར་འཇུག་པ་ རྣམས་ལ་བསྒོམ་པ་ལྟ་ཅི་སྨོས། རྣམ་པར་ཐར་པ་རྣམས་ཀྱང་མི་དམིགས་ན། གང་རྣམ་པར་ཐར་པ་རྣམས་ལ་བསྒོམ་པ་ལྟ་ཅི་སྨོས་མཐར་གྱིས་གནས་པའི་སྙོམས་པར་འཇུག་ པ་རྣམས་ཀྱང་མི་དམིགས་ན། གང་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་བསྒོམ་པ་ལྟ་ཅི་སྨོས། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་ དང། སྨོན་པ་མེད་པའང་མི་དམིགས་ན། གང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་བསྒོམ་པ་ལྟ་ཅི་སྨོས། མངོན་པར་ཤེས་པ་ རྣམས་ཀྱང་མི་དམིགས་ན། གང་མངོན་པར་ཤེས་པ་རྣམས་ལ་བསྒོམ་པ་ལྟ་ཅི་སྨོས། ཏིང་ངེ་འཛིན་རྣམས་ཀྱང་མི་དམིགས་ན། གང་ཏིང་ངེ་འཛིན་རྣམས་ལ་བསྒོམ་པ་ལྟ་ཅི་ [420A]༄༅། །སྨོས། གཟུངས་ཀྱི་སྒོ་རྣམས་ཀྱང་མི་དམིགས་ན། གང་གཟུངས་ཀྱི་སྒོ་རྣམས་ལ་བསྒོམ་པ་ལྟ་ཅི་སྨོས། དེ་བཞིན་གཤེགས་པའི་སྟོབས་རྣམས་ ཀྱང་མི་དམིགས་ན། གང་དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་མངོན་པར་བསྒྲུབ་པ་ལྟ་ཅི་སྨོས། མི་འཇིགས་པ་རྣམས་ཀྱང་མི་དམིགས་ན་གང་མི་འཇིགས་པ་ རྣམས་མངོན་པར་བསྒྲུབ་པ་ལྟ་ཅི་སྨོས། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱང་མི་དམིགས་ན། གང་སོ་སོ་ཡང་དག་པར་རིག་པ་རྣམས་མངོན་པར་བསྒྲུབ་པ་ལྟ་ཅི་སྨོས་ བྱམས་པ་ཆེན་པོ་ཉིད་ཀྱང་མི་དམིགས་ན། གང་བྱམས་པ་ཆེན་པོ་ལ་རྣམ་པར་སྤྱོད་པ་ལྟ་ཅི་སྨོས། སྙིང་རྗེ་ཆེན་པོ་ཉིད་ཀྱང་མི་དམིགས་ན། གང་སྙིང་རྗེ་ཆེན་པོ་ལ་རྣམ་ པར་སྤྱོད་པ་ལྟ་ཅི་སྨོས། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱང་མི་དམིགས་ན། གང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མངོན་པར་བསྒྲུབ་པ་ལྟ་ཅི་སྨོས་ རྒྱུན་དུ་ཞུགས་པའི་འབྲས་བུ་ཉིད་ཀྱང་མི་དམིགས་ན། གང་རྒྱུན་དུ་ཞུགས་པའི་འབྲས་བུ་རྗེས་སུ་འཐོབ་པ་ལྟ་ཅི་སྨོས། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཉིད་ཀྱང་ མི་དམིགས་ན། གང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་རྗེས་སུ་འཐོབ་པ་ལྟ་ཅི་སྨོས། ཕྱིར་མི་འོང་བའི་འབྲས་བུ་ཉིད་ཀྱང་མི་དམིགས་ན། གང་ཕྱིར་མི་འོང་བའི་འབྲས་བུ་ [420B] དགྲ་བཅོམ་པ་ཉིད་ཀྱང་མི་དམིགས་ན། གང་དགྲ་བཅོམ་པའི་འབྲས་བུ་རྗེས་སུ་འཐོབ་པ་ལྟ་ཅི་སྨོས། རང་བྱང་ཆུབ་ཉིད་ཀྱང་མི་དམིགས་ན། གང་རང་ བྱང་ཆུབ་ཀྱི་འབྲས་བུ་རྗེས་སུ་འཐོབ་པ་ལྟ་ཅི་སྨོས། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་མི་དམིགས་ན། གང་ལམ་གྱི་རྣམ་པ་ཤེས་པ་ཉིད་རྗེས་སུ་འཐོབ་པ་ལྟ་ཅི་སྨོས། རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་ཀྱང་མི་དམིགས་ན། གང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྗེས་སུ་འཐོབ་པ་ལྟ་ཅི་སྨོས། དེ་བཞིན་ཉིད་ཀྱང་མི་དམིགས་ན། གང་དེ་བཞིན་གཤེགས་པར་འགྱུར་བ་ ལྟ་ཅི་སྨོས། མ་སྐྱེས་པ་ཉིད་ཀྱང་མི་དམིགས་ན། གང་མ་སྐྱེས་པ་མངོན་དུ་བྱེད་པ་ལྟ་ཅི་སྨོས། མཚན་རྣམས་ཀྱང་མི་དམིགས་ན། གང་གི་ལུས་ལ་མཚན་ཡོད་པར་འགྱུར་བ་ལྟ་ཅི་ སྨོས༑ དཔེ་བྱད་རྣམས་ཀྱང་མི་དམིགས་ན། གང་གི་ལུས་ལ་དཔེ་བྱད་ཡོད་པར་འགྱུར་བ་ལྟ་ཅི་སྨོས། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་།གནས་བརྟན་རབ་འབྱོར་ནི་ཆོས་ཐམས་ཅད་ དབེན་པ་ལ་རྣམ་པར་སྤྱོད་པ་སྟེ། དམིགས་སུ་མེད་པ་ལ་རྣམ་པར་སྤྱོད་པ། སྟོང་པ་ཉིད་ལ་རྣམ་པར་སྤྱོད་པ། མཚན་མ་མེད་པ་ལ་རྣམ་པར་སྤྱོད་པ། སྨོན་པ་མེད་པ་ལ་རྣམ་པར་སྤྱོད་ པ་སྟེ༑ ཀཽ་ཤི་ཀ། གནས་བརྟན་རབ་འབྱོར་གྱི་རྣམ་པར་སྤྱོད་པ་གང་ཡིན་པ་དེས་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་སྤྱོད་ [421A]༄༅། །པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རྣམ་པར་སྤྱོད་པ་ལ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །བརྒྱ་ཕྲག་ སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བའི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། བྱེ་བ་བརྒྱ་ཕྲག་སྟོང་གི་ཆར་ ཡང་ཉེ་བར་མི་འགྲོའོ། །བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་གི་ཆར་ཡང་ཉེ་བར་མི་འགྲོའོ། །གྲངས་དང། ཆ་དང། བགྲང་བ་དང། དཔེ་དང། རྒྱུར་ཡང་ཉེ་བར་མི་བཟོད་དོ། །དེ་ཅིའི་ཕྱིར་ཞེ་ ན༑ དེ་བཞིན་གཤེགས་པའི་རྣམ་པར་སྤྱོད་པ་མ་གཏོགས་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རྣམ་པར་སྤྱོད་པ་གང་ཡིན་པ་ དང། ཉན་ཐོས་རྣམས་ཀྱི་རྣམ་པར་སྤྱོད་པ་གང་ཡིན་པ་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་སྤྱོད་པ་གང་ཡིན་པའི་རྣམ་པར་སྤྱོད་པ་དེ་དག་ལས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་རྣམ་པར་སྤྱོད་པ་འདི་ཉིད་ནི་མཆོག་ཅེས་བྱའོ། །རབ་ཅེས་བྱའོ། །ཕུལ་ཞེས་བྱའོ། །དམ་པ་ཞེས་བྱའོ། །གྱ་ནོམ་པ་ཞེས་བྱའོ། ། བླ་ན་མེད་པ། གོང་ན་མེད་པ། མཉམ་པ་མེད་པ། མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །ཀཽ་ཤི་ཀ་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་ཐམས་ [421B] འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྤྱོད་པ་འདི་ཉིད་ཀྱིས་རྣམ་པར་སྤྱོད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཉན་ཐོས་དང། རང་སངས་རྒྱས་ཀྱི་ས་ལས་འདས་ཏེ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ འཇུག་གོ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ནས། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་འགྱུར་རོ། །སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་ བྱས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་རྗེས་སུ་འཐོབ་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་རྗེས་སུ་ཐོབ་ནས། བག་ཆགས་ཀྱི་མཚམས་སྦྱོར་བའི་ ཉོན་མོངས་པ་ཐམས་ཅད་སྤངས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ སྟོང་ཕྲག་བརྒྱ་པ། བམ་པོ་ཉིས་བརྒྱ་ལྔ་གཅིག་པ། དེ་ནས་འཁོར་དེའི་ནང་ནས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་མ་ཏོག་མནྡ་ར་བ་མང་པོ་ཐོགས་ཏེ། བཅོམ་ལྡན་འདས་ལ་གཏོར་ ཏོ༑ ༑མངོན་པར་གཏོར་ཏོ། །རབ་ཏུ་གཏོར་ཏོ། །དགེ་སློང་བརྒྱ་དྲུག་ཅུ་ཙམ་ཡང་སྟན་ལས་ལངས་ནས་ཆོས་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ [422A]༄༅། །ནས༑ བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བས་བཏུད་ནས། བཅོམ་ལྡན་འདས་ལ་མིག་མི་འཛུམས་པར་ལྟ་ཞིང་ཕྱག་འཚལ་ལོ། །དགེ་ སློང་དེ་དག་གིས་ཐལ་མོ་སྦྱོར་ཏེ་བཏུད་པའི་ཚེ། སངས་རྒྱས་ཀྱི་མཐུས་སྙིམ་པ་མེ་ཏོག་མནྡ་ར་བས་གང་བར་གྱུར་ནས། མེ་ཏོག་མནྡ་ར་བ་དེ་དག་གིས་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གཏོར་ཏོ་།མངོན་པར་གཏོར་ཏོ། །རབ་ཏུ་གཏོར་ཏོ། །དེ་ལྟར་འཐོར་ཞིང་མངོན་པར་འཐོར་བ་དང། རབ་ཏུ་འཐོར་བའི་ ཚེ༑ ཚིག་འདི་སྐད་ཅེས་བརྗོད་དེ། བཅོམ་ལྡན་འདས། དགེ་བའི་རྩ་བ་འདིས་ཉན་ཐོས་དང། རང་སངས་རྒྱས་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ལགས་པའི་རྣམ་པར་སྤྱོད་པ་དམ་ པས༑ བདག་ཅག་རྣམ་པར་སྤྱོད་པར་གྱུར་ཅིག་ཅེས་སྨྲས་པ་དང། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་གིས་བསམ་པ་ཐུགས་སུ་ཆུད་དེ། དེའི་ཚེ་འཛུམ་པ་མཛད་ དོ༑ ༑སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་ཀྱིས་ཀྱང་དེ་སྟེ། དེ་ལྟར་འཛུམ་པ་མཛད་པའི་ཚེ། བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འདི་ལྟ་སྟེ། འོད་ཟེར་སྔོན་ པོ་དང། སེར་པོ་དང། དམར་པོ་དང། དཀར་པོ་དང། ལེ་བརྒན་དང་ཤེལ་དང། དངུལ་གྱི་ཁ་དོག་ལྟ་བུ་རྣམ་པ་སྣ་ཚོགས་བྱུང་སྟེ་དེ་དག་གིས་སྟོང་གསུམ་གྱི་ [422B]བཀང་ནས་ཕྱིར་འདུས་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་དུ་གཡས་ཕྱོགས་སུ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ ཀྱི་དབུའི་གཙུག་ཏུ་ནུབ་བོ། །དེ་ནས་ཚེ་དང་ལྡན་པ་དགའ་བོ་སྟན་ལས་ལངས་ནས། བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བས་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་རྣམས་ནི་རྒྱུ་དང་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། ཅིའི་རྒྱུ་ཅིའི་རྐྱེན་གྱིས་འཛུམ་པ་མཛད། དེ་སྐད་ཅེས་གསོལ་པ་དང། བཅོམ་ལྡན་འདས་ཀྱིས་ཚེ་དང་ ལྡན་པ་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགའ་བོ། དགེ་སློང་བརྒྱ་དྲུག་ཅུ་པོ་འདི་དག་བསྐལ་པ་དཔེ་སྐར་མ་ལྟ་བུ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། མེ་ཏོག་སིལ་མ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤ་སྟག་འཇིག་རྟེན་དུ་ འབྱུང་བར་འགྱུར་རོ། །དགའ་བོ་མེ་ཏོག་སིལ་མ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གི་དགེ་སློང་གི་དགེ་འདུན་མཚུངས་ [423A]༄༅། །པར་འགྱུར། སངས་རྒྱས་ཀྱི་ཞིང་མཚུངས་པར་འགྱུར་ཚེའི་ཚད་ཀྱང་འདི་ལྟ་སྟེ། ལོ་སྟོང་དུ་མཚུངས་པར་འགྱུར་ཏེ་དེ་དག་གང་དང་གང་ནས་ མངོན་པར་འབྱུང་བར་འགྱུར་བ་དང། མངོན་པར་བྱུང་ནས་རབ་ཏུ་འབྱུང་བ་དང། རབ་ཏུ་བྱུང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་ འཚང་རྒྱ་བ་དེ་དང་དེ་དག་ཏུ་མེ་ཏོག་ཁ་དོག་རྣམ་པ་ལྔ་དང་ལྡན་པའི་མེ་ཏོག་གི་ཆར་མངོན་པར་འབབ་པར་འགྱུར་རོ། །དགའ་བོ་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་རྣམ་པར་སྤྱོད་པའི་དམ་པས་རྣམ་པར་སྤྱོད་པར་འདོད་པས། ཤེས་[*RAB?]ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ དེ་བཞིན་གཤེགས་པའི་རྣམ་པར་སྤྱོད་པས་རྣམ་པར་སྤྱད་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །དགའ་བོ། རིགས་ཀྱི་བུའམ་རིགས་ཀྱི་ བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པའི་རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་དེས་འདི་ལྟར་བདག་ནི་མིའི་ནང་ནས་ཤི་འཕོས་ནས་འདིར་སྐྱེས་པའམ་ དགའ་ལྡན་གྱི་ལྷའི་རིས་ནས་ཤི་འཕོས་ནས་འདིར་སྐྱེས་པ་སྟེ། མིའི་ནང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་རྒྱ་ཆེར་ཐོས་པའམ། དགའ་ལྡན་གྱི་ལྷའི་རིས་སུ་ [423B]པའོ་ཞེས་བྱ་བར་རྟོགས་པར་རིག་པར་བྱའོ། །དགའ་བོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་སྤྱོད་པ་དེ་དག་དེ་བཞིན་གཤེགས་པས་རྣམ་པར་གཟིགས་པར་བལྟས་ཏེ། དགའ་བོ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ལ་ལ་ཞིག་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉན་པ་དང། ཐོས་ནས་འཛིན་པ་དང། འཆང་བ་དང། ཀློག་པ་དང། ཀུན་ཆུབ་པར་བྱེད་པ་དང། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང། གང་ཟག་ བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྟོན་ཅིང་རྗེས་སུ་འདོམས་པའི་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེས། བདག་ གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་པར་གྱུར། བཟུང་བ་དང། བཅངས་ པ་དང། བཀླགས་པ་དང། ཀུན་ཆུབ་པར་བྱས་པར་གྱུར་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་ལ་འང་དགེ་བའི་རྩ་བ་མང་ པོ་བསྐྱེད་པར་གྱུར་ཏོ་ཞེས་བྱ་བར་རྟོགས་པར་རིག་པར་བྱ་སྟེ་དགའ་བོ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་བདག་གིས་ནི་ཉན་ཐོས་རྣམས་ལ་དགེ་བའི་རྩ་བ་མ་བསྐྱེད། ཉན་ [424A]༄༅། །ཐོས་རྣམས་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་པ་མ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །དགའ་བོ། རིགས་ཀྱི་བུའམ་ རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང། འཆང་བ་དང། ཀློག་པ་དང། ཀུན་ཆུབ་པར་བྱེད་པ་དང། དོན་དང། ཆོས་དང། ཡི་གེ་ དང་མཐུན་པར་ཁོང་དུ་ཆུད་པར་བྱེད་ན། དགའ་བོ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེས་བདག་ལ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་མངོན་དུ་གྱུར་ཏོ་ཞེས་བྱ་བར་རྟོགས་པར་རིག་པར་བྱའོ། །དགའ་བོ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་ མོ་འདི་བསྟན་པ་ཐོས་ན། ཕྱིར་མི་ལྡོག་ཅིང་ངན་དུ་མི་བརྗོད་ལ་ཐོས་ནས་ཀྱང་མོས་པ་ཐོབ་པར་འགྱུར་ན། དགའ་བོ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེ་ནི་སྔོན་གྱི་རྒྱལ་ བ་ལ་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བར་རིག་པར་བྱའོ། །དགའ་བོ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ ལ་ལས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལས་དགེ་བའི་རྩ་བ་བསྐྱེད་པ་ལྟའང་མི་སླུ་སྟེ། ཉན་ཐོས་སམ། རང་སངས་ [424B] སངས་རྒྱས་སུ་འགྱུར་མོད་ཀྱི། འོན་ཀྱང་དགའ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། ཚུལ་ཁྲིམས་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། ནང་སྟོང་པ་ཉིད་ལ་སྤྱོད་པ་དང། ཕྱི་སྟོང་པ་ཉིད་ལ་སྤྱོད་པ་དང། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པ་དང། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང། ཆེན་ པོ་སྟོང་པ་ཉིད་ལ་སྤྱོད་པ་དང། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་པ་དང། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང། མཐའ་ལས་འདས་པ་སྟོང་པ་ ཉིད་ལ་སྤྱོད་པ་དང། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང། དོར་བ་མེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་རང་བཞིན་སྟོང་པ་ཉིད་ལ་སྤྱོད་པ་དང། ཆོས་ཐམས་ཅད་སྟོང་པ་ ཉིད་ལ་སྤྱོད་པ་དང། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང། མི་དམིགས་པ་སྟོང་པ་ཉིད་ལ་སྤྱོད་པ་དང། དངོས་པོ་མེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང། ངོ་བོ་ཉིད་སྟོང་པ་ཉིད་ལ་ སྤྱོད་པ་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང། དྲན་པ་ཉེ་བར་བཞག་པ་རྣམས་ལ་སྤྱོད་པ་དང་ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་པ་དང། རྫུ་འཕྲུལ་གྱི་རྐང་ [425A]༄༅། །པ་རྣམས་ལ་སྤྱོད་པ་དང། དབང་པོ་རྣམས་ལ་སྤྱོད་པ་དང། སྟོབས་རྣམས་ལ་སྤྱོད་པ་དང། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་པ་དང། །འཕགས་པའི་ ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་དང། འཕགས་པའི་བདེན་པ་རྣམས་ལ་སྤྱོད་པ་དང། བསམ་གཏན་རྣམས་ལ་སྤྱོད་པ་དང། ཚད་མེད་པ་རྣམས་ལ་སྤྱོད་པ་དང། གཟུགས་མེད་པའི་ སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པ་དང། རྣམ་པར་ཐར་པ་རྣམས་ལ་སྤྱོད་པ་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པ་དང། རྣམ་པར་ཐར་པའི་སྒོ་སྟོང་ པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་སྤྱོད་པ་དང། མངོན་པར་ཤེས་པ་རྣམས་ལ་སྤྱོད་པ་དང། ཏིང་ངེ་འཛིན་རྣམས་ལ་སྤྱོད་པ་དང། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་ པ་དང། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སྤྱོད་པ་དང། མི་འཇིགས་པ་རྣམས་ལ་སྤྱོད་པ་དང། སོ་སོ་ཡང་དག་པར་རིག་པ་རྣམས་ལ་སྤྱོད་པ་དང། བྱམས་པ་ཆེན་པོ་ལ་སྤྱོད་ པ་དང། སྙིང་རྗེ་ཆེན་པོ་ལ་སྤྱོད་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་སྤྱོད་པ་དང། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སྤྱོད་པ་དང། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ ལ་སྤྱོད་པ་དང། ཕྱིར་མི་འོང་བའི་འབྲས་བུ་ལ་སྤྱོད་པ་དང་དགྲ་བཅོམ་པ་ཉིད་ལ་སྤྱོད་པ་དང། རང་བྱང་ཆུབ་ལ་སྤྱོད་པ་དང། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པ་དང། རྣམ་པ་ [425B]བྱའོ། །ཤིན་ཏུ་རྟོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། ནང་སྟོང་པ་ཉིད་ལ་སྤྱོད་པ་དང། ཕྱི་སྟོང་པ་ཉིད་ལ་སྤྱོད་པ་དང། ཕྱི་ནང་སྟོང་པ་ཉིད་ལ་སྤྱོད་པ་དང། སྟོང་པ་ཉིད་སྟོང་པ་ཉིད་ལ་ སྤྱོད་པ་དང། ཆེན་པོ་སྟོང་པ་ཉིད་ལ་སྤྱོད་པ་དང། དོན་དམ་པ་སྟོང་པ་ཉིད་ལ་སྤྱོད་པ་དང། འདུས་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང། འདུས་མ་བྱས་སྟོང་པ་ཉིད་ལ་སྤྱོད་པ་དང། མཐའ་ ལས་འདས་པ་སྟོང་པ་ཉིད་ལ་སྤྱོད་པ་དང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང། དོར་བ་མེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང། རང་བཞིན་སྟོང་པ་ཉིད་ལ་སྤྱོད་པ་དང་ཆོས་ ཐམས་ཅད་སྟོང་པ་ཉིད་ལ་སྤྱོད་པ་དང། རང་གི་མཚན་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང། མི་དམིགས་པ་སྟོང་པ་ཉིད་ལ་སྤྱོད་པ་དང། དངོས་པོ་མེད་པ་སྟོང་པ་ཉིད་ལ་སྤྱོད་པ་དང་ངོ་བོ་ ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སྤྱོད་པ་དང། དྲན་པ་ཉེ་བར་བཞག་པ་རྣམས་ལ་སྤྱོད་པ་དང། ཡང་དག་པར་སྤོང་བ་རྣམས་ལ་སྤྱོད་པ་དང་ [426A]༄༅། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྤྱོད་པ་དང། དབང་པོ་རྣམས་ལ་སྤྱོད་པ་དང། སྟོབས་རྣམས་ལ་སྤྱོད་པ་དང། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྤྱོད་ པ་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་དང་འཕགས་པའི་བདེན་པ་རྣམས་ལ་སྤྱོད་པ་དང། བསམ་གཏན་རྣམས་ལ་སྤྱོད་པ་དང། ཚད་མེད་པ་རྣམས་ལ་ སྤྱོད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ལ་སྤྱོད་པ་དང། རྣམ་པར་ཐར་པ་རྣམས་ལ་སྤྱོད་པ་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ ལ་སྤྱོད་པ་དང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་ལ་སྤྱོད་པ་དང། མངོན་པར་ཤེས་པ་རྣམས་ལ་སྤྱོད་པ་དང། ཏིང་ངེ་འཛིན་རྣམས་ལ་ སྤྱོད་པ་དང། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པ་དང། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་སྤྱོད་པ་དང། མི་འཇིགས་པ་རྣམས་ལ་སྤྱོད་པ་དང། སོ་སོ་ཡང་དག་པར་རིག་པ་ རྣམས་ལ་སྤྱོད་པ་དང། བྱམས་པ་ཆེན་པོ་ལ་སྤྱོད་པ་དང། སྙིང་རྗེ་ཆེན་པོ་ལ་སྤྱོད་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་པ་དང། ཐམས་ཅད་ཤེས་པ་ཉིད་ལ་ སྤྱོད་པ་དང། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པ་ནི་ཉན་ཐོས་སམ་རང་སངས་རྒྱས་སུ་མི་འགྱུར་རོ། །དགའ་བོ། དེ་བས་ན་ [426B]དེ། དགའ་བོ། གལ་ཏེ་ཁྱོད་ཀྱིས་ངས་ཆོས་གང་ཇི་སྙེད་ཅིག་བཤད་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་གཏོགས་པར་ ངས་ཆོས་བསྟན་པ་དེ་དག་ཐམས་ཅད་བཟུང་སྟེ། ཀུན་ཆུབ་པར་བྱས་ནས། དེའི་འོག་ཏུ་ཆུད་གསན་ཏེ་བོར་ཡང་དེ་ཙམ་གྱིས་དགའ་བོ་ཁྱོད་ལ་སྐྱོན་དུ་ངས་མི་རྩིའི། དགའ་བོ། གལ་ ཏེ་ཁྱོད་ཀྱི་ས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཟུང་སྟེ། ཀུན་ཆུབ་པར་བྱས་ནས་དེའི་འོག་ཏུ་ཆུད་གསན་ཏམ། བོར་བར་འགྱུར་ན་དེས་ནི། དགའ་བོ་ཁྱོད་ལ་ངས་སྐྱོན་དུ་ གཟུང་ངོ། །དགའ་བོ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ཁྱོད་ལ་གཏད་ཀྱི། ཅི་ནས་ཀྱང་གཟུང་བ་དང་བཅང་བ་དང། བཀླག་པ་དང། ཀུན་ཆུབ་པར་ བྱ་བ་དང། ཤིན་ཏུ་ཡིད་ལ་གཟུང་བར་གྱིས་ཤིག་ལེགས་པར་ཡོངས་སུ་ཟིན་པ་དང། ལེགས་པར་ཀུན་ཆུབ་པ་དང། ལེགས་པར་བཅང་བར་གྱིས་ཤིག། ཡི་གེ་དང། ཚིག་དང་ འབྲུ་ཤིན་ཏུ་རྫོགས་པ་དང། ངེས་པའི་ཚིག་ལེགས་པར་ཤིན་ཏུ་ཟིན་པར་བྱའོ། །དགའ་བོ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ འདི་འཛིན་པ་དང། འཆང་བ་དང། ཀློག་པ་དང། ཀུན་ཆུབ་པར་བྱེད་པ་དེས་ནི། འདས་པ་དང། མ་བྱོན་པ་དང། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ [427A]༄༅། །ཆུབ་བཟུང་བར་འགྱུར་རོ། །དགའ་བོ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དེས་ནི་ འདས་པ་དང། མ་བྱོན་པ་དང། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་མཐུན་པར་ཡོངས་སུ་བཟུང་བར་འགྱུར་རོ། །དགའ་བོ། མངོན་དུ་གྱུར་ པར་ང་ལ་གང་མེ་ཏོག་དང། འཕྲེང་བ་དང། སྤོས་དང། བྱུག་པ་དང། ཕྱེ་མ་དང། ན་བཟའ་དང། གདུགས་དང། རྒྱལ་མཚན་དང་བ་དན་གྱིས་རིམ་གྲོར་བྱ་བ་དང། བཀུར་ སྟིར་བྱ་བ་དང། ཕུ་དུད་དུ་བྱ་བ་དང། མཆོད་པར་བྱ་བར་འདོད་པ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཟུང་བར་བྱ་བཅང་བར་བྱ། ཀླག་པར་བྱ། ཀུན་ཆུབ་པར་ བྱའོ༑ ༑ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བཟུང་སྟེ་བཅངས་ནས་བཀླགས་ཤིང་ཀུན་ཆུབ་པར་བྱ་སྟེ། མེ་ཏོག་དང་འཕྲེང་བ་དང། སྤོས་དང། བྱུག་པ་དང། ཕྱེ་མ་ དང༑ ན་བཟའ་དང། གདུགས་དང། རྒྱལ་མཚན་དང། བ་དན་གྱིས་རིམ་གྲོར་བྱ། བཀུར་སྟིར་བྱ། ཕུ་དུད་དུ་བྱ། མཆོད་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རིམ་ གྲོ་དང༑ བཀུར་སྟི་དང། ཕུ་དུད་དང། མཆོད་པ་བྱས་ན། དེས་ནི་ངའང་མཆོད་པར་འགྱུར། འདས་པ་དང། མ་བྱོན་པ་དང། ད་ལྟར་བྱུང་པའི་སངས་རྒྱས་བཅོམ་ལྡན་འདས་ [427B] །དགའ་བོ། གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་བསྟན་པ་ལ་རིམ་གྲོ་དང་དགའ་བ་དང། མོས་པ་བསྐྱེད་པ་དེས་ནི་འདས་པ་དང་ མ་བྱོན་པ་དང། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་རིམ་གྲོ་དང། དགའ་བ་དང། མོས་པ་བསྐྱེད་པར་འགྱུར་རོ་།དགའ་བོ། གལ་ཏེ་ཁྱོད་ལ་ང་སྡུག་ཅིང་ཡིད་ དུ་འོང་ལ་ཡོངས་སུ་མ་བཏང་ཞེ་ན། དགའ་བོ། ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་སྡུག་པ་དང། ཡིད་དུ་འོང་བ་དང། ཡོངས་སུ་མི་གཏང་བར་གྱིས་ཤིག་ཅི་ ནས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་ཚིག་འགའ་ཡང་ཁྱོད་ཀྱིས་ཆུད་མ་ཟོས་པར་གྱིས་ཤིག་དགའ་བོ། ངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་གཏད་པ་ ལས་བརྩམས་ཏེ། ཁྱོད་ལ་ཤིན་ཏུ་མང་དུ་བསྟན་པའང་མདོར་ན་དགའ་བོ། ཁྱོད་ལ་ང་ཇི་ལྟར་སྟོན་པར་གྱུར་བ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཁྱོད་ཀྱི་སྟོན་པ་ ཡིན་གྱིས། དགའ་བོ། དེ་བས་ན་ངས་ཁྱོད་ལ་ཚད་མེད་པར་གཏད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡོངས་སུ་གཏད་དེ་དགའ་བོ། དེ་བས་ན་ངས་ལྷ་དང། མི་དང། ལྷ་ མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་མདུན་དུ་བརྗོད་དེ། སུས་སངས་རྒྱས་ཡོངས་སུ་མ་བཏང་བ་དང། ཆོས་ཡོངས་སུ་མ་བཏང་བ་དང་དགེ་འདུན་ཡོངས་སུ་མ་བཏང་བ་དང། འདས་པ་ [428A]༄༅། །དང༑ མ་བྱོན་པ་དང། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡོངས་སུ་མ་བཏང་བ་དང། འདས་པ་དང། མ་བྱོན་པ་དང། ད་ལྟར་བྱུང་ བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ཡོངས་སུ་མ་བཏང་བ་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཡོངས་སུ་བཏང་བར་མི་བྱ་སྟེ། འདི་ནི་ངའི་གདམས་ངག་ གོ༑ དགའ་བོ། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང། འཆང་བ་དང་ཀློག་པ་དང། འཕེལ་པར་བྱེད་པ་དང། ཀུན་ཆུབ་ པར་བྱེད་པ་དང། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང། གཞན་ལའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་རྣམ་གྲངས་དུ་མས་རྒྱ་ཆེར་འཆད་པ་དང། སྟོན་པ་དང། རབ་ཏུ་སྟོན་ པ་དང། ཤེས་པར་བྱེད་པ་དང། རབ་ཏུ་གཞོག་པ་དང། འགྲེལ་པ་དང། རྣམ་པར་འབྱེད་པ་དང། གསལ་བར་བྱེད་པ་དང། ཡང་དག་པར་སྟོན་པའི་རིགས་ཀྱི་བུ་དང། རིགས་ཀྱི་བུ་ མོ་དེ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བར་གྱུར་པ་ཡིན། དེ་ཅིའི་ཕྱིར་ཞེ་ན་ དགའ་བོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། དགའ་བོ། འདས་པའི་དུས་ཀྱི་དེ་ [428B]རྒྱས་གང་ཇི་སྙེད་ཅིག་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་བྱུང་ངོ། །དགའ་བོ། མ་འོངས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་ སྙེད་ཅིག་འབྱུང་བའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་འབྱུང་བར་འགྱུར་རོ། །དགའ་བོ་ ད་ལྟར་བྱུང་བའི་དུས་ན། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཉིད་ལས་བྱུང་ངོ། །དགའ་བོ། ད་ལྟར་བྱུང་བའི་དུས་ན་ལྷོ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ [429A]༄༅། །ཆུབ་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་བྱུང་ངོ། །དགའ་བོ། ད་ལྟར་བྱུང་བའི་དུས་ན། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་ མེད་དཔག་ཏུ་མེད་པ་དག་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང། ཆོས་སྟོན་པའི་སངས་ རྒྱས་བཅོམ་ལྡན་འདས་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་བྱུང་ངོ། །དགའ་བོ། ད་ལྟར་བྱུང་བའི་དུས་ན། བྱང་ཕྱོགས་ ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་ འཚོ་སྐྱོང་བ་དང། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་བྱུང་ངོ། །དགའ་ བོ༑ ད་ལྟར་བྱུང་བའི་དུས་ན། བྱང་ཤར་གྱི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ [429B]བྱུང་ངོ། །དགའ་བོ། ད་ལྟར་བྱུང་བའི་དུས་ན། ཤར་ལྷོའི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་དཔག་ཏུ་ མེད་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་ འདས་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་བྱུང་ངོ། །དགའ་བོ། ད་ལྟར་བྱུང་བའི་དུས་ན། ལྷོ་ནུབ་ཀྱི་ཕྱོགས་མཚམས་ཀྱི་ འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་ སྐྱོང་བ་དང། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་བྱུང་ངོ། །དགའ་བོ་ ད་ལྟར་བྱུང་བའི་དུས་ན། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ [430A]༄༅། །ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་བྱུང་ངོ། །དགའ་བོ། ད་ལྟར་བྱུང་བའི་དུས་ན། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་ དཔག་ཏུ་མེད་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང། ཆོས་སྟོན་པའི་སངས་རྒྱས་ བཅོམ་ལྡན་འདས་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་བྱུང་ངོ། །དགའ་བོ། ད་ལྟར་བྱུང་བའི་དུས་ན། སྟེང་གི་ཕྱོགས་ ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་ སྐྱོང་བ་དང། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལས་བྱུང་ངོ། །དགའ་བོ་ དེ་བས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པ་དང། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་འདོད་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བསླབ་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགའ་བོ། འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་སེམས་ [430B] སྐྱེད་པར་བྱེད་པའོ། །དགའ་བོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པ་དེ་དག་ཐམས་ཅད་ནི་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འབྱུང་བར་འགྱུར་ཏེ། དགའ་བོ། དེ་བས་ན་ཁྱོད་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ཡང་དང་ཡང་དུ་ཡོངས་སུ་གཏད་དོ། །རྗེས་སུ་གཏད་དོ། །དེ་ ཅིའི་ཕྱིར་ཞེ་ན། དགའ་བོ། འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་མཛོད་དེ། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཛོད་ནི་ཟད་ མི་ཤེས་པའི་ཆོས་ཀྱི་མཛོད་དོ། །དགའ་བོ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང། ཆོས་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཛོད་འདི་ལས་ཆོས་སྟོན་ཏོ། །དགའ་བོ་ འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བྱུང་བ་དེ་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་བསླབས་ནས། བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་བསྟན་ཏོ། །དགའ་བོ། མ་འོངས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ [431A]༄༅། །པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བྱུང་བ་དེ་དག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་བསླབས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་ བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། ཆོས་ཀྱང་སྟོན་པར་འགྱུར་རོ། །དགའ་བོ། འདས་པ་དང། མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་ འདས་རྣམས་ཀྱི་ཉན་ཐོས་གང་ཇི་སྙད་ཅིག་ཡོད་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་བསླབས་ཏེ། ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཏོ། །ཡོངས་སུ་མྱ་ངན་ ལས་འདའོ། །ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །དགའ་བོ་གལ་ཏེ་ཁྱོད་ཀྱིས་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་ཉན་ཐོས་ཀྱི་ས་ལས་བརྩམས་ཏེ། ཆོས་བསྟན་པའི་ཆོས་བསྟན་ པ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་པར་གྱུར་ཀྱང། ད་རུང་ཉན་ཐོས་ཁྱོད་ཀྱིས་ ངའི་ཉན་ཐོས་ཀྱི་བྱ་བ་བྱས་པར་མི་འགྱུར་གྱི། དགའ་བོ། གལ་ཏེ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཚིག་འགའ་ ཞིག་བརྗོད་དེ། བསྟན་ཀྱང་ཉན་ཐོས་ཁྱོད་ཀྱིས་ང་དགྱེས་པར་བྱས་པ་ཡིན་ཏེ། ཉན་ཐོས་ཀྱིས་ཉན་ཐོས་ཀྱི་བྱ་བ་བྱས་པར་འགྱུར་རོ། །དགའ་བོ། དེ་ཇི་སྙམ་དུ་སེམས། ཆོས་བསྟན་པ་སྔ་ [431B]ཀྱི་སེམས་ཅན་གང་ཇི་སྙེད་པ་དེ་དག་ཐམས་ཅད་སྔ་ཕྱི་མེད་པར་དགྲ་བཅོམ་པ་ཉིད་མངོན་དུ་བྱེད་པར་གྱུར་ན། དགྲ་བཅོམ་པ་ དེ་དག་གི་སྦྱིན་པ་ལས་བྱུང་བའི་བསོད་ནམས་ཀྱི་དངོས་པོ་དང་ཚུལ་ཁྲིམས་ལས་བྱུང་བ་དང། སྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དེ་དག་མང་ངམ། གསོལ་པ་ བཅོམ་ལྡན་འདས། མང་ངོ། །བདེ་བར་གཤེགས་པ། མང་ངོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ། དེ་བས་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་གང་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ལ་ཆུང་ངུ་ན་ཉི་མ་གཅིག་ཅིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་སྟོན་ན། དེའི་བསོད་ནམས་ཆོས་མང་དུ་འཕེལ་བར་འགྱུར་རོ། །དགའ་བོ། ཉིན་ གཅིག་ལྟ་ཞོག་གི། དགའ་བོ། གལ་ཏེ་ཉི་མ་ཕྱེད་དམ། དགའ་བོ། ཉི་མ་ཕྱེད་ལྟ་ཞོག་གི། དགའ་བོ་གལ་ཏེ་སྔ་དྲོ་གཅིག་གམ། དགའ་བོ་སྔ་དྲོ་གཅིག་ལྟ་ཞོག་གི། དགའ་བོ། གལ་ཏེ་ཆུ་ ཚོད་གཅིག་ཙམ་མམ། དགའ་བོ་ཆུ་ཚོད་གཅིག་ཙམ་ལྟ་ཞོག་གི། དགའ་བོ། གལ་ཏེ་སྐད་འགའ་ཡུད་འགའ་ཐང་འགའ་ཞིག་གང་ཟག་ཉན་ཐོས་ཀྱི་ཐེག་པ་པས་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་བསྟན་ན། དགའ་བོ། དེའི་བསོད་ནམས་ནི་ཆོས་མང་དུ་འཕེལ་བར་འགྱུར་ཏེ། ཉན་ཐོས་དང་རང་སངས་ [432A]༄༅། །རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ཐམས་ཅད་ཀྱི་དགེ་བའི་རྩ་བའང་དེས་ཟིལ་གྱིས་ནོན་པར་འགྱུར་རོ། །དགའ་བོ། གལ་ ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་ལ་ཆུང་ངུ་ན་ཉི་མ་གཅིག་གམ། ཉི་མ་ཕྱེད་དམ། སྔ་དྲོ་གཅིག་གམ། ཆུ་ཚོད་གཅིག་ ཙམ་མམ། སྐད་འགའ་ཡུད་འགའ་ཐང་འགའ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཆོས་སྟོན་ན། དགའ་བོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཉན་ཐོས་དང། རང་ སངས་རྒྱས་ཀྱི་ཐེག་པ་པའི་རིགས་ཀྱི་བུ་དང། རིགས་ཀྱི་བུ་མོ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཟིལ་གྱིས་ནོན་པར་གྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་བདག་ཀྱང་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ལ། གཞན་ཡང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་བསྐུལ་ཞིང་ཡང་དག་པར་ དགའ་བར་བྱེད་པ་ཡིན། ཡང་དག་པར་སྤྲོ་བར་བྱེད་པ་ཡིན། ཡང་དག་པར་གཞོག་པ་ཡིན། ཡང་དག་པར་འགོད་པ་ཡིན་ཏེ། དགའ་བོ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དང། དྲན་པ་ཉེ་བར་བཞག་པ་བཞི་ལ་སྤྱོད་པ་དང། ཡང་དག་པར་སྤོང་བ་བཞི་ལ་སྤྱོད་པ་དང། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སྤྱོད་པ་དང་དབང་ [432B] སྟོབས་ལྔ་ལ་སྤྱོད་པ་དང་བྱང་ཆུབ་ཀྱི་ཡན་ལག་བདུན་ལ་སྤྱོད་པ་དང། འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་སྤྱོད་པ་དང། འཕགས་པའི་བདེན་པ་བཞི་ལ་སྤྱོད་ པ་དང། བསམ་གཏན་བཞི་ལ་སྤྱོད་པ་དང། ཚད་མེད་པ་བཞི་ལ་སྤྱོད་པ་དང། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ལ་སྤྱོད་པ་དང། རྣམ་པར་ཐར་པ་བརྒྱད་ལ་སྤྱོད་པ་དང་ མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་སྤྱོད་པ་དང་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་སྤྱོད་པ་དང། མངོན་པར་ཤེས་པ་རྣམས་ ལ་སྤྱོད་པ་དང། ཏིང་ངེ་འཛིན་རྣམས་ལ་སྤྱོད་པ་དང། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་པ་དང། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད་པ་དང། མི་འཇིགས་པ་བཞི་ལ་སྤྱོད་པ་དང། སོ་སོ་ ཡང་དག་པར་རིག་པ་བཞི་ལ་སྤྱོད་པ་དང། བྱམས་པ་ཆེན་པོ་ལ་སྤྱོད་པ་དང། སྙིང་རྗེ་ཆེན་པོ་ལ་སྤྱོད་པ་དང། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སྤྱོད་པ་དང། རྒྱུན་དུ་ཞུགས་པའི་ འབྲས་བུ་ལ་སྤྱོད་པ་དང། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་སྤྱོད་པ་དང། ཕྱིར་མི་འོང་བའི་འབྲས་བུ་ལ་སྤྱོད་པ་དང། དགྲ་བཅོམ་པ་ཉིད་ལ་སྤྱོད་པ་དང། རང་བྱང་ཆུབ་ལ་སྤྱོད་པ་དང་ ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྤྱོད་པ་དང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པ་དགེ་བའི་རྩ་བ་མང་པོས་རྣམ་པར་འཕེལ་བ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ [433A]༄༅། །ལས་ཡོངས་སུ་ཉམས་པའི་གནས་མེད། སྐབས་མེད་དོ། དེ་ནི་གནས་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པའི་ཚེ། བཅོམ་ལྡན་འདས་ ཀྱིས་འཁོར་བཞི་དང། ལྷ་དང། མི་དང། ཀླུ་དང། གནོད་སྦྱིན་དང། དྲི་ཟ་དང། ལྷ་མ་ཡིན་དང། ནམ་མཁའ་ལྡིང་དང། མིའམ་ཅི་དང། ལྷོ་འཕྱེ་ཆེན་པོ་དེ་ལྟར་འཁོད་པ་རྣམས་ཀྱི་མདུན་དུ་རྫུ་འཕྲུལ་ མངོན་པར་འདུ་མཛད་པ་གང་མངོན་པར་འདུ་མཛད་པས་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་འཁོར་རྒྱ་མཚོ་ལྟ་ བུ་འཁྲུག་པ་མེད་པ་ཀུན་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དུ་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཅང་ ཤེས་པ། གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་རྗེས་སུ་ཐོབ་པ། སྲིད་པར་སྦྱོར་བ་ཡོངས་སུ་ཟད་པ། བཀའ་ཡང་དག་པས་སེམས་ཤིན་ཏུ་རྣམ་ པར་གྲོལ་བ། སེམས་ཅན་ཐམས་ཅད་ལ་དབང་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ཤ་སྟག་གི་དགེ་སློང་གི་དགེ་འདུན་དང། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤ་སྟག་གིས་ཀུན་ ནས་བསྐོར་ཅིང་མདུན་དུ་བདར་བ་མཐོང་བར་གྱུར་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་མངོན་པར་ [433B] རྫུ་འཕྲུལ་མངོན་པར་འདུ་མཛད་པ་དེ་ཕྱིར་བརྟུལ་བར་གྱུར་ནས། འཁོར་བཞི་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དེའང་མ་མཐོང། གང་ཟག་ཉན་ཐོས་སམ། བྱང་ཆུབ་སེམས་དཔའི་ཐེག་པ་བ་དེ་དག་ཀྱང་མ་མཐོང་ངོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པའི་སངས་རྒྱས་དེའི་ཞིང་ཡང་མ་མཐོང་ངོ། །སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཡང་མིག་ལམ་ན་མི་སྣང་བར་གྱུར་ཏོ། ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་རྫུ་འཕྲུལ་མངོན་པར་འདུ་མཛད་པའི་ཕྱིར་བརྟུལ་བ་མཛད་པས། དེའི་ཕྱིར་དེ་དག་ གིས་མི་མཐོང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། དགའ་བོ། ཁྱོད་ཀྱིས་དེ་བཞིན་གཤེགས་པ་མི་འཁྲུགས་པའི་སངས་རྒྱས་ཀྱི་ ཞིང་དང། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དང། དགེ་སློང་གི་དགེ་འདུན་དང་བྱང་ཆུབ་སེམས་དཔའ་དགེ་འདུན་མཐོང་ ངམ༑ གསོལ་པ། བཅོམ་ལྡན་འདས། སངས་རྒྱས་ཀྱི་ཞིང་དེའང་མ་མཐོང། དེ་བཞིན་གཤེགས་པ་དེའང་མ་མཐོང། དགེ་སློང་གི་དགེ་འདུན་དེའང་མ་མཐོང། བྱང་ཆུབ་སེམས་ [434A]༄༅། །དཔའི་དགེ་འདུན་དེའང་མ་མཐོང་སྟེ། མིག་ལམ་དུའང་མི་གདའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ། དེ་བཞིན་དུ་ཆོས་ཐམས་ཅད་ ཀྱང་མིག་ལམ་དུ་སྣང་བ་མ་ཡིན་ཏེ། ཆོས་ལ་ཆོས་སྣང་བར་མི་འགྱུར་རོ། །ཆོས་ཀྱི་ཆོས་མི་མཐོང། ཆོས་ཀྱི་ཆོས་མི་ཤེས་སོ་།དགའ་བོ། ཇི་ལྟར་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་དང་ཉན་ཐོས་དེ་དག་དང། གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དེ་དག་དང། སངས་རྒྱས་ཀྱི་ཞིང་དེ་མིག་ ལམ་དུ་སྣང་བར་མ་གྱུར་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མིག་ལམ་དུ་སྣང་བ་མ་ཡིན་ཏེ། ཆོས་ལ་ཆོས་སྣང་བར་མི་འགྱུར། ཆོས་ཀྱིས་ཆོས་མི་མཐོང། ཆོས་ཀྱིས་ཆོས་མི་ཤེས་ སོ༑ ༑དགའ་བོ། ཆོས་ཐམས་ཅད་ནི་ཤེས་པ་མེད་པ། མཐོང་བ་མེད་པ་བྱེད་པ་མེད་པ། བྱ་བ་ལ་མཐུ་མེད་པ་ཤ་སྟག་སྟེ། དེ་ཅིའི་ཕྱིར་ཞེ་ན། དགའ་བོ། ཆོས་ཐམས་ཅད་ནི་ནམ་ མཁའ་ལྟར་བྱེད་པ་མེད་པས་བྱེད་པ་མེད་ཅིང་འཛིན་པ་མེད་པའོ་།དགའ་བོ། ཆོས་ཐམས་ཅད་ནི་སྒྱུ་མའི་སྐྱེས་བུ་ལྟ་བུ་སྟེ་བསམ་གྱིས་མི་ཁྱབ་པའོ། །དགའ་བོ། ཆོས་ཐམས་ཅད་ ནི་སེམས་དང་བྲལ་ཞིང་རྣམ་པར་བསྒྲུབས་པས་སོ་སོར་གནས་པའི་མཚན་ཉིད་དེ། སྙིང་པོ་མེད་པའི་ཕྱིར་ཚོར་བ་པོ་མེད་པའོ། །དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་ [434B]པ་སྟེ། ཆོས་གང་ལ་འང་མངོན་པར་ཆགས་པ་མེད་དོ། །དགའ་བོ། དེ་ལྟར་སློབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བར་འདོད་པས་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །དེ་ལྟར་སློབ་པ་ནི་རབ་ཅེས་བྱའོ། །གཙོ་བོ་ཞེས་བྱའོ། །མཆོག་ཅེས་བྱའོ། །དམ་པ་ཞེས་བྱའོ། །ཕུལ་ཞེས་བྱའོ། །གྱ་ནོམ་པ་ཞེས་བྱའོ། །བླ་ན་མེད་ པ་ཞེས་བྱའོ། །གོང་ན་མེད་པ་ཞེས་བྱའོ། །མཉམ་པ་མེད་པ་ཞེས་བྱའོ། །མི་མཉམ་པ་དང་མཉམ་པ་ཞེས་བྱའོ། །འཇིག་རྟེན་ཐམས་ཅད་ལ་ཕན་པ། འཇིག་རྟེན་ཐམས་ཅད་ལ་བདེ་བ་ མགོན་མེད་པ་རྣམས་ལ་མགོན་དུ་གྱུར་པ། སངས་རྒྱས་ཀྱིས་གནང་བ་སངས་རྒྱས་ཀྱིས་བསྔགས་པ་སྟེ། དེ་ལ་གནས་ཤིང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་རྣམས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཕྱག་གཡས་པས་གྱེན་དུ་བཏེག་ཅིང་ཕྱིར་གཞོག་ཀྱང་སེམས་ཅན་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་ པོའི་འཇིག་རྟེན་གྱི་ཁམས་འདི་བཏེག་གོ་ཞེས་བྱ་བ་དང། བཞག་གོ་ཞེས་བྱ་བར་མི་ཤེས་པའོ། །དེ་ཅིའི་ཕྱིར་ཞེ་ན། དགའ་བོ། འདས་པ་དང། མ་བྱོན་པ་དང། དེ་ལྟར་བྱུང་བའི་སངས་ [435A]༄༅། །རྒྱས་བཅོམ་ལྡན་འདས་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་ལ་བསླབས་པས་ཆོས་རྣམས་ལ་ཐོགས་པ་མི་མངའ་བའི་ཡེ་ཤེས་གཟིགས་པ་བསྒྲུབ་ པ་ཡིན་ཏེ། དགའ་བོ། བསླབ་པ་གང་ཇི་སྙེད་ཅིག་ཡོད་པའི་བསླབ་པ་ཐམས་ཅད་ཀྱི་ནང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་ནི་རབ་ཅེས་བྱའོ། །གཙོ་བོ་ཞེས་བྱའོ། །མཆོག་ ཅེས་བྱའོ། །དམ་པ་ཞེས་བྱའོ། །ཕུལ་ཞེས་བྱའོ། །གྱ་ནོམ་པ་ཞེས་བྱའོ། །བླ་ན་མེད་པ་ཞེས་བྱའོ། །གོང་ན་མེད་པ་ཞེས་བྱའོ་།མཉམ་པ་མེད་པ་ཞེས་བྱའོ། །མི་མཉམ་པ་དང་མཉམ་པ་ཞེས་བྱའོ། ། དགའ་བོ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚད་གཟུང་བའམ། མཐའ་བཙལ་བར་འདོད་པ་ནི་ནམ་མཁའ་ལ་ཚད་གཟུང་བ་དང། མཐའ་བཙལ་པར་འདོད་དུ་ཟད་དོ། །དེ་ཅིའི་ཕྱིར་ ཞེ་ན༑ དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚད་མེད་པ་སྟེ། དགའ་བོ། ངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཚད་དུ་བསྟན་པ་མེད་དོ། །མིང་མང་པོ་དང། ཚིག་མང་པོ་དང་ འབྲུ་མང་པོ་ལ་ནི་ཚད་ཡོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཚད་མེད་དོ། །གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཚད་མ་མཆིས་པ་ ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ། མི་ཟད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཚད་མེད་དོ། །དགའ་བོ་དབེན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ [435B] །དགའ་བོ། འདས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བྱུང་བ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་འདི་ཉིད་ལས་བྱུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟད་པར་མ་གྱུར་ཏོ། །དགའ་བོ། མ་འོངས་པའི་དུས་ཀྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་གང་ཇི་སྙེད་ཅིག་འབྱུང་བ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་བྱུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟད་པར་འགྱུར་བ་མེད་དོ། །དགའ་བོ། ད་ལྟར་ ཕྱོགས་བཅུའི་འཇིག་རྟེན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དང། ཆོས་སྟོན་པའི་སངས་རྒྱས་ བཅོམ་ལྡན་འདས་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལས་བྱུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཟད་དོ་།དེ་ཅིའི་ཕྱིར་ཞེ་ན། དགའ་བོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཟད་པར་བྱ་བར་སེམས་པ་དེ་ནི་ནམ་མཁའ་ཟད་པར་བྱ་བར་སེམས་སུ་ཟད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཟད་མི་ ཟད་ཟད་པར་མི་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །ཚུལ་ཁྲིམས་ཀྱི་ [436A]༄༅། །ཕ་རོལ་ཏུ་ཕྱིན་པ་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །ནང་སྟོང་པ་ཉིད་ནི་མ་ཟད་མི་ཟད་ ཟད་པར་མི་འགྱུར་རོ། །ཕྱི་སྟོང་པ་ཉིད་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །ཕྱི་ནང་སྟོང་པ་ཉིད་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །སྟོང་པ་ཉིད་སྟོང་པ་ཉིད་ནི་མ་ཟད་མི་ཟད་ཟད་ པར་མི་འགྱུར་རོ། །ཆེན་པོ་སྟོང་པ་ཉིད་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །དོན་དམ་པ་སྟོང་པ་ཉིད་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །འདུས་བྱས་སྟོང་པ་ཉིད་ནི་མ་ཟད་མི་ཟད་ ཟད་པར་མི་འགྱུར་རོ། །འདུས་མ་བྱས་སྟོང་པ་ཉིད་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །ཐོག་མ་དང་ཐ་མ་ མེད་པ་སྟོང་པ་ཉིད་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །དོར་བ་མེད་པ་སྟོང་པ་ཉིད་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ་།རང་བཞིན་སྟོང་པ་ཉིད་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། ། ཆོས་ཐམས་ཅད་སྟོང་པ་ཉིད་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །མི་དམིགས་པ་སྟོང་པ་ཉིད་ནི་མ་ཟད་མི་ཟད་ ཟད་པར་མི་འགྱུར་རོ། །དངོས་པོ་མེད་པ་སྟོང་པ་ཉིད་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །ངོ་བོ་ཉིད་སྟོང་པ་ཉིད་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་ [436B] །དྲན་པ་ཉེ་བར་བཞག་པ་རྣམས་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །ཡང་དག་པར་སློང་བ་རྣམས་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ་།རྫུ་ འཕྲུལ་གྱི་རྐང་པ་རྣམས་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ་།དབང་པོ་རྣམས་ནི་མ་ཟད་མི་ཟད། །ཟད་པར་མི་འགྱུར་རོ། །སྟོབས་རྣམས་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །བྱང་ཆུབ་ ཀྱི་ཡན་ལག་རྣམས་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ་།འཕགས་པའི་བདེན་པ་རྣམས་ནི་མ་ཟད་མི་ཟད་ ཟད་པར་མི་འགྱུར་རོ། །བསམ་གཏན་རྣམས་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །ཚད་མེད་པ་རྣམས་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་ རྣམས་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །རྣམ་པར་ཐར་པ་རྣམས་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་མ་ཟད་མི་ཟད་ཟད་པར་ མི་འགྱུར་རོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ་།མངོན་པར་ཤེས་པ་རྣམས་ནི་མ་ཟད་མི་ཟད་ཟད་པར་ མི་འགྱུར་རོ། །ཏིང་ངེ་འཛིན་རྣམས་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །གཟུངས་ཀྱི་སྒོ་རྣམས་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ནི་མ་ཟད་མི་ [437A]༄༅། །ཟད་ཟད་པར་མི་འགྱུར་རོ། །མི་འཇིགས་པ་རྣམས་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །སོ་སོ་ཡང་དག་པར་རིག་པ་རྣམས་ནི་མ་ཟད་མི་ཟད་ཟད་ པར་མི་འགྱུར་རོ། །སྙིང་རྗེ་ཆེན་པོ་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །རྒྱུན་དུ་ཞུགས་པའི་འབྲས་ བུ་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །ཕྱིར་མི་འོང་བའི་འབྲས་བུ་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་ རོ༑ ༑དགྲ་བཅོམ་པ་ཉིད་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ་།རང་བྱང་ཆུབ་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་ རོ༑ ༑རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་མ་ཟད་མི་ཟད་ཟད་པར་མི་འགྱུར་རོ། །ཆོས་དེ་དག་ལ་ནི་སྐྱེ་བའང་མེད་ན་དེ་དག་ཟད་པར་འགྱུར་བ་ལྟ་ག་ལ་ཡོད། དེ་ནས་བཅོམ་ལྡན་ འདས་ཀྱིས་ལྗགས་ཀྱི་དབང་པོ་བཀྲམ་སྟེ། ཞལ་གྱི་སྒོའི་དཀྱིལ་འཁོར་ཐམས་ཅད་ལྗགས་ཀྱི་དབང་པོས་ཡོངས་སུ་བཀབ་ནས། ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། དགའ་ བོ༑ དེ་ཇི་སྙམ་དུ་སེམས། ལྕེའི་དབང་པོ་འདི་ལྟ་བུ་དང་ལྡན་པ་ལོག་པར་སྨྲ་བའམ། གཞན་དུ་སྨྲ་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས། མ་ལགས་སོ། །བདེ་བར་གཤེགས་ [437B] མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བོ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཁོར་བཞི་ལ་རྒྱ་ཆེར་སྟོན་ཅིག་རྗོད་ཅིག་སྒྲོགས་ཤིག་ཤོད་ ཅིག༑ ཁོད་ཅིག། རབ་ཏུ་ཁོད་ཅིག་ཁྲོལ་ཅིག་རྣམ་པར་ཕྱེ་ཤིག་།གསལ་བར་བྱོས་ཤིག་ཡང་དག་པར་སྟོན་ཅིག་དགའ་བོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལས་གང་ལ་ ཉན་ཐོས་ཀྱི་ཐེག་པ་པ་དང། རང་སངས་རྒྱས་ཀྱི་ཐེག་པ་པ་དང། གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པས་བསླབ་པར་བྱ་བ་དང། གང་ལ་ཇི་ལྟར་བསྟན་པ་བཞིན་དུ་བསླབས་ པས༑ རང་རང་གི་ས་ལ་གནས་པར་འགྱུར་བའི་ཆོས་ཐམས་ཅད་རྒྱ་ཆེར་བསྟན་ཏེ། དགའ་བོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་ཡི་གེ་ཐམས་ཅད་ལ་འཇུག་པའོ། །དགའ་ བོ༑ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་གཟུངས་ཀྱི་སྒོ་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསླབ་པར་བྱ་བའི་གཟུངས་ཐམས་ཅད་ཀྱི་སྒོ་ཡིན་ཏེ། གཟུངས་ འདི་འཛིན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི་སྤོབས་པ་དང། སོ་སོ་ཡང་དག་པར་རིག་པའི་སྒོ་ཐམས་ཅད་མངོན་དུ་འགྱུར་རོ། །དགའ་བོ། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་འདི་ནི་འདས་པ་དང། མ་བྱོན་པ་དང། དེ་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དམ་པའི་ཆོས་མི་ཟད་པའི་མཛོད་པས་བཤད་པའོ། །དགའ་བོ་ [438A]༄༅། །དེ་བས་ན་ཁྱོད་ཀྱིས་ཡིད་ཆེས་པ་དང། ཁོང་དུ་ཆུད་པར་བྱས་ཏེ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་འཛིན་པ་དང། འཆང་བ་དང། ཀློག་པ་དང་ ཀུན་ཆུབ་པར་བྱེད་པ་ནི་འདས་པ་དང། མ་བྱོན་པ་དང། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་འཛིན་པ་ཡིན་ཏེ། དགའ་བོ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པའི་གཟུངས་གང་བཟུང་བས་ཆོས་ཐམས་ཅད་བཟུང་བར་འགྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུངས་ངས་བསྟན་པ་ནི་འདི་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ལྔ་བཅུ་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་ང་གཉིས་པ། དེ་ནས་ཚེ་དང་ལྡན་པ་རབ་ འབྱོར་འདི་སྙམ་དུ་གྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཟབ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཀྱང་ཟབ་ན། བདག་ གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དེ་དྲིའོ་སྙམ་སྟེ། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་བས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ནམ་མཁའི་མི་ཟད་པའི་ཕྱིར་ཤེས་རབ་ [438B] །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ གཟུགས་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཚོར་བ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་ འབྱོར། འདུ་ཤེས་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། འདུ་བྱེད་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་ བྱའོ༑ ༑རབ་འབྱོར། རྣམ་པར་ཤེས་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། མིག་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་ པར་བསྒྲུབ་པར་བྱའོ། །རབ་འབྱོར། རྣ་བ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། སྣ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་ པར་བསྒྲུབ་པར་བྱའོ། །རབ་འབྱོར། ལྕེ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ལུས་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་ བསྒྲུབ་པར་བྱའོ། །རབ་འབྱོར། ཡིད་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། གཟུགས་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་ [439A]༄༅། །བསྒྲུབ་པར་བྱའོ། །རབ་འབྱོར། སྒྲ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་དྲི་མི་ཟད་པས། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། རོ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་།རབ་འབྱོར། རེག་མི་ཟད་པས། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཆོས་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། མིག་གི་རྣམ་པར་ཤེས་པ་མི་ཟད་ པས༑ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་།རབ་འབྱོར། རྣ་བའི་རྣམ་པར་ཤེས་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། ། རབ་འབྱོར། སྣའི་རྣམ་པར་ཤེས་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ལྕེའི་རྣམ་པར་ཤེས་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ལུས་ཀྱི་རྣམ་པར་ཤེས་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཡིད་ཀྱི་རྣམ་ པར་ཤེས་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། མིག་གི་འདུས་ཏེ་རེག་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་ [439B] །རབ་འབྱོར། རྣ་བའི་འདུས་ཏེ་རེག་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། སྣའི་འདུས་ཏེ་རེག་པ་མི་ཟད་པས། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ལྕེའི་འདུས་ཏེ་རེག་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ལུས་ ཀྱི་འདུས་ཏེ་རེག་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཡིད་ཀྱི་འདུས་ཏེ་རེག་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་ པར་བསྒྲུབ་པར་བྱའོ། །རབ་འབྱོར། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། རྣ་བའི་འདུས་ ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་ཟད་པས། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། ། རབ་འབྱོར། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་།རབ་འབྱོར། ཡིད་ཀྱི་འདུས་ཏེ་རེག་པ་ལས་ [440A]༄༅། །བྱུང་བའི་ཚོར་བ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། སའི་ཁམས་མི་ཟད་པས། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཆུའི་ཁམས་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། མེའི་ཁམས་མི་ ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། རླུང་གི་ཁམས་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་ འབྱོར། ནམ་མཁའི་ཁམས་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། རྣམ་པར་ཤེས་པའི་ཁམས་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། མ་རིག་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། འདུ་བྱེད་མི་ཟད་པས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། རྣམ་པར་ཤེས་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་ འབྱོར། མིང་དང་གཟུགས་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། སྐྱེ་མཆེད་དྲུག་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ [440B] །རབ་འབྱོར། རེག་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་།རབ་འབྱོར། ཚོར་བ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། སྲེད་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ལེན་པ་མི་ཟད་པས། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། སྲིད་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། སྐྱེ་བ་མི་ཟད་པས། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། རྒ་ཤི་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་ པར་བསྒྲུབ་པར་བྱའོ། །རབ་འབྱོར། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ [441A]༄༅། །པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། ། རབ་འབྱོར། ནང་སྟོང་པ་ཉིད་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཕྱི་སྟོང་པ་ཉིད་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཕྱི་ནང་སྟོང་པ་ཉིད་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། སྟོང་པ་ ཉིད་སྟོང་པ་ཉིད་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཆེན་པོ་སྟོང་པ་ཉིད་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། དོན་དམ་པ་སྟོང་པ་ཉིད་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། འདུས་བྱས་སྟོང་པ་ ཉིད་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། འདུས་མ་བྱས་སྟོང་པ་ཉིད་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་ པར་བསྒྲུབ་པར་བྱའོ། །རབ་འབྱོར། མཐའ་ལས་འདས་པ་སྟོང་པ་ཉིད་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཐོག་མ་དང་ཐ་ [441B] ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། དོར་བ་མེད་པ་སྟོང་པ་ཉིད་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། རང་བཞིན་སྟོང་པ་ཉིད་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཆོས་ཐམས་ཅད་སྟོང་ པ་ཉིད་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། རང་གི་མཚན་ཉིད་སྟོང་པ་ཉིད་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་ བསྒྲུབ་པར་བྱའོ། །རབ་འབྱོར། མི་དམིགས་པ་སྟོང་པ་ཉིད་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་།རབ་འབྱོར། དངོས་པོ་མེད་པ་སྟོང་པ་ཉིད་མི་ ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ངོ་བོ་ཉིད་སྟོང་པ་ཉིད་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་ བྱའོ། །རབ་འབྱོར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། དྲན་པ་ཉེ་བར་བཞག་པ་མི་ ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཡང་དག་པར་སྤོང་བ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། ། [442A]༄༅། །རབ་འབྱོར། རྫུ་འཕྲུལ་གྱི་རྐང་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། དབང་པོ་མི་ཟད་པས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། སྟོབས་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། བྱང་ཆུབ་ཀྱི་ཡན་ ལག་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ལམ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ འཕགས་པའི་བདེན་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། བསམ་གཏན་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་ བསྒྲུབ་པར་བྱའོ། །རབ་འབྱོར། ཚད་མེད་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་གཟུགས་མེད་པའི་སྙོམས་པར་འཇུག་པ་མི་ཟད་ པས༑ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་།རབ་འབྱོར། རྣམ་པར་ཐར་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་ འབྱོར། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། རྣམ་པར་ཐར་པའི་སྒོ་སྟོང་ [442B] མཚན་མ་མེད་པ་དང། སྨོན་པ་མེད་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་།རབ་འབྱོར། མངོན་པར་ཤེས་པ་མི་ཟད་པས། ཤེས་རབ་ ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ཏིང་ངེ་འཛིན་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། གཟུངས་ཀྱི་སྒོ་མི་ཟད་ པས༑ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་།རབ་འབྱོར། དེ་བཞིན་གཤེགས་པའི་སྟོབས་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། ། རབ་འབྱོར། མི་འཇིགས་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། སོ་སོ་ཡང་དག་པར་རིག་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། བྱམས་པ་ཆེན་པོ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། སྙིང་རྗེ་ཆེན་པོ་མི་ཟད་པས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ རྒྱུན་དུ་ཞུགས་པའི་འབྲས་བུ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ལན་ཅིག་ཕྱིར་འོང་བའི་འབྲས་བུ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ [443A]༄༅། །པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཕྱིར་མི་འོང་བའི་འབྲས་བུ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་ འབྱོར། དགྲ་བཅོམ་པ་ཉིད་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། རང་བྱང་ཆུབ་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་ བསྒྲུབ་པར་བྱའོ། །རབ་འབྱོར། ལམ་གྱི་རྣམ་པ་ཤེས་པ་ཉིད་མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་།རབ་འབྱོར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ མི་ཟད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། གཞན་ཡང་གཟུགས་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཚོར་བ་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། འདུ་ཤེས་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། འདུ་བྱེད་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་ [443B] །རབ་འབྱོར་རྣམ་པར་ཤེས་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། མིག་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་ པར་བྱའོ། །རབ་འབྱོར། རྣ་བ་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ སྣ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ལྕེ་ནམ་མཁའ་ལྟར་ཟད་ མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ལུས་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཡིད་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། གཟུགས་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ [444A]༄༅། །ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་།རབ་འབྱོར། སྒྲ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། དྲི་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། རོ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་ བསྒྲུབ་པར་བྱའོ། །རབ་འབྱོར། རེག་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། ། རབ་འབྱོར། ཆོས་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། མིག་ གི་རྣམ་པར་ཤེས་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། རྣ་བའི་ རྣམ་པར་ཤེས་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། སྣའི་རྣམ་ [444B] བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ལྕེའི་རྣམ་པར་ ཤེས་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ལུས་ཀྱི་རྣམ་པར་ཤེས་ པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཡིད་ཀྱི་རྣམ་པར་ཤེས་པ་ནམ་ མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་།རབ་འབྱོར། མིག་གི་འདུས་ཏེ་རེག་པ་ནམ་མཁའ་ ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། རྣ་བའི་འདུས་ཏེ་རེག་པ་ནམ་མཁའ་ལྟར་ཟད་ མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། སྣའི་འདུས་ཏེ་རེག་པ་ནམ་མཁའ་ལྟར་ཟད་མི་ཤེས་ པས༑ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ལྕེའི་འདུས་ཏེ་རེག་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ [445A]༄༅། །ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ལུས་ཀྱི་འདུས་ཏེ་རེག་པ་ནམ་མཁའ་ ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཡིད་ཀྱི་འདུས་ཏེ་རེག་པ་ནམ་མཁའ་ལྟར་ ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། རྣ་བའི་འདུས་ཏེ་རེག་པ་ ལས་བྱུང་བའི་ཚོར་བ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་ བྱའོ༑ ༑རབ་འབྱོར། ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ [445B] །རབ་འབྱོར། ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། སའི་ཁམས་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཆུའི་ཁམས་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་།རབ་འབྱོར། མེའི་ཁམས་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། རླུང་གི་ཁམས་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ནམ་མཁའི་ཁམས་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་ [446A]༄༅། །བསྒྲུབ་པར་བྱའོ། །རབ་འབྱོར། རྣམ་པར་ཤེས་པའི་ཁམས་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། མ་རིག་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། འདུ་བྱེད་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། རྣམ་པར་ཤེས་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་ པར་བསྒྲུབ་པར་བྱའོ། །རབ་འབྱོར། མིང་དང་གཟུགས་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་ བསྒྲུབ་པར་བྱའོ། །རབ་འབྱོར། སྐྱེ་མཆེད་དྲུག་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་ བྱའོ༑ ༑རབ་འབྱོར། རེག་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཚོར་ [446B] བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། སྲེད་པ་ནམ་མཁའ་ལྟར་ཟད་ མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ལེན་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། སྲིད་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་།རབ་འབྱོར། སྐྱེ་བ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། རྒ་ཤི་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། ། རབ་འབྱོར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། བཟོད་ [447A]༄༅། །པའི་ཕ་རོལ་ཏུ་ཕྱིན་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་ པར་བྱའོ། །རབ་འབྱོར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་ བྱའོ༑ ༑རབ་འབྱོར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། ། རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་ འབྱོར། ནང་སྟོང་པ་ཉིད་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ ཕྱི་སྟོང་པ་ཉིད་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཕྱི་ ནང་སྟོང་པ་ཉིད་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། སྟོང་ [447B] བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཆེན་ པོ་སྟོང་པ་ཉིད་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། རབ་འབྱོར། དོན་དམ་ པ་སྟོང་པ་ཉིད་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། འདུས་ བྱས་སྟོང་པ་ཉིད་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། འདུས་མ་ བྱས་སྟོང་པ་ཉིད་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། མཐའ་ ལས་འདས་པ་སྟོང་པ་ཉིད་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཐོག་ མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། དོར་ [448A]༄༅། །བ་མེད་པ་སྟོང་པ་ཉིད་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་ པར་བསྒྲུབ་པར་བྱའོ། །རབ་འབྱོར། རང་བཞིན་སྟོང་པ་ཉིད་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་ པར་བསྒྲུབ་པར་བྱའོ། །རབ་འབྱོར། ཆོས་ཐམས་ཅད་སྟོང་པ་ཉིད་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། རང་གི་མཚན་ཉིད་སྟོང་པ་ཉིད་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་མི་དམིགས་པ་སྟོང་པ་ཉིད་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། དངོས་པོ་མེད་པ་སྟོང་པ་ཉིད་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ངོ་བོ་ཉིད་སྟོང་པ་ཉིད་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ [448B]བྱའོ། །རབ་འབྱོར། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། དྲན་པ་ཉེ་བར་བཞག་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཡང་དག་པར་སྤོང་བ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་།རབ་འབྱོར། རྫུ་འཕྲུལ་གྱི་རྐང་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། དབང་པོ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། སྟོབས་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་ བྱའོ༑ ༑རབ་འབྱོར། བྱང་ཆུབ་ཀྱི་ཡན་ལག་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། ། [449A]༄༅། །རབ་འབྱོར། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། འཕགས་པའི་བདེན་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། བསམ་གཏན་ནམ་མཁའ་ལྟར་ཟད་མི་ཤེས་པས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཚད་མེད་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། གཟུགས་མེད་པའི་སྙོམས་པར་འཇུག་པ་ནམ་མཁའ་ལྟར་ཟད་མི་ཤེས་པས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། རྣམ་པར་ཐར་པ་ནམ་མཁའ་ལྟར་ཟད་མི་ཤེས་པས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ནམ་ [449B] བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། རྣམ་པར་ཐར་པའི་སྒོ་སྟོང་ པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་ བསྒྲུབ་པར་བྱའོ། །རབ་འབྱོར། མངོན་པར་ཤེས་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་ བསྒྲུབ་པར་བྱའོ། །རབ་འབྱོར། ཏིང་ངེ་འཛིན་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་ བསྒྲུབ་པར་བྱའོ། །རབ་འབྱོར། གཟུངས་ཀྱི་སྒོ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་ བསྒྲུབ་པར་བྱའོ། །རབ་འབྱོར། དེ་བཞིན་གཤེགས་པའི་སྟོ་བས་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། མི་འཇིགས་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་ [450A]༄༅། །བསྒྲུབ་པར་བྱའོ། །རབ་འབྱོར། སོ་སོ་ཡང་དག་པར་རིག་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ།། རབ་འབྱོར། བྱམས་པ་ཆེན་པོ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། སྙིང་རྗེ་ཆེན་པོ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། རྒྱུན་དུ་ཞུགས་པའི་འབྲས་བུ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནམ་མཁའ་ལྟར་ཟད་མི་ཤེས་པས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ཕྱིར་མི་འོང་བའི་འབྲས་བུ་ནམ་མཁའ་ལྟར་ཟད་མི་ [450B] བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་དགྲ་བཅོམ་པ་ཉིད་ནམ་མཁའ་ལྟར་ཟད་མི་ ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། རང་བྱང་ཆུབ་ནམ་མཁའ་ལྟར་ཟད་མི་ཤེས་ པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། ལམ་གྱི་རྣམ་པ་ཤེས་པ་ཉིད་ནམ་མཁའ་ལྟར་ ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནམ་ མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་།རབ་འབྱོར། གཞན་ཡང་མ་རིག་པ་ནམ་ མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་།རབ་འབྱོར། འདུ་བྱེད་ནམ་མཁའ་ལྟར་ ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་རྣམ་པར་ཤེས་པ་ནམ་མཁའ་ལྟར་ཟད་ [451A]༄༅། །མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། མིང་ དང་གཟུགས་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ སྐྱེ་མཆེད་དྲུག་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ རེག་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ ཚོར་བ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ སྲེད་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར་ ལེན་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། སྲིད་ [451B] བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། སྐྱེ་བ་ནམ་མཁའ་ ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། རྒ་ཤི་དང། མྱ་ངན་དང། སྨྲེ་ སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང་འཁྲུག་པ་ནམ་མཁའ་ལྟར་ཟད་མི་ཤེས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱ་སྟེ། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། ། རབ་འབྱོར། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་ལྟ་བ་དང། ཤིན་ཏུ་རྣམ་པར་སྤང་བ་ལ་རྣམ་པར་ལྟ་བ་སྟེ། གང་དེ་ ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་ལྟ་བ་དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་པོ་བྱང་ཆུབ་ལ་འདུག་པའི་མ་འདྲེས་པའི་ཆོས་ཏེ། དེ་ལྟར་རྟེན་ཅིང་ འབྲེལ་པར་འབྱུང་བ་ལ་རྣམ་པར་ལྟ་བ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་འགྱུར་རོ། །རབ་འབྱོར། གང་ལ་ལ་ནམ་མཁའ་ལྟར་ཟད་མི་ཤེས་པས། མངོན་པར་ [452A]༄༅། །བསྒྲུབ་པ་འདིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རྣམ་པར་ལྟ་བ་དེ་ནི་ཉན་ཐོས་ཀྱི་སའམ། རང་སངས་ རྒྱས་ཀྱི་ས་ལ་གནས་པར་མི་འགྱུར་ཏེ། དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པར་འགྱུར་རོ། །རབ་འབྱོར་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་གང་ ཕྱིར་ལྡོག་པ་དེ་དག་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱ་བ་འདི་ལ་མ་བརྟེན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོས་ཇི་ལྟར་ནམ་མཁའ་ལྟར་ཟད་མི་ཤེས་པས་མངོན་པར་བསྒྲུབས་པས། ཇི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་ལྟ་བར་བྱ་བ་དང། མངོན་པར་ བསྒྲུབ་པར་བྱ་བ་མི་ཤེས་པས་ཕྱིར་ལྡོག་གོ་རབ་འབྱོར། གང་ཟག་བྱང་ཆུབ་སེམས་དཔའ་ཐེག་པ་པ་ཕྱིར་ལྡོག་པ་དེ་དག་ཐམས་ཅད་ནི། ཐབས་མཁས་པ་འདི་ལ་མ་བརྟེན་ པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་གོ་རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལས་ཕྱིར་མི་ལྡོག་པ་དེ་དག་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་པས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་སྟེ། དེ་ [452B]སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ནམ་མཁའ་ལྟར་ཟད་མི་ཤེས་པ་མངོན་པར་བསྒྲུབ་པས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་བལྟ་བར་བྱ། མངོན་པར་བསྒྲུབ་པར་བྱའོ། །རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། རྟེན་ཅིང་འབྲེལ་པར་འབྱུང་ བ་ལ་རྣམ་པར་ལྟ་བས་ནི། ཆོས་གང་ཡང་རྒྱུ་མེད་པ་ལས་བྱུང་བར་ཡང་དག་པར་རྗེས་སུ་མི་མཐོང། ཆོས་གང་ཡང་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང། ཆོས་གང་ཡང་འགག་ པར་ཡང་དག་པར་རྗེས་སུ་མི་མཐོང། ཆོས་གང་ཡང་བདག་ཏུ་ཡང་དག་པར་རྗེས་སུ་མི་མཐོང། སེམས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང། སྲོག་ཏུ་ཡང་དག་པར་རྗེས་སུ་མི་མཐོང་ འགྲོ་བར་ཡང་དག་པར་རྗེས་སུ་མི་མཐོང། གསོ་བར་ཡང་དག་པར་རྗེས་སུ་མི་མཐོང། སྐྱེས་བུར་ཡང་དག་པར་རྗེས་སུ་མི་མཐོང། གང་ཟག་ཏུ་ཡང་དག་པར་རྗེས་སུ་མི་མཐོང། ཤེད་ཅན་ དུ་ཡང་དག་པར་རྗེས་སུ་མི་མཐོང། ཤེད་བདག་ཏུ་ཡང་དག་པར་རྗེས་སུ་མི་མཐོང། བྱེད་པ་པོར་ཡང་དག་པར་རྗེས་སུ་མི་མཐོང། བྱེད་དུ་འཇུག་པ་པོར་ཡང་དག་པར་རྗེས་སུ་མི་མཐོང་ སློང་བ་པོར་ཡང་དག་པར་རྗེས་སུ་མི་མཐོང། ཡོངས་སུ་སློང་བ་པོར་ཡང་དག་པར་རྗེས་སུ་མི་མཐོང། ཚོར་བ་པོར་ཡང་དག་པར་རྗེས་སུ་མི་མཐོང། ཚོར་དུ་འཇུག་པ་པོར་ཡང་དག་པར་ [453A]༄༅། །རྗེས་སུ་མི་མཐོང། ཤེས་པ་པོར་ཡང་དག་པར་རྗེས་སུ་མི་མཐོང། ལྟ་བ་བོར་ཡང་དག་པར་རྗེས་སུ་མི་མཐོང། རྟག་པར་ཡང་དག་པར་རྗེས་སུ་མི་མཐོང་ མི་རྟག་པར་ཡང་དག་པར་རྗེས་སུ་མི་མཐོང། བདེ་བར་ཡང་དག་པར་རྗེས་སུ་མི་མཐོང། སྡུག་བསྔལ་བར་ཡང་དག་པར་རྗེས་སུ་མི་མཐོང། བདག་ཏུ་ཡང་དག་པར་རྗེས་སུ་མི་ མཐོང། བདག་མེད་པར་ཡང་དག་པར་རྗེས་སུ་མི་མཐོང། ཞི་བར་ཡང་དག་པར་རྗེས་སུ་མི་མཐོང། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རབ་འབྱོར། དེ་ལྟར་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྟེན་ཅིང་འབྲེལ་པར་འབྱུང་པ་ལ་རྣམ་པར་བལྟ་བར་བྱའོ། །རབ་འབྱོར། གང་གི་ཚེ་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེའི་ཚེ། གཟུགས་རྟག་པའམ། མི་རྟག་པའམ། བདེ་བའམ་སྡུག་བསྔལ་བའམ། བདག་ཡོད་ པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཚོར་བ་རྟག་པའམ། མི་རྟག་པའམ། བདེ་བའམ་སྡུག་བསྔལ་བའམ། བདག་ཡོད་ པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །འདུ་ཤེས་རྟག་པའམ། མི་རྟག་པའམ། བདེ་བའམ་སྡུག་བསྔལ་བའམ། བདག་ [453B] བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །འདུ་བྱེད་རྟག་པའམ། མི་རྟག་པ་འམ་བདེ་བའམ། སྡུག་བསྔལ་བའམ། བདག་ ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྣམ་པར་ཤེས་པ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ་ བདག་ཡོད་པའམ། བདག་མེད་པའམ། ཞི་བ་འམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མིག་རྟག་པ་འམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ ཡོད་པ་འམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྣ་བ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ ཡོད་པའམ། བདག་མེད་པའམ། ཞི་བ་འམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྣ་རྟག་པ་འམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་ པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ལྕེ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་ པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ལུས་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་ [454A]༄༅། །པ་འམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཡིད་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་ བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །གཟུགས་རྟག་པའམ། མི་རྟག་པའམ། བདེ་བའམ་ སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྒྲ་རྟག་པའམ། མི་རྟག་པའམ། བདེ་བའམ་ སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དྲི་རྟག་པའམ། མི་རྟག་པའམ། བདེ་བའམ་ སྡུག་བསྔལ་བའམ། བདག་ཡོད་པ་འམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རོ་རྟག་པའམ། མི་རྟག་པའམ། བདེ་བའམ་ སྡུག་བསྔལ་བའམ། བདག་ཡོད་པ་འམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རེག་རྟག་པའམ། མི་རྟག་པའམ། བདེ་བའམ་ སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཆོས་རྟག་པའམ། མི་རྟག་པའམ། བདེ་བའམ་ [454B] བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མིག་གི་རྣམ་པར་ཤེས་པ་རྟག་པའམ། མི་རྟག་པའམ་ བདེ་བའམ། སྡུག་བསྔལ་བ་འམ། བདག་ཡོད་པའམ། བདག་མེད་པའམ་ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྣ་བའི་རྣམ་པར་ཤེས་པ་རྟག་པ་འམ། མི་ རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྣའི་རྣམ་པར་ཤེས་པ་རྟག་ པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ལྕེའི་རྣམ་པར་ ཤེས་པ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ་བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། ། ལུས་ཀྱི་རྣམ་པར་ཤེས་པ་རྟག་པའམ། མི་རྟག་པའམ། བདེ་བའམ་སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་ སུ་མི་མཐོང་ངོ། །ཡིད་ཀྱི་རྣམ་པར་ཤེས་པ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བ་འམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་ [455A]༄༅། །དག་པར་རྗེས་སུ་མི་མཐོང་ངོ། །མིག་གི་འདུས་ཏེ་རེག་པ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བ་འམ། བདག་ཡོད་ པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྣ་བའི་འདུས་ཏེ་རེག་པ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་ བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྣའི་འདུས་ཏེ་རེག་པ་རྟག་པ་འམ་མི་རྟག་པའམ། བདེ་བའམ་ སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པ་འམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ལྕེའི་འདུས་ཏེ་རེག་པ་རྟག་པའམ། མི་རྟག་པའམ་ བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བ་འམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ལུས་ཀྱི་འདུས་ཏེ་རེག་པ་རྟག་པའམ་ མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཡིད་ཀྱི་འདུས་ཏེ་ རེག་པ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ་བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། ། [455B] མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་ རྗེས་སུ་མི་མཐོང་ངོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བ་འམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ་ མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྟག་པའམ། མི་རྟག་པའམ། བདེ་བའམ་སྡུག་བསྔལ་བའམ། བདག་ཡོད་པའམ། བདག་ མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར། ཡང་དག་པར་རྗེས་སུ་མི་མཐོང་ངོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྟག་པའམ། མི་རྟག་པའམ། བདེ་བའམ་ སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྟག་པའམ་ མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་བར་རྗེས་སུ་མི་མཐོང་ངོ། །སའི་ཁམས་རྟག་པའམ། མི་ [456A]༄༅། །རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་ མཐོང་ངོ། །ཆུའི་ཁམས་རྟག་པའམ། མི་རྟག་པའམ། བདེ་བའམ་སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་ རྗེས་སུ་མི་མཐོང་ངོ། །མེའི་ཁམས་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བ་འམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་ པར་རྗེས་སུ་མི་མཐོང་ངོ། །རླུང་གི་ཁམས་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ ཡང་དག་པར་རྗེས་སུ་མི་མཐོང་ངོ། །ནམ་མཁའི་ཁམས་རྟག་པའམ་མི་རྟག་པའམ། བདེ་བ་འམ། སྡུག་བསྔལ་བའམ། བདག་ཡོད་པའམ་བདག་མེད་པའམ། ཞི་བའམ་ མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྣམ་པར་ཤེས་པའི་ཁམས་རྟག་པའམ། མི་རྟག་པའམ། བདེ་བ་འམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་ པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་།འདུ་བྱེད་རྟག་པའམ། མི་རྟག་པའམ། བདེ་བ་འམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་ [456B] ཞི་བ་འམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། འདུ་བྱེད་རྟག་པའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ་ ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྣམ་པར་ཤེས་པ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བ་འམ། བདག་ཡོད་པའམ། བདག་མེད་པའམ་ ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མིང་དང་གཟུགས་རྟག་པ་འམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པ་འམ། བདག་མེད་པའམ་ ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྐྱེ་མཆེད་དྲུག་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ་ ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རེག་པ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་ བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཚོར་བ་རྟག་པའམ། མི་རྟག་པ་འམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པ་འམ། །ཞི་ བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྲེད་པ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་ [457A]༄༅། །བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་།ལེན་པ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ་བདག་ཡོད་པའམ་ བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྲིད་པ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ་ བདག་མེད་པའམ། ཞི་བ་འམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྐྱེ་བ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ་ བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྒ་ཤི་རྟག་པའམ། མི་རྟག་པའམ། བདེ་བ་འམ། སྡུག་བསྔལ་བའམ། བདག་ཡོད་པའམ་ བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྟག་པའམ། མི་རྟག་པའམ། བདེ་བ་འམ། སྡུག་བསྔལ་བའམ་ བདག་ཡོད་པའམ། བདག་མེད་པའམ། ཞི་བ་འམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་པའམ། མི་རྟག་པའམ་ བདེ་བ་འམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ་ཞི་བ་འམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྟག་པའམ་ [457B] བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་ པ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པ་རྟག་པའམ། མི་རྟག་པའམ། བདེ་བའམ་སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་ མཐོང་ངོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་ དག་པར་རྗེས་སུ་མི་མཐོང་ངོ། །ནང་སྟོང་པ་ཉིད་རྟག་པ་འམ་མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པ་འམ་བདག་མེད་པའམ། ཞི་བའམ། མ་ཞི་ བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཕྱི་སྟོང་པ་ཉིད་རྟག་པའམ། མི་རྟག་པ་འམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ་ མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཕྱི་ནང་སྟོང་པ་ཉིད་རྟག་པའམ། མི་རྟག་པའམ། བདེ་བ་འམ། སྡུག་བསྔལ་བའམ་བདག་ཡོད་པའམ། བདག་མེད་པའམ་ [458A]༄༅། །ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྟོང་པ་ཉིད་སྟོང་པ་ཉིད་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་ བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། ཆེན་པོ་སྟོང་པ་ཉིད་པའམ། མི་རྟག་པའམ། བདེ་བའམ་ སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དོན་དམ་པ་སྟོང་པ་ཉིད་རྟག་པའམ། མི་རྟག་ པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་།འདུས་བྱས་སྟོང་པ་ཉིད་ རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །འདུས་མ་བྱས་ སྟོང་པ་ཉིད་རྟག་པའམ། མི་རྟག་པ་འམ། བདེ་བའམ། སྡུག་བསྔལ་པའམ། བདག་ཡོད་པའམ། བདག་མེད་པ་འམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། ། མཐའ་ལས་འདས་པ་སྟོང་པ་ཉིད་རྟག་པའམ། མི་རྟག་པ་འམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་ [458B] །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ ཡང་དག་པར་རྗེས་སུ་མི་མཐོང་ངོ། །དོར་བ་མེད་པ་སྟོང་པ་ཉིད་རྟག་པའམ། མི་རྟག་པ་འམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པ་འམ། ཞི་བའམ་ མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རང་བཞིན་སྟོང་པ་ཉིད་རྟག་པའམ། མི་རྟག་པའམ། བདེ་བ་འམ། སྡུག་བསྔལ་བའམ་བདག་ཡོད་པའམ། བདག་མེད་པའམ། ཞི་ བ་འམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཆོས་ཐམས་ཅད་སྟོང་པ་ཉིད་རྟག་པའམ། མི་རྟག་པའམ། བདེ་བའམ་སྡུག་བསྔལ་བའམ། བདག་ཡོད་པའམ། བདག་ མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རང་གི་མཚན་ཉིད་སྟོང་པ་ཉིད་རྟག་པའམ། མི་རྟག་པའམ་བདེ་བའམ། སྡུག་བསྔལ་བའམ། བདག་ ཡོད་པའམ། བདག་མེད་པའམ། ཞི་བ་འམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མི་དམིགས་པ་སྟོང་པ་ཉིད་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་ བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དངོས་པོ་མེད་པ་སྟོང་པ་ཉིད་རྟག་པའམ། མི་རྟག་པའམ། བདེ་ [459A]༄༅། །བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་།ངོ་བོ་ཉིད་སྟོང་པ་ཉིད་ རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དངོས་པོ་ མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བ་འམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་ པར་རྗེས་སུ་མི་མཐོང་ངོ། །དྲན་པ་ཉེ་བར་བཞག་པ་བཞི་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ་ མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཡང་དག་པར་སྤོང་བ་བཞི་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་ པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་།རྫུ་འཕྲུལ་གྱི་རྐང་པ་བཞི་རྟག་པ་འམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ ཡོད་པ་འམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དབང་པོ་ལྔ་རྟག་པའམ། མི་རྟག་པའམ་བདེ་བ་འམ། སྡུག་བསྔལ་བའམ་ [459B] བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྟོབས་ལྔ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བ་འམ་ བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །བྱང་ཆུབ་ཀྱི་ཡན་ལག་བདུན་རྟག་པའམ། མི་རྟག་པའམ། བདེ་བའམ་ སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་རྟག་ པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །འཕགས་ པའི་བདེན་པ་བཞི་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་ མཐོང་ངོ། །བསམ་གཏན་བཞི་རྟག་པའམ། མི་རྟག་པའམ། བདེ་བའམ་སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་ པར་རྗེས་སུ་མི་མཐོང་ངོ། །ཚད་མེད་པ་བཞི་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་ [460A]༄༅། །བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་རྟག་པའམ། མི་རྟག་པའམ། བདེ་བའམ་སྡུག་བསྔལ་ བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྣམ་པར་ཐར་པ་བརྒྱད་རྟག་པའམ། མི་རྟག་པའམ། བདེ་བའམ་ སྡུག་བསྔལ་བ་འམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ དགུ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྣམ་ པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་ པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་།མངོན་པར་ཤེས་པ་རྣམས་རྟག་པའམ། མི་རྟག་པའམ། བདེ་བའམ་སྡུག་བསྔལ་བའམ། བདག་ཡོད་ པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཏིང་ངེ་འཛིན་རྣམས་རྟག་པའམ། མི་རྟག་པའམ་བདེ་བའམ། སྡུག་བསྔལ་བའམ་ [460B] བདག་མེད་པ་འམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །གཟུངས་ཀྱི་སྒོ་རྣམས་རྟག་པའམ་མི་རྟག་པའམ། བདེ་བའམ། སྡུག་བསྔལ་ བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་རྟག་པའམ། མི་རྟག་པའམ། བདེ་ བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མི་འཇིགས་པ་བཞི་རྟག་པའམ། མི་རྟག་པའམ་ བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སོ་སོ་ཡང་དག་པར་རིག་པ་བཞི་རྟག་པ་འམ་ མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པ་འམ་བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །བྱམས་པ་ཆེན་པོ་རྟག་ པའམ། མི་རྟག་པ་འམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྙིང་རྗེ་ཆེན་ པོ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བ་འམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སངས་ [461A]༄༅། །རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ་ ཞི་བའམ༑ མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྒྱུན་དུ་ཞུགས་པའི་འབྲས་བུ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ་ བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་རྟག་པའམ། མི་རྟག་པའམ། བདེ་བའམ། སྡུག་བསྔལ་ བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཕྱིར་མི་འོང་བའི་འབྲས་བུ་རྟག་པའམ། མི་རྟག་པའམ། བདེ་ བའམ། སྡུག་བསྔལ་བ་འམ། བདག་ཡོད་པའམ། བདག་མེད་པའམ། ཞི་བ་འམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དགྲ་བཅོམ་པ་ཉིད་རྟག་པ་འམ། མི་རྟག་ པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པ་འམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་།རང་བྱང་ཆུབ་རྟག་པའམ་ མི་རྟག་པའམ། བདེ་བའམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པ་འམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ལམ་གྱི་རྣམ་པ་ [461B] མི་རྟག་པའམ། བདེ་བ་འམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བའམ། མ་ཞི་བར་ཡང་དག་པར་རྗེས་སུ་མི་ མཐོང་ངོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྟག་པའམ། མི་རྟག་པའམ། བདེ་བ་འམ། སྡུག་བསྔལ་བའམ། བདག་ཡོད་པའམ། བདག་མེད་པའམ། ཞི་བ་འམ། མ་ཞི་ བར་ཡང་དག་པར་རྗེས་སུ་མི་མཐོང་ངོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་ང་གསུམ་པ་དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། དེ་ནི་ འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་ གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ་།བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་ སུ་མི་མཐོང་སྟེ། ཆོས་གང་གིས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །བརྩོན་འགྲུས་ཀྱི་ ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་ [462A]༄༅། །མི་མཐོང་ངོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མཐོང་ བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ་།ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་ གིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ་།ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་ གང་གིས་ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཕྱི་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་ ཕྱི་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཕྱི་ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་ ཕྱི་ནང་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྟོང་པ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་ [462B]བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ་།ཆེན་པོ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་ གིས་ཆེན་པོ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དོན་དམ་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ ཆོས་གང་གིས་དོན་དམ་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །འདུས་བྱས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་ མི་མཐོང་སྟེ། ཆོས་གང་གིས་འདུས་བྱས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །འདུས་མ་བྱས་སྟོང་པ་ཉིད་ཡང་ དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་འདུས་མ་བྱས་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མཐའ་ལས་ འདས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་མཐའ་ལས་འདས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་ རྗེས་སུ་མི་མཐོང་ངོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་ [463A]༄༅། །འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དོར་བ་མེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་དོར་བ་མེད་པ་ སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རང་བཞིན་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་ རང་བཞིན་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ ཆོས་གང་གིས་ཆོས་ཐམས་ཅད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡང་དག་པར་ རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་རང་གི་མཚན་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མི་དམིགས་པ་སྟོང་ པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་མི་དམིགས་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། ། དངོས་པོ་མེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཆོས་གང་གིས་དངོས་པོ་མེད་པ་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་ [463B] །ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་ པར་རྗེས་སུ་མི་མཐོང་ངོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡང་དག་པར་རྗེས་སུ་ མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དྲན་པ་ཉེ་བར་བཞག་པ་བཞི་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་དྲན་པ་ཉེ་བར་བཞག་པ་བཞི་ ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཡང་དག་པར་སྤོང་བ་བཞི་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་ཡང་དག་ པར་སྤོང་བ་བཞི་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་ གིས་རྫུ་འཕྲུལ་གྱི་རྐང་པ་བཞི་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དབང་པོ་ལྔ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་ གང་གིས་དབང་པོ་ལྔ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྟོབས་ལྔ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་སྟོབས་ [464A]༄༅། །ལྔ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཡང་དག་པར་རྗེས་སུ་མི་ མཐོང་སྟེ། ཆོས་གང་གིས་བྱང་ཆུབ་ཀྱི་ཡན་ལག་བདུན་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །འཕགས་པའི་ལམ་ཡན་ལག་ བརྒྱད་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་ རྗེས་སུ་མི་མཐོང་ངོ། །འཕགས་པའི་བདེན་པ་བཞི་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་འཕགས་པའི་བདེན་པ་བཞི་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་ བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །བསམ་གཏན་བཞི་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་བསམ་གཏན་བཞི་ཡང་དག་པར་རྗེས་སུ་མཐོང་བར་ འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཚད་མེད་པ་བཞི་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་ཚད་མེད་པ་བཞི་ཡང་དག་པར་རྗེས་སུ་མཐོང་བར་ འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་གཟུགས་མེད་པའི་ [464B]འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྣམ་པར་ཐར་པ་བརྒྱད་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ ཆོས་གང་གིས་རྣམ་པར་ཐར་པ་བརྒྱད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ་།མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ དགུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་ པར་རྗེས་སུ་མི་མཐོང་ངོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་རྣམ་པར་ཐར་པའི་ སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མངོན་པར་ཤེས་པ་རྣམས་ ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་མངོན་པར་ཤེས་པ་རྣམས་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཏིང་ངེ་ འཛིན་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་ཏིང་ངེ་འཛིན་རྣམས་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ [465A]༄༅། །གཟུངས་ཀྱི་སྒོ་རྣམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་གཟུངས་ཀྱི་སྒོ་རྣམས་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་ དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་དག་པར་རྗེས་སུ་ མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །མི་འཇིགས་པ་བཞི་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་མི་འཇིགས་པ་བཞི་ཡང་དག་ པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། སོ་སོ་ཡང་དག་པར་རིག་པ་བཞི་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་སོ་སོ་ ཡང་དག་པར་རིག་པ་བཞི་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སྙིང་རྗེ་ཆེན་པོ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་ གང་གིས་སྙིང་རྗེ་ཆེན་པོ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡང་དག་པར་ རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། ། [465B]སྟེ། ཆོས་གང་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་ རྗེས་སུ་མི་མཐོང་ངོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་དག་པར་རྗེས་སུ་མཐོང་བར་ འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཕྱིར་མི་འོང་བའི་འབྲས་བུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་ཕྱིར་མི་འོང་བའི་འབྲས་བུ་ཡང་དག་པར་ རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །དགྲ་བཅོམ་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་དགྲ་བཅོམ་པ་ཉིད་ཡང་དག་ པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རང་བྱང་ཆུབ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་རང་བྱང་ཆུབ་ཡང་དག་པར་རྗེས་ སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་གང་གིས་ལམ་གྱི་རྣམ་པར་ཤེས་ པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་ [466A]༄༅། །གང་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡང་དག་པར་རྗེས་སུ་མཐོང་བར་འགྱུར་བའི་ཆོས་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །ཆོས་གང་གིས་ བག་ཆགས་ཀྱི་མཚམས་སྦྱོར་བ་ཐམས་ཅད་སྤང་བར་བྱ་བ་དེའང་ཡང་དག་པར་རྗེས་སུ་མི་མཐོང་ངོ། །རབ་འབྱོར། དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཆོས་ཐམས་ ཅད་མི་དམིགས་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །རབ་འབྱོར། གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་མི་དམིགས་ པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདུད་སྡིག་ཏོ་ཅན་མྱ་ངན་གྱི་ཟུག་རྔུས་ཟུག་པར་འགྱུར་རོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། སྐྱེས་བུ་ཞིག་ཕ་མ་འཆི་བའི་དུས་བྱས་པར་གྱུར་ན། མྱ་ངན་ གྱི་ཟུག་རྔུས་ཟུག་པར་འགྱུར་ཏེ། མྱ་ངན་གྱི་ཟུག་རྔུ་མི་བཟད་པ་དང་ལྡན་པར་འགྱུར་རོ། །རབ་འབྱོར། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་མི་དམིགས་པར་ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བདུད་སྡིག་ཏོ་ཅན་མྱ་ངན་གྱི་ཟུག་རྔུས་ཟུག་པར་འགྱུར་ཏེ། མྱ་ངན་གྱི་ཟུག་རྔུ་མི་བཟད་པ་དང་ལྡན་པར་འགྱུར་རོ། །རབ་འབྱོར་གྱིས་གསོལ་ པ༑ ཅི་ལགས། བཅོམ་ལྡན་འདས། བདུད་སྡིག་ཏོ་ཅན་གཅིག་འགའ་ཞིག་མྱ་ངན་གྱི་ཟུག་རྔུ་མི་བཟད་པས་ཟུག་པར་འགྱུར་རམ། འོན་ཏེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ [466B] བདུད་སྡིག་ཏོ་ཅན་གང་ཇི་སྙེད་ཅིག་མཆིས་པ་དེ་དག་ཐམས་ཅད་མྱ་ངན་གྱི་ཟུག་རྔུ་མི་བཟད་པས་ཟུག་པར་འགྱུར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ནམ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་སྤྱོད་པས་རྣམ་པར་སྤྱོད་པའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་བདུད་སྡིག་ཏོ་ ཅན་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་མྱ་ངན་གྱི་ཟུག་རྔུ་མི་བཟད་པས་ཟུག་པར་འགྱུར་ཏེ། རང་རང་གི་སྟན་ལ་འདུག་མི་འདོད་དོ། །དེ་ལྟར་རྣམ་པར་སྤྱོད་པའི་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ལ་ནི། ལྷ་དང། མི་དང། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་གང་གི་ཕྱིར། དེ་བཟུང་ཞིང་ཕྱིར་བཟློག་པའི་གླགས་མི་རྙེད། གཏིང་མི་ རྙེད་དོ། །རབ་འབྱོར། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣམ་པར་སྤྱོད་པས། རྣམ་པར་སྤྱད་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་སྤྱོད་པས་རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ [467A]༄༅། །ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བསམ་གཏན་ གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ལ་རྣམ་པར་སྤྱོད་པས། རྣམ་པར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་ ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ བ་ལགས། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས། བཅོམ་ [467B] རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ ཞིང། སྦྱིན་པ་དེ་དག་ཡོངས་སུ་གཏོང་སྟེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ རོ༑ །རབ་འབྱོར། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། རབ་འབྱོར། འདི་ལ་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་བསྲུང་བའི་ཚེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ཞིང། ཚུལ་ཁྲིམས་དེ་དག་བསྲུངས་ཏེ། དེ་ལྟར་ན། རབ་ འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པ་བསྒྲུབ་ པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ཞིང། བཟོད་པ་དེ་བསྒོམ་སྟེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བཟོད་པའི་ཕ་ [468A]༄༅། །རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ་།རབ་འབྱོར། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན་རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་རྩོམ་པའི་ཚེ། རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ཞིང། བརྩོན་འགྲུས་དེ་རྩོམ་སྟེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །རབ་འབྱོར། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་ འགྱུར་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་ལ་སྙོམས་པར་འཇུག་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ ཞིང། བསམ་གཏན་དེ་དག་ལ་སྙོམས་པར་འཇུག་སྟེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་ སུ་རྫོགས་པར་འགྱུར་རོ། །རབ་འབྱོར། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། རབ་ [468B] འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་ཚེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་ཞིང། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་དེ་བསྒོམ་སྟེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་ཚེ་དང་ལྡན་ པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ ཤིང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་ པ་ཡོངས་སུ་གཏོང་ཞིང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་བའི་ཚེ། སེམས་ཅན་རྣམས་ལ་བྱམས་པའི་ལུས་ཀྱི་ལས་དང། བྱམས་པའི་ངག་གི་ལས་དང། བྱམས་པའི་ ཡིད་ཀྱི་ལས་ཉེ་བར་གནས་པར་འགྱུར་ཏེ། དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ [469A]༄༅། །སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། ལེན་པ་རྣམས་གཤེ་ཞིང་འཁྱལ་ལ་ཚུལ་མ་ ཡིན་པའི་ཚིག་རྩུབ་པོས་མི་སྙན་པར་བརྗོད་ཀྱང། དེ་དེ་དག་ལ་གནོད་པའི་སེམས་མི་སྐྱེད་དེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ ཏུ་ཕྱིན་པ་ལ་གནས་ཤིང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། ལེན་པ་དེ་དག་གཤེ་ཞིང་འཁྱལ་ལ། ཚུལ་མ་ཡིན་པའི་ཚིག་རྩུབ་པོས་མི་སྙན་པར་བརྗོད་དོ། །དེ་ལྟར་སྤྱོ་བ་དང་ བཀྱལ་བ་དང། ཚུལ་མ་ཡིན་པའི་ཚིག་རྩུབ་པོས་མི་སྙན་པར་བརྗོད་ཀྱང་སྦྱིན་པའི་བློ་དང། ཡོངས་སུ་གཏོང་བའི་བློ་ཉིད་དུ་འགྱུར་ཏེ། བདག་གིས་སྦྱིན་པ་ཡོངས་སུ་གཏང་ བར་བྱ་སྟེ། བདག་གིས་ནི་སྦྱིན་པ་ཡོངས་སུ་མི་གཏང་བར་མི་བྱའོ་ཞེས་དེ་ལུས་དང་སེམས་ཀྱི་བརྩོན་འགྲུས་སྐྱེད་དེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ [469B]བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ་བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོའི། གཞན་དུ་ ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་དེའི་སེམས་འཇུག་སྟེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ་བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པས། སྦྱིན་པ་ ཡོངས་སུ་གཏོང་ཞིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་སྦྱིན་པ་སྦྱིན་ཞིང་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། དེ་རྟག་ཏུ་སྦྱིན་པ་ལ་སྒྱུ་མའི་བློ་ཉེ་བར་གནས་ཤིང་སྦྱིན་པ་དེས་སེམས་ཅན་གང་ལའང་ཕན་པའམ། མི་ཕན་པར་ [470A]༄༅། །གྱུར་པ་མི་མཐོང་སྟེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ གནས་ཤིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ལྔ་བཅུ་གཅིག་པའོ།། །།དེ་ནས་ ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ནི། ལུས་སམ། ངག་གམ། སེམས་ཀྱི་སྡོམ་པ་གང་ཡང་རུང་སྟེ། སྡོམ་པ་དེས་ཉེན་ཐོས་ཀྱི་སའམ་ རང་སངས་རྒྱས་ཀྱི་ས་ལ་རེག་པར་མི་བྱེད་དོ། དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སེམས་ཅན་རྣམས་ཀྱི་སྲོག་མི་གཅོད་དོ། །མ་བྱིན་པར་མི་ལེན་ཏོ། །འདོད་པས་ ལོག་པར་མི་གཡེམ་མོ། །རྫུན་གྱི་ཚིག་མི་སྨྲའོ། །ཕྲ་མའི་ཚིག་མི་སྨྲའོ། །ཞེ་གཅོད་པའི་ཚིག་རྩུབ་པོ་མི་སྨྲའོ། །ཚིག་བཀྱལ་པ་མི་སྨྲའོ། །ཆགས་སེམས་སུ་མི་བྱེད་དོ། །གནོད་ [470B] །ལོག་པར་མི་ལྟའོ། །དེ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གནས་ཤིང། ཟས་འདོད་པ་ལ་ཟས། སྐོམ་འདོད་པ་ལ་སྐོམ། བཞོན་པ་འདོད་པ་ལ་བཞོན་པ་ གོས་འདོད་པ་ལ་གོས། མེ་ཏོག་འདོད་པ་ལ་མེ་ཏོག་ཕྲེང་བ་འདོད་པ་ལ་ཕྲེང་བ། སྤོས་འདོད་པ་ལ་སྤོས། བྱུག་པ་འདོད་པ་ལ་བྱུག་པ་མལ་སྟན་འདོད་པ་ལ་མལ་སྟན། གནས་ འདོད་པ་ལ་གནས། འཚོ་བ་འདོད་པ་ལ་འཚོ་བ། ཡོ་བྱད་འདོད་པ་ལ་ཡོ་བྱད་ཡོངས་སུ་གཏོང་བ་ནས་མིའི་ཡོ་བྱད་གང་ཅིའང་རུང་བའི་བར་དུ་འདོད་པ་རྣམས་ལ་མིའི་ཡོ་བྱད་གང་ ཅིའང་རུང་བ་དག་ཡོངས་སུ་གཏོང་ཞིང། སྦྱིན་པ་དེ་ལྟར་གཏོང་བའི་ཚེ། སྦྱིན་པ་དེ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ ཏུ་ཡོངས་སུ་བསྔོའོ། །དེའང་ཅི་ནས་ཀྱང་བསྔོ་བ་དེས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་མི་འགྱུར་བར་ཡོངས་སུ་བསྔོ་སྟེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ [471A]༄༅། །སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་དྲུང་དུ་སེམས་ཅན་ ཐམས་ཅད་ལྷགས་ནས། ཡན་ལག་དང་ཉིང་ལག་རྣམས་བཅད་གཏུབས་ཏེ་དོང་ཡང། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཁྲུག་པ་མེད་དོ། །གནོད་པའི་ སེམས་གཅིག་ཀྱང་མི་སྐྱེད་དོ། །གཞན་དུ་ན་དེ་འདི་སྙམ་དུ་སེམས་ཏེ། དེ་ལྟར་སེམས་ཅན་ཐམས་ཅད་ཀྱིས་བདག་གི་ཡན་ལག་དང་ཉིང་ལག་བཅད་གཏུབས་ཏེ་དོང་བ་ ནི༑ བདག་གིས་ཐོབ་པར་བྱ་བ་ལེགས་པར་ཐོབ་བོ། །བདག་གི་ལུས་རུལ་བ་འདི་ཡོངས་སུ་བཏང་བས། དེ་བཞིན་གཤེགས་པའི་སྐུ་ལྷ་རྗེས་ཀྱི་རྡོ་རྗེ་ལས་བྱུང་བ་ཐོབ་པར་བྱའོ་ སྙམ་སྟེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་ [471B] སེམས་ཅན་ཐམས་ཅད་བདག་གིས་འཁོར་བ་ལས་བསྒྲལ་ཏེ། འཆི་བ་མེད་པའི་དབྱིངས་སུ་དགོད་པར་བྱའོ་ཞེས་ལུས་དང་སེམས་ཀྱི་བརྩོན་འགྲུས་ ཉམས་པར་མི་བྱེད་དེ། དགེ་བའི་རྩ་བ་དེའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། ཅི་ནས་ཀྱང་གང་ཡོངས་སུ་བསྔོ་བ་དང། ཅི་ཡོངས་སུ་བསྔོ་བ་དང་ གང་ལ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གསུམ་དུ་མི་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་སྟེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་གནས་ཤིང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། གང་གི་ ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་པ་དང། བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་པ་དང། བསམ་གཏན་ གསུམ་པ་ལ་སྙོམས་པར་འཇུག་པ་དང། བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་པ་དང། བྱམས་པ་ལ་སྙོམས་པར་འཇུག་པ་དང། སྙིང་རྗེ་ལ་སྙོམས་པར་འཇུག་པ་དང་ [472A]༄༅། །དགའ་བ་ལ་སྙོམས་པར་འཇུག་པ་དང། བཏང་སྙོམས་ལ་སྙོམས་པར་འཇུག་པ་དང། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་ པ་དང། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང། ཅུང་ཟད་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་པ་དང་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ ལ་སྙོམས་པར་འཇུག་པ་དང། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་པའི་ཚེ། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་དམིགས་པ་མེད་དེ། གཞན་དུ་ ན་དེ་འདི་སྙམ་དུ། བདག་གིས་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཏེ། སེམས་ཅན་ཐམས་ཅད་འཁོར་བ་ལས་ཡོངས་སུ་དགྲོལ་བར་བྱའོ་སྙམ་སྟེ། རབ་འབྱོར། དེ་ ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ་ བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཆོས་ [472B] འདུས་མ་བྱས་སུ་མི་མཐོང། དངོས་པོ་ཡོད་པ་འདུས་བྱས་སུ་མི་མཐོང། དངོས་པོ་མེད་པ་འདུས་མ་བྱས་སུ་མི་མཐོང། མཚན་མ་ཡོད་པ་འདུས་བྱས་ སུ་མི་མཐོང། མཚན་མ་མེད་པ་འདུས་མ་བྱས་སུ་མི་མཐོང་སྟེ་གཞན་དུ་ན་ཆོས་གང་ཡང་དེ་བཞིན་ཉིད་ལས་འདའ་བ་མེད་པ་ལས་ཕར་ཆོས་གང་ཡང་ཡོད་པའམ། མེད་པར་ཡང་དག་པར་ རྗེས་སུ་མི་མཐོང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པས། དེས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་མི་ལྟུང་སྟེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་།གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་པའི་བར་དུ་སྦྱིན་པ་ཡོངས་སུ་གཏོང་བའི་ཚེ། སེམས་ཅན་ཐམས་ ཅད་གཤེ་ཞིང་འཁྱལ་ལ། ཡན་ལག་དང་ཉིང་ལག་གཅོད་པར་གྱུར་ཀྱང། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་འདི་སྙམ་དུ་སེམས་ [473A]༄༅། །ཏེ༑ སེམས་ཅན་འདི་དག་ལ་ནི་བདག་གིས་སྦྱིན་པ་ཡོངས་སུ་གཏང་བར་བྱའི། སྦྱིན་པ་ཡོངས་སུ་མི་གཏང་བར་བྱ་བ་མ་ཡིན་ནོ་ཞེས་ཏེ། དེ་སེམས་ཅན་ དེ་དག་ཟས་འདོད་པ་ལ་ནི་ཟས་ཡོངས་སུ་གཏོང་ངོ། །སྐོམ་འདོད་པ་ལ་ནི་སྐོམ་ཡོངས་སུ་གཏོང་ངོ། །བཞོན་པ་འདོད་པ་ལ་ནི་བཞོན་པ་ཡོངས་སུ་གཏོང་ངོ། །གོས་འདོད་པ་ ལ་ནི་གོས་ཡོངས་སུ་གཏོང་ངོ། །མེ་ཏོག་འདོད་པ་ལ་ནི་མེ་ཏོག་ཡོངས་སུ་གཏོང་ངོ། །ཕྲེང་བ་འདོད་པ་ལ་ནི་ཕྲེང་བ་ཡོངས་སུ་གཏོང་ངོ། །སྤོས་འདོད་པ་ལ་ནི་སྤོས་ཡོངས་ སུ་གཏོང་ངོ། །བྱུག་པ་འདོད་པ་ལ་ནི་བྱུག་པ་ཡོངས་སུ་གཏོང་ངོ་།མལ་སྟན་འདོད་པ་ལ་ནི་མལ་སྟན་ཡོངས་སུ་གཏོང་ངོ། །གནས་འདོད་པ་ལ་ནི་གནས་ཡོངས་སུ་གཏོང་ ངོ༑ ༑འཚོ་བ་འདོད་པ་ལ་ནི་འཚོ་བ་ཡོངས་སུ་གཏོང་ངོ། །ཡོ་བྱད་འདོད་པ་ལ་ནི་མིའི་ཡོ་བྱད་གང་ཅིའང་རུང་བའི་བར་དུ་ཡོངས་སུ་གཏོང་སྟེ། དགེ་བའི་རྩ་བ་དེ་དག་ཀྱང་སེམས་ ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོ་སྟེ། ཅི་ནས་ཀྱང་གང་ཡོངས་སུ་བསྔོ་བ་དང། ཅི་ཡོངས་སུ་བསྔོ་བ་དང། གང་ལ་ ཡོངས་སུ་བསྔོ་བའི་བློ་རྣམ་པ་གསུམ་དུ་མི་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་སྟེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་ [473B] སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་ རོལ་ཏུ་ཕྱིན་པ་ལ་གནས་ཤིང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ། སེམས་ཅན་ནོ་ཅོག་གི་སྲོག་མི་གཅོད་དོ། །མ་བྱིན་པར་མི་ལེན་ཏོ། །འདོད་ པས་ལོག་པར་མི་གཡེམ་མོ། །རྫུན་གྱི་ཚིག་མི་སྨྲའོ། །ཕྲ་མའི་ཚིག་མི་སྨྲའོ། །ཞེ་གཅོད་པའི་ཚིག་མི་སྨྲའོ། །ཚིག་བཀྱལ་པ་མི་སྨྲའོ། །ཆགས་སེམས་སུ་མི་བྱེད་དོ། །གནོད་སེམས་ སུ་མི་བྱེད་དོ། །ལོག་པར་མི་ལྟའོ། །དེའི་སེམས་ཀྱང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་མི་འཇུག་སྟེ། དགེ་བའི་རྩ་བ་དེའང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ ཤིང༑ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། ཅི་ནས་ཀྱང་གང་ཡོངས་སུ་བསྔོ་བ་དང། ཅི་ཡོངས་སུ་བསྔོ་བ་དང། གང་ལ་ཡོངས་སུ་བསྔོ་བའི་བློ་ རྣམ་པ་གསུམ་དུ་མི་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་སྟེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། ཚུལ་ཁྲིམས་ [474A]༄༅། །ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ་བཅོམ་ལྡན་འདས། ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་ རོལ་ཏུ་ཕྱིན་པ་ལ་གནས་ཤིང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། བརྩོན་འགྲུས་འདི་ལྟ་བུས་ཡོངས་སུ་སྐྱེད་དེ། བདག་གིས་དཔག་ཚད་དམ། དཔག་ཚད་བྲྒྱའམ་ དཔག་ཚད་སྟོང་ངམ། དཔག་ཚད་བརྒྱ་ཕྲག་སྟོང་ངམ། དཔག་ཚད་བྱེ་བའམ། དཔག་ཚད་བྱེ་བ་བྲྒྱའམ། དཔག་ཚད་བྱེ་བ་སྟོང་ངམ། དཔག་ཚད་བྱེ་བ་བརྒྱ་ཕྲག་སྟོང་ངམ་ དཔག་ཚད་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་ངམ། འཇིག་རྟེན་གྱི་ཁམས་བྲྒྱའམ། འཇིག་རྟེན་གྱི་ཁམས་སྟོང་ངམ། འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་སྟོང་ངམ། འཇིག་རྟེན་ གྱི་ཁམས་བྱེ་བའམ། འཇིག་རྟེན་གྱི་ཁམས་བྱེ་བ་བྲྒྱའམ། འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་ངམ། འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་ཕྲག་སྟོང་ངམ། འཇིག་རྟེན་གྱི་ཁམས་ བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་སོང་སྟེ། དེ་དག་ཏུ་ཆུང་དུ་ན་སེམས་ཅན་འགའ་ཙམ་ཡང་སྐྱབས་སུ་འགྲོ་བའམ། བསླབ་པའི་གནས་ལ་བཞག་པར་བྱའོ། །བཟོད་པའམ་ [474B] ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་བཞག་པར་བྱའོ་ཞེས་བརྩོན་འགྲུས་རྩོམ་སྟེ། དགེ་བའི་རྩ་བ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང། བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། རབ་འབྱོར་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་ རོལ་ཏུ་ཕྱིན་པ་ལ་གནས་ཤིང། འདི་ལྟར་འདོད་པ་ལས་དབེན་པ་སྡིག་པ་མི་དགེ་བའི་ཆོས་ལས་དབེན་པ། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པ། དགའ་བ་དང་བདེ་ བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། ། [475A]༄༅། །བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བྱམས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །སྙིང་རྗེ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དགའ་ བ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བཏང་སྙོམས་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །རྣམ་ཤེས་མཐའ་ཡས་སྐྱེ་ མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་ སོ༑ ༑འགོག་པའི་སྙོམས་པར་འཇུག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ་།སེམས་དང་སེམས་ལས་བྱུང་བའི་ཆོས་དགེ་བའི་རྩ་བ་དང་ལྡན་པ་གང་དང་གང་སྐྱེས་པ་ཐམས་ཅད་ ཀྱང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོའོ་།དེའང་ཅི་ནས་ཀྱང་དེའི་ཚེ། བསམ་གཏན་དང་བསམ་གཏན་གྱི་ཡན་ལག་རྣམས་མི་དམིགས་པ་དེ་ལྟར་ཡོངས་ སུ་བསྔོ་སྟེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ ཏོ༑ ༑གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་ [475B] བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་གང་གི་ཚེ་ ཆོས་རྣམས་ལ་དབེན་པའི་རྣམ་པའམ། ཞི་བའི་རྣམ་པའམ། མི་ཟད་པའི་རྣམ་པར་ཆོས་ཀྱི་རྗེས་སུ་ལྟ་ཞིང་གནས་ཀྱང། ནམ་སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་ཆོས་ཉིད་དེ་མངོན་དུ་མི་ བྱེད་དེ། སྙིང་པོ་བྱང་ཆུབ་དེ་ལ་འདུག་ནས་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། །དེ་ལས་ལངས་ནས་ཆོས་ཀྱི་འཁོར་ལོའང་བསྐོར་ཏེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏེ། ཅི་ནས་ཀྱང་མི་སྤོང་མི་འཛིན་པ་དེ་ལྟར་ཡོངས་ སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ ཤིང། ལུས་དང་སེམས་ཀྱི་བརྩོན་པ་མི་འདོར་བ་ཡིན་ཏེ། བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་མི་བྱའི། བདག་གིས་ [476A]༄༅། །གདོན་མི་ཟ་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་དེ་སེམས་ཅན་རྣམས་ཀྱི་དོན་དུ་དཔག་ ཚད་དམ། དཔག་ཚད་བྲྒྱའམ། དཔག་ཚད་སྟོང་ངམ། དཔག་ཚད་བརྒྱ་ཕྲག་སྟོང་ངམ། འཇིག་རྟེན་གྱི་ཁམས་སམ། འཇིག་རྟེན་གྱི་ཁམས་བྲྒྱའམ། འཇིག་རྟེན་གྱི་ཁམས་ སྟོང་ངམ། འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་སྟོང་ངམ། འཇིག་རྟེན་གྱི་ཁམས་བྱེ་བའམ། འཇིག་རྟེན་གྱི་ཁམས་བྱེ་བ་བྲྒྱའམ། འཇིག་རྟེན་གྱི་ཁམས་བྱེ་བ་སྟོང་ངམ། འཇིག་ རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དག་ཏུ་སོང་ཞིང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། ཆུང་དུ་ན་སེམས་ཅན་འགའ་ཙམ་ཡང་བྱང་ཆུབ་ལ་རབ་ཏུ་ གཞོག་གོ་གལ་ཏེ་གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་པ་དང་མ་ཕྲད་ནའང་དེ་དག་ཏུ་གང་ཟག་ཉན་ཐོས་ཀྱི་ཐེག་པ་པ་ནི་ཉན་ཐོས་ལ་རབ་ཏུ་གཞོག་གང་ཟག་རང་སངས་རྒྱས་ ཀྱི་ཐེག་པ་པ་ནི་རང་སངས་རྒྱས་ལ་རབ་ཏུ་གཞོག་སྟེ། ཆུང་ངུ་ན་སེམས་ཅན་འགའ་ཙམ་ཡང་དགེ་བ་བཅུའི་ལས་ཀྱི་ལམ་ལ་རབ་ཏུ་གཞོག་གོ་དེས་ཆོས་ཀྱི་སྦྱིན་པ་དེ་དག་བྱིན་ ནས༑ ཟང་ཟིང་གི་སྦྱིན་པས་སེམས་ཅན་རྣམས་ཚིམ་པར་བྱེད་དེ། དགེ་བའི་རྩ་བ་དེའང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོའི། གཞན་དུ་ན་སེམས་ [476B] བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་ པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་བདག་གིས་ཀྱང་སྲོག་གཅོད་པ་སྤངས་པ་ཡིན། གཞན་ ཡང་སྲོག་གཅོད་པ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། སྲོག་གཅོད་པ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་སྲོག་གཅོད་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་ པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་མ་བྱིན་པར་ལེན་པ་སྤངས་པ་ཡིན། གཞན་ཡང་མ་བྱིན་པར་ལེན་པ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། མ་བྱིན་པར་ལེན་པ་སྤོང་བའི་ ལེགས་པ་བརྗོད་པ་ཡིན། གཞན་གང་གིས་མ་བྱིན་པར་ལེན་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་འདོད་པས་ལོག་པར་གཡེམ་ [477A]༄༅། །པ་སྤངས་པ་ཡིན། གཞན་ཡང་འདོད་པས་ལོག་པར་གཡེམ་པ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། འདོད་པས་ལོག་པར་གཡེམ་པ་སྤོང་བའི་ལེགས་ པ་བརྗོད་པ་ཡིན། གཞན་གང་གིས་འདོད་པས་ལོག་པར་གཡེམ་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན་བདག་གིས་ཀྱང་བརྫུན་དུ་སྨྲ་བ་ སྤངས་པ་ཡིན། གཞན་ཡང་བརྫུན་དུ་སྨྲ་བ་སྤོང་པ་ལ་ཡང་དག་པར་སྐུལ་བ་ཡིན། བརྫུན་དུ་སྨྲ་བ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་བརྫུན་དུ་སྨྲ་བ་སྤངས་པ་ དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་པར་བྱེད་པ་ཡིན། བདག་གིས་ཀྱང་ཕྲ་མ་སྤངས་པ་ཡིན། གཞན་ཡང་ཕྲ་མ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཕྲ་མ་སྤོང་ བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ཕྲ་མ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ཞེ་གཅོད་པའི་ཚིག་སྤངས་པ་ ཡིན༑ གཞན་ཡང་ཞེ་གཅོད་པའི་ཚིག་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཞེ་གཅོད་པའི་ཚིག་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ཞེ་གཅོད་པའི་ཚིག་སྤངས་ པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན་བདག་གིས་ཀྱང་ཚིག་བཀྱལ་པ་སྤངས་པ་ཡིན། གཞན་ཡང་ཚིག་བཀྱལ་པ་སྤོང་བ་ལ་ཡང་དག་པར་ [477B] ཚིག་བཀྱལ་པ་སྤོང་བའི་ལེགས་པ་བརྗོད་པ་ཡིན་གཞན་གང་གིས་ཚིག་བཀྱལ་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན་ བདག་གིས་ཀྱང་ཆགས་སེམས་སྤངས་པ་ཡིན། གཞན་ཡང་ཆགས་སེམས་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ཆགས་སེམས་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་ གང་གིས་ཆགས་སེམས་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་གནོད་སེམས་སྤངས་པ་ཡིན་གཞན་ཡང་གནོད་སེམས་ སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། གནོད་སེམས་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་གནོད་སེམས་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་ དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ལོག་པར་ལྟ་བ་སྤངས་པ་ཡིན། གཞན་ཡང་ལོག་པར་ལྟ་བ་སྤོང་བ་ལ་ཡང་དག་པར་སྐུལ་བ་ཡིན། ལོག་པར་ལྟ་བ་སྤོང་བའི་ལེགས་པ་ བརྗོད་པ་ཡིན། གཞན་གང་གིས་ལོག་པར་ལྟ་བ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དེས་འདོད་པའི་ཁམས་ སུ་གནས་པར་མི་བྱེད། གཟུགས་ཀྱི་ཁམས་སུ་གནས་པར་མི་བྱེད། གཟུགས་མེད་པའི་ཁམས་སུ་གནས་པར་མི་བྱེད། ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ལ་གནས་ [478A]༄༅། །པར་མི་བྱེད་དེ། གཞན་དུ་ན་དགེ་བའི་རྩ་བ་དེ་དག་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་ཡོངས་སུ་བསྔོ་སྟེ། ཅི་ནས་ཀྱང་གང་ཡོངས་སུ་བསྔོ་བ་དང། ཅི་ཡོངས་སུ་བསྔོ་བ་དང། གང་ལ་ཡོངས་སུ་བསྔོ་བའི་བློ་རྣམ་པ་གསུམ་དུ་མི་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་ སྟེ༑ རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། ། གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་སྙིང་པོ་ བྱང་ཆུབ་ལ་འདུག་གི་བར་དུ་མིར་གྱུར་པའམ། མི་མ་ཡིན་པར་གྱུར་པས། སེམས་རྣམ་པར་འཁྲུགས་པར་བྱས་པའམ། ཡན་ལག་དང་ཉིད་ལག་བཅད་གཏུབས་ཤིང། ཁྱེར་ཏེ་དོང་ ཡང་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་དེ་འདི་སྙམ་དུ་བདག་ལས་ཅི་ཞིག་བཅད་དོ། །བདག་ལས་ཅི་ཞིག་གཏུབས་ [478B] ༑བདག་ལས་ཅི་ཞིག་ཁྱེར་རོ་ཞེས་བྱ་བར་མི་སེམས་ཏེ་གཞན་དུ་ན་དེ་འདི་སྙམ་དུ་གང་གི་ཕྱིར་བདག་གི་ལུས་ཡོངས་སུ་བསྒྲུབས་པ་དེ་དག་འདིར་འོང་ཞིང། ཡན་ལག་དང་ཉིང་ ལག་བཅད་གཏུབས་ནས་ཁྱེར་ཞིང་འདོང་བ་ནི་བདག་གིས་ཐོབ་པར་བྱ་བ་ལེགས་པར་ཐོབ་བོ་སྙམ་མོ། །དེ་ནི་ཆོས་རྣམས་ཀྱི་རང་བཞིན་ཡང་ལེགས་པར་ཡིད་ལ་བྱས་ཏེ། དགེ་བའི་རྩ་བ་དེ་ དག་ཀྱང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོའི། གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ཏུ་ཡོངས་སུ་བསྔོའོ། །རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་ སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། བསམ་གཏན་གྱི་ཕ་རོལ་ ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པས་དབེན། སྡིག་ཏོ་མི་དགེ་ བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། ། [479A]༄༅། །དེ་རྣམ་པར་རྟོག་པ་དང། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མེད་པ། དཔྱོད་པ་མེད་ པ༑ ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས། དྲན་པ་དང་ ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་ལ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ་བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་ བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བའང་སྤངས། སྡུག་བསྔལ་བའང་སྤངས་ཤིང། ཡིད་བདེ་བ་དང་ཡིད་མི་བདེ་བ་ སྔ་ནས་ཀྱང་ནུབ་པས། བདེ་བའང་མེད། སྡུག་བསྔལ་བའང་མེད་བཏང་སྙོམས་པ་དྲན་པས་ཡོངས་སུ་དག་པའི་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ སེམས་ཅན་རྣམས་ལ་བདེ་བའི་འདུ་ཤེས་ཡིད་ལ་བྱེད་པས། བྱམས་པ་ཚད་མེད་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་སེམས་ཅན་རྣམས་ལ་སྡུག་བསྔལ་བ་དང་བྲལ་བའི་ འདུ་ཤེས་ཡིད་ལ་བྱེད་པས། སྙིང་རྗེ་ཚད་མེད་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་སེམས་ཅན་རྣམས་ལ་དགའ་བའི་འདུ་ཤེས་ཡིད་ལ་བྱེད་པས། དགའ་བ་ཚད་མེད་པ་ལ་ཉེ་བར་ [479B] །དེ་སེམས་ཅན་རྣམས་ལ་སྡུག་བསྔལ་དང་བདེ་བ་མེད་པའི་འདུ་ཤེས་ཡིད་ལ་བྱེད་པས། བཏང་སྙོམས་ཚད་མེད་པ་ཉེ་བར་བསྒྲུབས་ཏེ་གནས་སོ།། དེ་གཟུགས་ལ་ ཆེ་ལོང་དུ་འདུ་ཤེས་ཤིང་ནམ་མཁའ་ལ་ཞི་བར་འདུ་ཤེས་པ་ཡིད་ལ་བྱེད་པས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ནམ་མཁའ་ལ་ཆེ་ལོང་དུ་འདུ་ ཤེས་ཤིང་རྣམ་པར་ཤེས་པ་ལ་ཞི་བར་འདུ་ཤེས་པ་ཡིད་ལ་བྱེད་པས། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་ཤེས་པ་ལ་ཆེ་ལོང་དུ་འདུ་ཤེས་ཤིང་ ཅུང་ཟད་མེད་པ་ལ་ཞི་བར་འདུ་ཤེས་པ་ཡིད་ལ་བྱེད་པས། ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ཅུང་ཟད་མེད་པ་ལ་ཆེ་ལོང་དུ་འདུ་ཤེས་ཤིང་འདུ་ཤེས་མེད་ འདུ་ཤེས་མེད་མིན་ལ་ཞི་བར་འདུ་ཤེས་པར་ཡིད་ལ་བྱེད་པས། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བསམ་གཏན་དང། ཚད་མེད་པ་དང་ གཟུགས་མེད་པའི་སྙོམས་པར་འཇུག་པ་དེ་དག་གི་རྣམ་པར་སྨིན་པ་ཡོངས་སུ་མི་ལེན་ཏེ། གཞན་དུ་ན་སེམས་ཅན་རྣམས་ཀྱི་དོན་བྱ་བའི་ཕྱིར། དེ་དག་ཏུ་སྐྱེ་ཞིང་སེམས་ཅན་དེ་དག་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། བསམ་གཏན་གྱི་ཕ་རོལ་ཏུ་ [480A]༄༅། །ཕྱིན་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་ཡོངས་སུ་སྨིན་པར་བྱེད་དོ་།དགེ་བའི་རྩ་བ་བསྐྱེད་པའི་དོན་ དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་སྟེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ་བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་དང་ རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། བཟོད་པའི་ཕ་ རོལ་ཏུ་ཕྱིན་པ་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་ [480B] བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་དང་རྫས་དང་མཚན་མར་ ཡང་དག་པར་རྗེས་སུ་མི་མཐོང། ནང་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། ཕྱི་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་ པར་རྗེས་སུ་མི་མཐོང། ཕྱི་ནང་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། སྟོང་པ་ཉིད་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་ པར་རྗེས་སུ་མི་མཐོང། ཆེན་པོ་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། དོན་དམ་པ་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་ པར་རྗེས་སུ་མི་མཐོང། འདུས་བྱས་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། འདུས་མ་བྱས་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ ཡང་དག་པར་རྗེས་སུ་མི་མཐོང། མཐའ་ལས་འདས་པ་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དངོས་ པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། དོར་བ་མེད་པ་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། རང་བཞིན་སྟོང་པ་ཉིད་ [481A]༄༅། །དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། ཆོས་ཐམས་ཅད་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་ སུ་མི་མཐོང། རང་གི་མཚན་ཉིད་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། མི་དམིགས་པ་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་ དག་པར་རྗེས་སུ་མི་མཐོང། དངོས་པོ་མེད་པ་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། ངོ་བོ་ཉིད་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ ཡང་དག་པར་རྗེས་སུ་མི་མཐོང། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། དྲན་པ་ཉེ་བར་བཞག་པ་བཞི་དངོས་པོ་ དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། ཡང་དག་པར་སྤོང་བ་བཞི་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། རྫུ་འཕྲུལ་གྱི་རྐང་པ་བཞི་ དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། དབང་པོ་ལྔ་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། སྟོབས་ལྔ་དངོས་པོ་དང་རྫས་ དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། བྱང་ཆུབ་ཀྱི་ཡན་ལག་བདུན་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། འཕགས་པའི་ལམ་ཡན་ [481B]པར་རྗེས་སུ་མི་མཐོང། འཕགས་པའི་བདེན་པ་བཞི་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་ བསམ་གཏན་བཞི་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། ཚད་མེད་པ་བཞི་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། གཟུགས་ མེད་པའི་སྙོམས་པར་འཇུག་པ་བཞི་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། རྣམ་པར་ཐར་པ་བརྒྱད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་ རྗེས་སུ་མི་མཐོང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ དང༑ མཚན་མ་མེད་པ་དང། སྨོན་པ་མེད་པ་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། མངོན་པར་ཤེས་པ་རྣམས་དངོས་པོ་དང་རྫས་དང་མཚན་མར་ ཡང་དག་པར་རྗེས་སུ་མི་མཐོང། ཏིང་ངེ་འཛིན་རྣམས་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། གཟུངས་ཀྱི་སྒོ་རྣམས་དངོས་པོ་དང་རྫས་དང་མཚན་མར་ ཡང་དག་པར་རྗེས་སུ་མི་མཐོང། དེ་བཞིན་གཤེགས་པའི་སྟོབས་བཅུ་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། མི་འཇིགས་པ་བཞི་དངོས་པོ་དང་རྫས་དང་ [482A]༄༅། །མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། སོ་སོ་ཡང་དག་པར་རིག་པ་བཞི་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་ བྱམས་པ་ཆེན་པོ་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། སྙིང་རྗེ་ཆེན་པོ་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། ཐམས་ཅད་ཤེས་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ ཡང་དག་པར་རྗེས་སུ་མི་མཐོང། ལམ་གྱི་རྣམ་པ་ཤེས་པ་ཉིད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དངོས་པོ་དང་ རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཆོས་ཐམས་ཅད་དངོས་པོ་དང་རྫས་དང་མཚན་མར་ཡང་དག་པར་རྗེས་སུ་མི་མཐོང་བས། ཆོས་གང་ལའང་གནས་མི་ འཆའ་ཞིང། དེ་ཇི་སྐད་དུ་སྨྲ་བ་དེ་ལྟར་བྱེད་པ་ཡིན་ཏེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། །བམ་པོ་ཉིས་བརྒྱ་ང་བཞི་པ། །གསོལ་པ། བཅོམ་ལྡན་ [482B] ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས་ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་ དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང། རྣམ་པར་ དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མེད་པ། དཔྱོད་པ་མེད་པ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང། བདེ་བ་ཅན་བསམ་ གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་ལ་གནས་ཏེ། བདེ་བ་ལུས་ ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ་བདེ་བ་ལ་རྣམ་པར་དཔྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ་དགའ་བ་མེད་པའི་བསམ་གཏན་གསུམ་ པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བའང་སྤངས། སྡུག་བསྔལ་ཡང་སྤངས་ཤིང། ཡིད་བདེ་བ་དང་ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས་བདེ་བའང་མེད། སྡུག་ [483A]༄༅། །བསྔལ་ཡང་མེད་པ། བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པ་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་ དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ ཏེ༑ རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་དེ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གནས་ནས། མི་གཡེང་བའི་ ཡིད་ཀྱིས་སེམས་ཅན་དེ་དག་ལ་ཟང་ཟིང་གི་སྦྱིན་པ་དང། ཆོས་ཀྱི་སྦྱིན་པ་ཡོངས་སུ་གཏོང་ཞིང། གཞན་ཡང་ཟང་ཟིང་གི་སྦྱིན་པ་དང། ཆོས་ཀྱི་སྦྱིན་པ་ལ་ཡང་དག་པར་སྐུལ་ལོ། ། [483B] ཆོས་ཀྱི་སྦྱིན་པའི་ལེགས་པའང་བརྗོད་དོ། །གཞན་གང་ཟང་ཟིང་གི་སྦྱིན་པ་དང། ཆོས་ཀྱི་སྦྱིན་པ་ཡོངས་སུ་གཏོང་བ་དེ་དག་གི་ལེགས་པའང་བརྗོད་ཅིང་མཐུན་ པས་དགའ་བར་བྱེད་པ་ཡིན་ཏེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོའི་གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ གནས་ཤིང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ་།གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པ་ལ་གནས་ཤིང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་སེམས་འདོད་ཆགས་དང་ལྡན་པ་མི་བསྐྱེད། སེམས་ཞེ་སྡང་དང་ལྡན་པ་མི་སྐྱེད། སེམས་གཏི་མུག་དང་ལྡན་པ་མི་ སྐྱེད། སེམས་འཚེ་བ་དང་ལྡན་པ་མི་སྐྱེད་ཀྱི། གཞན་དུ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་རྣམ་པར་སྤྱོད་དེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ [484A]༄༅། །ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོའི། གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང། བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་སྟེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། ཚུལ་ ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ ལ་གནས་ཤིང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། གཟུགས་ལ་དབུ་བ་ལྟ་བུར་རབ་ཏུ་རྟོག་ཚོར་བ་ལ་ཆུ་བུར་ལྟ་བུར་རབ་ཏུ་རྟོག་འདུ་ཤེས་ལ་སྨིག་རྒྱུ་ལྟ་བུར་རབ་ཏུ་རྟོག་ འདུ་བྱེད་ལ་ཆུ་ཤིང་ལྟ་བུར་རབ་ཏུ་རྟོག་རྣམ་པར་ཤེས་པ་ལ་སྒྱུ་མ་ལྟ་བུར་རབ་ཏུ་རྟོག་སྟེ། དེ་དེ་ལྟར་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་སོ་སོར་རྟོག་ཅིང། སྙིང་པོ་མེད་པར་འདུ་ཤེས་པ་ ཉེ་བར་གནས་པ་ཡིན་ཏེ། དེ་དེ་ལྟར་སོ་སོར་རྟོག་པས་དེ་འདི་སྙམ་སྟེ། ཡན་ལག་དང། ཉིང་ལག་བཅད་གཏུབས་ཀྱང་སུ་ལ་གཅོད། སུ་ལ་བཅད། ལུས་ནི་སུའི་ལུས། ཚོར་བ་ནི་ [484B] འདུ་ཤེས་ནི་སུའི་འདུ་ཤེས། འདུ་བྱེད་ནི་སུའི་འདུ་བྱེད། རྣམ་པར་ཤེས་པ་ནི་སུའི་རྣམ་པར་ཤེས་པ་སྙམ་སྟེ། དེ་དེ་ལྟར་སོ་སོར་རྟོག་པའི་ཚེ། འདི་སྙམ་སྟེ། གང་ལ་སྦྱོ་ བ་དང། བཀྱལ་པ་བྱས་ན། གནོད་སེམས་སྐྱེ་བ་དེ་ལྟ་བུའི་གཤེ་བའང་གང་ཞིག་ཡོད་སྙམ་སྟེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་ རོལ་ཏུ་ཕྱིན་པ་ལ་གནས་ཤིང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་ པ༑ དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང། རྣམ་པར་དཔྱོད་པ་ཉེ་བར་ཞི་ནས། ནང་ཡོངས་ སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས། རྟོག་པ་མེད་པ་དཔྱོད་པ་མེད་པ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན། བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ [485A]༄༅། །ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བ་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་ལ་གནས་ཏེ་བདེ་བ་ལུས་ཀྱིས་མྱོང་ལ་ འཕགས་པ་རྣམས་ཀྱིས་དྲན་པ་དང་ལྡན་པ། བདེ་བ་ལ་རྣམ་པར་དཔྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་ གནས་སོ། །དེ་བདེ་བའང་སྤངས། སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས། བདེ་བའང་མེད། སྡུག་བསྔལ་ཡང་མེད་པ། བཏང་ སྙོམས་དང་དྲན་པས་ཡོངས་སུ་དག་པའི་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཤིང་གནས་ཏེ། དེ་བསམ་གཏན་དང་བསམ་གཏན་གྱི་ཡན་ལག་དེ་དག་ལའང་མཚན་མར་མི་ འཛིན་ཏོ། །དེ་དེ་ལྟར་མཉམ་པར་བཞག་པའི་སེམས་དང་ལྡན་པས་རྫུ་འཕྲུལ་རྣམ་པ་དུ་མ་ཉམས་སུ་མྱོང་བར་བྱེད་དེ། ས་ཆེན་པོ་འྡིའང་རབ་ཏུ་གཡོ་བར་བྱེད་དོ། །གཅིག་ཏུ་གྱུར་ ཅིང་མང་པོར་འགྱུར་རོ། །མང་པོར་གྱུར་ཅིང་གཅིག་ཏུ་འགྱུར་རོ་།སྣང་བ་དང་མི་སྣང་བའང་ཉམས་སུ་མྱོང་བར་བྱེད་དོ། །རྩིག་པ་ལས་ཐལ་བ་དང། རབ་ལས་ཐལ་བ་དང། རི་ལས་ ཐལ་བར་ཐོགས་པ་མེད་པར་འགྲོ་སྟེ། དཔེར་ན། ནམ་མཁའ་ལ་བྱ་བ་བཞིན་ནོ། །ནམ་མཁའ་ལའང་འགྲོ་སྟེ། དཔེར་ན། འདབ་ཆགས་བྱ་བཞིན་ནོ། །ས་ལའང་གྱེན་དུ་འབྱུང་བ་ [485B] འོག་ཏུ་འཛུལ་བ་བྱེད་དེ། དཔེར་ན། ཆུ་ལ་བྱ་བ་བཞིན་ནོ། །ཆུ་ལའང་བྱིང་བ་མེད་པར་འགྲོ་སྟེ། དཔེར་ན། ས་ལ་བྱ་བ་བཞིན་ནོ། །དུ་བར་འཐུལ་ཞིང་མེར་འབར་ཏེ། དཔེར་ན་ མེའི་ཕུང་པོ་ཆེན་པོ་བཞིན་ནོ། །ཉི་མ་དང་ཟླ་བ་འདི་དག་འདི་ལྟར་རྫུ་འཕྲུལ་ཆེ་ལ། འདི་ལྟར་མཐུ་ཆེ་ཞིང་དབང་ཆེ་བ་དག་ཀྱང་ལག་པས་བྱུགས་ཤིང། ཚངས་པའི་འཇིག་རྟེན་གྱི་བར་དུ་ ལུས་ཀྱིས་དབང་སྒྱུར་རོ། །དེ་ལྷའི་རྣ་བ་རྣམ་པར་དག་པ་མི་ལས་འདས་པས་ལྷ་དང་མིའི་སྒྲ་ཉེ་བའམ། རིང་ཡང་རུང་སྟེ། ཐོས་སོ། །དེས་སེམས་ཅན་ཕ་རོལ་དང། གང་ཟག་ཕ་ རོལ་གྱི་སེམས་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། འདོད་ཆགས་དང་ལྡན་པའི་སེམས་ལ། འདོད་ཆགས་དང་ལྡན་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །འདོད་ཆགས་དང་བྲལ་བའི་སེམས་ལ། འདོད་ཆགས་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་ དང་ལྡན་པའི་སེམས་ལ། ཞེ་སྡང་དང་ལྡན་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེ་སྡང་དང་བྲལ་བའི་སེམས་ལ། ཞེ་སྡང་དང་བྲལ་བའི་སེམས་ ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གཏི་མུག་དང་ལྡན་པའི་སེམས་ལ། གཏི་མུག་དང་ལྡན་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ [486A]༄༅། །ཏུ་ཤེས་སོ། །གཏི་མུག་དང་བྲལ་བའི་སེམས་ལ། གཏི་མུག་དང་བྲལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྲེད་ པ་དང་ལྡན་པའི་སེམས་ལ། སྲེད་པ་དང་ལྡན་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །སྲེད་པ་དང་བྲལ་བའི་སེམས་ལ། སྲེད་པ་དང་བྲལ་ བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉེ་བར་ལེན་པ་དང་བཅས་པའི་སེམས་ལ། ཉེ་བར་ལེན་པ་དང་བཅས་པའི་སེམས་ཞེས་བྱ་བར་ཡང་ དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉེ་བར་ལེན་པ་མེད་པའི་སེམས་ལ། ཉེ་བར་ལེན་པ་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། ། ཀུན་ནས་འདུས་པའི་སེམས་ལ། ཀུན་ནས་འདུས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་འཕྲོས་པའི་སེམས་ལ། རྣམ་པར་ འཕྲོས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྒྱ་ཆུང་བའི་སེམས་ལ། རྒྱ་ཆུང་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ རབ་ཏུ་ཤེས་སོ། །རྒྱ་ཆེ་བའི་སེམས་ལ། རྒྱ་ཆེ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡངས་པའི་སེམས་ལ། ཡངས་པའི་སེམས་ཞེས་ [486B]།ཚད་མེད་པའི་སེམས་ལ། ཚད་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མཉམ་པར་བཞག་པའི་ སེམས་ལ། མཉམ་པར་བཞག་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མཉམ་པར་མ་བཞག་པའི་སེམས་ལ་མཉམ་པར་མ་བཞག་པའི་སེམས་ ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རྣམ་པར་གྲོལ་བའི་སེམས་ལ། རྣམ་པར་གྲོལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། ། རྣམ་པར་མ་གྲོལ་བའི་སེམས་ལ། རྣམ་པར་མ་གྲོལ་བའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཟག་པ་དང་བཅས་པའི་སེམས་ལ། ཟག་པ་དང་ བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཟག་པ་མེད་པའི་སེམས་ལ། ཟག་པ་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ ཏུ་ཤེས་སོ། །ཉོན་མོངས་པ་དང་བཅས་པའི་སེམས་ལ། ཉོན་མོངས་པ་དང་བཅས་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཉོན་མོངས་པ་མེད་པའི་ སེམས་ལ། ཉོན་མོངས་པ་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བླ་ན་ཡོད་པའི་སེམས་ལ། བླ་ན་ཡོད་པའི་སེམས་ཞེས་བྱ་བར་ཡང་དག་པ་ [487A]༄༅། །ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །བླ་ན་མེད་པའི་སེམས་ལ། བླ་ན་མེད་པའི་སེམས་ཞེས་བྱ་བར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། ། དེ་ནི་སྔོན་གྱི་གནས་རྣམ་པ་དུ་མ་རྗེས་སུ་དྲན་ཏེ། སེམས་གཅིག་ཀྱང་རྗེས་སུ་དྲན་པ་ནས། སེམས་བརྒྱའི་བར་དུའང་རྗེས་སུ་དྲན་ནོ། །ཉི་མ་གཅིག་ཀྱང་རྗེས་སུ་དྲན་པ་ནས། ཉི་ མ་བརྒྱའི་བར་དུའང་རྗེས་སུ་དྲན་ནོ། །ཟླ་བ་གཅིག་རྗེས་སུ་དྲན་པ་ནས། ཟླ་བ་བརྒྱའི་བར་དུའང་རྗེས་སུ་དྲན་ནོ། །ལོ་གཅིག་རྗེས་སུ་དྲན་པ་ནས། ལོ་བརྒྱའི་བར་དུའང་རྗེས་སུ་ དྲན་ནོ། །བསྐལ་བ་གཅིག་རྗེས་སུ་དྲན་པ་ནས། བསྐལ་པ་བརྒྱའི་བར་དུའང་རྗེས་སུ་དྲན་ནོ། །བསྐལ་པ་བརྒྱ་ཕྲག་དུ་མའང་རྗེས་སུ་དྲན་ནོ། །བསྐལ་པ་སྟོང་ཕྲག་དུ་མའང་རྗེས་ སུ་དྲན་ནོ། །བསྐལ་པ་བརྒྱ་སྟོང་ཕྲག་དུ་མའང་རྗེས་སུ་དྲན་ནོ། །བསྐལ་པ་བྱེ་བ་ཁྲིག་ཁྲིག་བརྒྱ་སྟོང་དུ་མའང་རྗེས་སུ་དྲན་ནོ། །བདག་ནི་དེ་ལྟ་བུ་ཞིག་ན་འདུག་འདུག་སྟེ། མིང་ ནི་འདི་ཞེས་བྱ། རུས་ནི་འདི་ཞེས་བྱ། རིགས་ནི་འདི་ཞེས་བྱ། ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་ཟ། ཡུན་ནི་འདི་སྲིད་ཅིག་ཏུ་འདུག་འདུག་།ཚེའི་མཐའ་ནི་འདི་ཙམ་ཞིག་ཏུ་གྱུར་ཏེ། དེ་ ལྟར་བདག་དེ་ནས་ཤི་འཕོས་ནས། ཆེ་གེ་མོ་ཞིག་ཏུ་སྐྱེས་སོ་ཞེས་བྱ་བ་ནས། དེ་ནས་ཤི་འཕོས་ནས་ནི་འདིར་སྐྱེས་སོ་ཞེས་བྱ་བའི་བར་དུ་རྣམ་པ་དང་བཅས། གཏན་ཚིགས་ [487B] ངན་རྟགས་དང་བཅས་པར་བདག་དང་གཞན་གྱིས་སྔོན་གྱི་གནས་རྣམ་པ་དུ་མར་རྗེས་སུ་དྲན་ནོ། །དེ་ནི་ལྷའི་མིག་རྣམ་པར་དག་པ། མི་ལས་འདས་པས་སེམས་ཅན་འཆི་འཕོ་ བ་དང། སྐྱེ་བ་དང། ཁ་དོག་སྡུག་པ་དང། མི་སྡུག་པ་དང་བཟང་བ་དང། ངན་པ་དང། ངན་སོང་ན་གནས་པ་དང། བདེ་འགྲོ་ན་གནས་པ་དག་ཀྱང་རབ་ཏུ་ཤེས་ཏེ། སེམས་ཅན་ འདི་དག་ནི་ལུས་ཀྱིས་ངན་དུ་སྤྱོད་པ་དང་ལྡན། ངག་གིས་ངན་དུ་སྤྱོད་པ་དང་ལྡན། ཡིད་ཀྱིས་ངན་དུ་སྤྱོད་པ་དང་ལྡན་པ་འཕགས་པ་རྣམས་ལ་བསྐུར་པ་འདེབས་པ། ལོག་པར་ལྟ་བ་ རྣམས་ཏེ། དེའི་རྒྱུ་དེའི་རྐྱེན་གྱིས་ལུས་ཞིག་ནས་ངན་སོང་དང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེའོ། །སེམས་ཅན་འདི་དག་ནི་ལུས་ཀྱིས་ལེགས་པར་སྤྱོད་པ་ དང་ལྡན་པ། ངག་གིས་ལེགས་པར་སྤྱོད་པ་དང་ལྡན་པ། ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་པ། འཕགས་པ་ལ་སྐུར་པ་མི་འདེབས་པ་ཡང་དག་པར་ལྟ་བ་རྣམས་ཏེ། དེའི་རྒྱུ་དེའི་ རྐྱེན་གྱིས་ལུས་ཞིག་ནས། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷའི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་བྱ་བར་རབ་ཏུ་ཤེས་ཏེ། དེ་ལྟར་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ ཀླས་པ། ནམ་མཁའི་མཐས་གཏུགས་པ་དག་གི་འགྲོ་བ་དྲུག་ཏུ་གཏོགས་པ་རྣམས་ཀྱི་སྐྱེ་བ་དང། འཆི་འཕོ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་མངོན་པར་ཤེས་པ་ལྔ་ [488A]༄༅། །པོ་དེ་དག་ལ་རབ་ཏུ་གནས་ནས། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་བྱ་བ་དང། ཡོངས་སུ་དྲི་བ་དང་ཡོངས་སུ་ཞུ་བ་དང་ དགེ་བའི་རྩ་བ་བསགས་པ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་ དུ་འགྲོ་སྟེ། དགེ་བའི་རྩ་བ་དེ་དག་ཀྱང་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ཡོངས་སུ་མི་བསྔོའི། གཞན་དུ་ན་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང། བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་ཞིང། ཅི་ནས་ཀྱང་གང་ཡོངས་སུ་བསྔོ་བ་དང། ཅི་ཡོངས་སུ་བསྔོ་བ་དང། གང་ལ་ཡོངས་སུ་བསྔོ་བའི་བློ་རྣམ་ པ་གསུམ་དུ་མི་འགྱུར་བ་དེ་ལྟར་ཡོངས་སུ་བསྔོ་སྟེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ ཕྱིན་པ་ལ་གནས་ཤིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་ [488B]པས། གཟུགས་མི་དམིགས་སོ། །ཚོར་བ་མི་དམིགས་སོ། །འདུ་ཤེས་མི་དམིགས་སོ། །འདུ་བྱེད་མི་དམིགས་སོ། ། རྣམ་པར་ཤེས་པ་མི་དམིགས་སོ། །མིག་མི་དམིགས་སོ། །རྣ་བ་མི་དམིགས་སོ། །སྣ་མི་དམིགས་སོ། །ལྕེ་མི་དམིགས་སོ། །ལུས་མི་དམིགས་སོ། །ཡིད་མི་དམིགས་སོ། །གཟུགས་མི་དམིགས་ སོ༑ ༑སྒྲ་མི་དམིགས་སོ། །དྲི་མི་དམིགས་སོ། །རོ་མི་དམིགས་སོ། །རེག་མི་དམིགས་སོ། །ཆོས་མི་དམིགས་སོ། །མིག་གི་རྣམ་པར་ཤེས་པ་མི་དམིགས་སོ། །རྣ་བའི་རྣམ་པར་ཤེས་པ་ མི་དམིགས་སོ། །སྣའི་རྣམ་པར་ཤེས་པ་མི་དམིགས་སོ། །ལྕེའི་རྣམ་པར་ཤེས་པ་མི་དམིགས་སོ། །ལུས་ཀྱི་རྣམ་པར་ཤེས་པ་མི་དམིགས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་མི་དམིགས་ སོ༑ ༑མིག་གི་འདུས་ཏེ་རེག་པ་མི་དམིགས་སོ། །རྣ་བའི་འདུས་ཏེ་རེག་པ་མི་དམིགས་སོ། །སྣའི་འདུས་ཏེ་རེག་པ་མི་དམིགས་སོ། །ལྕེའི་འདུས་ཏེ་རེག་པ་མི་དམིགས་སོ། །ལུས་ཀྱི་ འདུས་ཏེ་རེག་པ་མི་དམིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་མི་དམིགས་སོ་།མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་དམིགས་སོ། །རྣ་བའི་འདུས་ཏེ་རེག་པ་ལས་བྱུང་ བའི་ཚོར་བ་མི་དམིགས་སོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་དམིགས་སོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་དམིགས་སོ། །ལུས་ཀྱི་འདུས་ཏེ་རེག་པ་ [489A]༄༅། །ལས་བྱུང་བའི་ཚོར་བ་མི་དམིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མི་དམིགས་སོ། །སའི་ཁམས་མི་དམིགས་སོ། །ཆུའི་ ཁམས་མི་དམིགས་སོ། །མེའི་ཁམས་མི་དམིགས་སོ། །རླུང་གི་ཁམས་མི་དམིགས་སོ། །ནམ་མཁའི་ཁམས་མི་དམིགས་སོ། །རྣམ་པར་ཤེས་པའི་ཁམས་མི་དམིགས་ སོ༑ ༑མ་རིག་པ་མི་དམིགས་སོ། །འདུ་བྱེད་མི་དམིགས་སོ། །རྣམ་པར་ཤེས་པ་མི་དམིགས་སོ། །མིང་དང་གཟུགས་མི་དམིགས་སོ། །སྐྱེ་མཆེད་དྲུག་མི་དམིགས་སོ། ། རེག་པ་མི་དམིགས་སོ། །ཚོར་བ་མི་དམིགས་སོ། །སྲེད་པ་མི་དམིགས་སོ་།ལེན་པ་མི་དམིགས་སོ། །སྲིད་པ་མི་དམིགས་སོ། །སྐྱེ་བ་མི་དམིགས་སོ་།རྒ་ཤི་མི་དམིགས་ སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །བརྩོན་འགྲུས་ཀྱི་ ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་སོ་།ནང་སྟོང་པ་ཉིད་མི་དམིགས་ སོ༑ ༑ཕྱི་སྟོང་པ་ཉིད་མི་དམིགས་སོ། །ཕྱི་ནང་སྟོང་པ་ཉིད་མི་དམིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་མི་དམིགས་སོ། །ཆེན་པོ་སྟོང་པ་ཉིད་མི་དམིགས་སོ། །དོན་དམ་པ་ [489B] །འདུས་བྱས་སྟོང་པ་ཉིད་མི་དམིགས་སོ། །འདུས་མ་བྱས་སྟོང་པ་ཉིད་མི་དམིགས་སོ། །མཐའ་ལས་འདས་པ་སྟོང་པ་ཉིད་མི་དམིགས་སོ། །ཐོག་ མ་དང་ཐ་མ་མེད་པ་སྟོང་པ་ཉིད་མི་དམིགས་སོ། །དོར་བ་མེད་པ་སྟོང་པ་ཉིད་མི་དམིགས་སོ། །རང་བཞིན་སྟོང་པ་ཉིད་མི་དམིགས་སོ་།ཆོས་ཐམས་ཅད་སྟོང་པ་ཉིད་མི་དམིགས་ སོ༑ ༑རང་གི་མཚན་ཉིད་སྟོང་པ་ཉིད་མི་དམིགས་སོ། །མི་དམིགས་པ་སྟོང་པ་ཉིད་མི་དམིགས་སོ། །དངོས་པོ་མེད་པ་སྟོང་པ་ཉིད་མི་དམིགས་སོ། །ངོ་བོ་ཉིད་སྟོང་པ་ཉིད་མི་དམིགས་ སོ༑ ༑དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མི་དམིགས་སོ་།དྲན་པ་ཉེ་བར་བཞག་པ་བཞི་མི་དམིགས་སོ། །ཡང་དག་པར་སྤོང་བ་བཞི་མི་དམིགས་སོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ མི་དམིགས་སོ། །དབང་པོ་ལྔ་མི་དམིགས་སོ། །སྟོབས་ལྔ་མི་དམིགས་སོ་།བྱང་ཆུབ་ཀྱི་ཡན་ལག་བདུན་མི་དམིགས་སོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་མི་དམིགས་སོ། ། འཕགས་པའི་བདེན་པ་བཞི་མི་དམིགས་སོ། །བསམ་གཏན་བཞི་མི་དམིགས་སོ། །ཚད་མེད་པ་བཞི་མི་དམིགས་སོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་མི་དམིགས་སོ། ། རྣམ་པར་ཐར་པ་བརྒྱད་མི་དམིགས་སོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མི་དམིགས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། །མཚན་མ་མེད་པ་དང་ [490A]༄༅། །སྨོན་པ་མེད་པ་མི་དམིགས་སོ། །མངོན་པར་ཤེས་པ་རྣམས་མི་དམིགས་སོ། །ཏིང་ངེ་འཛིན་རྣམས་མི་དམིགས་སོ། །གཟུངས་ཀྱི་སྒོ་རྣམས་མི་དམིགས་ སོ༑ ༑དེ་བཞིན་གཤེགས་པའི་སྟོབས་བཅུ་མི་དམིགས་སོ། །མི་འཇིགས་པ་བཞི་མི་དམིགས་སོ། །སོ་སོ་ཡང་དག་པར་རིག་པ་བཞི་མི་དམིགས་སོ་།བྱམས་པ་ཆེན་པོ་ མི་དམིགས་སོ། །སྙིང་རྗེ་ཆེན་པོ་མི་དམིགས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་མི་དམིགས་སོ། །རྒྱུན་དུ་ཞུགས་པའི་འབྲས་བུ་མི་དམིགས་སོ། །ལན་ཅིག་ ཕྱིར་འོང་བའི་འབྲས་བུ་མི་དམིགས་སོ། །ཕྱིར་མི་འོང་བའི་འབྲས་བུ་མི་དམིགས་སོ། །དགྲ་བཅོམ་པ་ཉིད་མི་དམིགས་སོ། །རང་བྱང་ཆུབ་མི་དམིགས་སོ། །ལམ་གྱི་རྣམ་པ་ཤེས་ པ་ཉིད་མི་དམིགས་སོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་དམིགས་སོ། །འདུས་བྱས་ཀྱི་ཁམས་མི་དམིགས་སོ། །འདུས་མ་བྱས་ཀྱི་ཁམས་མི་དམིགས་སོ། །དེ་ལྟར་མི་ དམིགས་པས་ན། མངོན་པར་འདུ་མི་བྱེད་དོ། །མངོན་པར་འདུ་མི་བྱེད་པས་ན། སྐྱེ་བར་མི་བྱེད། འགག་པར་མི་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། དེ་ནི་འདི་ལྟར་དེ་བཞིན་ གཤེགས་པ་རྣམས་བྱུང་ཡང་རུང། མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་ཆོས་ཀྱི་གནས་ཉིད་དེ་ནི་གནས་པ་སྟེ། ཆོས་ཀྱི་དབྱིངས་དེ་བཞིན་གནས་པའི་ཕྱིར། དེ་མི་སྐྱེ་མི་འགག་ [490B] དེ་གཡེང་བ་མེད་པའི་སེམས་དང་ལྡན་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་དང་མ་བྲལ་བ་ཡིན་ཏེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ཐམས་ཅད་སྟོང་པའོ་ཞེས་བྱ་བར་ ཡང་དག་པར་རྗེས་སུ་མཐོང་ངོ། །གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་ ཐམས་ཅད་སྟོང་པའོ་ཞེས་བགྱི་བར་རྗེས་སུ་མཐོང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ནང་སྟོང་པ་ཉིད་ལ་ནང་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །ཕྱི་སྟོང་པ་ཉིད་ལ་ཕྱི་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །ཕྱི་ནང་སྟོང་ [491A]༄༅། །པ་ཉིད་ལ་ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །ཆེན་པོ་ སྟོང་པ་ཉིད་ལ་ཆེན་པོ་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ་།དོན་དམ་པ་སྟོང་པ་ཉིད་ལ་དོན་དམ་པ་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །འདུས་བྱས་སྟོང་པ་ཉིད་ལ་འདུས་ བྱས་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །འདུས་མ་བྱས་སྟོང་པ་ཉིད་ལ་འདུས་མ་བྱས་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ་།མཐའ་ལས་འདས་པ་སྟོང་པ་ཉིད་ལ་མཐའ་ལས་ འདས་པ་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །དོར་བ་མེད་པ་སྟོང་པ་ ཉིད་ལ་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ་།རང་བཞིན་སྟོང་པ་ཉིད་ལ་རང་བཞིན་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཆོས་ ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ། །བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེ་སྟོང་པ་ཉིད་བཅུ་བཞི་པོ་དེ་དག་ལ་གནས་ཤིང་གཟུགས་སྟོང་ཞེས་བྱ་བ་འམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ་།ཚོར་བ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་ [491B] །འདུ་ཤེས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །འདུ་བྱེད་སྟོང་ཞེས་བྱ་བའམ་མི་སྟོང་ཞེས་བྱ་བར་མི་དམིགས་སོ། །རྣམ་པར་ཤེས་པ་སྟོང་ ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །མིག་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །རྣ་བ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། ། སྣ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ལྕེ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ལུས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་ སོ༑ ༑ཡིད་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ་།གཟུགས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ་།སྒྲ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་ མི་དམིགས་སོ། །དྲི་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །རོ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །རེག་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་ བར་མི་དམིགས་སོ། །ཆོས་སྟོང་ཞེས་བྱ་བ་འམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །མིག་གི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་དམིགས་སོ། །རྣ་བའི་ རྣམ་པར་ཤེས་པ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །སྣའི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ལྕེའི་རྣམ་པར་ [492A]༄༅། །ཤེས་པ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ལུས་ཀྱི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བ་འམ། མི་སྟོང་ཞེས་བྱ་བར་མི་དམིགས་ སོ༑ ༑ཡིད་ཀྱི་རྣམ་པར་ཤེས་པ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །མིག་གི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བའམ་མི་སྟོང་ཞེས་བྱ་བར་མི་དམིགས་སོ། །རྣ་ བའི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །སྣའི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ལྕེའི་འདུས་ ཏེ་རེག་པ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ལུས་ཀྱི་འདུས་ཏེ་རེག་པ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ཡིད་ཀྱི་འདུས་ཏེ་རེག་པ་སྟོང་ ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །རྣ་བའི་འདུས་ཏེ་ རེག་པ་ལས་བྱུང་བའི་ཚོར་བ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་ མི་དམིགས་སོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་ཞེས་བྱ་བའམ་ [492B] །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །སའི་ཁམས་སྟོང་ཞེས་བྱ་བའམ་ མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ཆུའི་ཁམས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །མེའི་ཁམས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་ སོ༑ ༑རླུང་གི་ཁམས་སྟོང་ཞེས་བྱ་བ་འམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ནམ་མཁའི་ཁམས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །རྣམ་པར་ཤེས་ པའི་ཁམས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །མ་རིག་པ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །འདུ་བྱེད་སྟོང་ཞེས་བྱ་བའམ་ མི་སྟོང་ཞེས་བྱ་བར་མི་དམིགས་སོ། །རྣམ་པར་ཤེས་པ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །མིང་དང་གཟུགས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་ མི་དམིགས་སོ། །སྐྱེ་མཆེད་དྲུག་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །རེག་པ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ཚོར་བ་སྟོང་ཞེས་བྱ་ བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །སྲེད་པ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ལེན་པ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །སྲིད་ [493A]༄༅། །པ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །སྐྱེ་བ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །རྒ་ཤི་སྟོང་ཞེས་བྱ་ བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ་།ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་ བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ནང་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ཕྱི་སྟོང་པ་ཉིད་སྟོང་ཞེས་བྱ་ བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ཕྱི་ནང་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ་།སྟོང་པ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མི་སྟོང་ ཞེས་བྱ་བར་མི་དམིགས་སོ། །ཆེན་པོ་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །དོན་དམ་པ་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ། མི་སྟོང་ཞེས་བྱ་བར་མི་ [493B] །འདུས་བྱས་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །འདུས་མ་བྱས་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་ དམིགས་སོ༑ ༑མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ་མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་ དམིགས་སོ། །དོར་བ་མེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །རང་བཞིན་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ། མི་སྟོང་ཞེས་བྱ་བར་མི་དམིགས་ སོ༑ ༑ཆོས་ཐམས་ཅད་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བ་འམ། མི་སྟོང་ཞེས་བྱ་བར་མི་དམིགས་ སོ༑ ༑མི་དམིགས་པ་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །དངོས་པོ་མེད་པ་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ངོ་བོ་ ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །དྲན་ པ་ཉེ་བར་བཞག་པ་བཞི་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ཡང་དག་པར་སྤོང་བ་བཞི་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །རྫུ་འཕྲུལ་ [494A]༄༅། །གྱི་རྐང་པ་བཞི་སྟོང་ཞེས་བྱ་བ་འམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །དབང་པོ་ལྔ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་ སོ༑ ༑སྟོབས་ལྔ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །འཕགས་ པའི་ལམ་ཡན་ལག་བརྒྱད་པ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །འཕགས་པའི་བདེན་པ་བཞི་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་ སོ༑ ༑བསམ་གཏན་བཞི་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ཚད་མེད་པ་བཞི་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །གཟུགས་ མེད་པའི་སྙོམས་པར་འཇུག་པ་བཞི་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །རྣམ་པར་ཐར་པ་བརྒྱད་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་ སོ༑ ༑མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་ པ་དང། སྨོན་པ་མེད་པ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །མངོན་པར་ཤེས་པ་རྣམས་སྟོང་ཞེས་བྱ་བའམ་མི་སྟོང་ཞེས་བྱ་བར་མི་དམིགས་ [494B] ༑ཏིང་ངེ་འཛིན་རྣམས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །གཟུངས་ཀྱི་སྒོ་རྣམས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །དེ་བཞིན་ གཤེགས་པའི་སྟོབས་བཅུ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །མི་འཇིགས་པ་བཞི་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །སོ་སོ་ཡང་ དག་པར་རིག་པ་བཞི་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །བྱམས་པ་ཆེན་པོ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །སྙིང་རྗེ་ཆེན་ པོ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ་།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །རྒྱུན་དུ་ཞུགས་ པའི་འབྲས་བུ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྟོང་ཞེས་བྱ་བའམ་མི་སྟོང་ཞེས་བྱ་བར་མི་དམིགས་སོ། །ཕྱིར་ མི་འོང་བའི་འབྲས་བུ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །དགྲ་བཅོམ་པ་ཉིད་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །རང་བྱང་ཆུབ་སྟོང་ ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །འདུས་བྱས་ [495A]༄༅། །ཀྱི་ཁམས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ། །འདུས་མ་བྱས་ཀྱི་ཁམས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་ མི་དམིགས་ཏེ། དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་ཅིང་ཟས་སམ། སྐོམ་མམ་བཞོན་པའམ། གོས་སམ་ མེ་ཏོག་གམ། ཕྲེང་བ་འམ། སྤོས་སམ། བྱུག་པའམ། མལ་ཆའམ། གནས་སམ། འཚོ་བའམ། ཡོ་བྱད་དམ། མིའི་ཡོ་བྱད་གཞན་གང་ཡང་རུང་བ་སྦྱིན་པ་གང་དང་ གང་གཏོང་ཡང་དེས་སྦྱིན་པ་དེ་སྟོང་པ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མཐོང་ངོ། །གང་ཡོངས་སུ་གཏོང་བ་དང། གང་ལ་ཡོངས་སུ་གཏོང་བ་དེའང་སྟོང་པ་ཞེས་བྱ་བར་ ཡང་དག་པར་རྗེས་སུ་མཐོང་སྟེ། དེ་ལ་འཇུངས་པའི་སེམས་སམ་ཡོངས་སུ་འཛིན་པའི་སེམས་ཀྱི་སྐབས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་རྣམ་པར་རྟོག་པ་དེ་དག་ཐམས་ཅད་མེད་ དེ༑ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་ [495B] ཡོངས་སུ་འཛིན་པའི་ཐུགས་མི་མངའ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་སྤྱོད་པ་ལའང་འཇུངས་པའི་སེམས་སམ། ཡོངས་སུ་འཛིན་པའི་སེམས་སྐྱེ་བ་མེད་དོ། །འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་བྱང་ཆུབ་སེམས་དཔའི་སེམས་ དཔའ་ཆེན་པོའི་སྟོན་པའོ། །རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ ཏོ༑ ༑གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་ སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ ཉན་ཐོས་དང། རང་སངས་རྒྱས་ཀྱི་སེམས་ཀྱི་གོ་སྐབས་མི་འབྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱིས་གང་དུ་ཡོངས་སུ་བསྔོ་བ་དེ་ལྟ་ བུའི་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སའང་མི་དམིགས་སེམས་དེའང་མི་དམིགས་ཏེ། དེ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་བདག་ [496A]༄༅། །གིས་ཀྱང་སྲོག་གཅོད་པ་སྤངས་པ་ཡིན། གཞན་ཡང་སྲོག་གཅོད་པ་སྤོང་བ་ལ་ཡང་དག་པར་བསྐུལ་བ་ཡིན། སྲོག་གཅོད་པ་སྤོང་བའི་ལེགས་པ་བརྗོད་ པ་ཡིན། གཞན་གང་གིས་སྲོག་གཅོད་པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་མ་བྱིན་པར་ལེན་པ་སྤངས་པ་ཡིན་ གཞན་ཡང་མ་བྱིན་པར་ལེན་པ་སྤོང་བ་ལ་ཡང་དག་པར་བསྐུལ་བ་ཡིན། མ་བྱིན་པར་ལེན་པ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་མ་བྱིན་པར་ལེན་པ་སྤངས་ པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན་བདག་གིས་ཀྱང་འདོད་པས་ལོག་པར་གཡེམ་པ་སྤངས་པ་ཡིན། གཞན་ཡང་འདོད་པས་ལོག་པར་ གཡེམ་པ་སྤོང་བ་ལ་ཡང་དག་པར་བསྐུལ་བ་ཡིན། འདོད་པས་ལོག་པར་གཡེམ་པ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་འདོད་པས་ལོག་པར་གཡེམ་པ་སྤངས་ པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན་བདག་གིས་ཀྱང་བརྫུན་དུ་སྨྲ་བ་སྤངས་པ་ཡིན། གཞན་ཡང་བརྫུན་དུ་སྨྲ་བ་སྤོང་བ་ལ་ཡང་དག་པར་བསྐུལ་ བ་ཡིན། བརྫུན་དུ་སྨྲ་བ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་བརྫུན་དུ་སྨྲ་བ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་ [496B] གཞན་ཡང་ཕྲ་མ་སྤོང་བ་ལ་ཡང་དག་པར་བསྐུལ་བ་ཡིན། ཕྲ་མ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ཕྲ་མ་སྤངས་པ་དེ་དག་གི་ལེགས་ པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ཞེ་གཅོད་པའི་ཚིག་སྤངས་པ་ཡིན། གཞན་ཡང་ཞེ་གཅོད་པའི་ཚིག་སྤོང་བ་ལ་ཡང་དག་པར་བསྐུལ་བ་ཡིན། ཞེ་ གཅོད་པའི་ཚིག་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ཞེ་གཅོད་པའི་ཚིག་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། །བདག་གིས་ཀྱང་ ཚིག་བཀྱལ་བ་སྤངས་པ་ཡིན། གཞན་ཡང་ཚིག་བཀྱལ་པ་སྤོང་བ་ལ་ཡང་དག་པར་བསྐུལ་པ་ཡིན། ཚིག་བཀྱལ་པ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ཚིག་བཀྱལ་ པ་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ཆགས་སེམས་སྤངས་པ་ཡིན། གཞན་ཡང་ཆགས་སེམས་སྤོང་བ་ལ་ཡང་དག་པར་བསྐུལ་ བ་ཡིན། ཆགས་སེམས་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ཆགས་སེམས་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་ གིས་ཀྱང་གནོད་སེམས་སྤངས་པ་ཡིན། གཞན་ཡང་གནོད་སེམས་སྤོང་བ་ལ་ཡང་དག་པར་བསྐུལ་བ་ཡིན། གནོད་སེམས་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ [497A]༄༅། །གནོད་སེམས་སྤངས་པ་དེ་དག་གི་ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན། བདག་གིས་ཀྱང་ལོག་པར་ལྟ་བ་སྤངས་པ་ཡིན་ གཞན་ཡང་ལོག་པར་ལྟ་བ་སྤོང་བ་ལ་ཡང་དག་པར་བསྐུལ་བ་ཡིན་ལོག་པར་ལྟ་བ་སྤོང་བའི་ལེགས་པ་བརྗོད་པ་ཡིན། གཞན་གང་གིས་ལོག་པར་ལྟ་བ་སྤངས་པ་དེ་དག་གི་ ལེགས་པ་བརྗོད་ཅིང་མཐུན་པས་དགའ་བར་བྱེད་པ་ཡིན་ཏེ། ཚུལ་ཁྲིམས་དེས་ཉན་ཐོས་སམ། རང་སངས་རྒྱས་ཀྱི་ཆོས་གང་ལའང་ཆགས་པར་མི་འགྱུར་ན། གཞན་མན་ཆད་ ལྟ་ལ་ཅི་སྨོས་ཏེ། རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་ འཛིན་ཏོ། གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། བཟོད་པའི་ཕ་རོལ་ཏུ་ཕྱིན་ པ་ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལ་གནས་ཤིང་རྗེས་སུ་མཐུན་པའི་བཟོད་པ་སྐྱེས་ཏེ། དེ་འདི་སྙམ་དུ་འདི་ལ་ཆོས་གང་ཡང་སྐྱེ་བའམ། འགག་པའམ། འབྱུང་བའམ་འཇིག་པའམ། འཆི་བའམ་ [497B] འཁྱལ་བའམ། བཅད་པའམ། གཏུབ་པའམ། བརྡེག་པ་མེད་དོ་སྙམ་པས་དེ་ལ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་འདུག་གི་བར་དུ་ གལ་ཏེ་སེམས་ཅན་ཐམས་ཅད་དྲུང་དུ་ལྷགས་ནས་སྤྱོ་སྟེ། བཀྱལ་ཏམ་རྡོ་དབྱུག་གིས་བརྡེགས་སམ། མཚོན་གྱིས་བཏབ་སྟེ་བཅད་གཏུབས་ཀྱང་དེ་ལ་འདི་སྙམ་སྟེ། ཀྱེ་མ་ཆོས་ རྣམས་ཀྱི་ཆོས་ཉིད་འདི་ནི་ངོ་མཚར་ཆེ་སྟེ། འདི་ལ་ཆོས་གང་ལའང་སྤྱོ་བའམ། བཀྱལ་པའམ། བཅད་པ་འམ། གཏུབ་པའམ། བརྡེག་པའམ། བཅིང་བ་མེད་དོ་སྙམ་སྟེ། རབ་འབྱོར་ དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །གསོལ་པ། བཅོམ་ལྡན་ འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་ གནས་ཏེ། ཐབས་མཁས་པ་དང་ལྡན་པས་ལུས་དང་སེམས་ཀྱི་བརྩོན་འགྲུས་བསྐྱེད་དེ། འཇིག་རྟེན་གྱི་ཁམས་གཅིག་གམ། འཇིག་རྟེན་གྱི་ཁམས་བྲྒྱའམ། འཇིག་རྟེན་གྱི་ [498A]༄༅། །ཁམས་སྟོང་ངམ། འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་སྟོང་ངམ། འཇིག་རྟེན་གྱི་ཁམས་བྱེ་བའམ། འཇིག་རྟེན་གྱི་ཁམས་བྱེ་བ་བྲྒྱའམ། འཇིག་ རྟེན་གྱི་ཁམས་བྱེ་བ་སྟོང་ངམ། འཇིག་རྟེན་གྱི་ཁམས་བྱེ་བ་བརྒྱ་ཕྲག་སྟོང་ངམ། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དག་ཏུ་སོང་སྟེ། སེམས་ཅན་རྣམས་ ལ་ཆོས་སྟོན་ཅིང། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འགོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འགོད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འགོད་ དོ༑ ༑བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འགོད་དོ་།བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འགོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འགོད་དོ། ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཐམས་ཅད་ལ་རབ་ཏུ་འགོད་དོ་།རྒྱུན་དུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་འགོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རབ་ཏུ་འགོད་དོ། ། ཕྱིར་མི་འོང་བའི་འབྲས་བུ་ལ་རབ་ཏུ་འགོད་དོ། །དགྲ་བཅོམ་པ་ཉིད་ལ་རབ་ཏུ་འགོད་དོ། །རང་བྱང་ཆུབ་ལ་རབ་ཏུ་འགོད་དོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ ཆུབ་ལ་རབ་ཏུ་འགོད་དོ། །དེའང་ཅི་ནས་ཀྱང་འདུས་བྱས་ཀྱི་ཁམས་ལ་རབ་ཏུ་བཀོད་པའང་མ་ཡིན། འདུས་མ་བྱས་ཀྱི་ཁམས་ལ་རབ་ཏུ་བཀོད་པའང་མ་ཡིན་པ་དེ་ལྟར་རབ་ཏུ་འགོད་ [498B] རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། ། གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ ཡོངས་སུ་འཛིན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ གནས་ཤིང་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་མ་གཏོགས་པར་ཉན་ཐོས་ཀྱི་ཏིང་ངེ་འཛིན་ཏམ། རང་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཏམ། བྱང་ཆུབ་སེམས་དཔའི་ཏིང་ངེ་ འཛིན་ཀྱང་རུང་སྟེ། ཏིང་ངེ་འཛིན་གང་ཇི་སྙེད་པ་དེ་དག་ཐམས་ཅད་ལ་སྙོམས་པར་འཇུག་སྟེ། ཏིང་ངེ་འཛིན་དེ་དག་ལ་གནས་ཤིང། རྣམ་པར་ཐར་པ་བརྒྱད་ལ་ལུགས་དང་མཐུན་ པ་དང། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་ངོ། །བརྒྱད་གང་ཞེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུགས་ ཅན་གྱིས་གཟུགས་རྣམས་མཐོང་བ་འདི་ནི་རྣམ་པར་ཐར་པ་དང་པོའོ་།ནང་གཟུགས་མེད་པའི་འདུ་ཤེས་དང་ལྡན་པས་ཕྱི་རོལ་གྱི་གཟུགས་རྣམས་མཐོང་བ་འདི་ནི་རྣམ་པར་ [499A]༄༅། །ཐར་པ་གཉིས་པའོ། །བཟང་བར་མོས་པ་འདི་ནི་རྣམ་པར་ཐར་པ་གསུམ་པའོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ ཏེ༑ ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིང། སྣ་ཚོགས་ཀྱི་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པས། ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་ སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་བཞི་པའོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་ པར་ཤེས་པ་མཐའ་ཡས་སོ་ཞེས་ཏེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་ལྔ་པའོ་།དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་པ་དྲུག་པའོ། །དེ་རྣམ་པ་ ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་པ་འདི་ནི་རྣམ་པར་ཐར་ པ་བདུན་པའོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང། ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཏེ་ [499B] དེ་ལྟར་ན་རྣམ་པར་ཐར་པ་བརྒྱད་པོ་འདི་དག་ལ་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ཅིང་རྣམ་ པར་ལྡང་ངོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ལུགས་དང་མཐུན་པ་དང། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་སྟེ། དགུ་གང་ཞེ་ ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་ པ། དབེན་པ་ལས་སྐྱེས་པའི་དགའ་བ་དང། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ། དཔྱོད་པ་མེད་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་ བསྒྲུབས་ཏེ་གནས་སོ། །དེ་དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་ལ་འཕགས་པ་རྣམས་ཀྱིས་དེ་ལ་ དྲན་པ་དང་ལྡན་པ་བདེ་བ་ལ་རྣམ་པར་སྤྱོད་པ་བཏང་སྙོམས་པའོ་ཞེས་བརྗོད་པ་སྟེ། དགའ་བ་མེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བའང་སྤངས་ [500A]༄༅། །སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང། ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས་བདེ་བའང་མེད། སྡུག་བསྔལ་བའང་མེད་པ་བཏང་སྙོམས་དང་དྲན་ པས་ཡོངས་སུ་དག་པ་བསམ་གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ ཤེས་རྣམས་ནུབ་པར་གྱུར་ཅིང། སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་ཞེས་ཏེ། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་ གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་མ་ཡོད་དོ་ཞེས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་ བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་ གནས་སོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། འདུ་ཤེས་དང་ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། ། [500B]དག་ལ་ལུགས་དང་མཐུན་པ་དང། ལུགས་དང་མི་མཐུན་པར་སྙོམས་པར་འཇུག་ཅིང་རྣམ་པར་ལྡང་ངོ། །དེ་རྣམ་པར་ ཐར་པ་བརྒྱད་པོ་དེ་དག་དང། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་པོ་དེ་དག་རྣམ་པར་ཕྱེ་ཞིང། སེང་གེ་རྣམ་པར་བསྒྱིངས་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ་ ཏིང་ངེ་འཛིན་དེ་ལ་གནས་ནས། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ལུགས་དང་མཐུན་པ་དང། ལུགས་དང་མི་མཐུན་པ་ལ་སོ་སོར་རྟོག་གོ་དེ་ལ་ཡན་ལག་བཅུ་ གཉིས་གང་དག་ཅེ་ན། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་སོ་སོར་རྟོག་གོ་།འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ ཞེས་སོ་སོར་རྟོག་གོ་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་སོ་སོར་རྟོག་གོ་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་སོ་སོར་རྟོག་གོ་སྐྱེ་མཆེད་དྲུག་གི་རྐྱེན་ གྱིས་རེག་པ་ཞེས་སོ་སོར་རྟོག་གོ་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་སོ་སོར་རྟོག་གོ་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་སོ་སོར་རྟོག་གོ་།སྲེད་པའི་རྐྱེན་གྱིས་ལེན་པ་ཞེས་སོ་སོར་རྟོག་གོ་ ལེན་པའི་རྐྱེན་གྱིས་སྲིད་པ་ཞེས་སོ་སོར་རྟོག་གོ་སྲིད་པའི་རྐྱེན་གྱིས་སྐྱེ་བ་ཞེས་སོ་སོར་རྟོག་གོ་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་སོ་སོར་རྟོག་གོ་རྒ་ཤིའི་རྐྱེན་གྱིས་མྱ་ངན་དང། སྨྲེ་སྔགས་ [501A]༄༅། །འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང་འཁྲུག་པ་ལ་སོ་སོར་རྟོག་པར་བྱེད་ཅིང། འདི་ལྟར་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་བོ་ འདི་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་སོ་སོར་རྟོག་གོ་རྒ་ཤི་མེད་ན་མྱ་ངན་དང། སྨྲེ་སྔགས་འདོན་པ་དང། སྡུག་བསྔལ་བ་དང། ཡིད་མི་བདེ་བ་དང། འཁྲུག་པ་དང། སྡུག་ བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་རྣམས་འབྱུང་བར་མི་འགྱུར་རོ་ཞེས་སོ་སོར་རྟོག་ཅིང། སྐྱེ་བ་མེད་ན་རྒ་ཤི་འབྱུང་བར་མི་འགྱུར་རོ་ཞེས་སོ་སོར་རྟོག་གོ་སྲིད་པ་མེད་ན་སྐྱེ་བ་འབྱུང་ བར་མི་འགྱུར་རོ་ཞེས་སོ་སོར་རྟོག་གོ་ལེན་པ་མེད་ན་སྲིད་པ་འབྱུང་བར་མི་འགྱུར་རོ་ཞེས་སོ་སོར་རྟོག་གོ་སྲེད་པ་མེད་ན་ལེན་པ་འབྱུང་བར་མི་འགྱུར་རོ་ཞེས་སོ་སོར་རྟོག་གོ་ཚོར་བ་མེད་ན་ སྲེད་པ་འབྱུང་བར་མི་འགྱུར་རོ་ཞེས་སོ་སོར་རྟོག་གོ་རེག་པ་མེད་ན་ཚོར་བ་འབྱུང་བར་མི་འགྱུར་རོ་ཞེས་སོ་སོ་རྟོག་གོ་སྐྱེ་མཆེད་དྲུག་མེད་ན་རེག་པ་འབྱུང་བར་མི་འགྱུར་རོ་ཞེས་སོ་སོར་ རྟོག་གོ་མིང་དང་གཟུགས་མེད་ན་སྐྱེ་མཆེད་དྲུག་འབྱུང་བར་མི་འགྱུར་རོ་ཞེས་སོ་སོར་རྟོག་གོ་རྣམ་པར་ཤེས་པ་མེད་ན་མིང་དང་གཟུགས་འབྱུང་བར་མི་འགྱུར་རོ་ཞེས་སོ་སོར་རྟོག་ གོ་འདུ་བྱེད་མེད་ན་རྣམ་པར་ཤེས་པ་འབྱུང་བར་མི་འགྱུར་རོ་སོ་སོར་རྟོག་གོ་མ་རིག་པ་མེད་ན་འདུ་བྱེད་འབྱུང་བར་མི་འགྱུར་རོ་ཞེས་སོ་སོར་རྟོག་ཅིང། དེ་ལྟར་ན་སྡུག་བསྔལ་ [501B]ཞེས་སོ་སོར་རྟོག་གོ་དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་ལུགས་དང་མཐུ་པ་དང། ལུགས་ དང་མི་མཐུན་པ་ལ་སོ་སོར་རྟོག་ཅིང། དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་དོ། །དེ་ཡང་ཅི་ ལྟ་བུ་ཞིག་བསྔོ་བར་བྱེད་པ་དང། ཅི་ལྟར་བསྔོ་བར་བྱ་བ་དང། གང་དུ་བསྔོ་བར་བྱ་བ་གསུམ་གྱི་བློ་མི་འབྱུང་བ་དེ་ལྟར་བསྔོ་བར་བྱེད་དོ། །རབ་འབྱོར། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ན། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ ངེ་འཛིན་སེང་གེ་རྣམ་པར་བསྒྱིངས་པ་དེ་གང་ཞེ་ན། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ་ རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་དང་པོ་ལས་ ལངས་ནས། བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ་བསམ་གཏན་གཉིས་པ་ལས་ལངས་ནས་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ་།བསམ་གཏན་ [502A]༄༅། །གསུམ་པ་ལས་ལངས་ནས་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ་བསམ་གཏན་བཞི་པ་ལས་ལངས་ནས་ནམ་མཁའ་མཐའ་ ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ་རྣམ་ཤེས་ མཐའ་ཡས་སྐྱེ་མཆེད་ལས་ལངས་ནས་ཅུང་ཟད་མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་ མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ལངས་ནས་འགོག་པ་ལ་སྙོམས་པར་འཇུག་གོ་འགོག་པའི་སྙོམས་པར་ འཇུག་པ་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ལངས་ནས་ཅུང་ཟད་ མེད་པའི་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ལངས་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ་རྣམ་ཤེས་མཐའ་ ཡས་སྐྱེ་མཆེད་ལས་ལངས་ནས་ནམ་མཁའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས་བསམ་གཏན་བཞི་པ་ [502B]བསམ་གཏན་བཞི་པ་ལས་ལངས་ནས་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ་བསམ་གཏན་གསུམ་པ་ལས་ལངས་ནས་བསམ་གཏན་གཉིས་ པ་ལ་སྙོམས་པར་འཇུག་གོ་བསམ་གཏན་གཉིས་པ་ལས་ལངས་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་སྟེ། དེ་སེངྒེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་འདི་རྣམ་པར་ སྨིན་པར་བྱས་ནས་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་གོ་རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཏིང་ངེ་འཛིན་ཐོད་རྒལ་དེ་གང་ཞེ་ན། རབ་ འབྱོར། འདི་ལ་དེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདོད་པས་དབེན། སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ། རྟོག་པ་དང་བཅས་པ། དཔྱོད་པ་དང་བཅས་པ། དབེན་ པ་ལས་སྐྱེས་པའི་དགའ་བ་དང། བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་དང་པོ་ལས་ལངས་ནས་བསམ་གཏན་གཉིས་པ་ལ་ཉེ་བར་ བསྒྲུབས་ཏེ་གནས་སོ། །བསམ་གཏན་གཉིས་པ་ལ་ལངས་ནས་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་གསུམ་པ་ལས་ལངས་ནས་བསམ་ གཏན་བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །བསམ་གཏན་བཞི་པ་ལས་ལངས་ནས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། ། [503A]༄༅། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་ཉེ་བར་བསྒྲུབས་ ཏེ་གནས་སོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས། ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་ཉེ་བར་བསྒྲུབས་ ཏེ་གནས་སོ། །ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་ཉེ་བར་བསྒྲུབས་ ཏེ་གནས་སོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས་འདུ་ཤེས་དང་ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །འགོག་ པའི་སྙོམས་པར་འཇུག་པ་ལས་ལངས་ནས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ་བསམ་གཏན་དང་པོ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་ པར་འཇུག་གོ་འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ་བསམ་གཏན་གཉིས་པ་ལས་ལངས་ནས་འགོག་ པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ་འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ་།བསམ་གཏན་ [503B]སྙོམས་པར་འཇུག་གོ་འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་བསམ་གཏན་བཞི་པ་ལ་སྙོམས་ པར་འཇུག་གོ་བསམ་གཏན་བཞི་པ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ་འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་ ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས་འགོག་ པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ་འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་ པར་འཇུག་གོ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ་འགོག་པའི་སྙོམས་ པར་འཇུག་པ་ལས་ལངས་ནས་ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ་ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས་ འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ་འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་ [504A]༄༅། །འཇུག་པ་ལ་སྙོམས་པར་འཇུག་གོ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས་འགོག་པའི་སྙོམས་ པར་འཇུག་པ་ལ་སྙོམས་པར་འཇུག་གོ་འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་སུ་བྱེད་དོ། །མཉམ་པར་མ་བཞག་པའི་སེམས་ ལས་འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ་འགོག་པའི་སྙོམས་པར་འཇུག་པ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །མཉམ་ པར་མ་བཞག་པའི་སེམས་ལས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་སྙོམས་པར་འཇུག་པ་ལ་སྙོམས་པར་འཇུག་གོ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ ཀྱི་སྙོམས་པར་འཇུག་པ་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །མཉམ་པར་མ་བཞག་པའི་སེམས་ལས་ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་སྙོམས་ པར་འཇུག་པ་ལ་སྙོམས་པར་འཇུག་གོ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། །མཉམ་པར་མ་བཞག་པའི་སེམས་ ལས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་སྙོམས་པར་འཇུག་གོ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས་མཉམ་པར་མ་བཞག་པའི་སེམས་ལ་གནས་སོ། ། [504B]མཆེད་ལ་སྙོམས་པར་འཇུག་གོ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ལངས་ནས་མཉམ་པར་མ་བཞག་ པའི་སེམས་ལ་གནས་སོ། །མཉམ་པར་མ་བཞག་པའི་སེམས་ལས་བསམ་གཏན་བཞི་པ་ལ་སྙོམས་པར་འཇུག་གོ་བསམ་གཏན་བཞི་པ་ལས་ལངས་ནས་མཉམ་པར་མ་ བཞག་པའི་སེམས་ལ་བྱེད་དོ། །མཉམ་པར་མ་བཞག་པའི་སེམས་ལས་བསམ་གཏན་གསུམ་པ་ལ་སྙོམས་པར་འཇུག་གོ་བསམ་གཏན་གསུམ་པ་ལས་ལངས་ནས་མཉམ་ པར་མ་བཞག་པའི་སེམས་སུ་བྱེད་དོ། །མཉམ་པར་མ་བཞག་པའི་སེམས་ལས་བསམ་གཏན་གཉིས་པ་ལ་སྙོམས་པར་འཇུག་གོ་བསམ་གཏན་གཉིས་པ་ལས་ལངས་ནས་ མཉམ་པར་མ་བཞག་པའི་སེམས་སུ་བྱེད་དོ། །མཉམ་པར་མ་བཞག་པའི་སེམས་ལས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ་བསམ་གཏན་དང་པོ་ལས་ལངས་ནས་ མཉམ་པར་མ་བཞག་པའི་སེམས་སུ་བྱེད་དོ། །དེ་ཐོད་རྒལ་གྱི་ཏིང་ངེ་འཛིན་དེ་ལ་གནས་ཤིང། ཆོས་ཐམས་ཅད་མཉམ་པ་ཉིད་རྗེས་སུ་ཐོབ་པར་བྱེད་དེ། རབ་འབྱོར། དེ་ལྟར་ ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ [505A]༄༅། །ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ང་བཅུ་གཉིས་པའོ།། །།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་བམ་པོ་ཉིས་ བརྒྱ་ང་བཞི་པ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པ་དེ། ཡུན་རིང་པོ་ཇི་སྲིད་ཅིག་ནས་ཡང་དག་པར་ཞུགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཐབས་མཁས་ པ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་བསྐལ་པ་བྱེ་བ་ཁྲག་ཁྲིག་གྲངས་མེད་པ་ནས་ཡང་དག་པར་ཞུགས་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་ འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པ་དེས། སངས་རྒྱས་ཇི་སྙེད་ཅིག་བསྙེན་བཀུར་བ་ལགས། བཅོམ་ལྡན་འདས་ཀྱིས་ བཀའ་སྩལ་པ། རབ་འབྱོར། ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ནི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་བསྙེན་བཀུར་བར་ རིག་པར་བྱའོ། །གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པ་དེས་དགེ་བའི་རྩ་བ་ཅི་ཞིག་བསྐྲུན་པ་ [505B] བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་དང་ལྡན་པ་དེས་ ཡོངས་སུ་རྫོགས་པར་མ་བྱས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བྱ་བ་དེ་ལྟ་བུ་གང་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཡོངས་སུ་རྫོགས་པར་མ་བྱས་པའི་ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱ་བ་དེ་ལྟ་བུ་གང་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཡོངས་སུ་རྫོགས་པར་མ་བྱས་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་ པའི་བྱ་བ་དེ་ལྟ་བུ་གང་ཡང་མེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཡོངས་སུ་རྫོགས་པར་མ་བྱས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱ་བ་དེ་ལྟ་བུ་གང་ཡང་ མེད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཡོངས་སུ་རྫོགས་པར་མ་བྱས་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་བྱ་བ་དེ་ལྟ་བུ་གང་ཡང་མེད་དོ། །བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་དེས་ཡོངས་སུ་རྫོགས་པར་མ་བྱས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བྱ་བ་དེ་ལྟ་བུ་གང་ཡང་མེད་དོ་།གསོལ་པ། བཅོམ་ལྡན་འདས། བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པ་དེ་དག་ནི་ངོ་མཚར་ཆེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་ [506A]༄༅། །བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པ་དེ་དག་ནི་ངོ་མཚར་ཆེའོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ ན། ཉི་མའི་དཀྱིལ་འཁོར་དང། ཟླ་བའི་དཀྱིལ་འཁོར་ནི་གླིང་བཞིར་ལས་བྱེད་ཅིང་གླིང་བཞིའི་རྗེས་སུ་འགྲོའོ། །གླིང་བཞིའི་རྗེས་སུ་འབྲང་ངོ། །རབ་འབྱོར། དེ་བཞིན་དུ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པའང་ཕ་རོལ་ཏུ་ཕྱིན་པ་ལྔར་ལས་བྱེད་ཅིང་ཕ་རོལ་ཏུ་ཕྱིན་པ་ལྔའི་རྗེས་སུ་འགྲོའོ། །ཕ་རོལ་ཏུ་ཕྱིན་པ་ལྔའི་རྗེས་སུ་འབྲང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་ བྲལ་ན། ཕ་རོལ་ཏུ་ཕྱིན་པ་ལྔ་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་བོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན། ཕ་རོལ་ཏུ་ཕྱིན་པ་ལྔ་ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་བོ། །རབ་འབྱོར་ འདི་ལྟ་སྟེ། དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་བྲལ་ན་རིན་པོ་ཆེ་སྣ་བདུན་གྱིས་འཁོར་ལོས་སྒྱུར་བའི་མིང་མི་འཐོབ་བོ་།རབ་འབྱོར། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ ལྔའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན། ཕ་རོལ་ཏུ་ཕྱིན་པའི་མིང་མི་འཐོབ་བོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན་ཁྱིམ་ཐབ་མེད་པའི་བུད་མེད་རྣམས་ནི། འཕྱོན་ མ་པ་རྣམས་ཀྱིས་ཚུགས་པར་སླ་བ་ཡིན་ནོ། །རབ་འབྱོར། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན། བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ [506B] །རབ་འབྱོར། འདི་ལྟ་སྟེ། དཔེར་ན། ཁྱིམ་ཐབ་དཔའ་བོས་ཤིན་ཏུ་བསྲུངས་པའི་བུད་མེད་ཤིན་ཏུ་ཕུན་སུམ་ཚོགས་པའི་ཁྱིམ་ན་འདུག་པ་ནི། འཕྱོན་ མ་པ་རྣམས་ཀྱིས་མི་ཚུགས་པ་ཡིན་ནོ། །རབ་འབྱོར། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་ན། བདུད་དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་ ཀྱིས་མི་ཚུགས་པ་ཡིན་ནོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན། གཡུལ་དུ་འགྲོ་བའི་སྐྱེས་བུ་གོ་ཆ་ཚང་བར་གྱོན་པ། མཚོན་ཆ་ཐམས་ཅད་ཐོགས་པ་ནི་གཡུལ་ངོ་ན་འདུག་པའི་ཚེ་ རྒྱལ་པོ་ཟླ་བོའམ། ཕྱིར་རྒོལ་བ་དང། དགྲ་རྣམས་ཀྱིས་ཐུབ་པར་དཀའོ། །རབ་འབྱོར། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་ན། བདུད་ དམ་བདུད་ཀྱི་རིས་ཀྱི་ལྷ་རྣམས་དང། གང་ཟག་ལྷག་པའི་ང་རྒྱལ་ཅན་ནམ། བྱང་ཆུབ་སེམས་དཔའ་གདོལ་པ་རྣམས་ཀྱིས་ཀྱང་ཐུབ་པར་དཀའོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན་ འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཁམས་ཀྱི་རྒྱལ་པོ་ཡོད་པ་རྣམས་ནི། ནང་ནུབ། ནང་ནུབ་ཅིང་རིམ་གྲོར་བྱ་བའི་དོན་དུ་དྲུང་དུ་འོང་ངོ། །རབ་འབྱོར། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ ལྔའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར་འདོང་ངོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། ཆུ་ཀླུང་གང་ཇི་སྙེད་ཅིག་ [507A]༄༅། །ཡོད་པ་དེ་ཐམས་ཅད་ནི་ཆུ་ཀླུང་ཆེན་པོ་གངྒཱ་གང་ན་བ་དེར་འདོང་ངོ། །དེ་དག་ཆུ་ཀླུང་གངྒཱ་དང་འགྲོགས་ཤིང་རྒྱ་མཚོ་ཆེན་པོའི་ནང་དུ་འདོང་ངོ། །རབ་འབྱོར་ དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར་འདོང་ངོ། །རབ་འབྱོར། འདི་ལྟ་སྟེ་ དཔེར་ན། སྐྱེས་བུའི་ལག་པ་གཡས་པ་ནི་དགོས་པ་ཐམས་ཅད་བྱེད་དོ་།རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་དེ་བཞིན་དུ་བལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་ལྔ་ནི་ལག་ པ་གཡོན་པ་ཇི་ལྟ་བ་བཞིན་དུ་བལྟའོ། །རབ་འབྱོར། འདི་ལྟ་སྟེ་དཔེར་ན། ཆུ་ཀླུང་ཕྲ་མོ་རྣམས་ཀྱི་ཆུ་དང། ཆུ་ཀླུང་ཆེན་པོ་རྣམས་ཀྱི་ཆུ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ ཅད་ཀྱང་རྒྱ་མཚོ་ཆེན་པོར་ཕྱིན་ན། འདི་ལྟ་སྟེ། ལན་ཚའི་རོར་རོ་གཅིག་པར་འགྱུར་རོ། །རབ་འབྱོར། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་ སུ་ཟིན་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཕྱིན་པའི་ཚེ་འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རོར་རོ་གཅིག་པར་འགྱུར་རོ། །རབ་འབྱོར། འདི་ལྟ་སྟེ། དཔེར་ན་ འཁོར་ལོས་སྒྱུར་བའི་རྒྱལ་པོའི་དཔུང་གི་ཚོགས་ཡན་ལག་བཞི་དང་ལྡན་པའི་མདུན་དུ་ནི། འཁོར་ལོ་རིན་པོ་ཆེ་འགྲོ་ཞིང་འདུག་སྟེ་གང་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ [507B]རྒྱལ་པོའི་དཔུང་གི་ཚོགས་ཐམས་ཅད་ཡོངས་སུ་ཚིམ་པར་བྱེད་ཅིང་འཁོར་ལོ་རིན་པོ་ཆེ་དེ་གནས་ནས་གཡོ་བ་མེད་དོ། ། རབ་འབྱོར། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་བཀྲི་བ་ཡིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར་འདོང་སྟེ་ དེར་གནས་སོ། །དེར་གནས་པར་གྱུར་ནས་ཀྱང་གནས་དེ་ལས་མི་འདའོ་།རབ་འབྱོར། འདི་ལྟ་སྟེ། དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དེ་དང། བློན་པོ་རིན་ པོ་ཆེ་དེ་དང། ཁྱིམ་བདག་རིན་པོ་ཆེ་དེ་དང། བུད་མེད་རིན་པོ་ཆེ་དེ་དང། ནོར་བུ་རིན་པོ་ཆེ་དེ་དང། གླང་པོ་རིན་པོ་ཆེ་དེ་དང་རྟ་རིན་པོ་ཆེ་དེ་དག་ནི་དཔུང་གི་ཚོགས་ཡན་ལག་བཞི་དང་ ལྡན་པའི་མདུན་དུ་འདོང་ངོ། །རབ་འབྱོར། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གི་མདུན་དུ་འགྲོ་སྟེ། མདུན་དུ་སོང་ནས་ཀྱང་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་གང་ན་བ་དེར་གནས་པར་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། འདི་སྙམ་དུ་བདག་གི་ཕྱི་བཞིན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་འབྲང་ངོ་སྙམ་དུ་མི་སེམས་སོ། །ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། འདི་སྙམ་དུ་བདག་གི་ཕྱི་བཞིན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྲང་ངོ་སྙམ་དུ་མི་སེམས་སོ་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། འདི་སྙམ་དུ་བདག་གི་ཕྱི་བཞིན་ [508A]༄༅། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་འབྲང་ངོ་སྙམ་དུ་མི་སེམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། འདི་སྙམ་དུ་བདག་གི་ཕྱི་བཞིན་བརྩོན་འགྲུས་ཀྱི་ཕ་ རོལ་ཏུ་ཕྱིན་པ་འབྲང་ངོ་སྙམ་དུ་མི་སེམས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། འདི་སྙམ་དུ་བདག་གི་ཕྱི་བཞིན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་འབྲང་ངོ་སྙམ་དུ་མི་སེམས་ སོ༑ ༑སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་འདི་སྙམ་དུ་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲང་ངོ་སྙམ་དུ་མི་སེམས་སོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའང་འདི་ སྙམ་དུ་བདག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲང་ངོ་སྙམ་དུ་མི་སེམས་སོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པའང་འདི་སྙམ་དུ་བདག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པའི་རྗེས་སུ་འབྲང་ངོ་སྙམ་དུ་མི་སེམས་སོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའང་འདི་སྙམ་དུ་བདག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲང་ངོ་སྙམ་དུ་མི་སེམས་ སོ༑ ༑བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའང་འདི་སྙམ་དུ་བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྗེས་སུ་འབྲང་ངོ་སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་ རང་བཞིན་ནི་དེ་ཡིན་ཏེ། ཅིའང་ནུས་པ་མེད་པ་ངོ་བོ་ཉིད་ཀྱིས་སྟོང་ཞིང་གསོག་སྟེ། སྨིག་རྒྱུ་ལྟ་བུའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ [508B] །བཅོམ་ལྡན་འདས། གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལགས་ན། བཅོམ་ལྡན་འདས། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་ པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ དང། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་ བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་ཚེ། འདི་སྙམ་དུ་ཀྱེ་མ་ འཇིག་རྟེན་གནས་པ་འདི་ནི་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་སྟེ། དེ་དག་ནི་ཐབས་མཁས་པས་འཁོར་བ་ནས་ཡོངས་སུ་གདོན་པར་མི་ནུས་ཀྱིས། མ་ལ་བདག་གིས་སེམས་ཅན་དེ་དག་གི་ དོན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །བརྩོན་འགྲུས་ཀྱི་ཕ་རོལ་ ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་སྙམ་ནས། དེ་སེམས་ཅན་དེ་དག་གི་དོན་དུ་ [509A]༄༅། །ཕྱི་ནང་གི་དངོས་པོ་རྣམས་ཡོངས་སུ་གཏོང་སྟེ། དེ་ཡོངས་སུ་གཏོང་བའི་ཚེ་འདི་སྙམ་སྟེ། བདག་གིས་གང་ཡང་ཡོངས་སུ་གཏང་བ་མེད་དོ། །དེ་ཅིའི་ ཕྱིར་ཞེ་ན། འདི་ལྟར་དངོས་པོ་འདི་དག་ནི་བདག་ཉིད་འཇིག་པའོ་སྙམ་སྟེ། རབ་འབྱོར། དེ་ལྟར་ཡོངས་སུ་རྟོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སྦྱིན་པའི་ཕ་ རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །དེ་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་ཚུལ་ཁྲིམས་ངན་པའི་སྐབས་མི་འབྱེད་དོ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་འདི་སྙམ་དུ་ སེམས་ཏེ། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ལ་སྲོག་གཅོད་པ་བྱེད་པ་དང། མ་བྱིན་པར་ལེན་པ་དང། འདོད་པས་ལོག་པར་གཡེམ་ པ་དང། རྫུན་གྱི་ཚིག་སྨྲ་བ་དང། ཕྲ་མ་ཅན་དུ་འགྱུར་བ་དང། ཞེ་གཅོད་པའི་ཚིག་སྨྲ་བ་དང། ཚིག་བཀྱལ་པ་ཅན་དུ་འགྱུར་བ་དང། ཆགས་སེམས་ཅན་དུ་འགྱུར་བ་དང། གནོད་ སེམས་སུ་བྱེད་པ་དང། ལོག་པར་ལྟ་བ་ཅན་དུ་འགྱུར་བ་དང། ཡུལ་ལ་སྨོན་པ་དང། ལྷར་སྨོན་པ་དང། ཚངས་པར་སྨོན་པ་དང། ཉན་ཐོས་ཀྱི་སར་སྨོན་པ་དང། རང་སངས་ རྒྱས་ཀྱི་སར་སྨོན་པ་འདི་ནི་བདག་ལ་ཚུལ་དང་མི་འདྲའོ་སྙམ་སྟེ། རབ་འབྱོར། དེ་ལྟར་ཡོངས་སུ་རྟོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཚུལ་ཁྲིམས་ཀྱི་ཕ་ [509B] །དེ་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་ཚིག་རྩུབ་པ་དང། བརླང་བས་རྟག་ཏུ་སྤྱོས་ཤིང། བརྒྱད་ཀྱང་འཁྲུག་པའི་སེམས་མི་སྐྱེད། རྡོ་དབྱུག་དང་བོང་བ་ དང། མཚོན་གྱིས་བཏབ་ཅིང་བསྣུན་པ་དང། ལུས་ཀྱི་ཡན་ལག་བཤགས་སམ། ཡན་ལག་དང་ཉིང་ལག་བཅད་ཀྱང་ཞེ་སྡང་གི་སེམས་མི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ ནི་སྒྲ་ཐམས་ཅད་སྒྲ་བརྙན་ལྟ་བུར་རབ་ཏུ་རྟོག་གོ་གཟུགས་ཐམས་ཅད་དབུ་བ་ལྟ་བུར་ཡོངས་སུ་རྟོག་གོ་རབ་འབྱོར། དེ་ལྟར་ཡོངས་སུ་རྟོག་པའི་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ་།དེ་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་བཙལ་བའི་ཕྱིར་ལེ་ལོའི་སེམས་མི་སྐྱེད་ དེ༑ དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་འདི་སྙམ་དུ་སེམས་ཏེ་མཐོ་རིས་སུ་སྐྱེ་བའང་ལེ་ལོ་ཅན་གྱིས་རྙེད་པར་དཀའ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ ཅི་སྨོས་ཀྱིས། དེ་བས་ན་བདག་གིས་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་བརྩོན་འགྲུས་བརྩམ་པར་བྱའོ། །རྟག་ཏུ་ བརྩོན་པ་མི་འདོར་བར་བྱའོ་སྙམ་སྟེ། རབ་འབྱོར། དེ་ལྟར་ཡོངས་སུ་རྟོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ [510A]༄༅། །ནོ༑ ༑དེ་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་སེམས་མི་འཁྲུགས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་འདི་སྙམ་དུ་སེམས་ཏེ། འཇིག་རྟེན་ པའི་བསམ་གཏན་དུ་སྐྱེ་བའང་སེམས་འཁྲུག་པས་རྙེད་པར་བཀའ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་ཅི་སྨོས་ཀྱི། དེ་བས་ན་བདག་གིས་ནམ་བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་བདག་གིས་སེམས་མི་འཁྲུགས་པར་བྱའོ་སྙམ་སྟེ། རབ་འབྱོར། དེ་ལྟར་ ཡོངས་སུ་རྟོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ནོ། །དེ་སེམས་ཅན་དེ་དག་ཉིད་ཀྱི་དོན་དུ་ནམ་བླ་ ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་ཤེས་རབ་དང་བྲལ་བར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་ འདི་སྙམ་དུ་སེམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་ཞུགས་པར་རྣམ་པ་གཞན་གྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བར་མི་ནུས་ཀྱིས། དེ་བས་ན་བདག་གིས་ ཤེས་རབ་འཆལ་པ་དང་ལྡན་པའི་སེམས་འགའ་ཙམ་ཡང་བསྐྱེད་པར་མི་བྱའོ་སྙམ་སྟེ། རབ་འབྱོར། དེ་ལྟར་ཡོངས་སུ་རྟོག་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ [510B]ལ་སྤྱོད་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། གལ་ཏེ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཐ་དད་པ་མ་མཆིས་ན་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་སྐད་དུ་ཕ་རོལ་ཏུ་ཕྱིན་པ་ལྔའི་རབ་ཅེས་བགྱི། གཙོ་བོ་ཞེས་བགྱི། མཆོག་ཅེས་བགྱི། དམ་པ་ཞེས་བགྱི། ཕུལ་ཞེས་བགྱི། གྱ་ནོམ་པ་ ཞེས་བགྱི། བླ་ན་མེད་པ་ཞེས་བགྱི། གོང་ན་མེད་པ་ཞེས་བགྱི་མཉམ་པ་མེད་པ་ཞེས་བགྱི། མི་མཉམ་པ་དང་མཉམ་པ་ཞེས་བགྱི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རབ་འབྱོར། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ནི། རྣམ་པ་ཐ་དད་པ་གང་ཡང་མེད་དེ། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེད་ན་ནི་ ཕ་རོལ་ཏུ་ཕྱིན་པ་ནི་ལྔ་པོ་འདི་དག་གིས་ཀྱང་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ན། ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གིས་ ཀྱང་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་པར་འགྱུར་རོ། །རབ་འབྱོར་འདི་ལྟ་སྟེ། དཔེར་ན། ལུས་རྣམ་པ་ཐ་དད་པ་རྣམས་ནི་རིའི་རྒྱལ་པོ་རི་རབ་ཀྱི་དྲུང་དུ་ཕྱིན་ན། ཁ་དོག་གཅིག་ཏུ་ འགྱུར་རོ། །རབ་འབྱོར། དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ན་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གིས་ཕ་རོལ་ཏུ་ཕྱིན་པའི་མིང་འཐོབ་པར་འགྱུར་ཏེ། དེ་དག་ཀྱང་ [511A]༄༅། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཕྱིན་ན། འདི་ལྟ་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཁ་དོག་གཅིག་པར་འགྱུར་ཏེ། འདི་ནི་སྦྱིན་པའི་ ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་བསམ་ གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་ཁྱད་པར་གང་ཡང་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་དག་ལ་ངོ་བོ་ཉིད་མེད་པས་ དེའི་ཕྱིར་ཁྱད་པར་མེད་དོ། །གསོལ་པ། བཅོམ་ལྡན་འདས། དེ་ལྟར་ཆོས་གང་ལའང་ཁྱད་པར་མ་མཆིས་ལ། བྱེ་བྲག་མ་མཆིས་ན་རྗེས་སུ་ཐོབ་པར་འགྱུར་པ་ནི་གང་ཞིག་ མཆིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཅིའི་སླད་དུ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དེ་དག་གི་རབ་ཅེས་བགྱི། གཙོ་བོ་ཞེས་བགྱི་མཆོག་ཅེས་བགྱི། དམ་པ་ཞེས་བགྱི། ཕུལ་ཞེས་བགྱི། གྱ་ ནོམ་པ་ཞེས་བགྱི། བླ་ན་མེད་པ་ཞེས་བགྱི། གོང་ན་མེད་པ་ཞེས་བགྱི། མཉམ་པ་མེད་པ་ཞེས་བགྱི། མི་མཉམ་པ་དང་མཉམ་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རབ་འབྱོར། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། དོན་རྗེས་སུ་ཐོབ་པར་བྱ་བ་ལ། ཆོས་གང་ལའང་བྱེ་བྲག་དང། ཁྱད་པར་མེད་དེ། འོན་ཀྱང་འཇིག་རྟེན་གྱི་ཐ་སྙད་དང་ [511B] སེམས་ཅན་རྣམས་འཁོར་བ་ལས་ཡོངས་སུ་གདོན་པའི་དོན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའང་ཡོད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཡོད་དོ། །བཟོད་པའི་ཕ་ རོལ་ཏུ་ཕྱིན་པའང་ཡོད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཡོད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའང་ཡོད་དོ་།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའང་ཡོད་དོ། །སེམས་ཅན་ དེ་དག་ལའང་སྐྱེ་བ་མེད་དོ། །འཆི་བ་མེད་དོ། །འཕོ་བ་མེད་དོ་།འབྱུང་བ་མེད་དོ། །སེམས་ཅན་མེད་པས་ཆོས་ཐམས་ཅད་མེད་པར་རིག་པར་བྱའོ། །རབ་འབྱོར། རྣམ་གྲངས་དེས་ན་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་དག་གི་རབ་ཅེས་བྱ། གཙོ་བོ་ཞེས་བྱ། མཆོག་ཅེས་བྱ། དམ་པ་ཞེས་བྱ། ཕུལ་ཞེས་བྱ། གྱ་ནོམ་པ་ཞེས་བྱ། བླ་ན་མེད་པ་ ཞེས་བྱ། གོང་ན་མེད་པ་ཞེས་བྱ། མཉམ་པ་མེད་པ་ཞེས་བྱ། མི་མཉམ་པ་དང་མཉམ་པ་ཞེས་བྱ་སྟེ། རབ་འབྱོར། འདི་ལྟ་སྟེ། དཔེར་ན། ཛམྦུའི་གླིང་གི་བུད་མེད་གང་ཇི་སྙེད་པ་དེ་དག་ གི་ནང་ན་བུད་མེད་རིན་པོ་ཆེ་ནི་རབ་ཅེས་བྱ། གཙོ་བོ་ཞེས་བྱ་མཆོག་ཅེས་བྱ། དམ་པ་ཞེས་བྱ། ཕུལ་ཞེས་བྱ། གྱ་ནོམ་པ་ཞེས་བྱ། བླ་ན་མེད་པ་ཞེས་བྱ། གོང་ན་མེད་པ་ཞེས་བྱ་ མཉམ་པ་མེད་པ་ཞེས་བྱ། མི་མཉམ་པ་དང་མཉམ་པ་ཞེས་བྱ་བ་བཞིན་ནོ། །གསོལ་པ། བཅོམ་ལྡན་འདས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཅེས་བགྱི་བ་དང། གཙོ་བོ་ [512A]༄༅། །ཞེས་བགྱི་བ་དང། མཆོག་ཅེས་བགྱི་བ་དང། དམ་པ་ཞེས་བགྱི་བ་དང། ཕུལ་ཞེས་བགྱི་བ་དང། གྱ་ནོམ་པ་ཞེས་བགྱི་བ་དང། བླ་ན་མེད་པ་ཞེས་ བགྱི་བ་དང། གོང་ན་མེད་པ་ཞེས་བགྱི་བ་དང། མཉམ་པ་མེད་པ་ཞེས་བགྱི་བ་དང། མི་མཉམ་པ་དང་མཉམ་པ་ཞེས་བགྱི་བ་དེ་ཅི་ལས་དགོངས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རབ་འབྱོར། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་བཟུང་ཞིང་མི་གནས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་གང་ན་བ་དེར་གནས་པར་འགྱུར་བའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་ཡང་ཡོངས་སུ་འཛིན་པའམ། གཏོང་བ་ མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། དེ་ནི་མ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཡང་ཡོངས་སུ་འཛིན་པའམ། གཏོང་བ་ མེད་དོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར། དེ་ནི་འདི་ལྟར་ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མེད་པ་དང། གཏོང་བ་མེད་པའི་ཕྱིར་རོ། །གསོལ་པ། བཅོམ་ལྡན་འདས་ ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་ཐམས་ཅད་མི་འཛིན་མི་གཏོང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ [512B] །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚོར་བ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ནི་འདུ་ཤེས་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུ་བྱེད་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ནི་རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིག་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ནི་རྣ་བ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྣ་ཡོངས་སུ་མི་འཛིན་མི་གཏོང་ངོ་།རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ནི་ལྕེ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལུས་ཡོངས་སུ་མི་འཛིན་མི་གཏོང་ངོ་།རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ནི་ཡིད་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུགས་ཡོངས་སུ་མི་འཛིན་མི་གཏོང་ངོ་།རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ནི་སྒྲ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དྲི་ཡོངས་སུ་མི་འཛིན་མི་གཏོང་ངོ་།རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ [513A]༄༅། །པ་ནི་རོ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རེག་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིག་གི་རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་ འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྣའི་རྣམ་པར་ཤེས་པ་ཡོངས་སུ་ མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལྕེའི་རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལུས་ ཀྱི་རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིག་གི་འདུས་ཏེ་རེག་པ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་མི་འཛིན་ མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྣའི་འདུས་ཏེ་རེག་པ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལྕེའི་འདུས་ཏེ་ [513B] །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ནི་ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མི་འཛིན་ མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ནི་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མི་འཛིན་ མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ནི་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སའི་ཁམས་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་ འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རླུང་གི་ཁམས་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མེའི་ཁམས་ཡོངས་སུ་མི་འཛིན་མི་གཏོང་ [514A]༄༅། །ངོ༑ ༑རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རླུང་གི་ཁམས་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏོ་ཕྱིན་ པ་ནི་ནམ་མཁའི་ཁམས་ཡོངས་སུ་མི་འཛིན་མི་གཏོང་ངོ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་ཤེས་པའི་ཁམས་ཡོངས་སུ་མི་འཛིན་མི་གཏོང་ངོ། ། རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་རིག་པ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུ་བྱེད་ཡོངས་སུ་མི་འཛིན་མི་གཏོང་ ངོ༑ ༑རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་ཤེས་པ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མིང་དང་གཟུགས་ཡོངས་ སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐྱེ་མཆེད་དྲུག་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རེག་ པ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚོར་བ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྲེད་ པ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལེན་པ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྲིད་པ་ [514B] །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྐྱེ་བ་ཡོངས་སུ་མི་འཛིན་མི་གཏོང་ངོ་།རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྒ་ཤི་ཡོངས་སུ་མི་ འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མི་འཛིན་མི་གཏོང་ངོ་།རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུལ་ཁྲིམས་ ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་ སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ནི་ནང་སྟོང་པ་ཉིད་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱི་སྟོང་པ་ཉིད་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ ཏུ་ཕྱིན་པ་ནི་ཕྱི་ནང་སྟོང་པ་ཉིད་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར་ [515A]༄༅། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆེན་པོ་སྟོང་པ་ཉིད་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དོན་དམ་པ་སྟོང་ པ་ཉིད་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འདུས་བྱས་སྟོང་པ་ཉིད་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ནི་འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་མི་འཛིན་ མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ དོར་བ་མེད་པ་སྟོང་པ་ཉིད་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་སྟོང་པ་ཉིད་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་ སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་དམིགས་པ་སྟོང་པ་ཉིད་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ [515B]འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མི་འཛིན་མི་གཏོང་ངོ། ། རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དྲན་པ་ ཉེ་བར་བཞག་པ་བཞི་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡང་དག་པར་སྤོང་བ་བཞི་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དབང་པོ་ལྔ་ཡོངས་སུ་མི་འཛིན་མི་གཏོང་ ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྟོབས་ལྔ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་ མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ནི་འཕགས་པའི་བདེན་པ་བཞི་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གཏན་བཞི་ཡོངས་སུ་མི་འཛིན་མི་གཏོང་ [516A]༄༅། །ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚད་མེད་པ་བཞི་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ནི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྣམ་པར་ཐར་པ་བརྒྱད་ཡོངས་སུ་མི་འཛིན་ མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང། སྨོན་པ་མེད་པ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པ་ནི་མངོན་པར་ཤེས་པ་རྣམས་ཡོངས་སུ་མི་འཛིན་མི་གཏོང་ངོ་།རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཏིང་ངེ་འཛིན་རྣམས་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་ འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཟུངས་ཀྱི་སྒོ་རྣམས་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་བཞིན་གཤེགས་པའི་ སྟོབས་བཅུ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མི་འཇིགས་པ་བཞི་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་ [516B]མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བྱམས་པ་ཆེན་པོ་ཡོངས་སུ་མི་འཛིན་མི་གཏོང་ ངོ༑ །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྙིང་རྗེ་ཆེན་པོ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ བཅོ་བརྒྱད་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱིར་མི་འོང་བའི་འབྲས་བུ་ཡོངས་སུ་ མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དགྲ་བཅོམ་པ་ཉིད་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བྱང་ ཆུབ་ཡོངས་སུ་མི་འཛིན་མི་གཏོང་ངོ། །རབ་འབྱོར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་མི་འཛིན་མི་གཏོང་ངོ། །གསོལ་ པ༑ བཅོམ་ལྡན་འདས། ཇི་ལྟར་ན་གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས་ཇི་ལྟར་ན་འདུ་ཤེས་ཡོངས་སུ་མ་ [517A]༄༅། །བཟུང་མ་བཏང་བ་ལགས། ཇི་ལྟར་ན་འདུ་བྱེད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ ལགས། ཇི་ལྟར་ན་མིག་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྣ་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྣ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ ལྕེ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལུས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཡིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་གཟུགས་ ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྒྲ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་དྲི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རོ་ཡོངས་སུ་མ་ བཟུང་མ་བཏང་བ་ལགས། ཇི་ལྟར་ན་རེག་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཆོས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མིག་གི་རྣམ་པར་ཤེས་ པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྣའི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་ མ་བཏང་བ་ལགས། ཇི་ལྟར་ན་ལྕེའི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས་ [517B]བཏང་བ་ལགས། ཇི་ལྟར་ན་མིག་གི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྣ་བའི་འདུས་ཏེ་རེག་པ་ ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྣའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལྕེའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས་ ཇི་ལྟར་ན་ལུས་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མིག་གི་འདུས་ཏེ་རེག་ པའི་རྐྱེན་གྱིས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྣའི་འདུས་ཏེ་རེག་ པའི་རྐྱེན་གྱིས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་པ་ལགས། ཇི་ལྟར་ན་ལུས་ཀྱི་འདུས་ཏེ་རེག་ པའི་རྐྱེན་གྱིས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སའི་ཁམས་ཡོངས་ སུ་མ་གཟུང་མ་བཏང་བ་ལགས། ཇི་ལྟར་ན་ཆུའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མེའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རླུང་གི་ [518A]༄༅། །ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ནམ་མཁའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྣམ་པར་ཤེས་པའི་ཁམས་ ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མ་རིག་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་འདུ་བྱེད་ཡོངས་སུ་མ་བཟུང་མི་བཏང་བ་ལགས། ཇི་ལྟར་ན་རྣམ་པར་ ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མིང་དང་གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྐྱེ་མཆེད་དྲུག་ཡོངས་སུ་མ་བཟུང་མ་བཏང་བ་ ལགས། ཇི་ལྟར་ན་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྲེད་པ་ཡོངས་སུ་མ་བཟུང་མ་བཏང་བ་ ལགས། ཇི་ལྟར་ན་ལེན་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྲིད་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྐྱེ་བ་ཡོངས་སུ་མ་བཟུང་མ་བཏང་བ་ ལགས། ཇི་ལྟར་ན་རྒ་ཤི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཚུལ་ཁྲིམས་ཀྱི་ཕ་ རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས་ཇི་ལྟར་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ [518B] ཇི་ལྟར་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ནང་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཕྱི་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ ལྟར་ན་ཕྱི་ནང་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཆེན་པོ་སྟོང་པ་ཉིད་ཡོངས་ སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་དོན་དམ་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་འདུས་བྱས་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ ལགས། ཇི་ལྟར་ན་འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ ལྟར་ན་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་དོར་བ་མེད་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རང་ བཞིན་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རང་གི་མཚན་ཉིད་སྟོང་ [519A]༄༅། །པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མི་དམིགས་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ དངོས་པོ་མེད་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས་ཇི་ལྟར་ན་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་དངོས་པོ་མེད་པའི་ ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་དྲན་པ་ཉེ་བར་བཞག་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཡང་དག་པར་ སྤོང་བ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་དབང་པོ་ལྔ་ཡོངས་སུ་མ་བཟུང་ མ་བཏང་བ་ལགས། ཇི་ལྟར་ན་སྟོབས་ལྔ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་འཕགས་པའི་བདེན་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ བསམ་གཏན་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཚད་མེད་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་གཟུགས་མེད་པའི་སྙོམས་པར་ [519B] ཇི་ལྟར་ན་རྣམ་པར་ཐར་པ་བརྒྱད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མཐར་གྱིས་གནས་པའི་སྙོམས་ པར་འཇུག་པ་དགུ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང་སྨོན་པ་མེད་པ་ཡོངས་སུ་མ་བཟུང་མ་བཏང་ བ་ལགས། ཇི་ལྟར་ན་མངོན་པར་ཤེས་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ཏིང་ངེ་འཛིན་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ གཟུངས་ཀྱི་སྒོ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་མི་ འཇིགས་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སོ་སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ལགས་ཇི་ལྟར་ན་བྱམས་པ་ཆེན་པོ་ཡོངས་ སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སྙིང་རྗེ་ཆེན་པོ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་མ་ བཟུང་མ་བཏང་བ་ལགས། ཇི་ལྟར་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་མ་བཟུང་ [520A]༄༅། །མ་བཏང་བ་ལགས། ཇི་ལྟར་ན་ཕྱིར་མི་འོང་བའི་འབྲས་བུ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་དགྲ་བཅོམ་པ་ཉིད་ཡོངས་སུ་མ་བཟུང་ མ་བཏང་བ་ལགས། ཇི་ལྟར་ན་རང་བྱང་ཆུབ་ཡོངས་སུ་མ་བཟུང་མ་བཏང་བ་ལགས། ཇི་ལྟར་ན་ལམ་གྱི་རྣམ་པར་ཤེས་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས་ ཇི་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་ཡིད་ལ་མི་བྱེད་པས་ གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཚོར་བ་ཡིད་ལ་མི་བྱེད་པས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འདུ་ཤེས་ཡིད་ལ་མི་བྱེད་པས་འདུ་ཤེས་ ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འདུ་བྱེད་ཡིད་ལ་མི་བྱེད་པས་འདུ་བྱེད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣམ་པར་ཤེས་པ་ཡིད་ལ་མི་བྱེད་པས་རྣམ་པར་ ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མིག་ཡིད་ལ་མི་བྱེད་པས་མིག་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣ་བ་ཡིད་ལ་མི་བྱེད་པས་རྣ་བ་ཡོངས་སུ་མ་ བཟུང་མ་བཏང་བ་ཡིན་ནོ། །སྣ་ཡིད་ལ་མི་བྱེད་པས་སྣ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལྕེ་ཡིད་ལ་མི་བྱེད་པས་ལྕེ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལུས་ཡིད་ [520B]།ཡིད་ཡིད་ལ་མི་བྱེད་པས་ཡིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་།གཟུགས་ཡིད་ལ་མི་བྱེད་པས་གཟུགས་ཡོངས་ སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྒྲ་ཡིད་ལ་མི་བྱེད་པས་སྒྲ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དྲི་ཡིད་ལ་མི་བྱེད་པས་དྲི་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རོ་ཡིད་ ལ་མི་བྱེད་པས་རོ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རེག་ཡིད་ལ་མི་བྱེད་པས་རེག་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཆོས་ཡིད་ལ་མི་བྱེད་པས་ཆོས་ཡོངས་སུ་མ་ བཟུང་མ་བཏང་བ་ཡིན་ནོ། །མིག་གི་རྣམ་པར་ཤེས་པ་ཡིད་ལ་མི་བྱེད་པས་མིག་གི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་།རྣ་བའི་རྣམ་པར་ཤེས་པ་ཡིད་ལ་ མི་བྱེད་པས་རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྣའི་རྣམ་པར་ཤེས་བ་ཡིད་ལ་མི་བྱེད་པས་སྣའི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་ བ་ཡིན་ནོ། །ལྕེའི་རྣམ་པར་ཤེས་པ་ཡིད་ལ་མི་བྱེད་པས་ལྕེའི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལུས་ཀྱི་རྣམ་པར་ཤེས་པ་ཡིད་ལ་མི་བྱེད་པས་ལུས་ཀྱི་རྣམ་ པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡིད་ལ་མི་བྱེད་པ་ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མིག་ [521A]༄༅། །གི་འདུས་ཏེ་རེག་པ་ཡིད་ལ་མི་བྱེད་པས་མིག་གི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པ་ཡིད་ལ་མི་ བྱེད་པས་རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྣའི་འདུས་ཏེ་རེག་པ་ཡིད་ལ་མི་བྱེད་པས་སྣའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ ཡིན་ནོ། །ལྕེའི་འདུས་ཏེ་རེག་པ་ཡིད་ལ་མི་བྱེད་པས་ལྕེའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པ་ཡིད་ལ་མི་བྱེད་པས་ལུས་ ཀྱི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡིད་ལ་མི་བྱེད་པ་ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། ། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡིད་ལ་མི་བྱེད་པས་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣ་བའི་འདུས་ ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡིད་ལ་མི་བྱེད་པས་རྣ་བའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྣའི་འདུས་ཏེ་རེག་པ་ལས་ བྱུང་བའི་ཚོར་བ་ཡིད་ལ་མི་བྱེད་པས་སྣའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ [521B]བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡིད་ལ་མི་བྱེད་པས་ ལུས་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ཡིད་ལ་མི་བྱེད་པས་ཡིད་ཀྱི་འདུས་ཏེ་རེག་པ་ལས་ བྱུང་བའི་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སའི་ཁམས་ཡིད་ལ་མི་བྱེད་པས་སའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཆུའི་ཁམས་ཡིད་ལ་མི་བྱེད་པས་ ཆུའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མེའི་ཁམས་ཡིད་ལ་མི་བྱེད་པས་མེའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་།རླུང་གི་ཁམས་ཡིད་ལ་མི་བྱེད་པས་ རླུང་གི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ནམ་མཁའི་ཁམས་ཡིད་ལ་མི་བྱེད་པས་ནམ་མཁའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣམ་པར་ཤེས་ པའི་ཁམས་ཡིད་ལ་མི་བྱེད་པས་རྣམ་པར་ཤེས་པའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མ་རིག་པ་ཡིད་ལ་མི་བྱེད་པས་མ་རིག་པ་ཡོངས་སུ་མ་བཟུང་མ་བཏང་ བ་ཡིན་ནོ། །འདུ་བྱེད་ཡིད་ལ་མི་བྱེད་པས་འདུ་བྱེད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣམ་པར་ཤེས་པ་ཡིད་ལ་མི་བྱེད་པས་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་ [522A]༄༅། །བཏང་བ་ཡིན་ནོ། །མིང་དང་གཟུགས་ཡིད་ལ་མི་བྱེད་པས་མིང་དང་གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྐྱེ་མཆེད་ དྲུག་ཡིད་ལ་མི་བྱེད་པས་སྐྱེ་མཆེད་དྲུག་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རེག་པ་ཡིད་ལ་མི་བྱེད་པས་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཚོར་བ་ ཡིད་ལ་མི་བྱེད་པས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་།སྲེད་པ་ཡིད་ལ་མི་བྱེད་པས་སྲེད་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལེན་པ་ཡིད་ལ་ མི་བྱེད་པས་ལེན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྲིད་པ་ཡིད་ལ་མི་བྱེད་པས་སྲིད་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་།སྐྱེ་བ་ཡིད་ལ་མི་བྱེད་པས་སྐྱེ་ བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྒ་ཤི་ཡིད་ལ་མི་བྱེད་པས་རྒ་ཤི་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མི་བྱེད་ པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མི་བྱེད་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་ སུ་མ་བཟུང་མ་བཏང་བ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མི་བྱེད་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །བརྩོན་འགྲུས་ [522B]ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མི་བྱེད་ པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་མི་བྱད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ནང་སྟོང་པ་ཉིད་ཡིད་ལ་མི་བྱེད་པས་ནང་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཕྱི་སྟོང་པ་ཉིད་ཡིད་ལ་མི་བྱེད་ པས་ཕྱི་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་།ཕྱི་ནང་སྟོང་པ་ཉིད་ཡིད་ལ་མི་བྱེད་པར་ཕྱི་ནང་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྟོང་པ་ ཉིད་སྟོང་པ་ཉིད་ཡིད་ལ་མི་བྱེད་པས་སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཆེན་པོ་སྟོང་པ་ཉིད་ཡིད་ལ་མི་བྱེད་པས་ཆེན་པོ་སྟོང་པ་ཉིད་ཡོངས་ སུ་མ་བཟུང་མ་བཏང་བ་ཡིན་ནོ། །དོན་དམ་པ་སྟོང་པ་ཉིད་ཡིད་ལ་མི་བྱེད་པས་དོན་དམ་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འདུས་བྱས་སྟོང་པ་ ཉིད་ཡིད་ལ་མི་བྱེད་པས་འདུས་བྱས་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འདུས་མ་བྱས་སྟོང་པ་ཉིད་ཡིད་ལ་མི་བྱེད་པས་འདུས་མ་བྱས་སྟོང་པ་ཉིད་ [523A]༄༅། །ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡིད་ལ་མི་བྱེད་པས་མཐའ་ལས་འདས་པ་སྟོང་པ་ཉིད་ ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡིད་ལ་མི་བྱེད་པས་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་ བཏང་བ་ཡིན་ནོ། །དོར་བ་མེད་པ་སྟོང་པ་ཉིད་ཡིད་ལ་མི་བྱེད་པས་དོར་བ་མེད་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་།རང་བཞིན་སྟོང་པ་ཉིད་ཡིད་ ལ་མི་བྱེད་པས་རང་བཞིན་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡིད་ལ་མི་བྱེད་པས་ཆོས་ཐམས་ཅད་སྟོང་པ་ཉིད་ ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡིད་ལ་མི་བྱེད་པས་རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུམ་བཟུང་མ་བཏང་བ་ཡིན་ ནོ༑ །མི་དམིགས་པ་སྟོང་པ་ཉིད་ཡིད་ལ་མི་བྱེད་པས་མི་དམིགས་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དངོས་པོ་མེད་པ་སྟོང་པ་ཉིད་ཡིད་ལ་ མི་བྱེད་པས་དངོས་པོ་མེད་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ངོ་བོ་ཉིད་སྟོང་པ་ཉིད་ཡིད་ལ་མི་བྱེད་པས་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་ [523B] །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡིད་ལ་མི་བྱེད་པས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། ། དྲན་པ་ཉེ་བར་བཞག་པ་བཞི་ཡིད་ལ་མི་བྱེད་པས་དྲན་པ་ཉེ་བར་བཞག་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཡང་དག་པར་སྤོང་བ་བཞི་ཡིད་ལ་མི་བྱེད་པས་ ཡང་དག་པར་སྤོང་བ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་།རྫུ་འཕྲུལ་གྱི་རྐང་པ་བཞི་ཡིད་ལ་མི་བྱེད་པས་རྫུ་འཕྲུལ་གྱི་རྐང་པ་རྣམས་ཡོངས་སུ་མ་བཟུང་མ་ བཏང་བ་ཡིན་ནོ། །དབང་པོ་ལྔ་ཡིད་ལ་མི་བྱེད་པས་དབང་པོ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྟོབས་ལྔ་ཡིད་ལ་མི་བྱེད་པས་སྟོབས་རྣམས་ཡོངས་སུ་མ་ བཟུང་མ་བཏང་བ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཡིད་ལ་མི་བྱེད་པས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འཕགས་པའི་ལམ་ ཡན་ལག་བརྒྱད་པ་ཡིད་ལ་མི་བྱེད་པས་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འཕགས་པའི་བདེན་པ་བཞི་ཡིད་ལ་མི་བྱེད་ པས་འཕགས་པའི་བདེན་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །བསམ་གཏན་བཞི་ཡིད་ལ་མི་བྱེད་པས་བསམ་གཏན་རྣམས་ཡོངས་སུ་མ་བཟུང་མ་བཏང་ [524A]༄༅། །བ་ཡིན་ནོ། །ཚད་མེད་པ་བཞི་ཡིད་ལ་མི་བྱེད་པས་ཚད་མེད་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །གཟུགས་མེད་ པའི་སྙོམས་པར་འཇུག་པ་བཞི་ཡིད་ལ་མི་བྱེད་པས་གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་།རྣམ་པར་ཐར་པ་ བརྒྱད་ཡིད་ལ་མི་བྱེད་པས་རྣམ་པར་ཐར་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡིད་ལ་མི་བྱེད་པས་ མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་ སྨོན་པ་མེད་པ་ཡིད་ལ་མི་བྱེད་པས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། ། མངོན་པར་ཤེས་པ་རྣམས་ཡིད་ལ་མི་བྱེད་པས་མངོན་པར་ཤེས་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཏིང་ངེ་འཛིན་རྣམས་ཡིད་ལ་མི་བྱེད་པས་ཏིང་ ངེ་འཛིན་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །གཟུངས་ཀྱི་སྒོ་རྣམས་ཡིད་ལ་མི་བྱེད་པས་གཟུངས་ཀྱི་སྒོ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། ། [524B]གཤེགས་པའི་སྟོབས་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མི་འཇིགས་པ་བཞི་ ཡིད་ལ་མི་བྱེད་པས་མི་འཇིགས་པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། སོ་སོ་ཡང་དག་པར་རིག་པ་བཞི་ཡིད་ལ་མི་བྱེད་པས་སོ་སོ་ཡང་དག་པར་རིག་པ་རྣམས་ ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །བྱམས་པ་ཆེན་པོ་ཡིད་ལ་མི་བྱེད་པས་བྱམས་པ་ཆེན་པོ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་།སྙིང་རྗེ་ཆེན་པོ་ཡིད་ལ་མི་ བྱེད་པས་སྙིང་རྗེ་ཆེན་པོ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་།སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡིད་ལ་མི་བྱེད་པས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཡིད་ལ་མི་བྱེད་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ ནོ༑ ༑ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡིད་ལ་མི་བྱེད་པས་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་།ཕྱིར་མི་འོང་བའི་འབྲས་ བུ་ཡིད་ལ་མི་བྱེད་པས་ཕྱིར་མི་འོང་བའི་འབྲས་བུ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དགྲ་བཅོམ་པ་ཉིད་ཡིད་ལ་མི་བྱེད་པས་དགྲ་བཅོམ་པ་ཉིད་ཡོངས་སུ་ [525A]༄༅། །མ་བཟུང་མ་བཏང་བ་ཡིན་ནོ། །རང་བྱང་ཆུབ་ཡིད་ལ་མི་བྱེད་པས་རང་བྱང་ཆུབ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་།ལམ་ གྱི་རྣམ་པ་ཤེས་པ་ཉིད་ཡིད་ལ་མི་བྱེད་པས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ཡིད་ལ་མི་བྱེད་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རབ་འབྱོར། དེ་ལྟར་ན་གཟུགས་ཡོངས་སུ་མ་བཟུང་མ་ བཏང་བ་ཡིན་ནོ། །ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་།འདུ་ཤེས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འདུ་བྱེད་ཡོངས་སུ་མ་བཟུང་ མ་བཏང་བ་ཡིན་ནོ། །རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མིག་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣ་བ་ཡོངས་སུ་མ་བཟུང་མ་ བཏང་བ་ཡིན་ནོ། །སྣ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལྕེ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལུས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། ། ཡིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྒྲ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དྲི་ཡོངས་སུ་མ་ [525B] །རོ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རེག་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཆོས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། ། མིག་གི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་།རྣ་བའི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་།སྣའི་རྣམ་པར་ཤེས་པ་ཡོངས་ སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལྕེའི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལུས་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། ། ཡིད་ཀྱི་རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་།མིག་གི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པ་ཡོངས་སུ་ མ་བཟུང་མ་བཏང་བ་ཡིན་ནོ། །སྣའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལུས་ཀྱི་ འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྣའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ [526A]༄༅། །ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་།ལུས་ཀྱི་འདུས་ ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སའི་ཁམས་ཡོངས་ སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཆུའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མེའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རླུང་གི་ཁམས་ཡོངས་ སུ་མ་བཟུང་མ་བཏང་བ་ཡིན་ནོ། །ནམ་མཁའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣམ་པར་ཤེས་པའི་ཁམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། ། མ་རིག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འདུ་བྱེད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མིང་ དང་གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྐྱེ་མཆེད་དྲུག་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རེག་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཚོར་བ་ ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྲེད་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ལེན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་།སྲིད་པ་ཡོངས་སུ་མ་བཟུང་ [526B] །སྐྱེ་བ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྒ་ཤི་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་ བཏང་བ་ཡིན་ནོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །བརྩོན་ འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ནང་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཕྱི་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཕྱི་ནང་སྟོང་ པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཆེན་པོ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། ། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་།འདུས་བྱས་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་།འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་ མ་བཟུང་མ་བཏང་བ་ཡིན་ནོ། །མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་ [527A]༄༅། །མ་བཏང་བ་ཡིན་ནོ། །དོར་བ་མེད་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རང་བཞིན་སྟོང་པ་ཉིད་ཡོངས་སུ་ མ་བཟུང་མ་བཏང་བ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ ཡིན་ནོ། །མི་དམིགས་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དངོས་པོ་མེད་པ་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ངོ་བོ་ཉིད་ སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དྲན་པ་ཉེ་བར་བཞག་པ་བཞི་ ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཡང་དག་པར་སྤོང་བ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ ཡིན་ནོ། །དབང་པོ་ལྔ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་།སྟོབས་ལྔ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཡོངས་སུ་མ་བཟུང་ མ་བཏང་བ་ཡིན་ནོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །འཕགས་པའི་བདེན་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ [527B] ༑བསམ་གཏན་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་།ཚད་མེད་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་ བཞི་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣམ་པར་ཐར་པ་བརྒྱད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོངས་ སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མངོན་པར་ཤེས་ པ་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཏིང་ངེ་འཛིན་རྣམས་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །གཟུངས་ཀྱི་སྒོ་རྣམས་ཡོངས་སུ་མ་བཟུང་མ་ བཏང་བ་ཡིན་ནོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །མི་འཇིགས་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སོ་ སོ་ཡང་དག་པར་རིག་པ་བཞི་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ་།བྱམས་པ་ཆེན་པོ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །སྙིང་རྗེ་ཆེན་པོ་ཡོངས་སུ་མ་བཟུང་ མ་བཏང་བ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ཡོངས་སུ་མ་བཟུང་ [528A]༄༅། །མ་བཏང་བ་ཡིན་ནོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །ཕྱིར་མི་འོང་བའི་འབྲས་ བུ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །དགྲ་བཅོམ་པ་ཉིད་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། །རང་བྱང་ཆུབ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ། ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཡོངས་སུ་མ་བཟུང་མ་བཏང་བ་ཡིན་ནོ།། །།